—-ཧོར་གཙང་འཇིགས་མེད།
དང་བོ། རྒྱབ་ལྗོངས་མདོར་བསྡུས།
སྤྱི་ལོ་༢༠༡༡ ལོའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་སྐབས། ང་ཚོས་སྔོན་ཆད་གོ་ཐོས་བྱུང་མ་མྱོང་བའི་བུད་མེད་གཞོན་སྐྱེས་ཤིག་བྱང་ཨ་རིའི་སྤྱི་འཐུས་ཁྱབ་བསྒྲགས་ཀྱི་གར་སྟེགས་སུ་མངོན་བྱུང་། ཁོང་མོས་རང་གི་ལྟ་བ་དང་ལངས་ཕྱོགས་གསལ་སྟོན་བྱས་པའི་ཡིག་ཆ་ཞིག་ང་ཚོའི་སྤྱི་ཚོགས་སུ་འགྲེམས་སྤེལ་བྱེད་མགོ་ཚུགས་བྱུང་ལ། དེ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདིས་ཐེངས་དང་བོར་བདེ་སྐྱིད་ཆོས་དབྱངས་ངོ་ཤེས་པར་གྱུར་པ་དེ་ཡིན།
ཐོག་མར་བདེ་སྐྱིད་ཆོས་དབྱངས་ཀྱིས་ཁོང་མོའི་ཁྱབ་བསྒྲགས་ཡིག་ཆ་འགྲེམས་སྤེལ་བྱེད་སྐབས་མི་ཕལ་ཆེར་གྱིས་དོ་སྣང་དེ་ཙམ་གནང་ཡོད་མི་སྲིད་ལ། བདག་གིས་ཀྱང་དམིགས་བསལ་གྱིས་དོ་སྣང་བྱེད་རྒྱུ་མ་བྱུང་། རྒྱུ་མཚན་ནི་སྔར་གྱི་ང་ཚོའི་བཀའ་བློན་དང་སྤྱི་འཐུས་ཚོས་རང་ཉིད་ལ་འདོད་པ་མེད་བཞིན་དུ་མི་དམངས་ཀྱི་མངོན་འདོད་བསྐང་ཕྱིར་བཀའ་སྤྱིའི་ལས་གནས་ལ་ཞུགས་ཚུལ་སྒྲོག་པའི་ཚུལ་འཆོས་རིང་ལུགས་ཀྱི་ཀུན་སྤྱོད་ལ་འགྱུར་བ་ཐེབས་ནས། གཞོན་སྐྱེས་མང་བོ་ཞིག་གིས་ངས་ཤེས་ངས་འཇོན་གྱི་ཁ་གཡང་སྒྲོག་མཁན་འཚངས་ཀ་ཤིག་ཤིག་བྱེད་ཀྱིན་ཡོད་སྟབས། དེ་དག་རེ་རེ་ལ་དོ་སྣང་བྱེད་རྒྱུ་དེ་དཀའ་ཚེགས་ཆེ་ཞིང་དོན་སྙིང་དེ་ཙམ་མི་ལྡན་པའི་ལས་ཀ་ཞིག་ཡིན། ཡིན་ནའང་སྐབས་དེར་བདེ་སྐྱིད་ཆོས་དབྱངས་ལགས་བྱང་ཨ་རིའི་སྤྱི་འཐུས་ཀྱི་འགྲན་རྩོད་ནང་ཞུགས་ནས་ཡོང་སྐབས། ང་ཚོས་ཁོང་མོའི་ཐོག་ནས་དོན་དག་གཉིས་མཐོང་ཐུབ་པ་སྟེ། གཅིག་ནི་ཁོང་མོ་རང་ཉིད་ལ་ཡིད་ཆེས་བརྟན་པོ་ཡོད་པ་དང་། གཉིས་པ་ནི་ཁོང་མོས་དམིགས་ཚད་ངེས་ཅན་བཟུང་སྟེ་བོད་མིའི་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་རྒྱུའི་དམ་བཅའ་བརྟན་པོ་ཡོད་པ་དེ་ཡིན།
ཁོང་མོས་འཇིགས་ཞུམ་མེད་པར་རང་ཉིད་ཀྱི་འཆར་སྣང་དང་ཐབས་ཇུས་ཁག་མི་མང་ལ་གསལ་སྟོན་བྱས་ནས་ཡོང་སྐབས། རྒན་དར་གཞོན་གསུམ་གྱི་དབྱེ་བ་མེད་པར། ཆོལ་ཁ་དང་ལུང་ཚན་གྱི་ས་མཚམས་མེད་པར་མི་དམངས་ཀྱིས་ངོས་ལེན་དང་རྒྱབ་སྐྱོར་ཐོབ་སྟེ། བདེ་སྐྱིད་ཆོས་དབྱངས་ལགས་བཙན་བྱོལ་བོད་མིའི་སྤྱི་འཐུས་གྲོས་ཚོགས་ཀྱི་འཐུས་མིར་གྱུར། དེ་ནི་ཆེས་གློ་བུར་བ་ཞིག་དང་ཆེས་ལམ་ལྷོངས་ལྡན་པའི་ཁོང་མོའི་ཆབ་སྲིད་ཀྱི་འགྲུལ་བཞུད་གསར་བ་ཞིག་ཡིན།
ལོ་ངོ་༤༠ ལྷག་གི་གོང་རོལ་ཏུ་ཁེ་ཎ་ཌར་གནས་སྤོ་བྱས་པའི་ཁ་འཐོར་བོད་མིའི་ཁོངས་སུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནས་ཚད་ལོངས་པའི་བོད་རིགས་གཞོན་སྐྱེས་དུ་མ་ཞིག་བསྐྱེད་སྲིང་བྱས་ཡོད་པ་ལས། ང་ཚོས་གསལ་བོར་མཐོང་ཐུབ་པ་ནི། བློ་བཟང་རབ་རྒྱས་དང་། བཀྲ་ཤིས་རབ་རྒྱས། བདེ་སྐྱིད་ཆོས་དབྱངས་གསུམ་ཡིན་ལ། ཁེ་ཎ་ཌའི་རྒྱལ་ཁོངས་སུ་འཚར་ལོངས་བྱུང་བའི་བོད་རིགས་བུ་མོ་འདི་དག་གིས། མི་རིགས་གཞན་གྱི་གཞོན་སྐྱེས་ཚོར་ཡོད་པའི་གོ་སྐབས་བྱུང་ན། བོད་རིགས་གཞོན་སྐྱེས་རྣམས་ལའང་རྒྱལ་སྤྱིའི་སྔོན་ཐོན་ཤེས་ལྡན་པའི་མདུན་གྲལ་དུ་སླེབས་ཐུབ་པའི་ནུས་པ་ཡོད་པ་བདེན་དཔང་བྱས་པ་དེ་ཡིན་ལ། འབུམ་རམས་པ་བློ་བཟང་རབ་རྒྱས་དང་། འབུམ་རམས་པ་བཀྲ་ཤིས་རབ་རྒྱས་གཉིས་ཀྱིས་མ་ཅིག་ཅེས་པའི་ཐེབས་རྩ་བཙུགས་ཏེ་བོད་ནང་གི་ས་ཁུལ་ཁག་ཅིག་ལ་ཤེས་ཡོན་དང་སློབ་གསོའི་རོགས་སྐྱོར་བྱས་ཏེ་གྲུབ་འབྲས་མི་དམན་པ་ཐོན་གྱིན་ཡོད་ཅིང་། བདེ་སྐྱིད་ཆོས་དབྱངས་ཀྱིས་ཀྱང་ལོ་བཅུའི་རིང་རྒྱ་ནག་དང་བོད་ཀྱི་གནད་དོན་སྐོར་ཞིག་ལ་ཉམས་ཞིབ་བྱས་པ་དང་། ཀུན་ཕན་ཐེབས་རྩ་ཚོགས་པའི་ལས་བྱེད་ཀྱི་ངོ་བོའི་ཐོག་ནས་བོད་ནང་གི་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་ལས་དོན་གལ་ཆེན་གནང་བ་བཅས་མདོར་བསྡུས་ན། བུ་མོ་འདི་དག་གིས་ནུབ་ཕྱོགས་སུ་ཆེས་མཐོའི་སློབ་སྦྱོང་དཔྱིས་ཕྱིན་གནང་སྟེ། ཕྱག་ལས་ཀྱི་ལྟེ་བ་བོད་ནང་ལ་དམིགས་ཡོད་པ་དེ་ང་ཚོའི་སྤྱི་ཚོགས་ཧྲིལ་བོས་ངོས་འཛིན་བྱེད་དགོས་པ་ཞིག་དང་། ནུབ་ཕྱོགས་སུ་ཡོད་པའི་བོད་རིགས་གཞོན་སྐྱེས་ཚོས་མིག་དཔེར་བལྟ་འོས་པ་ཞིག་ཡིན།
བདེ་སྐྱིད་ཆོས་དབྱིངས་ལགས་ནུབ་ཕྱོགས་སུ་འཚར་ལོངས་བྱུང་ཞིང་། ལོ་ངོ་བཅུའི་རིང་བོད་ནང་གི་གནས་སྟངས་མང་བོ་ཞིག་ལ་ཉམས་ཞིབ་གནང་མཐར་ཁོང་མོའི་མི་ཚེ་ལ་འགྱུར་བ་གལ་ཆེན་ཞིག་ཐེབས་པ་ནི། ནུབ་ཕྱོགས་སུ་རང་གི་ཆེད་ལས་དང་འབྲེལ་བའི་ལས་ཀ་ཡག་ཤོས་ཤིག་བཙལ་ཏེ། ཆ་རྐྱེན་ཕུན་སུམ་ཚོགས་པའི་མི་ཚེ་སྐྱེལ་ཐབས་བྱེད་རྒྱུ་དེ་མ་ཡིན་པར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་དབུ་ཁྲིད་ཀྱི་སྡིངས་ཆ་ལ་བརྟེན་ནས། ཁོང་གི་རིན་ཐང་བླ་ན་མེད་པའི་ཚེ་སྲོག་དེ་བོད་མི་ས་ཡ་དྲུག་གི་ཞབས་ཞུའི་ཆེད་འབུལ་རྒྱུའི་ལམ་ཁ་བདམས་པ་དེ་ཡིན།
བདེ་སྐྱིད་ཆོས་དབྱངས་ལགས་རང་ལོ་༡༣ ཙམ་ནས་བོད་མིའི་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་དུ་ཞུགས་མགོ་ཚུགས་ནས། གོ་སྐབས་ནམ་ཡོད་ལ་བོད་མི་ས་ཡ་དྲུག་གི་དཀའ་སྡུག་འཛམ་གླིང་རྒྱལ་སྤྱིའི་མི་དམངས་ལ་ངོ་སྤྲོད་གནང་ཕྱིར་འབད་བརྩོིན་གནང་མཁན་ཞིག་ཏུ་གྱུར།
སྤྱི་ལོ་༡༩༩༡ ལོར་ཁེ་ཎ་ཌའི་(National Film Board of Canada)ཞེས་པས་བཟོ་སྐྲུན་བྱས་པའི་དཔྱད་གཞིའི་རྒྱུ་ཆའི་གློག་བརྙན་ཞིག་སྟེ། བོད་ཀྱི་ཆེད་དུ་གཞས་ཤིག་(A Song for Tibet) ཞེས་པའི་ནང་དུ་བདེ་སྐྱིད་ཆོས་དབྱངས་ཀྱིས་བོད་ཡུལ་མིག་གིས་མཐོང་མྱོང་མེད་པའི་བོད་མི་གཞོན་སྐྱེས་ཞིག་གི་སེམས་ཀྱི་དཀའ་སྡུག་མཚོན་པའི་འཁྲབ་སྟོན་གནང་སྟེ་བོད་ཀྱི་གནས་སྟངས་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་གནང་ཞིང་། གློག་བརྙན་དེར་(Award for Best Short Documentary at the 13th Genie Awards) གཟེངས་རྟགས་ཐོབ་པར་མ་ཟད། ཨ་རིའི་ཧ་ཝ་ཡའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་སྟེང་དུ་(The People’s Choice Award for Best Documentary Film at the Hawaii International Film Festival) མི་དམངས་ཀྱི་འདེམ་ཁའི་རྟགས་མ་ཐོབ་པ་བཅས། གློག་བརྙན་འདི་བརྒྱུད་ནས་འཛམ་གླིང་གི་མི་འབོར་ཧ་ཅང་མང་བོ་ཞིག་གིས་བོད་ཀྱི་གནས་སྟངས་ཤེས་རྟོགས་བྱུང་བ་ལ་ཕན་རླབས་ཆེན་པོ་ཐོབ་ཡོད།
ལོ་རབས་དགུ་བཅུ་བའི་མགོ་སྟོད་དུ་ཨ་རིའི་གཞུང་གིས་བོད་མི་ཆིག་སྟོང་གཞིས་ཆགས་སུ་བླངས་སྐབས། བདེ་སྐྱིད་ཆོས་དབྱངས་ལགས་ལས་གཞི་དེའི་འབྲེལ་མཐུད་པ་གནང་སྟེ། བོད་མི་ཉེར་གཅིག་ཙམ་ཁི་ནེ་ཀྲི་ཀེ་ཀྲི་(Connecticut) མངའ་སྡེའི་ཁོངས་གཞིས་སྡོད་བྱེད་པའི་རོགས་རམ་ལེགས་འགྲུབ་བྱུང་།
སྤྱི་ལོ་༡༩༩༢ ལོར་རང་ལོ་༢༧ ལ་སོན་པའི་བདེ་སྐྱིད་ཆོས་དབྱངས་ལགས་རྒྱ་ནག་པེ་ཅིན་དུ་སོང་སྟེ་རྒྱ་ཡིག་སྦྱང་མགོ་ཚུགས་ཤིང་། རིམ་གྱིས་ཟི་ལིང་དུ་ཡོད་པའི་ཀུན་ཕན་ཐེབས་རྩ་ཚོགས་པའི་ལས་གཞི་ཁག་གི་འགན་འཁུར་བ་གནང་སྟེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་བོད་ཀྱི་ས་ཁུལ་ཁག་གི་ཤེས་ཡོན་སློབ་གསོའི་གནས་སྟངས་ལ་ཞིབ་འཇུག་གཏིང་ཟབ་གནང་ཕྱིར། མཚོ་སྔོན་ཞིང་ཆེན་མངའ་ཁོངས་ཀྱི་འབྲིང་རིམ་དང་མཐོ་རིམ་གྱི་ཤེས་ཡོན་སློབ་གསོའི་གནས་སྟངས་ལ་ཞིབ་འཇུག་མཐིལ་ཕྱིན་གནང་སྟེ། སྤྱི་ལོ་༡༩༩༩ ལོར་ཨ་རིའི་ཨིན་དྷི་ཡ་ན་གཙུག་ལག་སློབ་ཆེན་(Indiana University)དུ་ཞིབ་འཇུག་ཆེད་ལས་པའི་(MA)ཐོབ་ཐང་བླངས།
