༈ མཁྱེན་དཔྱོད་ཀྱི་འདབ་མ་རབ་ཏུ་རྒྱས་པའི་རྒྱལ་ཡོངས་བོད་ཀྱི་རྩོམ་པ་པོ་རྣམ་པ་ལགས།།
ཁྱེད་ཅག་ཁམས་བཟང་ཞུ། ང་ཚོ་ལ་དགྲ་བོས་བཙན་གནོན་གཏོང་རུང། ད་རུང་ཅི་ཞིག་གིས་ཀྱང་མནར་བཞིན་ཡོད། ས་ནག་གི་གཡོ་འགུལ། ཆུ་ནག་གི་ལོག་རྒྱུག། རླུང་ནག་གི་ཐན་འཚུབ། མེ་ནག་གི་འཚིག་སྐྱོན་སོགས་ཀྱིས་ཧ་ཅང་སྡང་གིན་ཡོད། ཁྱད་པར་དུ་དེང་སང་ཁམས་ཕྱོགས་སུ་ས་ཡོམ་གྱི་གནོད་སྐྱོན་ཤུགས་ཆེན་ཐེབས་ཡོད་པ་མཁྱེན་གསལ་ལྟར་རེད། དེས་ན་དེ་འདྲའི་གོད་ཆག་འོག་དཀའ་སྡུག་མྱོང་བཞིན་པ་འདི་དག་མཚོན་ཞིང་། འཇིགས་སྐྲག་དང་། འཕྲུལ་སྣང་གི་ཀློང་ནས་གཤེགས་ཟིན་པའི་འདས་པོ་ཡོངས་ལ་མྱ་ངན་དང་། སྐྱོ་གདུང་དང་མིག་ཆུའི་ཀློང་དུ་ལྷུང་བའི་ཤུལ་ལུས་ཀྱི་གསོན་པོ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཐུབ་པའི་གཞས་ཚིག་རེ་གནང་རོགས།
སྐུ་མཁྱེན།
གཞས་ཚིག་རེ་གནང་རོགས།
གཞས་ཚིག་རེ་གནང་རོགས།
གཞས་ཚིག་རེ་གནང་རོགས།
གཞས་ཚིག་བསྐུར་ཡུལ་ཁ་བྱང། bodkyishetsik@yahoo.com
དུས་བབ་དྲྭ་ཚིགས་ནང་གི་གཞས་ཚིག་ཕྱོགས་སྒྲིག་པ་འཆམ་ར་གཉན་མདང་ཕོ་ཉ།
བོད་རིགས་ལ་རྒྱ་ཡོད་ན།
དཀའ་སྡུག་མཉམ་མྱོང་བྱེད་ས། །
ས་ཡོམ་འབྱུང་བཞིའི་འཇིག་པ། །
གོད་ཆག་བསལ་བར་འབད་རོགས། །
སྤུན་ཟླའི་ཤ་ཞེན་ཡོད་ན། །
དངོས་པོའི་རྒྱུ་ལ་མ་ཆགས། །
བརྩེ་གདུང་ཕྱི་ནང་དཀར་པོ། །
སྐྱེ་རྒུའི་ཕྱོགས་སུ་སྟོན་རོགས། །
ཕྱི་སྣོད་ས་ཁྱིམ་ཞིག་སོང་། །
ནང་བཅུད་སྤུན་ཟླ་བྲལ་སོང་། །
སྙིང་ཁྲག་ཐང་ལ་གཞུར་སོང་། །
གཤིན་ཐང་དངོས་སུ་ཤར་སོང་། །
མི་ལ་མགོན་སྐྱབས་གནང་རོགས། །
ཕྱུགས་ལ་གསོ་སྐྱོང་གནང་རོགས། །
ཁང་ཁྱིམ་སླར་གསོ་གནང་རོགས། །
ཤེས་རིག་ཡོན་ཏན་སྤེལ་རོགས། །
སྙིང་ནད་པས་་
