རིག་ལྡན་རྣམ་གྲོལ། (ཧྥ་རན་སི།)
ཕྱི་ལོ་༢༠༡༡་ལོར་བློ་བཟང་སེང་གེ་སྲིད་སྐྱོང་དུ་ལངས་སྐབས་སུ་རྩ་དོན་གསུམ་གྱི་ཐ་ཚིག་བསྒྲགས་ཏེ་གསར་བཏོད་ཀྱི་ལམ་དུ་ཞུགས་ཡོད་མོད། འདས་པའི་ལོ་ངོ་བཞི་ལྷག་ལ་ཕྱི་མིག་ལྟ་སྐབས་ཁོང་གིས་བཟང་ཕྱོགས་ནས་བོད་པའི་སྤྱི་ཚོགས་སུ་གསར་བཏོད་ཀྱི་ནུས་པ་གང་ཡང་འདོན་ཐུབ་མེད་པ་རེད།
ཡིན་ནའང་། ཁོང་ཉིད་ཀྱིས་ནུབ་ཕྱོགས་སྤྱི་ཚོགས་ཀྱི་ང་ཆེ་ངས་འཇོན་གྱི་ལྟ་གྲུབ་ཅིག་བོད་པའི་སྤྱི་ཚོགས་སུ་འགད་རྫས་བཞིན་དར་སྤེལ་བཏང་ཡོད་པ་དང་། འགད་རྫས་དེ་ནི་བོད་པའི་ཡ་རབས་བཟང་སྤྱོད་དང་། འདོད་ཆུང་ཆོག་ཤེས་སོགས་ཀྱི་ས་མཚམས་ལས་བརྒལ་ཏེ་འོས་ཤོག་སློང་མོ་བྱེད་པར་འཛེམས་ཟོམ་ཡ་ང་མེད་པའི་བྱ་སྤྱོད་འདི་རིགས་རེད། མི་རིགས་རང་ལུགས་ཁྲིམས་ཀྱིས་གཅུན་ཐུབ་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་མཚོན་ན། འཛེམས་ཟོན་མེད་པའི་ང་ཞེས་པའི་བདག་བཟུང་དེ་གལ་ཆེན་པོ་ཞིག་ཡིན་སྲིད་ཀྱང་། ཕ་མེས་ཡང་མེས་ཀྱི་སྲོལ་རྒྱུན་ལ་ཆོས་ལུགས་རིག་པའི་རྒྱན་ཆ་བཏགས་པའི་བོད་པ་ཚོར་མཚོན་ན། ང་ལ་ཞེས་པའི་གཙོར་འཛིན་གྱི་བསམ་བློ་ནི་ཧམ་སེམས་ལས་གང་ཡང་མིན་པས། བློ་བཟང་སེང་གེས་འཁྱེར་ཡོང་བའི་ཧམ་སེམས་ཀྱིས་༧གོང་ས་མཆོག་གིས་ཐུགས་ལ་བཏགས་ཤིང་མི་ལོ་ལྔ་བཅུར་བསྐྱངས་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མི་མང་གི་ཆིག་སྒྲིལ་ལ་སེར་ཁ་བཟོས་དང་བཟོ་བཞིན་ཡོད།
འུར་འདྲོགས་ཆེ་བའི་འགྲན་རྩོད་འདིའི་ཁྲོད་ནས་ཕྱི་ལོ་༢༠༡༦་ལོའི་སྲིད་སྐྱོང་གི་ཞབས་སྟེགས་སུ་ལ་ཐོབ་མིན་བཤད་དཀའ་ཙམ་ཡིན་མོད། གལ་སྲིད་བློ་བཟང་སེང་གེ་རང་འཇགས་ཐོབ་པའི་དབང་དུ་བཏང་ནའང་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་ཆགས་ཡོད། དཀའ་ངལ་གྱི་དང་པོ་ནི་བཀའ་བློན་འདེམས་བསྐོ་བྱེད་རྒྱུ་དེ་རེད། དཔལ་འབྱོར་བཀའ་བློན་དང་བདེ་སྲུང་བཀའ་བློན་སོགས་སྒོ་ང་ནང་གི་སེར་རིལ་ལྟ་བུའི་བཀའ་བློན་ཚོ་ལས་ཡུན་འཁྱོལ་འགྲོ་བཞིན་ཡོད་པ་དང་། ནང་སྲིད་བཀའ་བློན་དང་། ཤེས་རིག་བཀའ་བློན། འཕྲོད་བསྟེན་བཀའ་བློན་གསུམ་བཙན་བྱོལ་བོད་མིའི་འོས་བསྡུ་ལས་ཁང་གི་སྒྲིག་གཞིའི་རྒྱ་ལས་བརྒལ་ཏེ་སྲིད་སྐྱོང་ལ་མངོན་མངོན་རྗེན་རྗེན་དུ་རྒྱབ་སྐྱོར་བྱས་ཡོད་པ་ནི་རྨ་ཁ་ཞིག་ཡིན་ལ། རྨ་ཁ་དེ་ནི་ཚོགས་གཙོ་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་དང་། ལྷག་པར་སྐབས་བཅུ་དྲུག་པའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གི་སེམས་ཀྱི་སྐྲན་རྡོ་ལྟ་བུར་གྱུར་ཡོད་པས་ཁོང་རྣམས་བཀའ་བློན་གྱི་འོས་མིར་ཐོན་པ་ཡིན་ན་དགག་པ་ལ་ཐེ་ཚོམ་མེད་པ་ཞིག་རེད།
གསར་དུ་བཀའ་བློན་འདེམས་བསྐོའི་ནང་དུ་ཆོལ་ཁ་གསུམ་གྱི་གྲངས་ཀ་ཞིག་བློ་བཟང་སེང་གེ་ནས་མ་བཞག་རང་བཞག་ཡིན་མོད། བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ཟུར་དུ་ཐོན་པར་བློ་སེང་ཨ་མདོ་པར་ཡིད་ཆེས་མེད་པ་ཆགས་ཡོད་པ་དང་། ཨ་མདོ་པ་ཚད་ལྡན་ཕལ་ཆེར་ཞིག་ཀྱང་བློ་སེང་ལ་ཡིད་ཆེས་མེད་པ་ཆགས་ཡོད་པས། ཡིད་ཆེས་དང་དམ་ཚིག་ལ་བློ་མི་འཁེལ་བའི་མི་ཞིག་རང་གི་མངའ་འོག་གི་བློན་གྲས་སུ་བསྐོ་རྒྱུ་བློ་སེང་གི་དཀའ་ངལ་ཆེ་ཤོས་ཤིག་ཡིན།
དེ་བཞིན་དབུས་གཙང་ཆོལ་ཁ་དང་མངའ་རིས་སྤྱི་མཐུན་ཚོགས་པ་གཉིས་ནས་བློ་བཟང་སེང་གེ་བསྐྱར་དུ་སྲིད་སྐྱོང་ལ་ལངས་རྒྱུར་རྒྱབ་སྐྱོར་བྱས་མེད་པས་བློ་སེང་གིས་འཕྲོད་བསྟེན་བཀའ་བློན་ལྟ་བུའི་གཉེན་ཚན་ཙམ་ལས་དབུས་གཙང་དང་མངའ་རིས་ཀྱི་མི་ཁོངས་ནས་ཡིད་ཆེས་བློས་འཕེར་གྱི་ལག་རོགས་བཀའ་བློན་ཞིག་རྙེད་ཁག་པོ་ཡིན་ལ། གལ་སྲིད་རྙེད་པའི་དབང་དུ་བཏང་ནའང་བློ་བཟང་སེང་གེ་ཡི་ཅི་གསུང་ལ་མགོ་བོ་སྒུར་མཁན་ཞིག་དགོས་ངེས་ཡིན་པས། འདི་ལྟར་མི་གཅིག་གི་དབང་བསྒྱུར་ལ་ཚུད་པའི་བོད་མིའི་སྒྲིག་འཛུགས་ཀྱིས་མི་མང་གི་འདོད་བློ་ཅི་འདྲ་ཞིག་སྐོང་ཐུབ་མིན་བཤད་ཁག་པོ་ཞིག་རེད།