བདེ་སྐྱིད་ཆོས་དབྱངས་ཀྱིས་རྒྱ་ནག་དང་བོད་ནང་གི་གནས་སྟངས་ཁག་ཅིག་ལ་ཉམས་ཞིབ་གཏིང་ཟབ་གནང་བའི་རྨང་གཞིའི་སྟེང་། ཨིན་དྷི་ཡ་ན་སློབ་ཆེན་གྱི་ལས་གཞི་གལ་ཆེན་སྟེ། དཀྱིལ་ཤར་ཨེ་ཤ་ཡའི་(Central Eurasian studies)ས་ཁུལ་ཁག་གི་ཞིབ་འཇུག་ལས་གཞིའི་ཐོག་བསྐྱར་དུ་ཆེད་ལས་ཞིབ་འཇུག་པའི་ཐོབ་ཐང་བླངས། ད་དུང་ཁོང་མོས་རྒྱ་ནག་གཞུང་གི་ལས་བྱེད་པའི་རྟག་བརྟན་ལས་གནས་ལ་མི་དམངས་ཀྱིས་ཟུར་བ་བྱས་པ་སྟེ། ལྕགས་ཀྱི་ཕོར་བར་འབོད་པ་དེ་འཐོབ་པའི་ཆེད་དུ་མཐོ་རིམ་ཤེས་ཡོན་གྱི་བེད་སྤྱོད་དང་འཚོ་ཐབས་ལ་ཇི་ལྟར་ཕན་གྱིན་ཡོད་པ་སོགས་ལ་ཞིབ་འཇུག་གནང་ནས། སྤྱི་ལོ་༢༠༠༦ ལོར་ཁེ་ཎ་ཌའི་ཨོང་ཊོ་རིའོ་རྟེན་གཞི་བྱས་པའི་ཞིབ་འཇུག་སློབ་ཆེན་ཏེ། (University of Guelph) ཞེས་པར་སྤྱི་ཚོགས་ཚན་རིག་ཆེད་ལས་ཞིབ་འཇུག་པ་(M.Sc.) ཞེས་པའི་ཐོབ་ཐང་བླངས་ཡོད།
གཉིས་པ། བདེ་སྐྱིད་ཆོས་དབྱངས་དང་ཕྱི་དྲིལ་བཀའ་བློན།
བདེ་སྐྱིད་ཆོས་དབྱངས་ལགས་བོད་མིའི་སྒྲིག་འཛུགས་ཀྱི་ལས་གནས་མཐོ་ཤོས་ཀྱི་གྲས་སུ་སླེབས་པ་དེ་ཆེས་གློ་བུར་བ་ཞིག་ཡིན་ནའང་། ཁོང་མོ་ལ་དེང་རབས་ནུབ་ཕྱོགས་ཀྱི་ཆེས་མཐོའི་ཤེས་ཡོན་ཚད་ལྡན་ཡོད་པ་དང་། འཛམ་གླིང་གི་སྐད་ཡིག་བཞིའམ་ལྔ་ལ་བྱང་ཆ་ཡོད་པ། བོད་ཕྱི་ནང་གཉིས་ལ་རྒྱུས་མངའ་ཡོད་པ། རྒྱ་ནག་གི་ད་ལྟའི་གནས་སྟངས་ལའང་རྒྱུས་མངའ་ཡོད་པ་བཅས་ཀྱི་ཆ་ནས། ཁོང་མོ་ཕྱི་འབྲེལ་དང་དྲིལ་བསྒྲགས་བཀའ་བློན་དུ་བསྐོས་པ་དེ་ཧ་ཅང་འོས་བབ་ཡོད་པ་ཞིག་ཡིན།
ལོ་ངོ་བཞི་དང་ཕྱེད་ཀ་ལྷག་གི་རིང་ལ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་རྒྱལ་སྤྱིའི་སྡིངས་ཆ་མང་བོར་འཇུག་པའི་གོ་སྐབས་མ་རག་ཀྱང་། ཁོང་ཉིད་རྒྱལ་སྤྱིའི་གླེང་སྟེགས་སུ་ཞུགས་ཐེངས་རེར། ཧྥ་རན་ཆི་དང་། དབྱིན་སྐད་ཚད་ལྡན་གྱི་ལམ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་དོན་དཀའ་རྙོག་འགྲེལ་བཤད་གཏིང་ཟབ་རྒྱག་ཐུབ་ཀྱིན་ཡོད་པར་མ་ཟད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་ཏེ་དབུ་མའི་ལམ་གྱི་དགོས་པ་དང་དམིགས་ཡུལ་སོགས་ལ་རྒྱུས་མྱོང་གཏིང་ཟབ་ཡོད་པ་དང་། བོད་ནང་གི་རྒྱ་ཆེའི་མི་དམངས་ཀྱི་མངོན་འདོད་གང་ཡིན་དང་། གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མི་ལོ་ལྔ་བཅུ་ལྷག་གི་རིང་གནང་བའི་ཕྱག་ལས་ཀྱི་ཁ་གཏད་ཡུལ་བཅས་ལ་རྨང་རིམ་ནས་ཤེས་རྟོགས་ཟབ་མོ་ཡོད་པས། རྒྱལ་སྤྱིའི་ཐོག་གི་བོད་དོན་ལ་དོ་སྣང་བྱེད་མཁན་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གནས་སྡོད་བྱེད་མཁན་བོད་མི་ཤེས་ཡོན་གྱི་གནས་ཚད་ལོངས་པ་མང་ཤོས་ཀྱིས། བཀའ་བློན་བདེ་སྐྱིད་ཆོས་དབྱངས་ནི། ནུབ་ཕྱོགས་སུ་འཚར་ལོངས་བྱུང་བའི་མི་རབས་གསུམ་པའི་མིག་དཔེ་ཡིན་པར་མ་ཟད། བོད་གངས་ཅན་པ་རྣམས་ཀྱི་སྤོབས་པ་དང་ལ་རྒྱ་ཡིན་པའི་ངོས་འཛིན་བྱེད་ཀྱིན་ཡོད།
གསུམ་པ། བདེ་སྐྱིད་ཆོས་དབྱངས་ཀྱི་དགོངས་ཞུའི་འཕེལ་རིམ།
བཙན་བྱོལ་བོད་གཞུང་ལ་རྒྱུས་མྱོང་དང་དོ་སྣང་ཡོད་མཁན་དང་། གཞུང་གི་ལས་དོན་བྱེད་ཕྱོགས་ལ་བརྟག་དཔྱད་གནང་མཁན་མང་བོ་ཞིག་གིས་བདེ་སྐྱིད་ཆོས་དབྱངས་ཀྱི་ནུས་པ་དང་འཇོན་ཐང་ལ་དོ་སྣང་བྱེད་ཀྱིན་ཡོད། འོན་ཀྱང་སྐབས་བཅུ་བཞི་བའི་བཀའ་ཤག་གི་ལྦུ་བ་ལྟ་བུའི་ཟང་ཟིང་ལང་ལོང་གི་འཚུབ་ཆའི་ནང་དུ་བདེ་སྐྱིད་ཆོས་དབྱངས་ལགས་དེ་ཙམ་མི་མངོན་པར་གྱུར་པ་དང་། རིམ་གྱིས་བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་ཀྱི་འཐུས་མི་དང་གཞུང་ཞབས་ལས་བྱེད་པ། ལས་བྱེད་ཟུར་བ་སོགས་རྒྱུས་ཡོད་མང་བོ་ཞིག་གིས། བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལ་བཙན་བྱོལ་བོད་མིའི་ཁྲིམས་དང་སྒྲིག་གཞི་ཁག་ཏུ་བཀའ་བློན་སོ་སོའི་འགན་དབང་གཏན་འབེབས་གནང་བ་ལྟར་གྱི་ཐོབ་ཐང་ཆ་ཚང་རག་གིན་མེད་པ་སྟེ། དཔེར་ན་སྲིད་སྐྱོང་མཆོག་གིས་ཁྲིམས་སྒྲིག་གི་གཞི་རྟེན་གང་ཡང་མེད་པར། བྱང་ཨ་རི་དང་རྒྱ་གར་ལྡི་ལིའི་དོན་གཅོད་གཉིས་སྲིད་སྐྱོང་ཁོང་རང་གིས་ཐད་ཀའི་སྟངས་འཛིན་བྱས་ཏེ། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལ་ཁྲིམས་སྒྲིག་གིས་སྤྲད་པའི་དབང་ཚད་མ་རག་པས་དོན་གཅོད་ཁག་བཅུ་གཉིས་པོར་ཁྱབ་མཉམ་གྱིས་སྟངས་འཛིན་བྱེད་པའི་འགན་དབང་མེད་པར་གྱུར་ཚུལ་དང་། ད་དུང་སྲིད་སྐྱོང་གི་མདུན་དང་། བཀའ་ཤག་གི་ཕྱི་ནང་བར་གསུམ་དུ་ཁོང་མོར་དཀའ་ངལ་དང་གནོན་ཤུགས་སྣ་ཚོགས་ཤིག་འཕྲད་ཀྱིན་ཡོད་ཚུལ་སོགས་གངས་ཅན་སྐྱིད་གཤོང་ནས་མགོ་བཙུགས་ཏེ་མང་ཚོགས་ཀྱི་ནང་དུ་མཚོ་ཡི་གཉེར་མ་བཞིན་དུ་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད།
འདས་པའི་ཟླ་ངོ་ཁ་ཤས་ཀྱི་རིང་ལ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་དང་། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་གཉིས་བཀའ་བློན་གྱི་ལས་གནས་ནས་དགོངས་པ་ཞུ་སྲིད་པའི་ཚོད་དཔག་བྱེད་མཁན་མང་བོ་འབྱུང་གིན་ཡོད་ནའང་། ཁོང་གཉིས་རྩ་དགོངས་ཞུ་སྲིད་པའི་རྒྱུ་རྐྱེན་དང་རྒྱུ་མཚན་མི་མཚུངས་པ་སྣ་ཚོགས་ཤིག་འགོད་ཀྱིན་འདུག
གང་ལྟར་སེམས་ཅན་གྱི་ཁ་ན་ཡེ་ཤེས་ཀྱི་སྤྱན་ཡོད་ཟེར་སྲོལ་ཡོད་པ་ལྟར། སྤྱི་ལོ་༢༠༡༦ ལོའི་ཟླ་༢ ཚེས་༢༨ ཉིན་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྟབས་བདེ་ཞིག་བསྡུས་ཏེ། ཁོང་མོ་བཀའ་བློན་གྱི་ལས་གནས་ནས་རྩ་དགོངས་ཞུས་པ་ཁྱབ་བསྒྲགས་གནང་སོང་།
ཐོག་མར་བདེ་སྐྱིད་ཆོས་དབྱངས་ཀྱིས་གསར་འགོད་གསལ་བསྒྲགས་གནང་སྐབས། བོད་ཡིག་ཏུ་ཡིག་ཕྲེང་བརྒྱད་དང་། དབྱིན་ཡིག་ཏུ་ཡིག་ཕྲེང་བདུན་ཡོད་པའི་ཡིག་ཆུང་སྟབས་བདེ་ཞིག་འགྲེམས་སྤེལ་བྱས་བྱུང་། ཡིག་ཆུང་དེའི་ནང་དོན་གཙོ་བོ་ནི། བློ་ཕམ་གྱི་སྒོ་ནས་ཕྲན་རང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་བྱས་པ་ཡིན། ཐག་གཅོད་འདི་ཕྲན་ནས་སྤྱི་པའི་རྩ་དོན་དང་། མ་འོངས་པར་ང་ཚོའི་མདུན་དུ་ལྷག་པའི་གནད་དོན་གལ་འགངས་ཆེ་བ་ཁག་གདོང་ལེན་བྱ་ཕྱོགས་བཅས་ལ་བསམ་ཞིབ་གཏིང་ཟབ་བཏང་ནས་བྱས་པ་ཡིན། ཞེས་འཁོད་ཡོད།
བདེ་སྐྱིད་ཆོས་དབྱངས་ལགས་བཀའ་བློན་གྱི་ལས་གནས་ནས་རྩ་དགོངས་ཁྱབ་བསྒྲགས་བྱས་ནས་ཆུ་ཚོད་ཁ་ཤས་ཀྱི་རྗེས་སུ། སྤྱི་ཚོགས་དྲ་ལམ་ཁག་ཏུ་བདེ་སྐྱིད་ཆོས་དབྱངས་གླེང་མགོ་ཚུགས་ཤིང་། ཁོང་མོ་གླེང་མཁན་ཕལ་མོ་ཆེ་ནི་བསམ་ཕྱོགས་གཅིག་དང་ལངས་ཕྱོགས་གཅིག་འཁྱེར་མཁན་གྱི་མི་ཁག་ཅིག་ཡིན་ལ། ཐོག་མར་ཁོང་ཚོས་བདེ་སྐྱིད་ཆོས་དབྱངས་བཀའ་བློན་གྱི་ལས་གནས་ནས་རྩ་དགོངས་ཞུ་དགོས་དོན་ནི། བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་དུས་འཁོར་དབང་ཆེན་ཕྱིར་འགྱངས་དང་འབྲེལ་བའི་གནད་དོན་གྱི་ཐོག་སྲིད་སྐྱོང་གཙོས་པའི་བཀའ་ཤག་ལ་སྐྱོན་འཛུགས་བྱས་པར་བློ་ཕམ་བྱུང་སྟེ་རྩ་དགོངས་ཞུས་ཟེར། དེ་ནས་ཆུ་ཚོད་རེ་རེ་བཞིན་དཀྲོགས་གཏམ་དེ་བོད་ཕྱི་ནང་གཉིས་དང་། ཐ་ན་རྒྱ་ནག་དབུས་གཞུང་གིས་བཙན་བྱོལ་བོད་མིའི་སྒྲིག་ལ་མཐོང་ཆུང་བྱེད་པའི་ལག་ཆར་བེད་སྤྱོད་བྱེད་པའི་རིན་ཐང་ཡོད་པ་བཟོས་སོང་།
སྤྱི་ལོ་༢༠༡༦ ལོའི་ཟླ་༣ ཚེས་༦ ཉིན་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་བསྐྱར་དུ། བཀའ་བློན་གྱི་ལས་གནས་ནས་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་ཤུགས་བསྟན་བྱས་པའི་ཡིག་ངག་གཉིས་ཐོག་གི་གསལ་བསྒྲགས་ཤིག་སྤེལ་བྱུང་། གསལ་བསྒྲགས་ཀྱི་ནང་དོན་མདོར་དྲིལ་ན་ཁག་གཉིས་ཏེ།