ཐུགས་རྗེ་ཅན་གྱི་བླ་མས། །དྭ་ཕྲུག་གསོ་སྐྱོང་གནང་རོགས། །རྒྱུ་ནོར་ལྡན་པའི་ཕྱུག་པོས། །རང་ཡུལ་ཉམས་གསོ་གནང་རོགས། །མཁས་མཛང་ལྡན་པའི་ལས་བྱེད། །ཕྱི་རབས་ལམ་ཁ་སྟོན་རོགས། །དུང་སེམས་ལྡན་པའི་ཕོ་མོ། །བོད་ཀྱི་རིགས་རྒྱུད་སྤེལ་རོགས། །མི་རེས་བུ་བཅུ་བསྐྲུན་ན། །མི་རིགས་འཇིག་དོགས་མི་འདུག །མི་རྒྱུད་གོང་འཕེལ་ཐུབ་ན། །མཁས་འཇོན་གཉིས་ལྡན་ཇེ་མང་། །དཔུང་ཚོགས་ནུས་པ་བསྡོམ་ན། །རི་བོ་ཐལ་བར་གཏོང་སླ། །ཡ་གཅིག་སྙིང་སྟོབས་ཆེ་ཡང་། །མཐའ་མཇུག་རྒྱ་ཚའི་དཔེ་རེད། །མང་པོས་་བྱ་བྱེད་མཐུན་ན། །གྲོག་མས་གླང་ཆེན་བཏུལ་ཐུབ། །
འཆམ་ར་གཉན་མདང་ཕོ་ཉ་ལགས།
གཤམ་གསལ་གྱི་སྙན་རྩོམ་ཐུང་ངུ་འདི། ཉིན་ཤས་སྔོན་ཁ་བརྡའི་ནང་སྙན་ངག་དང་གླུ་གཞས་གཉིས་ཀྱི་ཁོངས་སུ་བཀོད་པ་ཡིན། ཁྱེད་ཚོར་ཐུགས་ཕན་སོས་ན་འདི་ནས་ལེན་ཆོག
འདི་མ་ནི་བགྲང་གི་བགྲང་གི་གཞས་ཀྱི་ཚུལ་དུ་སྐྱོ་ཉམས་ཅན་གྱི་གདངས་རིང་ཞིག་འཐེན་ནས་བཏང་བ་ཡིན་ན་ཉན་མཁན་རྣམས་ལ་སེམས་ཚོར་དམིགས་བསལ་བ་ཞིག་སྟེར་ན་ཐང་། གཙོ་བོ་རང་ཚོས་ལྟོས།
ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ།
ཁྱེད་རང་བུད་སོང་།
ཁྱེད་རང་གློ་བུར་དུ་བུད་སོང་།
ཁྱེད་རང་མ་བསམ་ས་ནས་བུད་སོང་།
ཁྱེད་རང་གིས་འཇིགས་དངངས་དང་ན་ཟུག་ཅིག་ཁྱེར་ནས་བུད་སོང་།
ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ།
ཁྱེད་རང་གིས་བརྩེ་བ་ཕྱེད་ཀ་ང་ལ་བཞག་ནས་བུད་སོང་།
ངའི་བརྩེ་བ་ཕྱེད་ཀ་ཁྱེད་རང་གིས་ཁྱེར་ནས་བུད་སོང་།
ཁྱེད་རང་ཕྱིར་ཡོང་མེད་པར་བུད་སོང་།
ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ།
ངས་མ་ཎི་ཡིག་དྲུག་དབྱངས་སུ་གྱེར་ནས་ཁྱེད་རྗེས་ལ་ངུ་འབོད་བྱས།
ཁྱེད་རང་ངའི་མ་ཎིའི་དབྱངས་རྟ་ལ་བཅིབས་ནས་ཕེབས་རོགས་ཞུ
ངས་ཁྱེད་ཀྱི་ཆེད་དུ་མཚན་ཐུབ་མར་མེ་ཞིག་སྦར་ཡོད།
རྒྱུས་མེད་མུན་ནག་བརྒྱུད་ཕེབས་དུས།