ད་ལམ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མས་སྲིད་སྐྱོང་ལ་རྒྱབ་སྐྱོར་ཡོད་ཟེར་བ་ནི་འཁྲབ་སྟོན་ཞིག་ཡིན་མོད། རྒྱ་རི་སྒྲོལ་མ་འཁྲབ་ཤེས་པ་ཙམ་ལས་འཁྲབ་སྟོན་གྱི་མཇུག་འབྲས་ལ་བསམ་བློ་གཏོང་ཐུབ་མཁན་ཞིག་མིན། དཔེ་མཚོན་ནི་ཕྱི་ལོ་༢༠༡༡་ལོར་ཁོང་མོ་སྲིད་སྐྱོང་གི་འོས་མིར་ལངས་པ་ལྟ་བུ་རེད། ནམ་རྒྱུན་མདོ་སྟོད་གསར་རྙིང་བར་དུ་མོ་རང་ལ་ལྟ་ཚུལ་དང་མིང་ཆད་ཡོད་པ་ཁ་གསབ་ཡོང་ཆེད་དང་། བཀའ་བློན་ལ་བསྐྱར་དུ་སྡོད་རྒྱུའི་ཆོད་སེམས། མ་འོངས་པར་སྲིད་སྐྱོང་དུ་ལངས་རྒྱུའི་རྨི་ལམ། ད་དུང་བློ་སེང་རྒྱབ་སྐྱོར་བའི་ངོ་སོ་མ་ཟློག་པར་འབུར་འབུར་ཙམ་བྱས་པ་ཞིག་ཡིན་མོད། རྒྱ་རི་སྒྲོལ་མའི་མིག་ཆུ་དང་།རྒྱ་རི་སྒྲོལ་མའི་འཁྲབ་སྟོན་ལ་གངས་སྐྱིད་ཀྱི་རྒྱུས་ཡོད་ཚོ་ཡིད་ཆེས་དེ་ཙམ་མེད་པ་རེད།
མདོར་ན། རྒྱལ་པོ་གླང་དར་མ་ཕ་རྒྱུད་བུ་རབས་ཀྱི་སྐབས་སུ་བོད་བཙན་པོའི་ལོ་རྒྱུས་ལ་སིལ་བུའི་རི་མོ་བྲིས་ཡོད་ལ། བློ་བཟང་སེང་གེ་ཡིས་བཙན་བྱོལ་བོད་མིའི་འོས་བསྡུའི་སྐབས་སུ་ཆོལ་ཁ་སིལ་བུའི་རི་མོ་བྲིས་ཡོད། ཡིན་ནའང་། བློ་བཟང་སེང་གེ་ལ་གོ་སྐབས་ཤིག་ཡོད་པ་ནི། གལ་སྲིད་སྲིད་སྐྱོང་ཐོབ་ཚེ་རང་ལ་འོས་བླུགས་མཁན་ཡིན་མིན་དང་། རྒྱབ་སྐྱོར་བྱེད་མཁན་ཡིན་མིན། གྲོགས་པོ་སྤུན་ཉེ་ཡིན་མིན་གྱི་འབྲེལ་བ་ལ་མ་ལྟོས་པར་ལྷག་བསམ་རྣམ་དག་གིས་ཕྱག་ལས་ཤིག་གནང་རྒྱུ་བྱུང་ཚེ། མ་འོངས་ལོ་རྒྱུས་ཁྲོད་ནས་ལོ་རྒྱུས་ནང་དཔའ་བོ་ཆགས་པ་དང་ཞབས་འདྲེན་ཆགས་མིན་ལ་འདམ་ཀ་ཞིག་ཡོད་པ་ཡིན་ཡང། ཤེས་ཡོན་པའི་རྒྱབ་སྐྱོར་དང་རྒྱང་ཐག་རིང་བའི་ཁོམརང་ལ་མཚོན་ན། མི་མང་གི་ཡིད་ཆེས་བསྐྱར་གསོ་བྱེད་ཐུབ་རྒྱུ་དང་མི་ཐུབ་པ་གཉིས་བསྡུར་ན། ད་ལྟའི་བློ་བཟང་སེང་གེའི་ཚོས་གཞི་ལ་འགྱུར་བ་གཞན་ཞིག་འགྲོ་རྒྱུ་མེད་ཚེ། རེ་བ་ཆེན་པོ་རྒྱག་ཡུལ་ཞིག་ལྷག་ཡོད་པ་མཐོང་དཀའ་བ་ཆགས་ཡོད།