༡། བཀའ་བློན་གྱི་ལས་དོན་བྱེད་ཕྱོགས་ཐོག་བློ་ཕམ་བྱུང་བ།
༢། སྤྱི་ལོ་༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུའི་ཆ་ཤས་ལེན་པའི་ཆེད་དུ།
ཡིན་ནའང་ཤོག་ལྷེ་གཉིས་ཡོད་པའི་ཡིག་ཆ་འདིའི་ནང་དུ། འོས་ཤོག་ལྡུག་མཁན་མི་དམངས་ལ་ཉེན་བརྡའི་ཚུལ་དུ། མ་འོངས་པའི་སྲིད་སྐྱོད་འོས་མིར་ངེས་པར་དུ་ཚང་དགོས་པའི་དོན་ཚན་དགུ་གསལ་སྟོན་གནང་ཡོད།
བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་འགྲེམས་སྤེལ་གནང་བའི་ཡིག་ཆ་དེས་ནི། ཁོང་མོའི་དགོངས་ཞུ་གློ་བུར་བའི་དབང་གིས་སྐུ་ངོ་སྲིད་སྐྱོང་མཆོག་གི་མ་འོངས་མདུན་ལམ་ལ་དོ་ཕོག་འགྲོ་རྒྱུར་འཇིགས་སྣང་སྐྱེ་བཞིན་ཡོད་པའི་མི་ཁག་ཅིག་ལ་དངངས་སྐྲག་བསྐྱར་མ་བསླངས་ཏེ། ཁོང་ཚོས་བདེ་སྐྱིད་ཆོས་དབྱངས་ལ་གཞི་མེད་རྩ་བྲལ་གྱི་སྡིགས་སྨོད་བྱེད་ཤུགས་ཇེ་ཆེར་བཏང་སོང་།
དེ་ནས་ཨེ་ཤེ་ཡ་རང་དབང་རླུང་ཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་རྒན་པ་སྐལ་ལྡན་བློ་གྲོས་ཀྱིས། བདེ་སྐྱིད་ཆོས་དབྱངས་ཀྱི་བཀའ་བློན་དགོངས་ཞུའི་གནད་དོན་ཐོག་བཅར་འདྲི་བྱས་ཏེ། ཁོང་མོས་སྲིད་སྐྱོང་གི་འོས་ཤོག་སུ་ལ་ལྡུག་མིན་སྐོར་དྲི་བ་མཐའ་ནན་བྱས་པ་ལ་བརྟེན་ནས། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལ་འཕེན་རྒྱུ་ཡིན་པ་གསལ་སྟོན་གནང་སོང་། བཀའ་ཟུར་ལགས་ཀྱིས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་སྲིད་སྐྱོང་གི་འོས་ཤོག་ལྡུག་རྒྱུའི་གསལ་ཁ་བཏོད་པ་དེ་ནི། མེ་འབར་བའི་སྟེང་ལ་སྣུམ་བླུགས་པ་དང་འདྲ་བར། མི་ཁག་ཅིག་གིས་སྨྱོས་པ་ལྟར་ཁོང་མོར་སྡིགས་ར་དང་དམའ་འབེབས་བྱེད་ཤུགས་ལྡབ་འགྱུར་གྱིས་ཇེ་ཆེར་སོང་།
སྤྱི་ལོ་༢༠༡༦ ལོའི་ཟླ་༣ ཚེས་༩ ཉིན་ཨ་རིའི་རླུང་འཕྲིན་ཁང་གིས་ཀུན་གླེང་ལས་རིམ་ནང་། བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལ་བཅར་འདྲི་བྱས་ཏེ། ཁོང་མོས་བཀྲམས་པའི་ཡིག་ཆ་གཉིས་པའི་ནང་སྲིད་སྐྱོང་གི་ཆ་རྐྱེན་གལ་ཆེན་ཁག་དགུ་བཏོན་པ་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ལ་ཚང་བར་གཟིགས་ཀྱིན་ཡོད་མེད་སྐོར་དྲི་བ་ནན་པོ་བཏོན་པའི་ལན་དུ། དཔལ་ལྡན་སྲིད་སྐྱོང་མཆོག་ལ་མ་འོངས་པའི་སྲིད་སྐྱོང་འོས་མིར་ངེས་པར་ཚང་དགོས་པའི་ཆ་རྐྱེན་དེ་དག་ཚང་གིན་འདུག་ལབ་ནས་རྒྱབ་སྐྱོར་ཞུ་ཐུབ་ཀྱིན་མི་འདུག་ཅེས་ལན་འདེབས་བྱས་པ་དེས། མི་ཁག་ཅིག་གིས་བློ་ཡུལ་ལས་འདས་པ་ལྟ་བུར་ངོས་འཛིན་གྱིས། བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལགས་བོད་མི་ཡ་ས་དྲུག་གི་དགྲ་བོ་ཡིན་པ་ལྟ་བུའི་སྡིགས་ར་བསྐུལ་གྱིན་ཡོད་པར་མ་ཟད། བཟང་སྤྱོད་ལས་རྦད་དེ་འདས་པའི་པར་རིས་སྣ་ཚོགས་ཆེད་བཟོས་ཀྱིས་འགྲེམས་སྤེལ་བྱེད་ཀྱིན་འདུག
བཅར་འདྲི་དེའི་ནང་དོན་ཚན་མི་འདྲ་བ་དུ་མ་ཞིག་གསར་སྣོན་བྱུང་བ་ནི།
༡། སྲིད་སྐྱོང་འོས་མིས་བགྲོ་གླེང་གཏམ་བཤད་གནང་སྐབས། དངོས་ཡོད་གནས་ཚུལ་དང་མ་མཐུན་པ་ཁག་ཅིག་གསུང་གིན་ཡོད་པ་དེར་བློ་སེམས་བདེ་བོ་མ་བྱུང་བ་དང་། གནས་ཚུལ་ཤེས་བཞིན་དུ་མ་ཤེས་པའི་རྣམ་པའི་ཐོག་སྡོད་ཐབས་མ་བྱུང་བ།
༢། ཁོང་མོའི་ཉེན་བརྡ་ལ་བརྟེན་ནས་མི་དམངས་ལ་གོ་རྟོགས་སད་པའི་ཆེད་དུ།
༣། རྩ་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ས་བཙན་བྱོལ་ནང་གི་དོན་དག་ཆུང་ཙག་ལས། བོད་ནང་གི་གནད་དོན་གལ་ཆེན་ལ་བྱེད་དགོས་པ་ཤེས་པའི་ཆེད་དུ་ཡིན་པ་བཅས་འགྲེལ་བཤད་བསྐྱོན་ཡོད།
བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་བཀའ་བློན་གྱི་ལས་གནས་ནས་རྩ་དགོངས་ཞུས་པ་དེས། སྲིད་སྐྱོང་འོས་མི་གཉིས་ཆ་ལ་སེམས་འཚབ་བསླངས་ཡོད་ཅིང་། ལྷག་པར་དུ་སྲིད་སྐྱོང་བློ་བཟང་སེང་གེ་ལ་སེམས་འཚབ་ཆེན་པོ་བསླངས་ཡོད། རྒྱུ་མཚན་ནི་ཁོང་མོའི་ཆེས་སྟབས་བདེ་ཡིན་པའི་གསར་འགོད་གསལ་བསྒྲགས་ཐོག་མ་དེར་ཁོང་གིས་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་ཞིབ་ཕྲ་རྗེས་ནས་ཡོང་རྒྱུའི་སྔོན་བརྡ་བཏང་བའི་དབང་གིས་ཡིན།
ཡིན་ནའང་གསར་འགོད་གསལ་བསྒྲགས་གཉིས་པ་ཕྱི་ལོགས་སུ་བཀྲམས་པ་ནས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ལོ་ངོ་ལྔ་མ་ཟིན་ཙམ་གྱི་ལས་རོགས་ཡིན་པ་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་ཁོང་གི་སྐྱོན་གནས་ཁག་དམར་རྗེན་དུ་བཏོན་ཏེ་ཐེར་འདོན་གནང་རྒྱུ་མིན་པའི་གདེང་ཚོད་རྙེད་དེ་བློ་འཚབ་ཇེ་ཆུང་དུ་སོང་ཡོད་པ་གདོན་མི་ཟ་ནའང་། ཁོང་གིས་སྔར་བཞིན་འགན་འཁུར་དང་ས་མཚམས་མེད་པའི་འཕག་ཚག་མང་བོ་བརྒྱབས་ན་ད་དུང་ཁེ་ཉེན་ཡོད་པའི་གནས་ལུགས་ཀྱང་ཤེས་རྟོགས་བྱུང་ཡོད།
ཚོགས་གཙོ་སྤེན་པ་ཚེ་རིང་ལ་མཚོན་ན་བདེ་སྐྱིད་ཆོས་དབྱངས་ལགས་ཀྱི་དགོངས་ཞུ་དང་ཐད་ཀར་འབྲེལ་བ་གང་ཡང་མེད་ནའང་། དགོངས་ཞུའི་རྒྱུ་རྐྱེན་གསལ་ཁ་བཟོས་ནས་ཡོང་སྐབས། ཁོང་གི་འོས་ཤོག་ལ་ཕན་ཐོགས་འབྱུང་ཐུབ་མིན་གྱི་རེ་དོགས་ཡོད་པ་དེ་བཤད་མ་དགོས་པ་ཞིག་ཡིན་ལ། སྐུ་ངོ་ཚོགས་གཙོ་ལགས་ཀྱི་རྒྱབ་སྐྱོར་གནང་མཁན་མང་བོ་ཞིག་གིས་བདེ་སྐྱིད་ཆོས་དབྱངས་ཀྱི་གསལ་བཤད་སྔ་ཕྱི་དེ་དག་ལ་དོན་སྙིང་དེ་ཙམ་མེད་པའི་ངོས་འཛིན་བྱེད་ཀྱིན་ཡོད་པའང་གོ་ཐོས་བྱུང་།
ང་ཚོས་དོན་དག་སྔ་ཕྱི་འདི་དག་གི་ཐོག་ནས་གསལ་བོར་མཐོང་ཐུབ་པ་དེ་ནི། བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལགས་སྲིད་སྐྱོང་གི་ཕྱག་ལས་གནང་ཕྱོགས་ལ་མོས་མཐུན་མ་བྱུང་ནས་རྩ་དགོངས་ཞུས་པ་གསལ་བོ་ཡིན་ནའང་། ཤེས་ཡོན་གྱི་གནས་ཚད་དང་། ཆེས་མཐོའི་མི་སྣ་ཞིག་གི་གནས་བབ་ལས་མ་བརྒལ་བའི་སྒམ་བརླིང་ལྡན་པའི་ལན་འདེབས་དང་གསལ་བཤད་གནང་བ་དེས། བདེ་སྐྱིད་ཆོས་དབྱངས་ཀྱི་མི་གཤིས་དང་བསམ་བློའི་རྒྱ་ཁྱོན་ཚོད་བགམ་ཆེན་པོ་ཞིག་བྱས་ཡོད།
གང་ལྟར་ང་ཚོའི་འོས་བསྡུ་འདི་ནུབ་ཕྱོགས་ཡར་ཐོན་དམངས་གཙོའི་རྒྱལ་ཁབ་ཀྱི་འོས་བསྡུ་ཞིག་ཡིན་པའི་དབང་དུ་བཏང་ན། ཕྱི་སྲིད་བློན་ཆེན་གྱིས་བློ་ཕམ་ངང་དགོངས་པ་ཞུས་ན། སྲིད་འཛིན་ནམ་སྲིད་བློན་གྱི་མདུན་ལམ་དང་ལས་དབང་ལ་དོ་ཕོག་ཆེན་པོ་འབྱུང་སྲིད་ཀྱང་། ང་ཚོའི་སྤྱི་ཚོགས་ཀྱི་མི་མང་ཤོས་ཤིག་གིས། ད་དུང་ང་ཚོའི་སྤྱི་ཚོགས་ཁྲོད་ལྟ་གྲུབ་དང་སྤྱི་བའི་རྩ་དོན་ལས་ལུང་ཚན་རིང་ལུགས་ཀྱི་བསམ་བློ་གཙོ་བོར་འཁྱེར་གྱིན་ཡོད་པས། དམིགས་བསལ་གྱིས་ཡོ་འཁྱོམ་ཆེན་པོ་འབྱུང་བའི་གོ་སྐབས་མེད་པ་འདྲ།
བཞི་བ། བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལ་སྤྱི་ཚོགས་ཀྱིས་ངོས་འཛིན་བྱེད་སྟངས།
བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ཀྱིས་ལོ་ངོ་ལྔའི་ལས་རྒྱུན་མཇུག་མ་རྫོགས་པའི་སྔོན་ལ་གློ་བུར་དུ་རྩ་དགོངས་ཞུས་པ་དེར་མི་དམངས་ནང་མཐོང་ཚུལ་སྣ་ཚོགས་ཤིག་འབྱུང་གིན་ཡོད་པ་རྣམས་ལ་རྒྱ་ཆེ་ས་ནས་ཕྱོགས་སྡོམ་བྱས་ན། བཙན་བྱོལ་བོད་གཞུང་ལ་བློ་སྙིང་བྲང་གསུམ་གཏོད་ཀྱིན་ཡོད་ཀྱང་། ཆབ་སྲིད་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པའི་ལོ་ལོན་རྒན་རྒོན་དང་ཆོས་བྱེད་དགེ་འདུན་པ་དང་བཙུན་མ་ཉམ་ཆུང་གི་རིགས་ཀྱིས། རྒྱབ་ལོགས་སུ་དོན་དག་ཅི་འདྲ་ཡོད་མེད་ལ་མ་ལྟོས་པར། སྡུག་བསྲན་གྱི་སྒོ་ནས་བཀའ་བློན་གྱི་ལས་ཡུན་ངེས་པར་དུ་རྫོགས་དགོས་པར་འདོད་མཁན་རྣམས་སྡེ་ཚན་གཅིག་ཡིན།