ཁྱེད་ལ་ལམ་སྟོན་གྱི་སྒྲོན་མེ་ཉན་པར་ཤོག
ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ།
ཡོ་རོབ་རྒྱལ་ཁབ་སྦེལ་ལྗམ་དུ་གནས་བཞུགས་བོད་མི་ཚོས་རེ་བཟའ་ཉི་མ་སྤྱི་ཟླ་ལྔ་པའི་ཚེས་བཅུ་རྒྱད་ཉིན་བོད་སྐྱེ་རྒ྄ུ་མདོར་ས་ཡོམ་གྱིགོད་ཆག་ཁྲོད་འདས་གྲོངས་སུ་ཕྱིན་པ་རྣམ་གྱི་ཆེད་དུ་མ་ནི་སོགས་སྒྲུབ་གནང་བ་དང ཞལ་འདེབས་བསྡུ་སློང་གནང་སོང།
སསསས
ལལལ
བཞི་པའི་ཚེས་པ་བཅུ་བཞིར། བོད་ལ་གནོད་འཚེ་བྱུང་སོང་། ས་ཡོམ་གྱི་གནོད་འཚེ་བྱུང་སོང་།
སྐྱེ་རྒུ་མདོ་ཡི་སྤུན་ཟླའི། རྩ་ཆེའི་ཚེ་སྲོག་འཕྲོག་སོང་། ལུས་ལ་སྨན་སྐྱོན་བྱུང་སོང་། ཕ་མ་དང་བུ་ཕྲུག་བྲལ་སོང་། སྤུན་མཆེད་དང་གྲོགས་པོ་བྲལ་སོང་། ཁྱིམ་དང་རྒྱུ་ནོར་བརླགས་སོང་། ཡུལ་ལུང་གཏོར་བཤིག་ཕྱིན་ཤག ཡིན་ནའང་གངས་ཅན་བོད་མིའི། སེམས་ཀྱི་རེ་སྨོན་བརླགས་མེད། འདས་པའི་ལོ་རྒྱུས་ནང་དང་། ད་ལྟའི་གནས་སྟངས་འོག་ལ། ཆོལ་གསུམ་གངས་ཅན་བོད་མིའི།
སེམས་ཀྱི་ཉི་མ་ནུབ་མེད། ཤ་ཁྲག་གཅིག་པའི་སྤུན་ཟླ། ཐུགས་སེམས་སྐྱོ་བ་མ་གནང་། ཁྱེད་ཀྱི་ཕ་མ་བཞུགས་ཡོད། ༧སྐྱབས་མགོན་ཆེན་པོ་བཞུགས་ཡོད། ཁྱེད་ཀྱི་སྤུན་མཆེད་བཞུགས་ཡོད། གངས་ཅན་པ་རྣམས་བཞུགས་ཡོད། ཁྱེད་ཀྱི་བུ་ཕྲུག་བཞུགས་ཡོད། གངས་ལྗོངས་བྱིས་པ་ཞུགས་ཡོད།
ཁྱེད་ཀྱི་གྲོགས་པོ་བཞུགས་ཡོད། འཛམ་གླིང་མི་དམངས་བཞུགས་ཡོད། མནོ་སེམས་ཞིབ་པར་བཏང་ནས། རྡོག་རྩ་གཅིག་ཏུ་བསྒྲིལ་ན། གངས་ལྗོངས་སྐྱིད་པའི་ཉིན་མོ། ཤར་བའི་དུས་ལ་སླེབ་ཡོད།
གཞས་ཚིག་ཞལ་འདེབས།
འོ་འོ་ འོ་འོ་ འོ་འོ་ འོ་འོ་ འོ། །
ཀྱེ་མ་ ཀི་ཧུད་ ཀྱེ་མ་ ཀི་ཧུད་ ཧུད། །
གུ་རུའི་ལུང་བསྟན་པད་བཀོད་གནས་ཡིག་ལས། །
དཀར་མཛེས་སྐྱེ་རྒུ་ས་ཡིས་འཇིག་ཚུལ་ལ། །
ང་ཚོས་ལུང་བསྟན་མ་མཐོང་ཨ་ཁ་ཁ། །
མཐོང་ནས་དགག་པ་བརྒྱབས་པ་མཐོལ་ལོ་བཤགས། །