ཡག་པོ་གསུངས་ཤག བདེན་པ་ལ་རྒྱབ་སྐྱོར་ཡོད།
དབྱེ་ཞིབ་དོན་ལྡན་གནང་འདུག རྒྱབ་སྐྱོར་ཡོད།
རྒྱ་རི་སྒྲོལ་མའི་རྒྱབ་སྐྱོར་ནི་བྱིས་པའི་ངུ་སྐད་ཙམ་དང་། ཤེས་རིག་བཀའ་བློན་གྱིས་ངུས་པའི་ཁ་ལ་བལྟས་ནས་ངུས་པ་ཙམ་རེད།
ཨིན་སྐད་དུ། སྲིད་སྐྱོང་གིས། གསུང་བཤད་གསོས་པ་གསོས་པ།
https://www.facebook.com/plithang/videos/702855529856959/
སེམས་ཁྲལ་མ་གནང་། དབུས་གཙང་དང་ཨ་མདོའི་ནང་དུ་བཀའ་བློན་མིང་ཐོ་ཡོད་ཡོད་པ་རེད། འདི་ནས་ཚོད་དཔག་གིས་གཅིག་གཅིག་ཞུ་མ་དགོས་པ་བྱོས། དེ་མ་གཏོགས་ངུ་ཤོར་མཁན་མང་པོ་ཡོང་ཉེན་ཡོད།
རིག་ལྡན་རྣམ་གྲོལ་ལགས། ང་ལ་ཞེས་པའི་གཙོ་འཛིན་གྱི་བསམ་བློ་ཡོད་ན་ཧམ་སེམས་ཡིན་པས་ཁྱབ་པར་ཐལ། ཧཧཧཧཧཧ་་་་་་་རྨོངས་པའི་སྐད་ཅ་རང་རེད་ལྟོས་དང་། དཔྱད་པའི་ཡུལ་མི་འདུག་ལ་ཕྲག་དྭོགས་རང་རེད་འདུག་་་་་་
རེད་དེ་སྤེན་ཚེ་འོས་ཐོབ་ན་གང་འདྲ་ཡོང་མིན་བསམ་བློ་བཏང་མི་འདོད་པ་གང་ཡིན་ཁ་ཚ་དགོས་གཏུག་གི་ཉེན་ཁ་ཆེ་ཤོས་དེ་རེད་། སྲིད་སྐྱོང་ཁྲི་སྟོན་མ་བྱས་གོང་ནས་ཁྲིམས་ལ་གཏུག་ཡོང་བསམ་མྱོང་མེད་དམ། དེ་ནི་ཕྱོགས་གཉིས་ཀྱི་མ་འདྲ་ས་གཅིག་རེད། དེ་མིན་གོང་དུ་བློ་སེང་ལ་བགྲང་པའི་དཀའ་ངལ་དེ་ཚོ་སྤེན་ཚེར་ཆེ་བ་ཡོད་རེདལ་ད་བར་བྱུང་མ་མྱོང་བའི་བལྟས་ངན་ཤིག་ཤར་རྒྱུ་ཡིན་པ་ཐེ་ཚོམ་མེད་དོ།
རིག་ལྡན་རྣམ་གྲོལ་ལགས་ཀྱི་བརྩོམ་ཡིག་ཡག་པོ་སྤེལ་འདུག། ཐུགས་རྗེ་ཆེ། སྲིད་སྐྱོང་གི་ལོ་བཞི་དང་ཕྱེད་ཀའི་རྗེས་སུ་ཆིག་འགྲིལ་ལ་གཏོར་ཤིག་ཆེན་པོ་ཞིག་གཏང་སོང་། དེ་གང་ཡིན་ཟེར་ན་བོད་མིའི་སྒྲིགས་འཛུགས་ཀྱི་སྡིང་ཆ་བེད་ཅད་དེ་དུས་འཁོར་དབང་ཆེན་དང་འབྲེལ་བའི་མཛུན་སྒྲིག་བྱས་པ་ཀུན་གྱི་ཧ་གོ་གསོང།