ཤེས་ཡོན་གྱི་གནས་ཚད་མཐོན་པོ་ཡོད་མཁན་དང་བསམ་གཞིགས་ཀྱི་ནུས་པ་ཆེན་པོ་ཡོད་མཁན་མང་བོ་ཞིག་གིས། བདེ་སྐྱིད་ཆོས་དབྱངས་ལགས་སྤོབས་པ་ཆེན་པོ་ཐོག་ནས་བཀའ་བློན་གྱི་ལས་གནས་སུ་འཇུག་རྒྱུའི་བློ་ཁོག་ཡོད་པ་དང་། རྙོག་འཛིང་གི་རྒྱུ་མཚན་སྣ་ཚོགས་ཀྱི་དབང་གིས་རང་གི་དམིགས་འདུན་མ་འགྲུབ་པའི་གནས་ཚུལ་བྱུང་སྐབས། སྤྱི་བའི་ལས་དོན་འཐུས་ཤོར་གྱི་ངང་དུས་ཚོད་སྟོད་ཟད་དུ་གཏོང་འདོད་མེད་པར། བློ་ཐག་ཆོད་པོའི་ངང་བཀའ་བློན་གྱི་ལས་གནས་ནས་མར་ཐོན་ཐུབ་པའི་བློ་སྤོབས་ཡོད་པ་དེས། བོད་རིགས་བུད་མེད་རྣམས་ལ་རང་དབང་གི་ཐོག་ནས་རང་གི་མདུན་ལམ་ཐག་གཅོད་ཀྱི་ནུས་པ་ཡོད་དགོས་པའི་བརྡ་ལན་གལ་ཆེན་ཞིག་བསྟན་པར་མ་ཟད། ཁོང་མོའི་འཇིགས་ཞུམ་བྲལ་བའི་སྤོབས་པ་དང་སྙིང་སྟོབས། ཆོད་སེམས་བཅས་ལ་ཡི་རང་བསྔགས་བརྗོད་ཀྱི་སྒོ་ནས་བསྟོད་ཚིག་བསྔགས་བརྗོད་ཀྱི་སྙན་ངག་ཀྱང་བྲིས་འདུག་པ་དེ་དག་སྡེ་ཚན་གཅིག་ཡིན།
སྡེ་ཚན་གཞན་པ་ཞིག་ནི། རྣམ་དཔྱོད་དང་ལེགས་ཉེས་སྤང་བླང་མེད་པར། དཔལ་ལྡན་སྲིད་སྐྱོང་མཆོག་གི་མཚན་མཐོང་དང་མདུན་ལམ་ལ་དོ་ཕོག་འབྱུང་སྲིད་པའི་སེམས་ཁྲལ་གནང་མཁན་རིགས་ཡིན་ལ། ཁོང་ཚོས་བདེ་སྐྱིད་ཆོས་དབྱངས་དགོངས་པ་ཞུས་པ་ནས་སྐྱོན་བརྗོད་བྱེད་མགོ་ཚུགས་ཤིང་། ཁོང་ཚོའི་སྐྱོན་བརྗོད་བྱེད་སྐབས་ཀྱི་ཚིག་ཚོགས་བེད་སྤྱོད་གཏོང་སྟངས་དེ་བློ་ཡུལ་ལས་འདས་དགོས་པ་ཞིག་ཏུ་སྣང་།
ཁོང་ཚོས་ཆེས་ཐོག་མར་བདེ་སྐྱིད་ཆོས་དབྱངས་ལ་མདོ་སྨད་དབུས་རྒྱུན་གྱིས་གནོན་ཤུགས་སྤྲད་དེ་རྩ་དགོངས་ཞུ་རུ་བཅུག་རབས་ཟེར།
དེའི་ཁུངས་སྐྱེལ་གྱི་རྒྱུ་ཆ་ལྟ་བུར་ཁོ་བོས་སྤྱི་ལོ་༢༠༠༩ ལོའི་ཟླ་༢ ཚེས་ཤར་ལ་མདོ་སྨད་ལོ་རྒྱུས་ཆེན་མོ་རྩོམ་མཇུག་གྲུབ་པ་ལ་གྲོགས་པོ་སྐོར་ཞིག་གིས་གསོལ་སྟོན་སྟབས་བདེ་ཞིག་བཀོད་སྒྲིག་བྱས་སྐབས་ཀྱི་འདྲ་པར་བཀོད་དེ། འདྲ་པར་དེར་འཁོད་པའི་མི་དེ་དག་གིས་བདེ་སྐྱིད་ཆོས་དབྱངས་ལ་གནོན་ཤུགས་སྤྲད་དེ་རྩ་དགོངས་ཞུ་རུ་བཅུག་རབས་དང་། བདེ་སྐྱིད་ཆོས་དབྱངས་ཀྱིས་རེས་གཟའ་ཉི་མར་སྲིད་སྐྱོང་ལས་ཤག་ཏུ་སོང་ནས་རྩ་དགོངས་ཞུས་པ་ཁྲིམས་འགལ་ཡིན་རབས་སོགས་བཤད་པ་མ་ཟད། ཁོང་མོར་བོད་མིའི་བསམ་སྤྱོད་དང་། ཀུན་སྤྱོད་རིན་ཐང་གི་འདུ་ཤེས་ལས་ཆེས་ཆེར་བརྒལ་བའི་གཞི་མེད་སྐྱོན་བརྗོད་སྣ་ཚོགས་བྱས་དང་བྱེད་བཞིན་ཡོད་ཡོད།
ལྔ་བ། བདེ་སྐྱིད་ཆོས་དབྱངས་དང་བློ་བཟང་སེང་གེའི་འབྲེལ་བ།
ང་ཚོས་བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་དང་སྲིད་སྐྱོང་བློ་བཟང་སེང་གེའི་སྒེར་གྱི་འབྲེལ་ལམ་ཅི་ཡིན་ཤེས་མི་ཐུབ་ལ་ཤེས་དགོས་དོན་ཡང་དེ་ཙམ་མེད། ང་ཚོས་གསལ་བོར་ཤེས་ཐུབ་པ་ནི་སྤྱི་ལོ་༢༠༡༡ ལོར་བློ་བཟང་སེང་གེ་བཀའ་བློན་ཁྲི་བར་ལངས་སྐབས། བདེ་སྐྱིད་ཆོས་དབྱངས་ཀྱིས་དྲ་ཚིགས་སུ་བློ་བཟང་སེང་གེ་ཁྱབ་བསྒྲགས་ཀྱི་ལས་འགན་གལ་ཆེན་འཁུར་བར་བཤད་ལ། ནུབ་ཕྱོགས་ཀྱི་བོད་རིགས་གཞོན་སྐྱེས་ཚོ་དང་། རྒྱ་གར་མཐོ་སློབ་འགྲིམས་བཞིན་པའི་བོད་མི་གཞོན་སྐྱེས་ཚོས་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཐོབ་ཐབས་ཀྱི་ལས་འགུལ་ཁྲོད་བདེ་སྐྱིད་ཆོས་དབྱངས་ལ་བྱས་རྗེས་ངེས་ཅན་ཡོད་པ་འདྲ།
དེ་འདྲའི་དབང་གིས་བློ་བཟང་སེང་གེ་ལ་བཀའ་བློན་ཁྲི་བའི་རྒྱལ་ཁ་ཐོབ་ནས་བདེ་སྐྱིད་ཆོས་དབྱངས་བཀའ་བློན་དུ་མིང་འདོན་གནང་སྐབས། རྒྱུ་མཚན་ཤེས་མཁན་ཚོས་ཁོང་རྣམ་པ་གཉིས་ཀྱིས་གཅིག་ཕན་གཅིག་གྲོགས་བྱས་པ་ལ་ངོས་འཛིན་བྱས་ཡོད། དེའི་སྟབས་ཀྱིས་སྲིད་སྐྱོང་གི་རྒྱབ་སྐྱོར་བ་ཚོས་བདེ་སྐྱིད་ཆོས་དབྱངས་ཀྱིས་སྲིད་སྐྱོང་ལ་དྲིན་ལན་ལོག་འཇལ་བྱས་པའི་སྐྱོན་བརྗོད་བྱེད་ཀྱིན་ཡོད་པ་དེ། རྒྱུ་མཚན་ལྔའི་ཐོག་ནས་རྒྱུ་མཚན་ལྡན་པའི་སྐྱོན་བརྗོད་ཆགས་ཀྱིན་མེད་པ་སྟེ།
༡། སྤྱི་ལོ་༢༠༡༡ ལོའི་བཀའ་ཁྲིའི་འོས་བསྡུའི་རྒྱལ་ཁའི་ནང་བདེ་སྐྱིད་ཆོས་དབྱངས་ལ་བྱས་རྗེས་ཆེན་པོ་ཡོད་པ།
༢། སྲིད་སྐྱོང་གིས་ལས་རོགས་བཀའ་བློན་རྣམས་མིང་འདོན་བྱེད་རྒྱུ་དེ་ཁྲིམས་དང་སྒྲིག་གཞིས་འགན་དབང་བསྐུར་བ་ཞིག་ཡིན་པ་ལས། མི་སྒེར་གྱི་གཡོག་ཞབས་སུ་བླངས་པ་མ་ཡིན་པས་བཀའ་དྲིན་ཆེ་ཆུང་གི་སྐད་ཆ་བཤད་ས་མེད་པ།
༣། སྲིད་སྐྱོང་ལ་བཀའ་བློན་གཞན་པ་རྣམས་ཀྱི་མིང་གཞུང་གྲོས་ཚོགས་སུ་འབུལ་བའི་སྐུ་དབང་ཡོད་པ་ལས། འོས་མི་དེ་དག་བཀའ་བློན་དུ་གདམ་མིན་གྱིི་ཐག་གཅོད་གནད་མཁན་བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་ཡིན་པ་ལས་སྲིད་སྐྱོང་མ་ཡིན་པ།
༤། བདེ་སྐྱིད་ཆོས་དབྱངས་ནི། སྲིད་སྐྱོང་བློ་བཟང་སེང་གེས་མིང་འདོན་བྱས་པའི་བཀའ་བློན་དྲུག་པོའི་ཁོངས་སུ། རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱུས་མངའ་ཡོད་མཁན་དང་། དེང་རབས་ནུབ་ཕྱོགས་ཀྱི་ཤེས་ཡོན་ཚད་ལྡན་ཡོད་པ། སྐད་ཡིག་གི་ཆ་རྐྱེན་འཛོམས་མཁན། བོད་ནང་གི་དངོས་ཡོད་གནས་ཚུལ་མིག་མཐོང་ལག་ཟིན་བྱུང་མཁན་གཅིག་པུ་དེ་ཡིན་པས། ཁོང་མོ་ལས་རོགས་སུ་ཐོབ་པ་དེ་སྲིད་སྐྱོང་གི་ལས་དོན་སྒྲུབ་པ་ལ་མེད་ཐབས་མེད་པའི་ཆ་རྐྱེན་ཞིག་ཡིན་པ་ལས། སྲིད་སྐྱོང་དང་བཀའ་བློན་གཞན་པའི་བར་གྱི་འབྲེལ་ལམ་དེ་ཕ་མ་དང་བུ་ཕྲུག དགེ་རྒན་དང་དགེ་ཕྲུག ཡང་ན་སྦྱིན་བདག་དང་ཞབས་ཞུའི་བར་གྱི་འབྲེལ་ལམ་མ་ཡིན་པ།
༥། བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་བཀའ་བློན་བསྐོ་ཕྱོགས་དང་། བཀའ་བློན་གྱི་ལས་ཡུན། བཀའ་བློན་གྱི་འགན་དབང་གཏན་འབེབས་གནང་ཡོད་པ་ལས། བཀའ་བློན་གང་ཞིག་གི་ལས་ཡུན་མ་རྫོགས་གོང་དགོངས་ཞུ་བྱེད་མི་ཆོག་པའི་ཁྲིམས་སྒྲིག་གང་ཡང་མེད་སྟབས། སྤྱི་སྒེར་གྱི་དཀའ་རྙོག་གང་ཞིག་གི་འོག་ནས་དགོངས་པ་ཞུས་ཆོག་པ་ནི། འཛམ་གླིང་གི་དམངས་གཙོའི་ལམ་ལུགས་སུ་ཆེས་སྤྱིར་བཏང་ཡོངས་གྲགས་ཀྱི་གནས་སྟངས་ཞིག་ཡིན།
རྒྱུ་མཚན་འདི་དག་ངེས་ཟིན་པའི་རྗེས་སུ་བདེ་སྐྱིད་ཆོས་དབྱངས་ཀྱིས་བཀའ་བློན་ནས་རྩ་དགོངས་ཞུས་པ་དེས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སྐྱེ་བོ་གང་ཞིག་ལའང་དྲིན་ལན་ལོག་འཇལ་བྱས་མ་བྱས་ཀྱི་འགྲེལ་བརྗོད་བྱེད་དུ་མེད་པ་དེ་གསལ་བོར་མཁྱེན་ངེས་ཡིན།
ཨ་བླ་མ་མཁྱེན་་་་ད་བཤད་ཡོད་གི་ཡ། ད་རུང་མི་གོ་ན་ད་མི་དེས་མིག་གཉིས་ཞར་རྣ་གཉིས་འོན་བསྡད་ཡོད་པའི་རྟགས་ཡིན། བཀའ་དྲིན་ཆེ་ཧོར་འཇིགས་ལགས།
དྲིན་ལན་ལོག་འཇལ་ཞེས་པའི་སྐད་ཆ་དེ་ནི་ལོག་རྟོག་གིས་བཟོས་པའི་འཆལ་གཏམ་རང་རེད། བདེ་སྐྱིད་ཆོས་དབྱངས་ལགས། བློ་སེང་གི་ལས་རོགས་སུ་བདམས་པ་ལས་རྐུབ་གཡོག་ཏུ་བདམས་མེད་པས་རེད། དྲིན་ལན་ལོག་འཇལ་བྱེད་མཁན་ངོ་མ་ནི་བློ་སེང་ལགས་རེད།
འོ་རྩི་ལགས། ད་འདུག་༌༌༌དཀོན་མཆོག་ཆེན། ངས་ནམ་རྒྱུན་རྩོམ་པ་པོ་ཧོར་འཇིགས་ལ་གདེངས་འཇོགས་གང་ཙམ་ཡོད་ཀྱང་། ད་རེས་ཁོའི་རང་གཟུགས་མངོན་སོང་། རྒྱབ་རྩ་དང་ཕྱོགས་གཏོགས་པའི་རྩོག་ཡིག་ནག་ནོག་ཞོག་བྲིས་འདུག དོན་དག་ཡང་སྙིང་ཁམས་པ་དང་བློ་སེང་ལ་སྒོལ་ལེན་ཙམ་རེད་འདུག ད་དཀོན་མཆོག་གསུམ་ཚར་འདུག བསམ་བློ་བའི་བྱ་སྤྱོད་འདི་འདྲ་རྩ་ནས་མ་རེད་འདུག
༼བློ་སེང་གི་སྐོར་ལ་ ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མས་་བཤད་པ་དང་བདེ་སྐྱིད་ཆོས་དབྱངས་གཉིས་ཀྱིས་བཤད་པར་ནང་འགལ་ཆགས་འདུག༽ངའི་ངོས་ནས་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་གཙང་མ་ཡོད།
གསར་འགོད་པ། སྐུ་ངོ་རྒྱ་རི་སྒྲོལ་མ་ལགས་དེ་རིང་སྲིད་སྐྱོང་བློ་བཟང་སེང་གེའི་གསུང་བཤད་ལ་ཕེབས་འདུག་པས། སྐུ་ཉིད་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་གནང་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
