—རྭ་འཕྲིན
དེ་རིང་ཁ་སང་།
ཡང་ན་དུས་རྟག་ཏུ་མི་འགྱུར་བ་ཡང་སྲིད།
གང་ལྟར།
རྡ་ས་ནས་བཞུར་བའི་ཆུ་རྒྱུན་རིང་མོ་ཞིག
མངའ་རིའི་སྐོར་གསུམ་ནས་རི་བོ་སྒང་དྲུག་གི་བར་ཡོངས་སུ་ཁེངས།
ཆུ་དེ་སུ་ཡིས་བཏུང་ན་དྲན་ཤེས་བོར་འགྲོ་ལ།
རྣམ་དཔྱོད་ཀྱང་ཉམས་འགྲོ།
བདེན་རྫུན་གྱི་དབྱེ་བ་དེ་བས་ཀྱང་མི་ཁོར།
དེང་འདིར།
དཀར་ནག་དབེན་པའི་དབྱེ་མཚམས་དོག་པོ་ཞིག་ནས།
ངས་ཀྱང་ཆུ་དེ་ཧུབ་གང་བཏུང་ནས།
བདེན་རྫུན་མི་གསལ་བའི་འཇིག་རྟེན་དུ་ག་ལེར་ཞུགས།
ཁ་སང་དེ་རིང་།
ཡང་ན་དུས་རྟག་ཏུ་མི་འགྱུར་བ་ཡང་སྲིད།
གང་ལྟར།
སྲིད་སྟེགས་ལས་འཕྲོས་པའི་གཏམ་རྒྱུད་རིང་མོ་ཞིག
འཛམ་གླིང་ཤར་ནུབ་ཡོངས་ལ་བསྒྲགས།
གཏམ་རྒྱུད་འདི་སུ་ཡིས་ཐོས་ན་རང་ཚུགས་ཤོར་འགྲོ་ལ།
ཤེས་རབ་ཀྱང་ཟད་འགྲོ།
སྤྱི་སྒེར་གྱི་དབྱེ་བ་དེ་བས་ཀྱང་མི་ཁོར།
དེང་འདིར།
སྤྱི་སྒེར་གོ་ལྡོག་གི་སྤྱི་ཚོགས་དམུན་པོ་ཞིག་ནས།
ངས་ཀྱང་གཏམ་རྒྱུད་དེའི་ཚིག་འབྲུ་རེ་རེ་མུད་ཞོར།
བག་མེད་ཀྱི་ཞིང་ཁམས་ལ་ག་ལེར་ཞུགས།
སྤྱི་ལོ་༢༠༡༦ ལོའི་ཟླ་༣ ཚེས་༡༤ ཉིན་ལས་ཞོར་དུ།
དགེ་འདུན་པ་ཞིག་ཡིན་ན་མ་གཏོགས་སྤེན་ཚེ་ནས་གོང་ས་མཆོག་གིས་དུས་དབང་ཆེད་དགོས་དབང་གིས་དྲང་མོར་གསུང་མ་སོང་ཟེར་བ་དེའི་ཛ་དྲག་རང་བཞིན་མི་ཤེས། དེ་ནི་རྫུན་གསུང་སོང་ཟེར་བའི་ཞེ་ས་རེད་ལ། སྤྱི་འཐུས་ཚོགས་གཙོ་ལས་ཐོགས་ནས་གསུངས་པ་ཡིན་པས། ལོ་རྒྱུས་ངོ་མ་ཆགས་ཀྱི་ཡོད། དགེ་འདུན་པ་ཞིག་གིས་རྫུན་བསྐྱོན་རྗེས་དགེ་འདུན་པའི་གྲལ་ནས་ཐོན་དགོས་ཀྱི་ཡོད། གོང་ས་མཆོག་དགུང་ལོ་བརྒྱད་ཅུར་སླེབས་རྗེས་དགེ་འདུན་པའི་སྡེ་ལས་ཐོན་དགོས་ཟེར་བ་ཞིག་དད་པ་ཡོད་མཁན་ཚོ་ཕར་ཞོག་དད་པ་མེད་མཁན་ཚོས་ཀྱང་ངོས་ལེན་བྱེད་ཐུབ་ཀྱི་མ་རེད་འདོད། ཡིན་ནའང་། མི་སྒེར་སོ་སོ་ཕྱོགས་གང་ནས་འགྲེངས་མིན་རང་དབང་རེད།
སྲིད་སྐྱོང་སུ་ཡིན་ཐག་མ་ཆོད་བར་དུ་བཤད་རྒྱུ་ཐམས་ཅད་ཤོད། མི་གཅིག་གཏན་ཁེལ་ཚར་དུས་ཚང་མའི་བློ་གཅིག་སེམས་གཅིག་གི་རྒྱབ་སྐྱོར་བྱེད་རྒྱུ་གལ་ཆེ། དེ་དུས་དབྱེ་མཚམས་འཛིན་མཁན་ཡོད་ན་དེ་ནི་བོད་མི་རིགས་གཏོར་བཤིག་གཏོང་མཁན་གྱི་གཏེ་པོ་དེ་ཁོ་ནའོ།
གླེན་པ་ཀརྨ་བློ་གསལ་ཉོན། ཆོས་དང་སྲིད། འཇིག་རྟེན་དང་སྤྱི་ཚོགས། གནས་བབས་གང་ཡང་ཤེས་ཀྱི་མི་འདུག་མོད། ད་དུང་སྐྱག་རྫུན་དང་ཧམ་བཤད་ཁོ་ན་བྱས་ཏེ་ལོག་འགྲེལ་རྒྱག་རྒྱུར། ངོ་ཚ་ཡ་ང་གང་ཡང་མེད་པ་ནི། ཁྱོད་ལ་བློ་སེང་ནས་ལོབས་སོང་བ་ཡིན་པར་ཐག་གིས་ཆོད།
ཝེ་་གླེན་པ་ཀརྨ་བློ་གསལ། ཆོས་དང་སྲིད། འཇིག་རྟེན་དང་སྤྱི་ཚོགས། གནས་བབས་གང་ཡང་མི་ཤེས་པའི་བླུན་པོ། ད་དུང་སྐྱག་རྫུན་དང་ཧམ་བཤད་ཁོ་ན་བྱས་ཏེ་ལོག་འགྲེལ་རྒྱག་རྒྱུར། ངོ་ཚ་ཡ་ང་གང་ཡང་མེད་པ་ནི། ཁྱོད་ལ་བློ་སེང་ཁ་ནས་ལོབས་སོང་བ་ཨེ་རེད། སྐྱག་རྫུན་ཏག་ཏག་བཤད་མ་ཡོང་། ངོ་ཚ་ཡི་མི་འདུག་གམ། མི་ཚང་མ་སོ་སོ་ནང་བཞིན་གྱི་བླུན་པོ་དང་ལྐུག་པ་མ་རེད་དཱ། དེ་ཧ་གོ་བ་གྱིས།
གང་ལྟར་བོད་མི་རིགས་ཀྱི་དབུ་ཁྲིད་ལ་སུ་བསྡད་ན་དེ་ལ་ངོས་ལེན་གཙང་མ་དང་རྒྱབ་སྐྱོར་ངེས་བར་དུ་བྱེད་དགོས། དེ་མ་ཐུབ་ན་སོ་སོ་ལ་དམིགས་ཡུལ་ངེས་ཅན་ཞིག་དང་ཡང་ན་ཀུན་སློང་གཞན་པ་ཞིག་ཡོད་པའི་རྟགས་ཡིན་པ་ལས་རྒྱུ་མཚན་གཞན་ཡོད་མ་རེད་བསམ།