ཌེ་ཧོར་བྱམས་པ་རིན་ཆེན་སོགས་ལ་ཕུལ་།
བློ་སེང་གི་དངོས་ཡོད་ཀྱི་ལོ་རྒྱུ་ཀྱི་ཆ་ཤས་བདེན་རྫུན་དབྱེ་བའི་མེ་ལོང་།
དེ་སྔ་ཆུ་སྒང་རྙོག་ཁྲ་བྱུང་བའི་སྐབས་བློ་སེང་གིས་ཁམས་རིགས་བར་མཐུན་པ་དེ་མ་མཐུན་པར་བཟོས་ཡོད་།
ཆུ་སྒང་གསར་པའི་དྲུང་ཆེ་བྱས་། ཡིན་ནའི་ཆུ་སྒང་རྙིང་པར་ཆུ་གསར་པའི་སྐད་ཆ་དང་འཆར་གཞི་གང་ཡོད་རྙིང་པར་བཤད་། ཆུ་སྒང་གསར་པའི་རྒྱབ་ལ་བདེ་སྲུང་ལས་ཁུངས་ཡོད་ཚུལ་བཤད་། ཆུ་སྒང་་གསར་པར་རྙིང་པར་ཁ་གཏད་བཅོག་དགོས་ཆེ་ལུགས་བཤད་། ཟུར་གནས་ཁམས་རིགས་ཚོར་བོད་གཞུང་གིས་ཁམས་པ་ནང་ཁུལ་དཀྲུགས་ཀྱི་ཡོད་ལུགས་ཀྱིས་དོགས་ཟོན་དགོས་ལུགས་བཤད་།བདེ་སྲུང་དྲུང་ཆེར་གསར་རྙིང་གཉིས་ཀའི་གནས་ཚུལ་ཆ་ཚང་ཞུས་། དམིགས་བསལ་སྐོུ་ཐུབ་བསྟན་མི་ངན་ཡིན་ལུགས་དང་ཁོ་པ་གཞོན་ནུའི་མི་ཞིག་ཡིན་པས་ཁམས་རིགས་ཞེན་ཆགས་མེད་པར་བསམ་རྒྱུ་དྲན་རྒྱུ་བོད་གཞུང་ལས་མེད་ལུགས་བཤད་། བདེ་སྲུང་མགོ་བསྐོར་ཐེབས་ཏེ་སྐུ་སྒེར་ཡིག་ཚང་ལ་བློ་སེང་ལྷག་བསམ་ཆེ་ལུགས་ཞུས་། སྐུ་སྒེར་ཐུགས་བརྙེད་པོ་བྱུང་ནས་བློ་སེང་ཧ་ཝ་ཏྲ་ལ་སློབ་འཇུག་དང་ཧ་ཝ་ཏྲ་ནང་ལས་ཁུངས་བཟུང་དུ་བཅུག་། འགྲོ་གྲོན་དང་གླ་ཕོགས་སྐུ་སྒེར་གྱིས་ཐེ་ཝན་རྒྱུ་ཅན་ཞིག་གི་རོགས་སྐྱོར་འཚོལ་། ཐེ་ཝན་རྒྱུ་ཅན་འདིས་བློ་སེང་ལ་གླ་ཕོག་སྤྲོད་ཕྱིར་ཁྲལ་གྱི་ཆ་ཡངས་ཡོང་ཕྱིར་ཨ་རིའི་སན་ཕརེན་སིཀོའི་་ནང་རོགས་སྐྱོར་ཚོགས་པའི་དེབ་བསྐྱེལ་བྱས་། འཐབ་ཕྱོགས་གཅིག་གི་རྒྱ་མོ་མཛེས་མ་ཞིག་གིས་བློ་སེང་རྒྱ་ནག་ལ་ཁྲིད་། བློ་སེང་ཁང་པའི་བུ་ལོན་ཐོན་། བློ་སེང་གིས་ཨ་མི་རི་ཀའི་ཕྱི་འབྲེལ་ལྷན་ཚོགས་ཤིག་ལ་གཏམ་བཤད་གྲ་བསྒྲིགས་བྱས་། བོད་ལ་ཧོང་ཀོང་གི་གནས་བབས་འདྲ་བའི་དམངས་གཙོ་ཡང་མི་དགོས་བསྒྲགས་། རྒྱ་ནག་དགའ་བོད་པ་ཧུན་མཐོར་བཅུག་། རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་པ་ཚོ་ཡང་ཧང་སང་ཧོན་མཐོར་། རྒྱ་གར་གྱི་སྲུང་སྐྱོབ་མཁས་པ་ཁག་ཀྱང་བློ་མི་བདེ་བ་འགྱུར་།