http://bangchen.net/interview-with-kalons/
བསམ་བློའི་གོ་རྟོགས་ཆེ་ཞིང་འཕྲལ་ཕུག་རྒྱང་གསུམ་ལ་དཔྱོད་པའི་བློ་མིག་ཡངས་པ། གང་བཤད་གནད་ལ་ཁེལ་ཞིང་གནད་ཀྱི་དོན་པོ་གསལ་འདོན་བྱེད་པའི་ཚིག་གི་སྒྱུ་རྩལ་ཡོད་པ། བསམ་པ་ཙམ་གྱིས་གནས་ལུགས་དང་དབྱེ་བ་རྟོགས་ཤིང་། གང་རྟོགས་རྣམས་སྤྱི་ཚོགས་དང་སྐྱེ་བོ་སུ་ཞིག་གི་མདུན་དུའང་བཤད་པའི་སྤོབས་པ་དང་བློ་ཁོག་ཡོད་པའི་མཁས་དབང་ཧོར་གཙང་འཇིགས་མེད་ལགས་ཀྱི་གསལ་བཤད་རྩོམ་ཡིག་འདི་ལས། རྟོགས་དགོས་པའི་གནད་དོན་ཅི་མང་ཞིག་ཤེས་སུ་བཅུག་བྱུང་ལ། མི་མང་བོ་ཞིག་ལ་དེ་ལྟར་གྱི་ཐུགས་ཕན་ཏན་ཏན་སོས་ཡོད་པར་ཡིད་ཆེས་ཡོད། འོན་ཏེ། བསམ་བློའི་གོ་རྟོགས་ཧ་ཅང་ཞན་པ་དང་། ཕྱོགས་ལྷུང་གིས་བཟི་དྲགས་པའི་དྲ་འབུ་སྐོར་ཞིག་གིས། དཀྱོག་བཤད་དང་ལོག་འགྲེལ། ཚིག་ངན་དང་གཞི་མེད་སྐྱོན་འདོགས་བྱ་བར་གོར་མ་ཆགས་ཀྱང་། དེ་དག་རང་སར་བཞག་སྟེ་བཏང་སྙོམས་སུ་བཞུགས་ན་ཤིན་ཏུ་མཛེས་པོ་ཡོད། ཁོ་ཚོ་ལ་ཐོབ་འོས་པའི་ཐོབ་ཐང་དེ་སྤྲད་པ་ཡིན། ཁོ་ཚོར་ཁོ་ཚོའི་ས་ནས་ཁྱི་ཁ་ཟུག་གི་ཆུགས་དང་། ཆགས་སྡང་གི་རྣམ་འགྱུར་ཕྱིར་མངོན་ཙམ་གར་ཡང་མི་ཕྱིན་ཏོ།།
ད་རྒྱ་གཏོང་ག་རེ་གཤས་ནའི་ཚར་སོང་བ་རེད་གདེང་ཚོས་དེ་འདྲ་ཡོད་ན་སྔོན་ཙམ་ནས་དགོང་པ་ཞུས་ནས་སྲིད་སྐྱོང་འོད་མི་ལ་ལང་ན་འདྲིག་གི་རེ་པ་ སྔོན་མ་མོ་རང་བྱང་སྤྱི་མཐུས་ལ་ལང་སྐབ་རེ་བ་ཆེན་པའི་ངང་མོ་རང་ལ་འོས་སླུག་པ་ཡིན་ ད ནི་སློབ་སྦྱོང་དང་སེམས་ཤུགས་ཡོད་ནའི་གོ་སྐབ་ཁག་པོ་རེད་ཕང་པོ་རེད་ཡའ།
འཇིགས་མེད་ལགས་ཐུགས་རྗེ་ཆེ། བདེ་ཆོས་འདི་བོད་སྤྱིའི་མདུན་ལམ་དང་རྩ་དོན་ལ་བསམ་བློ་གཏོང་ཞིང་། དད་དམ་གཞུང་སེམས་དག་པའི་རླབས་ཆེན་ཞིག་རེད། རྒྱ་རི་སྒྲོལ་མ་ལགས་ནས་སྒལ་ཚིག་གུག་སོང་། རང་གི་ཆེ་མཐོང་རང་གིས་ཉམ་བཅུག་གིན་འདུག།
ལས་ཀ་ཁ་ཤས་མཇུག་སྐྱོང་བྱ་རྒྱུ་ཡོད་རེད་གསུངས་མོད། མདོར་བསྡུས་ན། ༸གོང་ས་མཆོག་གིས་དུས་དབང་
ཕྱིར་འཐེན་གནང་བ་དེས་ད་ལྟའི་བཀའ་ཤག་ལ་ངོ་ཚ་ཁ་སྐྱེངས་བྱུང་སྟབས་མ་འོངས་པའི་བཀའ་ཤག་ལ་
བྱ་བཞག་དེ་གནང་མི་བཟོད་པ་རེད། མི་མང་གི་ལྟ་སྟངས་དང་དཔལ་འབྱོར་སོགས་ལྟ་བཟོ་མང་པོ་ཞིག་ཡོང་
གི་ཡོད་སྟབས་བློས་མི་ཐོང་བ་འདྲ། ཁོང་སླར་ཡང་བཀའ་བློན་རྐུབ་སྟེགས་ལ་རེ་བ་རྒྱག་གིན་ཡོད་པ་དང་།
སྐབས་རྗེས་མའི་སྲིད་སྐྱོང་ལངས་འདོད་མེད་པ་མངོན་པར་མ་ཟད། བདེ་ཆོས་ཀྱི་ཁ་གཏད་ལངས་ཤིང་། མི་མང་ལ་རྒྱ་མ་བཀྱགས་ཏེ། ཆབ་སྲིད་འཁྲབས་མོད། དོན་ངོ་མར་སེངྒེའི་འོས་བསྡུའི་ཁྲོད་ཀྱི་སེམས་ཁྲལ་དེ་མངོན་འདུག། སང་ཉིན་འཕྲོ་བསྟན་བཀའ་བློན་ཡང་། ཧཧཧ དབུས་གཙང་འོས་དེ་དུམ་བུ་བགོ་ཐུབ་ན། མདོ་བསྟོད་མེད་གཉིས་གལ་མི་ཆེ། སྲིད་སྐྱོང་དང་ཤེས་དཀའ། འཕྲོད་དཀའ། ཁོང་ཚོའི་དམིགས་ཡུལ་འདི་དང་རྐུ་སྟེགས་རེད། སྒྲོལ་མ་ལགས། ཁྱེད་ཀྱང་སྒལ་ཚིག་གུག་པ་ཡིན་ནམ། ཨོ་ཨོ། གཞན་དེས་གནོད་ཤུགས་མིན་པར་ཤོག།
གསལ་བོ་ཞིག་གསུངས་ཤག བོད་མི་སུ་ཞིག་ཡིན་ཡང་ཕྱོགས་ཞེན་དབང་དུ་མ་སོང་བར་བདེན་པ་ལ་རྒྱབ་སྐྱོར་བྱ་རྒྱུ་ནི། མདོར་ན་རང་ཉིད་ཚུད་པའི་སྤྱི་སྒེར་ཚང་མའི་དོན་རེད།
ཆོལ་ཁ་དང་ཆོས་ལུགས་ཀྱིས་བཟི་བའི་སྤྱི་ཟུར་ཧོར་གཙང་འཇིགས་མེད་ལགས་ད་རིང་ཐེངས་དང་པོ་མཐོང་སོང་བས་དགའ་བསུ་ཞུ། ཁོང་གིས་བྲིས་པའི་མདོ་སྨད་ལོ་རྒྱུས་ལ་གཟིགས་དང་ཕྱོགས་ཞེན་ལས་དྲང་ཤག་གཏན་ནས་མེད། ད་དུང་དགའ་ལྡན་ཕོ་བྲང་ལོ་ངོ་སུམ་བརྒྱ་འཁོར་བའི་དྷ་སར་དུས་དྲན་སྲུང་བརྩི་ཉིན་དགའ་ལྡན་ཕོ་བྲང་གི་ངོ་སྤྲོད་དེབ་གཅིག་བཏོན་བའི་དེའི་ནང་དུ་འགྲོ་མགོན་བཀའ་བརྒྱུད་པ་ལ་སྒྲོ་བསྐུར་དང་ལོ་རྒྱུས་ལས་བརྒལ་བའི་རྫུན་བཤད་ལུང་པ་གང་བྱས་ཡོད། དུས་རྒྱུན་དུ་ཆོས་བརྒྱུད་གཞན་པར་ཧ་ཅང་སྡང་པོ་གནང་མཁན་ཞིག་རེད། ད་རིང་ཡང་ཆོལ་ཞེན་གྱི་འདིར་སླེབས་འདུག
གང་ལྟར་ཡང་། བདེ་ཆོས་ལོ་ལྔ་གཞུང་ཞབས་ཁོངས་སུ་མེད་ན། ཡག་བགྱིད་རེད་དོ།།
ཧོར་གཙང་གིསxxxx དཀའ་ལས་ཞེ་བོ་བརྒྱབ་ཤག དོན་དག་གསལ་པོ་བཟོ་ཐུབ་མི་འདུག
བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས།
https://www.facebook.com/sangayfortibet/videos/1545537312413131/
ཧོར་གཙང་ཡང་བྱ་ལེ་ནང་བཞིན་རེད། གོ་སྐབས་ག་བར་ཡོད་ན་དེར་འབྱར་འགྲོ་རེད། རྒྱུ་མཚན་ཡོད་གདའ་གོ་ཨེ་སོང་ངམ།
སྐལ་ཚེས་བཤད་པར་རྒྱབ་སྐྱོར་ཡོད། ཧོར་གཙང་གི་བསམ་པར་མདོ་སྨད་དེ་ཆོས་ལུགས་གཅིག་གི་མངའ་ཁུལ་ཞིག་ཏུ་ངོས་འཛིན་བྱས་ནས་ཆོས་རྒྱུད་གཞན་དང་ཆོས་ལུགས་གཞན་རྣམས་ཀྱི་ལོ་རྒྱུས་བཤད་མེད། བྱས་ཙང་ལོ་རྒྱུས་ཀྱི་དེབ་དེ་ཕྱོགས་ལྷུང་ཅན་དུ་གྱུར་ནས་གདེང་འཇོག་བྱེད་མཁན་མེད་པར་མ་ཟད་དེ་ལ་ཁངས་ར་འདོན་མཁན་མང་པོ་འདུག ཉིན་ཞིག་དེབ་དེ་ལ་དགག་ཡིག་ཅིག་བྲིས་ཡོང་ས་འདུག
ཆོས་རིག་བཀའ་བློན་མཆོག་གིས། འོས་བསྡུའི་སྐོར་ལ།
https://www.facebook.com/tsok.jus?fref=nf
དེང་གི་ཁ་བརྡའི་རྩོམ་མཆན་གང་བྱུང་མང་བྱུང་དེ་ཚོ། དངོས་གནས་ཞེན་པ་ལོག་རྐྱེན་ཞིག་རེད། འདིའི་རིགས་ཀྱིས་ཁ་བརྡར་རྩོམ་དང་རྩོམ་པ་པོ་སྤུས་ལེགས་འོང་བར། ཏན་ཏན་གནོད་སྐྱེལ་གྱིན་འདུག་སྙམ།
ཅི་ཞིག་ལ་མཆན་འདེབས་པ་རྣམ་དག་ཟེར་ཞེས་ན།
གཅིག གང་ལ་མཆན་འདེབས་པའི་རྩོམ་དེའི་སྤྱི་སྒྲོམ་མམ། ཡང་ན། རྩོམ་དེའི་བརྗོད་གཞིའི་གལ་འགངས་དང་། དེ་མིན། རྩོམ་དེའི་བརྗོད་བྱ་ཟུར་གསལ་སོགས་དང་། ཐད་ཀར་འབྲེལ་བའི་དྲི་བ་དྲི་ལན་ནས་བསམ་ཚུལ་བར་གྱི་བསམ་གཞིག་གནང་མཁན་ལའོ།
གཉིས། མཆན་འདེབས་སའི་རྩོམ་དེའི་ཚིག་དོན་ཕན་ཆད་ཀྱི་རྒྱབ་མདུན་དང་། རྩོམ་པ་པོ་གླེང་དགོས་བྱུང་ཚེ། ར་འཕྲོད་ཐུབ་ངེས་ཀྱི་གཏམ་དང་། ཡང་ན། དོགས་སློང་གི་ཚིག་སྣ་འཐོན་པ་ཞིག་གིས་བསམ་འཆར་སྨྲ་བ་ལའོ།
གསུམ། གང་འདེབས་པའི་མཆན་ཡིག་ལ་བརྡ་སྤྲོད་རང་ལུགས་ཡོད་ཐོག སྒྲོ་སྐུར་སོགས་ཀྱི་ཚིག་ངན་ཏེ། ཚོགས་སྤྱི་དང་མི་སྒེར་ལ་འཚེ་བྱེད་གཞར་ཡང་མི་བཤད་པ་ལའོ།
ཁ་སང་ལྷོ་ཕྱོགས་ཨོ་རི་སི་གཞིས་ཆགས་སུ། བློ་སེང་ཤོག་ཁག་གི་མི་ཞིག་གིས། སྤེན་ཚེའི་རྒྱབ་སྐྱོར་བ་རྒན་པོ་ལོ་ན་བདུན་ཅུ་ཅན་ཞིག་ལ་ཉེས་རྡུང་བཏང་སྟེ། ད་ཆ་སྨན་ཁང་ནང་དུ་འཕངས་འདུག་ཟེར། བློ་སེང་ཤོག་ཁག་གི་མི་ཚོས་བཅའ་བཏང་ལས་བཏང་ངོ་མ་རྫབ་ཆེན་རེད། མི་འདི་ཚོར་ཁྲིམས་དང་སྒྲིག་གཞི། མང་གཙོའི་འགྲོ་ལུགས་ཟེར་བ་ཞིག་ཆགས་ཡ་ཡོད་ས་མ་རེད། བཟང་སྤྱོད་ཟེར་བ་མོ་གཤམ་གྱི་བུ་རེད།
༡་་་་བདེ་སྐྱིད་ཆོས་དབྱངས་ཟེར་བའི་བུད་མེད་འདིས་མདོ་སྨད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་བོད་རང་བཙན་གྱི་ཆེད་དུ་སྐུ་ལུས་མེ་ལ་བསྲེགས་མཁན་ཚོའི་ཁ་ཆེམས་རྣམས་རྒྱལ་སྤྱིའི་སྡིངས་ཆ་སྟེང་ནས་རྡོག་རོལ་བཏང་ཡོད། དག་ཐབས་མེད་པའི་ལོ་རྒྱུས་ཀྱི་ནག་ཉེས་བསགས་ཡོད། བོད་མི་རྒྱལ་གཅེས་པ་རྣམས་ཀྱི་སེམས་ལ་རྨ་ཁ་བཟོས་ཡོད།
༢་་་་བདེ་སྐྱིད་ཆོས་དབྱངས་ཟེར་བའི་རྒད་མོ་འདིས་བོད་མི་དམངས་ཀྱི་ཆེད་དུ་རྩ་དགོངས་ཞུས་པ་ཡིན་ཟེར་ནས་བསྒྲགས་ཡོད་པ་ནི་རྒད་མོས་གར་འཁྲབ་པ་ཙམ་ལས་སུས་ཀྱང་ཡིད་ཆེས་འོང་ཐབས་མེད། རང་སྲོག་བློས་བཏང་མཁན་གྱི་མདོ་སྨད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རྣམ་ཤེས་ཀྱི་རེ་འདུན་བོད་རང་བཙན་འདི་ཕྱི་འབྲེལ་བཀའ་བློན་གྱི་གོ་གནས་ཀྱིས་ཐོག་ནས་རྒྱལ་སྤྱིའི་སྡིངས་ཆ་སྟེང་དུ་བསྐུངས་གང་ཐུབ་བྱས་པ་མ་གཏོགས་བོད་རང་བཙན་གྱི་རེ་འདུག་བཏོན་གྱི་འདུག་ཅེས་ཚིག་གཅིག་བསྒྲགས་མྱངས་མེད།