ང་ཚོས་ཡིད་ཆེས་མ་བྱས་མཐོལ་ལོ་བཤགས། །
ང་ཚོས་བཟློག་ཐབས་མ་བརྩོན་མཐོལ་ལོ་བཤགས། །
རྒུད་ཆག་རོགས་རམ་མ་ལྡེང་མཐོལ་ལོ་བཤགས། །
གསུམ་བཞིར་དངོས་སུ་བྱུང་བ་མི་འཆབས་པོ། །
ད་དུང་ལུང་བསྟན་གཞན་པ་མི་སྦེད་དོ། །
ལུང་བསྟན་དེ་རྣམས་ཡང་ཡང་ཀློག་བགྱིད་ཡོད། །
ལུང་བསྟན་གཞན་པ་གང་དང་གང་ཡོད་སྐོར། །
བཀའ་བསྟན་གཞུང་ལུགས་ཁག་རྣམས་རྔོག་བགྱི་ཡིན། །
རྩེ་མཐུན་ལུང་བསྟན་ཡིད་ཆེས་བྱེད་བགྱི་ཡིན། །
ཡུལ་དུས་གང་འཁེལ་ཉམས་ཞིབ་བྱེད་བགྱི་ཡིན། །
དད་མོས་ཡིད་ཆེས་བཟློག་སྒྱུར་བརྩོན་བགྱི་ཡིན། །
ཕྱི་ཡི་འབྱུང་བའི་གནོད་འཇིག་ཡོལ་ཐབས་དང་། །
ནང་གི་ནད་མུག་འཁྲུགས་རྩོད་མེད་ཐབས་དང་། །
གསང་བའི་དཀོན་མཆོག་ལྷ་ཀླུའི་དམ་ཚིག་ལ། །
མི་གནོད་ལས་འབྲས་གང་ཐུབ་སྲུངས་ཤིག་ཀྱེ། །
གཚཧ་ཚིག་ཅེས་གྀ་།
འོམ་ལགས་སོ། རྒྱལ་བ་ཡིད་བཞིན་ནོར་བུར་གསོལ་བ་འདེབས་སོ།
ཡིག་གེའི་དག་ཆ་བསམ་བློ་ཅུང་ཟད་གཏོང་རོགས་དེ་མིན་བོད་ཀྱི་རིག་གཞུང་ཁ་རྡ་ལ་འཇུག་མཁན་རྣམས་ཀྱི་མེད་པ་བཟོ་སེམས་གཏན་གཏན་རེད་ད་ཁྱོད་རང་གསོལ་འདེབས་འདྲ་བྱས་ནས་བྲག་ཁུང་གཅིག་བསྡད་ན་དགའ་ས་རེད་དགོངས་པ་མ་འཁྲུག
གཞས་ཚིག་ཐུང་ཐུང་ཞིག
རྒྱ་དམར་གུང་ཁྲན་གཞུང་དང་། །
འབྱུང་བཞི་མཉམ་མཐུན་བྱས་ནས། །
སྒང་བ་བོད་ཀྱི་ཡུལ་ལ། །
གོད་ཆག་ཚབས་ཆེན་བཏང་སོང་། །
གངས་རིའི་བསོད་རྣམས་དམན་ཡང་། །
གངས་རིའི་བློ་སྟོབས་མ་ཉམས། །
གངས་ཅན་སྤུན་ཟླའི་མཛལ་བརྩེ། །
གངས་དཀར་མདངས་ལ་འདྲེས་ཡོད། །
རྒྱུན་འབྲས་སྙིང་རྗེ་མེད་པའི། །
གཤིན་རྗེའི་རྒྱལ་བའི་སྐེད་ལ། །
རྩུབ་མོའི་ཐག་པས་བསྡམས་ནས། །
ས་ལ་དྲུད་ན་བསམ་སོང་། །
༨པའི་ཤོ་ལོ་ཀ་དང་པོའི་ཚིགས་ཕྲེང་དང་པོ།
གསུམ་བཞིར་དངོས་སུ་བྱུང་བ་མི་འཆབ་པོ། །
འདི།
བཞི་པའི་བཅུ་བཞིར་དངོས་བྱུང་མི་འཆབ་པོ། །
ལ་བཅོས།