༣་་་་རྒད་མོ་འདི་ནི་མོ་གསར་ལྟར་པང་གདན་མི་བརྒྱབ་མཁན་གྱི་བུད་མེད་ཤིག་ཡིན། བཀའ་བློན་བྱས་པའི་དུས་ཡུན་རིང་རྒྱ་རིགས་ཕྱུག་བདག་དག་ལ་སྣེ་ལེན་ཞུ་མཁན་གྱི་ཞབས་ཞུ་མ་ལྟ་བུའི་ལས་ཀ་བྱས་ཡོད། བཙན་བྱོལ་སྒྲིག་འཛུགས་ཀྱི་སྒོར་མོ་བེད་སྤྱད་ནས་རྒྱ་རིགས་རྒྱབ་སྐྱོར་བ་ཡིན་ཟེར་མཁན་རྣམས་ལ་ཇ་འདྲེན་དང་ཆང་འདྲེན་བྱས་ཡོད། མཐའ་མར་བཙན་བྱོལ་སྒྲིག་འཛུགས་ལ་རྐུབ་སྟོན་ནས་ནུབ་ཕྱོགས་སུ་བྱ་འཕུར་བ་ལྟར་ཕྱིན།
ངོ་མ་ཡག་པོ་བྲིས་གནང་འདུག་ཐུགས་རྗེ་ཆེ་ལགས་སྤྱི་ཟུར།
ཅོ་རིའི་ཁ་ནས་བཤད་རྒྱུ་རྫོགས་པ་འདྲ།
ཁ་བརྡ་དྲ་བའི་འཁོར་ཡུག་ན་རྒྱུན་དུ་ར་བཟི་རྒད་པོ་ཞིག་དང་འདྲ་བ།
སྨྱོ་ལབ་བརྒྱབ་ནས་དུས་ཚོད་འཛད་མཁན་གཅིག་ནི་(ཅོ་ཉི་)ཡིན་པ། ཁ་བརྡ་དྲ་བ་ལོངས་སྤྱོད་མཁན་ཚང་མས་ཤེས། ཅོ་ཉིས་རང་གར་ཁ་བརྡ་དྲ་ནས་དུས་ཚོད་བརླགས་པ་ལ། ཁོ་དང་འབྲེལ་མེད་ང་འདྲ་བོར་བསམ་འཆར་ཅང་མེད་ནའང་། རང་རེའི་བོད་འབངས་གཙོའི་འགྲོ་བ་སེམས་ཅན་མང་པོ་ཞིག སྡུག་ས་ནས་ལེན་གང་ཐུབ་དང་། སྐྱིད་ས་ལ་འགོད་གང་ནུས་ཀྱི་མཛད་འཕྲིན་མཁའ་ལྟར་ཡངས་པ་ཞིག་ལ། ཅོ་ཉིས་རྒྱ་དམར་གཞུང་ནས་ཀྱང་དྲིལ་བསྒྲགས་མ་མྱོང་བ། ཅི་ཞིག་ཡིན་ཁུལ་གྱི་སྐད་ཆ་ཁ་ལ་ཁྱེར་ཏེ། 1རྒྱལ་ཁབ་བཙོངས་ཚུལ། 2སྒེར་གཅོད་ཆེ་ཚུལ་སོགས། ཐ་ན་བོད་མི་ཞིག་གི་རྣམ་རྟོག་ལའང་འོང་མི་དཔེ་བའི་ཐན་སྐད་དེ། 3རྫུན་ཕམ་གྱིས་གོས་ཡོད་(སྐད་ཆ་འདི་ཚོ་ཁ་བརྡ་དྲ་བའི་མཆན་ན་ཡོད་)ཟེར་བས་མཚོན། དུས་རྒྱུན་དྲ་ཐོག་ཏུ་རང་རེའི་ཚེ་འདིའི་མགོན་དང་ཕྱི་མའི་སྐྱབས་ལ། སྙད་འདོགས་ལུང་བ་གང་བྱས་དང་བྱེད་ཀྱིན་པ་དག ཅི་ཞིག་ལ་བོད་ཀྱི་ཆོས་དང་སྲིད། བསྟན་དང་འགྲོ་ལ་གནོད་འཚེ་མིན་ནམ། སུས་ཉམས་བཞག་ཨེ་མྱོང་།
ཅོ་ཉི་ཟེར་བ་འདི་དུས་རྟག་ཏུ་ཁ་བརྡ་དྲ་ཚིགས་སུ་ཁ་ཁོམ་ལག་ཁོམ་གྱིས་དུས་ཚོད་འགྲོ་ཐབས་དང་ནམ་ཚ་སྐྱེལ་ཐབས་བྱས་ནས་བསྡད་འདུག ཁོ་ལ་དམིགས་ཡུལ་དང་ཤེས་ཚད་གོ་རྟོགས་ཅི་ཡང་མེད་པ་ནི། ཁ་ཁོམ་ལག་ཁོམ་གྱིས་བྲིས་པའི་མཆན་རྣམས་ལས་ར་གསལ་བོ་ལོས་འཕྲོད་དེ། ཁོང་ལ་རྒྱུས་མངའ་ཡོད་མཁན་ང་གཅིག་པོ་མིན་པར་མང་བོ་ལ་གསལ་ཆ་ཡོད། འོན་ཏེ། ཁོ་རང་གི་གནས་བབས་དང་འཇོན་ནུས་གང་ཅིའི་ཐད་ནས་དམིགས་བསལ་ལས་ཀ་ཞིག་མ་རག་པ་ཡིན་དུས། ཕྱིའི་རྒྱལ་ཁབ་ཅིག་ཏུ་ནམ་ཚ་མ་སོང་བའི་དཀའ་ངལ་ཀྱང་ཏན་ཏན་ཡོད་ངེས་པས། ཁ་བརྡ་དྲ་ཚོམས་སུ་གང་བྱུང་ཅི་བྱུང་མི་འབྲི་ཀ་མེད་དུ་གྱུར་ཡོད་པ་དང་གཅིག ཁོ་རུ་གནད་དོན་ག་གེ་མོ་ཞིག་ལ་ཆེད་དམིགས་ཀྱིས་འབྲི་བའི་ཤེས་ཚད་དང་གོ་རྟོགས་གང་ཡང་མེད་ཙང་། ཁོས་ཅི་ཞིག་བྲིས་ནའང་ཆ་འཇོག་དང་དོ་སྣང་བྱ་དགོས་པ་ཆགས་མེད། དེའི་ཕྱིར། ཅོ་ཉིའི་དྲ་མཆན་རྣམས་རང་བཞིན་གྱིས་དམིགས་བསལ་ཅན་དུ་གྱུར་ཡོད།
ཅོ་རི་ཟེར་བའི་དྲ་འབུ་འདི་ལ་སྐྱག་པ་སྐམ་པོ་ཞིག་གི་རིན་ཐང་ལས་མེད། འདི་ག་དུས་ཡིན་ན་འང་ཁ་ཁོམ་ལག་ཁོམ་ཡིན་པ་འདིས་ཁོ་ལ་འགྲེལ་བཤད་བརྒྱབས་ཚར་ཡོད། ཧོར་འཇིགས་ཀྱིས་དངོས་ཡོད་ལ་གདོང་གཏད་ནས་བྲིས་པའི་རྩོམ་ཡིག་འདིའི་རིན་ཐང་གི་ལྗིད་ཤུགས་རི་ལས་ལྕི་ཞིང་། ཟུར་ཁ་མདུང་ལས་རྣོ་བས་ལུང་ཞེན་རང་ལུགས་པ་ཚོ་སྙིང་རྗེ།
བཀའ་ཟུར་བདེ་ཆོས་ལགས་ལ། མི་དགོས་པའི་བསྟོད་གཞས་ཅིག་འདི་ན་འདུག
https://www.facebook.com/thinley.dengjo.1/videos/193791667661467/
བཀའ་ཟུར་བདེ་དབྱངས་ཀྱི་བསྟོད་གཞས་དེ་གསུངས་དང་ལ་མོ་ལས་སྙན་པོ་འདུག
ཧོར་འཇིགས་མེད་ནི་ཆོལ་ཁ་དང་ཆོས་ལུགས། ལུང་ཚན་བཅས་ཀྱི་ཞེན་ཁོག་གིས་བཟི་བའི་སྨྱོན་པ་ཞིག་རེད། ཁོ་ཚོའི་གྲལ་མདོ་སྨད་ཀྱི་སྨྱུག་ཐོག་པ་འགའ་ཡིས་བཙན་བྱོལ་དུ་ཡོད་པའི་བོད་ཀྱི་རྩོམ་པ་པོ་ཡིན་ན་ང་རྒྱལ་དང་ཞེན་ཁོག་བཅས་གཡོ་སྒྱུར་ཅན་གྱིས་སྤྱི་ཚོགས་དཀྲུག་མཁན་དག་དག་ཞིག་ཏུ་ངེས་འཛིན་པ་ལས་བོད་སྤྱི་ཚོགས་ལ་ཕན་བདེ་དང་ཡར་འདེབས་སྐྲུན་མཁན་མིན་པར་བག་ཆགས་ཟབ་མོ་བཞགས་པ་རེད། ཁོ་ཚོར་སྨྱུག་རྩེ་ཡོད་ཀྱང་དྲང་རྩེ་ཡི་རྣམ་དཔྱོད་དེ་མེད་སོང་བས་གོང་དུ་དཔྱད་རྩོམ་དེ་དང་དེ་ལ་སོགས་པས་ར་སྤྲོད་བྱས་ཡོད། ཁོས་བཤད་སྟངས། ཤེས་ཡོན་ལྷག་བསམ་རྣམ་དཔྱོད་ཅན་པ་ཚོས་སྤེན་ཚེར་རྒྱབ་སྐྱོར་ཡོད་ཚུལ། ཤེས་མེད་བསམ་མེད་ཞེན་ཁོག་ཅན་པ་ཚོས་བློ་སེང་ལ་རྒྱབ་སྐྱོར་ཡོད་ཚུལ། ཧཧཧཧཧ། མི་འདི་ཚོར་ཧཧཧཧཧཧཧཧཧཧ། སྤྱིར་ཆོས་སྡོམས་མེད་པའི་མི་ཞིག་དང་། རང་བཞིན་དང་རྒྱུ་དག་ཡག་པའི་མི་ཞིག་ཡིན་ཕྱིར་ཟླ་བོ་དང་ཚེ་རོགས་མེད་པའི་མི་བུ་ནི་ཤིན་ཏུདཀོན་ནི་རེད། བཟའ་ཟླ་བོར་བའི་ཁེར་རྐྱང་གི་མི་ཚེ་སྐྱེལ་དགོས་རྒྱུ་བྱུང་བ་ནི་མི་གཞན་དང་མཉམ་འགྲོ་མཉམ་འདུག་མི་ཐུབ་པའི་རང་བཞིན་ངན་པ་ཞིག་གིས་མཉམ་གནས་མ་ཐུབ་པ་ཞིག་ཡིན་པར་གསལ་སྟོན་བྱས་པ་རེད། ཧོར་འཇིགས་དང་བདེ་ཆོས། ད་དུང་མང་པོ་མང་པོ་་་་་་་་་་་་་་་ལ་གཟིགས་དང་།
ཅོ་རིའི་བཏབ་པའི་མཆན་བུའི་གདུལ་བྱ་དག་གིས་ཉོན་ཨ། ཁྱོད་ཚོས་ཅོ་རིའི་མཆན་བུ་རྣམས་བཀླགས་ཡོད་པར་དགའ་པོ་བྱུང་། ཅོ་རིའི་དུས་ཚོད་ལ་བྲན་གཡོག་ལྟ་བུ་ཚོས་ཇུས་གཏོགས་བྱེད་དགོས་དོན་མེད། བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཆེད་དུ་ཅོ་རིས་ཉིན་མཚན་མེད་པར་བོད་ཡིག་བྲིས་དང་འབྲི་བཞིན་པ་དག་བོད་མི་དམངས་ཀྱི་མིག་མདུན་དུ་བཤམས་བཞག་ཡོད། བསམ་ཤེས་ཅན་གྱི་བོད་མི་ཞིག་ཡིན་ན་ཅོ་རིས་དུས་ཚོད་བཏང་ནས་བྲིས་ལ་རྗེས་སུ་ཡིད་རང་བྱེད་དགོས་ངེས་ཡིན།།
ངའི་མཆན་བུ་ཐུང་ཐུང་དེས་ཁྱོད་ཚོའི་ན་ཚའི་ཐོག་ཏུ་ཕོག་ཡོད་པར་འདྲ། སྐད་ཤོར་ལུགས་དེ་ལ་བལྟས་ན་ཕན་པོ་བྱུང་འདུག་ག་་་་ཧཧཧ ཁྱོད་རང་ཚོས་ཅིག་ཏོག་ཙམ་ཤེས་ཀྱི་ཡོད་པ་ནི་དད་པ་སྤྱོད་བྱེད་ཤེས་ཙམ་དང་། བྲན་གཡོག་གཤིས་ཀ་ཡི་གོམས་གཞིའི་ཚོར་བ་ཙམ་ཡིག་ཏུ་ཕབ་ཐུབ་ཙམ་རེད་གདའ། ཡིག་འབྲི་བ་ཁྱོད་རང་ཚོས་བོད་ཡིག་འབྲི་བཞིན་ཡོད་པ་ལ་བསྔགས་བརྗོད་ཡོད། མུ་མཐུད་ནས་བྲན་གཡོག་གོམས་གཤིས་དག་ཡིག་ཏུ་ཕབ་ཤོག་་་་ཨ
ནོར་བཅོས།
ཅོ་རིའི་བཏབ་པའི་མཆན་བུའི་གདུལ་བྱ་དག་གིས་ཉོན་ཨ། ཁྱོད་ཚོས་ཅོ་རིའི་མཆན་བུ་རྣམས་བཀླགས་ཡོད་པར་དགའ་པོ་བྱུང་། ཅོ་རིའི་དུས་ཚོད་ལ་བྲན་གཡོག་ལྟ་བུ་ཚོས་ཇུས་གཏོགས་བྱེད་དགོས་དོན་མེད། བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཆེད་དུ་ཅོ་རིས་ཉིན་མཚན་མེད་པར་བོད་ཡིག་བྲིས་དང་འབྲི་བཞིན་པ་དག་བོད་མི་དམངས་ཀྱི་མིག་མདུན་དུ་བཤམས་བཞག་ཡོད། བསམ་ཤེས་ཅན་གྱི་བོད་མི་ཞིག་ཡིན་ན་ཅོ་རིས་དུས་ཚོད་བཏང་ནས་བྲིས་པ་ལ་རྗེས་སུ་ཡིད་རང་བྱེད་དགོས་ངེས་ཡིན།།
ངའི་མཆན་བུ་ཐུང་ཐུང་དེས་ཁྱོད་ཚོའི་ན་ཚའི་ཐོག་ཏུ་ཕོག་ཡོད་པར་འདྲ། སྐད་ཤོར་ལུགས་དེ་ལ་བལྟས་ན་ཕན་པོ་བྱུང་འདུག་ག་་་་ཧཧཧ ཁྱོད་རང་ཚོས་ཅིག་ཏོག་ཙམ་ཤེས་ཀྱི་ཡོད་པ་ནི་དད་པ་ལོག་སྤྱོད་བྱེད་ཤེས་ཙམ་དང་། བྲན་གཡོག་གཤིས་ཀ་ཡི་གོམས་གཞིའི་ཚོར་བ་ཙམ་ཡིག་ཏུ་ཕབ་ཐུབ་ཙམ་རེད་གདའ། ཡིག་འབྲི་བ་ཁྱོད་རང་ཚོས་བོད་ཡིག་འབྲི་བཞིན་ཡོད་པ་ལ་བསྔགས་བརྗོད་ཡོད། མུ་མཐུད་ནས་བྲན་གཡོག་གོམས་གཤིས་དག་ཡིག་ཏུ་ཕབ་ཤོག་་་་ཨ
ཅོ་ཉི་དང་ཅོ་ཉི་འདྲ་བ་ཚོ་ནི། སྐྱེས་པ་མི་ཡིན་རུང་། ཚུགས་ཀ་དུད་འགྲོ་ཡིན་པས། བླང་དོར་ལ་རྨོངས་པའི་བདག་པོ་དང་། སྐྱེ་ས་ཆོས་ལྡན་ཞིང་ཡིན་རུང་། སྒོ་གསུམ་གྱི་ཀུན་སྤྱོད་མ་རུངས་པ་ཡིན་པས།
ལས་འབྲས་ལ་འཆུག་པའི་གཤེན་མ། ད་དུང་། རང་མིས་དྲིན་གྱིས་བསྐྱངས་རུང་། གཞན་དགྲར་ཞབས་ཕྱི་བསྒྲུབས་པས། ནང་མྱུལ་ལ་ལོབས་པའི་ངོ་ལོག་པ། ཁྱོད་ཚོ་འདྲ་བོའི་སེམས་པར་འཆར་ཚད་དང་ཁར་གྲག་ཚད་ཡོད་དགུ། སྡེ་གཟར། ཕུང་སྦྱོར། ཁ་མཆུ། ཆག་སྒོ། ཐན་ལྟས། དཀྲུག་ཤིང་། སོགས་བཀྲ་མི་ཤིས་པ་རྐྱང་རྐྱང་ཡིན་པ་སུས་མི་ཤེས། ཁྱོད་ཚོས་གནས་ལུགས་མི་རྟོགས། ཡ་རབས་མི་བྱེད་སྟངས་འདི་སུ་ཞིག་གི་འགོ་ནད་རེད། ཁྱོད་ཚོར་གོ་རེ་ཁ་ནས་ཟོས་རུང་། ཁ་གྲངས་སེམས་ལ་མི་འཛིན་སྟངས་འདི་སུས་བསླབས་པ་ཡིན། བོད་མིའི་གཏམ་དཔེར། ཟངས་ངའི་ནང་ནས་ཟོས། ཁ་ལེབ་ཐོག་ལ་གཉང་ཟེར་བ་རེད། དེའི་ནང་དོན་ཨེ་ཤེས། ག་ལ་ཤེས་ཏེ་དོན་དག་དེ་འདྲ་ཤེས་མཁན་ཞིག་ཡིན་ན། ཁྱོད་ཚོ་དེང་གི་ཁྱོད་ཚོའི་ཚད་ལ་ཡོད་ཅི་དཔེ། བདེ་མོ་བྱོས། གླེན་ཕྲུག་ཚོ། མཐའ་མཇུག་གི་མཆན་ཡིན།
ཧོར་འཇིགས་འདི་གསོན་ན་མིག་ལྟ་བྱེད་ས་དང་། ཤི་ན་མྱ་ངན་ཞུ་ས་ཞིག་ནི་ཏན་ཏན་ཆགས་ཡོད་པ་རེད།
ད་རེ་བུད་མེད་ཞིག་གི་ཕྱི་ནང་གི་ཡོན་ཏན་ཇི་བཞིན་པ་འདི་ཡིག་ཐོག་ལ་འཇོག་ཐུབ་པ་ང་རང་ངོས་ནས་དགའ་བོ་བྱུང་།
ནོར་བུ་རང་ལ་ཡོད་དུས། ནོར་བུའི་ནོར་ངོ་ཤེས་དགོས་ཟེར་བ་ལྟར། བུད་མེད་འདི་སུ་ཞིག་ཡིན་པ་གསལ་པོར་ཤེས་སོང་། ང་རང་སྐྱེ་ཕོ་མོ་དང་ཆོལ་ཁ་ཆོས་ལུགས་མེད་པར་ཤེས་ཡོན་པའི་སྡེ་ལ་དགའ་བ་བྱེད་མཁན་ཞིག་ཡིན། བློ་སེང་ལ་ཡང་དགའ་བོ་ཡོད་པས་མ་ཚད། སོ་སོས་འོས་ཡང་ལྡུག་པ་ཡིན། ཡིན་ན་ལ། མཐའ་དོན་འདི་ལ་ཐུག་དུས། ལས་དོན་ལ་བྱས་འབྲས་དང་བྱེད་ཕྱོགས་ལ་རེ་བ་དེ་ཙམ་མེད་པས། རྔ་ཚུགས་སྒང་ནས་གྲི་ཆག་ཟེར་བ་ལྟར། མི་འདིའི་འོད་ཨ་རི་ནས་འཕྲོ་རྒྱུ་ཞིག་ལས། རྡ་ས་ཆུང་དྲག། ནང་འཁྲུག་ཆེ་དྲག་ནས། བོད་མི་བློ་འཚབ་ཅན་ཚོར། སྡེ་ཞིག་གི་ཨ་བྲ་ལྟ་བུ་ལས་གཞན་མི་མཐོང་བས། རྡ་ས་འདི་བདེ་ལེགས་ངང་བཞག་ནས་ཕེབས་རོགས་ཞུ་ཞུས་བ་ཡིན།
རང་དབང་ལུང་པར་དབུས་གཙང་ལ་ནི་མཁས་པ་དང་། མཁས་དབང་ཡིན་ཟེར་མཁན་མེད་པ། ཧོར་འཇིགས་ཁྱོད་རང་གིས་ཤེས། མདོ་སྟོད་ཀྱི་མཁས་པས་ནི་དངོསུ་དཔྱད་བརྗོད་མི་འབྲི། མི་མཁས་པ་ཚོས་ནི་ལྐོག་ཏུ་བྲིས་ཟིན། དེར་ནི་སུས་ཆ་འཇོག་བྱེད། མདོ་སྨད་ཀྱི་མཁས་པ་དང་། མཁས་དབང་ཡིན་ཟེར་མཁན་ཚོས་དུས་ལས་མ་ཡོལ་བར་དཔྱད་བརྗོད་ཅིག་ཐོན་ངེས་བསམ་སྟེ་ཡོད་པའི་སྐབས་འདིར་གཟུ་བོའི་བླ྄ོ་ཡིས་དཔྱད་དེ་དཔྱད་བརྗོད་སྤེལ་པར་ལེགས་སོ་ཞུ།
ང་ཚོའི་ཚུགས་ཀ་དུད་འགྲོ་ལྟ་བུ་ཡིན་ན་ཡིན། ཁྱོད་ཚོའི་ཚུགས་ཀ་དུད་འགྲོའི་ཚུགས་ལས་ཀྱང་སྐྱོ་བ་འདུག་ག སོ་སོའི་ལྟོ་གོས་ཀྱི་ཆེད་དུ་དད་པ་ལོག་སྤྱོད་བྱས། རྐུབ་སྟེགས་ཀྱི་ཆེད་དུ་དད་པ་ལོག་སྤྱོད་བྱས། བོད་པའི་སྤྱི་ཚོགས་ནང་དུ་རྒྱལ་གཅེས་བོད་མི་མང་པོ་ལ་དད་པ་ལོག་སྤྱོད་བྱས་ནས་སྤྱི་ཚོགས་ཀྱི་ཟུར་དུ་ཕུད་ཐབས་བྱས། དཀྲུགས་ཤིང་བརྒྱབ། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་རང་སྲོག་བློས་བཏང་ནས་བོད་རང་བཙན་འཐབ་རྩོད་བྱས་ནའང་ཁྱོད་ཚོས་ལོག་འགྲེལ་བརྒྱབ།
ཁྱོད་ལྟ་བུའི་ལག་པའི་ནང་དུ་སྨྱུག་གུ་ཞིག་པ་དེ་ནི་སྒེར་གཅོད་པའི་བྲན་གཡོག་རྒྱུགས་རྐྱེན་དང་། ཉམ་ཆུང་ལ་གཉའ་གནོན་སྤྲོད་རྐྱེན། བྲན་གཡོག་གི་གོམས་གཤིས་དར་སྤེལ་གཏོང་རྐྱེན་ཙམ་རེད། ཧཧ
#15 ཅོ་རི་ཉི་མ། ་ལགས་ཀྱིས་སྤེལ་དོན།:
March 16th, 2016 at 10:20 am
ཨོ་རེད་་་དུད་འགྲོ་ཚུགས་ཀ་ལས་ཐབས་སྐྱོ་བའི་ཚུགས་ཀ་ཞིག་ཁྱོད་ཚོ་ཡོད་པ་ནི་མིང་ལྷག་ཞིག་གི་འོག་ནས་དཀྲུགས་ཤིང་བརྒྱབ་ཀྱི་དེ་རེད། བཤད་དགོས་ལ་མི་དགོས་ཚང་མ་མིང་ལྷག་ཞིག་གི་འོག་ཏུ་གབ་ནས་བཤད་ཀྱི་རེད་ལ་ཕ་རོལ་པོ་ལ་རྒོལ་གྱི་རེད།
དུད་འགྲོ་ཞིག་ཡིན་ནའང་་ཕ་རོལ་པོ་ལ་རྒོལ་དུས་རང་གཟུགས་དངོས་སུ་སྟོན་ནས་མཆོང་འོང་གི་རེད་ད། ཁྱོད་ཚོའི་ཚུགས་ཀ་ལ་ལྟོས་དང་། དུད་འགྲོ་ལས་ཀྱང་སྤྱོད་པ་ངན་གི་རེད། ཤེས་པར་བྱོས།་་་་ཨ
ཅོ་རི་འདི་ལ་ངོ་ལྐོག་ཡོད་ནི་མ་རེད། རང་ཚུབ་གཏན་ནི་རེད། མི་རིགས་དང་བཙན་པོའི་ལར་རྒྱ་ཆེ་ནི་རེད། ཕ་སྐད་དང་མ་ཡིག་ལ་དགའ་ནི་རེད། གཡོ་སྒྱུར་དང་སྐབས་འཚོལ་མེད་ནི་རེད།
རང་ཉིད་ཀྱི་བློ་གྲོས་རང་ཉིད་ལ་བདག་ཡོད་པ་དང་གཞན་གྱི་བྲན་གཡོག་ཏུ་ཚུད་མེད་པའི་བློ་རིག་གཟུར་གནས་ཤིག་ཡིན་ན་རྩོམ་ཡིག་འདི་ཕྱོགས་ལྷུང་དང་འཐེན་འཁྱེན་གྱི་དྲི་མས་མ་སྦགས་པའི་རྩོམ་ཡིག་དག་གཙང་ཞིག་རེད། འོན་ཀྱང་ནམ་ནམ་ཚེ་ཚེ་ལ་ཆོས་ཁ་དང་ཆོས་ལུགས་སོགས་གྱི་འཐེན་འཁྱེར་དང་ཕྱོགས་རིས་ཀྱི་དུག་རླངས་ཕོག་པའི་སྨྱུག་འཛིན་པའི་གྲལ་དུ་འཚང་མཁན་ཞིག་ཡིན་ཚེ་རྩོམ་ཡིག་འདིའི་གནད་མི་རྟོགས་ལ་དགོས་དོན་ཡང་འཁྱོངས་ཀི་མ་རེད།
གུས་འོས་ཧོར་འཇིགས་ཀྱིས་གསུང་བ་ལ་མངོན་པར་བསྟོད་དོ། དགོས་སར་མི་རྩོད་པར་མི་དགོས་སར་རྩོད་ལ་དགའ་བའི་དྲ་འབུ་འགའ་ཤས་ཀྱི་སྐྱག་འགྲམ་ན་སྐྱག་དྲི་ལས་ཅི་ཡང་མི་འདུག
བདེ་སྐྱིད་ཆོས་དབྱངས་དགོངས་ཞུ་དང་དེའི་རྗེས་ལ་འོས་བསྡུའི་བགྲོ་གླེང་ལ་དྲང་ཚུགས་ཐོག་བཞུགས་པ་དེ་མིག་དཔེར་འོས། འཇིགས་མེད་ལགས་ཀྱིས་གསུངས་པ་བཞིན། མིག་སྔའི་བཀའ་བློན་ནང་ལ་ཤེས་འཇོན་ཕྱུག་ཤོས་དེ་བདེ་སྐྱིད་ཆོས་དབྱངས་རེད། བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་ཤེས་པ། ད་ལྟའི་བཀའ་ཤག་ནང་ལ་རྒྱ་སྐད་ཤེས་པ་དེ་ཁོ་མོ་གཅིག་པུ་རེད། ང་ཚོའི་ཁ་གཏད་རྒྱ་མི་རེད། དེའི་སྐད་དང་རིག་གཞུང་ཟབ་པར་ཤེས་མཁན་བདེ་སྐྱིད་ཆོས་དབྱངས་གཅིག་པུ་རེད། ཕྱི་རྒྱལ་གྱི་གཞུང་དང་ཚོགས་པར་འབྲེལ་བ་བྱེད་མཁས་ཤོས་དང་འབྲེལ་བ་བྱེད་ཐུབ་མཁན་མོ་གཅིག་པུ་རེད།
མདོར་ན། བདེ་སྐྱིད་ཆོས་དབྱངས་ཤོར་བ་དེ་བློ་སེང་གི་དཔུང་པ་ཆད་པ་ལྟ་བུར་གྱུར།
བདེ་སྐྱིད་ཆོས་དབྱངས་སྔོན་མ་རྒྱ་ནག་ལ་ལས་ཀ་བྱེད་སྐབས། རྒྱ་ནག་ཕྱི་དོན་ལས་ཁུངས་དང་། མི་རིགས་དོན་གཅོད་ཟེར་བ། དྲིལ་བསྒྲགས་ལས་ཁུངས་ཟེར་བ་སོགས་ལ་འབྲེལ་བ་དང་ལས་ཀ་བྱས་མཉམ་དུ་བྱས་པ་ཚང་མ་བདེ་སྲུང་ལས་ཁུངས་ཀྱིས་ཡིག་ཚགས་ཉར་ནས་སྔོན་མ་ཡིག་ཚང་ནང་ལ་འདུག གལ་ཏེ་རྒྱ་ནག་གཞུང་དང་འབྲེལ་བ་བྱེད་དགོས་ན། མོ་ལས་ལྷག་པའི་མི་ཞིག་བཙན་བྱོལ་ནང་ལ་མེད། བློ་སེང་གིས་ཅིའི་ཕྱིར་མོ་གློད་པ་ཡིན་ནམ།
ཁམས་པ་ཕྱོགས་རིས་ཅན་ཚོའི་བློ་བྲིད་འོག་ལ་བློ་སེང་གི་དྲང་ཚུགས་ཤོར་ནས། ད་ཆ་ཆོལ་ཁའི་འཐེན་འཁྱེར་ཚོགས་པའི་ཚོགས་གཙོ་ཞིག་ལས། ཆོལ་ཁ་གསུམ་གྱི་དབུ་ཁྲིད་ཀྱི་གོ་གནས་ཤོར་ཟིན་སོང་།
ཁྱོད་ཚོ་ཨ་མདོ་བ་ཕྱོགས་རིས་ཅན་ཚོས། སྤེན་ཚེ་ཡང་ཆོལ་ཁའི་འཇག་དམག་གི་དབུ་ཁྲིད་ཀྱི་ལམ་ལ་ཁྲིད་བཞིན་འདུག ཤིན་དུ་ནས་བསམ་མི་ཕོད་པ་ནི་ཨ་རིའི་ཐོགས་མེད་དང་། སྐལ་བཟང་འཕྲིན་ལས། གཞོན་ནུ་དཀྲུག་མཁན་ངག་དབང་དཔལ་ལྡན་སོགས་དང་སྤེན་ཚེ་གྲོགས་པོར་གྱུར་བ་དེ་རེད།
རྩོམ་འདི་ལ་ལྟོས་ན་ང་ཚོ་བོད་པ་ཚང་ལ་སྤོབས་པ་སྐྱེས་ཆོག་པའི་བུད་མེད་ཞིག་གི་རིན་ཐང་དང་བྱས་རྗེས་སོགས་ཕྱོགས་ལྷུང་བྲལ་བའི་ཐོག་ནས་དངོས་ཡོད་གང་ཡིན་པ་གསལ་སྟོན་གནང་འདུག ཡིན་ན་ཡང་། མཆན་འགོད་མཁན་དག་གིས་རང་ཉིད་ཀྱི་ལངས་ཕྱོགས་དང་མཐུན་མིན་གྱི་ཐོག་ནས་རིན་ཐང་ཡོད་ན་ཡང་འབར་འཇོམས་བྱེད་པ་ནི་བློ་གྲོས་དང་ལྡན་པ་ཞིག་གིས་བྱེད་སྟངས་ཡེ་ནས་མ་རེད།
དྲང་མོ་བཤད་ན་བཙལ་བྱོལ་སྤྱི་ཚོགས་ནང་དུ་རྩོམ་ཡི་འཁྱར་འཁྱོར་རེ་བྲིས་ནས་རང་མགོ་རང་གིས་སྐོར་ནས་རང་རློམ་ཆེ་བའི་སྨྱུག་འཛིན་པ་མང་ན་ཡང་དོན་དངོས་ནས་བཤད་ཧོང་གཙང་འཇིགས་མེད་ལྟ་བུའི་རིན་ཐང་ཆེ་བའི་རྩོམ་ཡིག་ལྗིད་ཚད་ལོངས་བ་ཞིག་འབྲི་མཁན་ཕལ་ཆེར་མེད་ཚོད་རེད། འཁྲུལ་སྣང་ཅན་དང་ཕྱོགས་རིས་ཀྱིས་བློ་མིག་ཞར་ལོང་ཁྱེད་དག་གིས་ཧོར་འཇིགས་ལ་སྡིག་དམོད་ཅི་ཙམ་བྱས་ན་ཧོར་འཇིགས་ལ་ཅི་ཡང་མི་གནོད་པར་རང་ཉིད་རུལ་སུངས་ཕྱིར་བཏོན་པ་ལས་གཞན་ཅི་ཡང་མི་འདུག
སྲིད་སྐྱོང་བློ་བཟང་སེང་གེའི་རྒྱབ་སྐྱོར་བ་དང་ཕྱོགས་གཏོགས་པ་ཚོ་ནི་མ་མེད་མིན་བཅས་དགག་སྒྲའི་འོག་གི་མི་སྡུག་རྐྱང་རྐྱང་དང་། ཚོགས་གཙོ་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བ་ཚོ་ནི་ཡོད་ཡིན་འདུག་བཅས་སྒྲུབ་སྒྲའི་འོག་གི་མི་རྒོད་རྐྱང་རྐྱང་གི་རྒྱན་ནས་གླེང་བརྗོད་འདིས་རྩོམ་པ་པོའི་རང་བཞིན་མཐོང་རྒྱུ་སྟོབས་བདེ་རེད། འདི་ཡང་དེང་གི་རྩོམ་པ་པོ་དང་དཔྱོད་བརྗོད་པ་དག་གི་རང་གཤིས་དང་ཁ་ཕྱོགས་ཡིན་སྲིད།
སྤྱི་ཟུར་རྩོམ་པ་པོ་ཧོར་འཇིགས་དང་སྤྱི་ཟུར་སྙན་ངག་པ་བེར་འཇིགས་གཉིས་ནི་ངས་གུས་བརྩི་ཞུ་ཡུལ་གཉིས་ཡིན། ཁོང་གཉིས་ཀྱི་སྙག་གི་འོག་ནས་ང་རང་མཚར་ལོང་བྱས་པ་ཡིན། ཁོང་གཉིས་ལ་ཁྱད་པར་ཡོད་པ་ནི། ཧོར་འཇིགས་ཀྱིས་དཔྱད་བརྗོད་ཧ་ཅང་ལེགས་ཞེས་མི་གཞན་གྱིས་བཤད་པ་ལན་མང་གོ། བེར་འཇིགས་སུམ་རྟགས་ཡང་ཡག་པོ་ཡོད་རེད་ཟེར། དེ་མ་གཏོགས་ཁྱད་པར་ཤེས་ཀྱི་མེད། ད་ལྟ་ཧོར་འཇིགས་ཀྱིས་མུ་མཐུད་ནས་དཔྱད་བརྗོད་སྤེལ་གྱི་འདུག ཡིན་ནའང་། བེ་རི་འཇིགས་མེད་གོ་ཡ་མི་འདུག ཕྱི་རྒྱལ་ལ་ཟ་ཁང་གི་ཕྱག་ལས་གནང་གི་མེད་གྲོ།
བདེ་ཆོས་ཁོང་ནི། ཤེས་རིག་བཀྲ་བའི་བུད་མེད་ཅིག་པ་ནི་ཐེ་ཚོམས་མི་འདུག་ཀྱང་། ཆབ་སྲིད་པ་ཅིག་མིན་པ་ནི། རྩ་དགོངས་ཞུས་པ་འདི་ཉིད་ཀྱིས་རང་གཤིས་གསལ་སྟོན་བྱས་འདུག་སྙམ་མོ།།
ཐུགས་རྗེ་ཆེ་ངོ་མ་ཡག་པོ་བྲིས་འདུག་དོན་སྙིང་ལྡན་པ་རང་རེད། གནས་ལུགས་དང་གནས་ལུགས་ཀྱིས་ར་སྤྲད་ན་ད་གཟོད་སེམས་ལ་འབབ་རྒྱུ་ཞིག
བདེ་སྐྱིད་ཆོས་དབྱིངས་ནས་བོད་མིའི་སྒྲིག་འཛུགས་དང་འཛིན་སྐྱོང་བཀའ་ཤག་ནག་པོ་བཟོས་པ་མ་ཚད་ཆོལ་ཁ་ཕྱོགས་རིས་དང་བོད་མིའི་སྒྲིག་འཛུགས་ལ་མཐོང་ཆུང་བྱས་པའི་ཉེས་པ་དེ་དུས་ནམ་ཡང་དག་ཐབས་མེད་པ་རེད། ཁྱོད་རང་དག་རྫས་མོ་ཀྲ་གང་གིས་བདེ་སྐྱིད་ཆོས་དབྱིངས་བཀྲུ་པ་ཡིན་ན་ཡང་དག་གི་མ་རེད།
སྟོང་སྐོར་ཁྱོད་རང་མིང་དོན་མཚུངས་པའི་མི་ཤིག་ཡིན་བཟོ་འདུག། བློ་སེང་གིས་གཞུང་མང་མགོ་བསྐོར་བཏང་བའི་བྱས་ཉེས་རྣམས་དག་རྫས་མོ་ཊ་དོ་ཡིས་ཀྱང་དག་གི་མ་རེད་བརྗོད་ན། སྟོང་སྐོར་ཁྱོད་ག་རེ་ལབ་རྩིས་ཡོད་དམ།
བཀུར་འོས་ཧོར་གཙང་འཇིགས་མེད་ལགས་ཀྱིས་ཧ་ཅང་ཡག་པོའི་ཆབ་སྲིད་དཔྱད་བརྗོད་ཅིག་བྱས་འདུག ང་རང་ལྟ་བུ་ཡིན་ན་དོགས་གནས་མང་པོ་ཞིག་སེལ་སོང་། ལྷག་པར་རང་གི་འོས་ཤོག་གཅིག་པུ་དེ་སུ་ལ་འཕེན་དགོས་མིན་གསལ་པོ་རབ་འཕྲོད་སོང་། Thank you
ཧོར་འཇིགས་རུས་པ་ནག་པོ་རེད་་་་སྔོན་མ་ནས་ཆོལ་བཟི་ཁུར་བསྡད་ཡོད་རེད་་་་གཞོན་རབས་ཚོས་དུག་བཞིན་འཛེམ་དགོས
དཔའ་སྤོབས་ཀྱི་ཐུགས་རྒྱུད་ཕྱུག་ཅིང་།ཤེས་རབ་ཀྱི་མིག་ཟུང་རྣོ་བའི་ལོ་རྒྱུས་སྨྲ་བའི་ཁྱུ་མཆོག་རྩོམ་པ་པོ་སྤྱི་ཟུར་ཧོར་གཙང་འཇིགས་མེད་ལགས། ཁྱེད་ལྟ་བུའི་མི་རེ་དུས་རབས་རེ་རེར་བྱུང་ཐུབ་ན་བོད་པ་ཚང་གི་རིག་གཞུང་འདི་དང་མི་རིགས་འདི་གསོན་གནས་ཐུབ་པར་ཐེ་ཚོམ་སྤུ་ཙམ་ཡང་བྱེད་དགོས་དོན་མི་འདུག
མཁས་དབང་མཆོག་དམངས་གཙོ་མ་རེད་མང་གཙོ་རེད་། གཟའ་ཉི་མ་ལ་རྩ་དགོང་ཞུ་མཁན་དེའི་ལས་ཁུང་གི་འགྲོ་སྟངས་མ་ཤེས་མཁན་ཞིག་གི་བཀའ་བློན་གང་ན་ཡོང་གི་བོད་མི་མང་གི་བསོད་ནམས་ལ་དེ་འདྲ་བཀའ་བློན་ཡོད་ལེ་འདའ་ངོ་མའི་ངོ་ཚ་ཐི་།
གཞན་གང་ཡང་མ་རེད། ཁེ་ཕན་ཕྱོགས་གཏོག་གི་སྐུ་དྲག་གསར་རྙིང་གཉིས་ཀྱི་ཁེ་ཕན་རྩོད་རྙོག་གི་འགལ་འདུ་ཞིག་རེད། བྱས་ཙང་སྐུ་དྲག་རྙིང་པ་སྤེན་ཚེའི་ཕྱོག་གཏོག་གིས་སྐུ་དྲག་གསར་པ་བློ་སེང་གི་མདུན་ལམ་ནས་ཁེ་ཕན་ཚུར་ལེན་ཐབས་ཤིག་རེད། དེས་ན་སྐུ་དྲག་རྙིང་པའི་ཧོར་འཇིགས་འདིས་སྨྱུག་གུའིི་མདུང་རྩེ་སྐུ་དྲག་གསར་པ་བློ་སེང་ལ་གཏད་དགོས་པ་ནི་ཁོ་པའི་མདུན་ལམ་གྱི་ཁེ་ཕན་ལ་བསམ་བློ་མ་བཏང་རང་བཏང་རེད། བྱས་ཙང་བདེ་སྐྱིད་ཆོས་དབྱངས་ཁོ་མོ་ནི་སྐུ་དྲག་རྙིང་པའི་གཡོག་མོ་རེད་ལ་གཞས་མ་ཡང་རེད། མོས་གཞས་གཏོང་གིན་གཏོང་གིན་ཞབས་བྲོ་འཁྲབ་ཀྱིན་འཁྲབ་ཀྱིན་སྡིང་ཆའི་སྒང་དུ་ཐོན་ཡོང་བ་དེ་རེད། གང་ལྟར་ཁོ་ཚོས་གཞས་བཏང་ན་འདྲ། ཞབས་བྲོ་འཁྲབ་ཀྱི་ཡོད་ན་འདྲ། སྨྱུག་རྩེ་བསྐོར་ན་འདྲ། ཁ་ཕོ་ཆེ་གདངས་ཀྱི་ཡོད་ན་འདྲ་ཚང་མ་སྐུ་དྲག་གི་སྤྲོ་སྐྱིད་ཆེད་དང་ཕྱོགས་གཏོག་གི་ཁེ་ཕན་ཆེད་དུ་ཁོ་ན་ལས། མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཟེར་བ་ཞིག་བློ་ཡུལ་ལ་འཁོར་མྱོང་མེད་ལ། ཁའི་ཟུར་ཙམ་དང་སྨྱུག་རྩེའི་ཡིག་འབྲུ་གཅིག་ཀྱང་མཐོང་རྒྱུ་ཐོས་རྒྱུ་མེད་པ་འདིས་ར་སྤྲོད་གསལ་པོ་ཟིན་པ་རེད།
བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལགས། བཀའ་ཟུར་ཅིག་གིས། སྤེན་ཚེ་ལགས་ལ་རྒྱབ་སྐྱོར་བྱས་པ་ལ། ནང་སྲིད་དང་ཤེས་རིག་བཀའ་བློན་གཉིས་ཀྱིས། བློ་སེང་ལགས་ལ་རྒྱབ་སྐྱོར་བྱས་པ་འདིས། གང་མཚོན་ཐུབ་བམ། ལགས།
བསོད་གཏུབ་ཀྱི་ལས་འགུལ་ཨོ་རི་ནས་ཕ་བཟང་གི་བུ་ལི་ཐང་པས་འགོ་བཙུགས་ཟིན་ཡོད་ས་གི
འཁྲབ་ཚན་འཇིགས་པ་ཞིག་སང་ཉིན་ཁྲབ་ཀི་རེད། ལྟོས་ཨ།
ཨོ་རི་ས་ནས་འཛིང་རྩོད་དེ་སྒེར་རང་གི་དོན་དག་ལས་སྲིད་སྐྱོང་འོས་འདེམས་དང་འབྲེལ་བ་མེད་པ་ཁུངས་སྐྱེལ་སྐད་འཕྲིན་སོགས་ན་ཁྱབ་འདུག་གདའ།
ཁ་བརྡ་ལགས། སྔ་མོ་ཡར་ལངས་ནས་གདུགས་དཀར་འདོན་ཞོར་ཁྱེད་ལ་སྐད་འདི་བཞག་བ་ཡིན།
གོང་གསལ་ལས་མི་མོད་དག་གིས་སྲིད་སྐྱོང་འོས་མིའི་སྐོར་གླེང་མོལ་མི་ཉུང་བ་བྱེད་པ་ལས་དམའ་འབེབས་དང་སྐྱོན་བརྗོད་ཀྱི་ཚིག་ཚོགས་བེད་སྤྱོད་བཏང་བར་ཡིད་སྐྱོ་བར་གྱུར་ཡོད།
རང་ལ་ཞུ་རྒྱུ་ཡོད་པ་ནི་རྙོག་དྲ་འཚམས་འཇོག་དང་སྲིད་སྐྱོང་དྲང་བདེན་པར་རྒྱབ་སྐྱོར། རང་ཁ་བརྡའི་དམངས་གཙོའི་སྲོལ་རྒྱུན་ཁ་གསལ་བྱེད་རྒྱུར་ཐུགས་རྗེ་ཆེ་ཞུ་བ་ཡིན།
ཅོ་རི་དང་གངས་ཕྲུག་་རྦ་རྡོ་ཟེར་བའི་དྲ་འབུ་འདི་རྣམས་ཁོག་ལ་གང་དྲན་དྲན་གསུང་གི་འདུག ཧོར་འཇིགས་ནས་བློ་གཟུར་བོར་གནས་པའི་སྐད་ཆ་རེད། དོན་དངོས་དོན་དངོས་རེད། ཅོ་སོགས་ཀྱིས ཁོང་ཁྲོའི་ངང་ཅི་བཤད་འདི་བཤད་མེད་པའི་འཁྱོག་བཤད་གནང་དགོས་པ་གང་ཡིན་ནམ། སེམས་ལ་ན་ཟུག་དང་གཟེར་ལངས་པ་གང་ཡིན་ནམ། ངོ་མ་ཡ་མཚན་རང་རེད།
ཧོར་འཇིགས་ཀྱིས་ཆེ་ཕུན་སུམ་ཚོགས་པའི་དཔྱད་བརྗོད་པ་ལ་གུས་པ་ང་དགའ་པོ་བྱུང་ད་ཐེངས་ངའི་མིག་རྒྱ་ཕྱེ་སོང་། སྔོན་མ་དེང་པོ་ངས་བློ་སེང་མཆོག་ལ་ཡི་རངས་བྱས་ཡོད། ད་ཐེངས་ཕྱོགས་ཡོངས་ནས་བལྟས་ན་ཁོང་མི་ཧམ་བཤད་ཚ་པོ་ཞེ་དྲག་འདུག་བསམ། སྤེན་པ་ཚེ་རིང་མཆོག་ལངས་ཕྱོགས་བརྟན་པོ་ཡོད་ཚོད་འདུག་སྙམ། ངས་འོས་ཤོག་དེ་་་སྤེན་པ་ཚེ་རིང་ལ་ཡིན།
བདེ་ཆོས་དང་རྒྱ་སྒྲོན་གཉིས་ལ་ཁྱད་པར་གནམ་ས་ཡོད་པ་གསར་འགོད་གསལ་བསྒྲགས་ལས་གསལ་པོ་དཔག་ཐུབ། བདེ་ཆོས་ཀྱིས་ཕྱི་གསལ་ནང་གསལ་གྱིས་ཚད་ལྡན་གསར་འགོད་སྐོང་ནས་ཁྲིམས་མཐུན་སྒོ་ནས་གསལ་བསྒྲགས་སྤེལ། རྒྱ་སྒྲོན་གྱིས་སྐོག་སྐོག་སེ་སེ་ངང་ལུས་ཙོང་བུ་མོ་ཇི་བཞིན་ནག་ཁོང་ནང་དུ་གསར་འགོད་པ་སུ་ཡིན་མི་ཤེས་པས་ཁྲིམས་མེད་ལུག་མེད་སྒོ་ནས་སྤེལ།
བློ་སེང་ཕྱོགས་གཏོགས་ཀྱིས་ཁྲིམས་ལུགས་ལ་མཐོང་བྱེད་པ་འདི་ཁྲིམས་ལུགས་མ་ཤེས་པ་ཡིན་ནམ???
དེ་རིང་ནས་སྲིད་སྐྱོང་འོས་མི་སུ་ལ་ཡང་། རྒྱབ་སྐྱོར་གྱི་ཡིད་ངག་མི་སྤེལ་ལོ།།
ཁ་སང་གྲོས་ཚོགས་ནང་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་བཀའ་ཟུར་ལགས་དང་སྤྱྱི་ཟུར་ལགས་ལ་འགྲམ་ལྕག་ཚ་པོ་གཞུས་སོང་ད།