བློ་སེང་ཁམས་པའི་དཔའ་བཏུལ་ཞིག་ཡིན་མིན་དེ་དག་ནས་དཔྱད་། ཁམས་པའི་དཔའ་བཏུལ་ཟེར་བར་དེ་འདྲ་ཨ་ཡིན་ནམ་།དཔའ་བོའི་རྗེས་ཤུལ་ནག་བསུབ་གཏོང་མཁན་དེ་ལ་ཁམས་པའི་བཙུགས་རྒྱན་འོས་བསམས་ཅི་། སྣོ་བསམ་གཏོང་དང་རྒྱལ་གཅེས་ཁམས་པ་ཚོ་། སྤེན་ཚེ་འོས་ཤོག་བླུགས་འདོད་མེད་ནའང་ཁམས་པའི་རྒྱལ་ཞེན་དྲི་མ་ཙམ་མེད་པའི་མི་ཞིག་ལ་འོས་ཤོག་མ་འཕེན་པར་དེ་བས་ཨ་འབྲུག་སྦྱིན་བདག་ལ་སོགས་ཁམས་ཀྱི་དཔའ་བཏུལ་དག་གི་མིང་བྲིས་ཏེ་རྗེས་དྲན་གནང།
སྐུ་སྒེར་ཡིག་གི་ལས་བྱེད་བསྟན་འཛིན་སྟག་ལྷ་ལགས་ཀྱི་ཨ་མ་རྣམ་རྒྱལ་སྟག་ལྷ་ལགས་ནས་ངོ་དེབ་ནང་སྲིད་སྐྱོང་བློ་སེང་ལགས་སུ་འོས་སྤྲོད་རྒྱུ་ཡིན་པ་བཀོད་འདུག ཁོང་གི་བུ་བསྟན་འཛིན་སྟག་ལྷ་ལགས་ནི་སྲིད་སྐྱོང་བློ་སེང་ལགས་ཀྱི་གྲོགས་པོ་ཉེ་ཤོས་ཤིག་ཡིན་པ་མ་ཟད་ནང་གྲོས་བྱ་སའང་ཡིན། དེར་བརྟེན་ཁོང་གི་ཨ་མ་ལགས་ནས་བཀའ་བློན་ཞབས་སྟེགས་ལ་རེ་བ་གནང་གི་ཡོད་ས་རེད་དོ།
མ་འོངས་བློ་སེང་ལགས་ཀྱི་ལས་རོག་བཀའ་བློན་ལ་དབུས་གཙང་གི་མི་སྣ་ཕེབས་ཡོང་རྒྱུར་སེམས་ཁྲེལ་རྩ་བ་ནས་མེད། འོན་ཀྱང་ཨ་མདོ་བར་ཡིད་ཟབ་དགོས། ཡིན་ཅིག་དགོས་པའི་ངེས་པར་མེད།
མཆན་དགུ་པ། བསྟན་འཛིན་རྣམ་གྲངས་ལགས། རང་གིས་དཔེ་ཡག་པོ་བཤད་འདུག ཁྱོད་ལ་ཁུངས་སྐྱེལ་ར་སྤྲོད་གསལ་པོ་ཡོད་ན་ངོ་མ་གདོང་དངོས་སུ་ཐོན་ཤོག་དང་ང་ཚོ་བགྲོ་གླེང་བྱ་ཆོག་ལ་མ་ཟད་བདེན་པར་བདེན་ཁ་ལོས་སྟེར། ཅི་སྟེ་མ་ཉེས་ཁ་གཡོག་ཐོག་ལ་སླེབས་ན་རང་གིས་ག་རེ་བྱ་ཀི་ཡིན་ནམ།
བསྟན་འཛིན་རྣམས་གྲངས་ཀྱིས་བྲིས་པ་དེ་ཚོ། ངོ་མ་ཡིན་མིན་ཏྲེ་བྱམས་ཟེར་བ་ཁྱོད་ཀྱིས་བློ་སེང་ལ་དྲིས་དང་། རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་རེད། དེ་ནས་གདོང་ལ་ཐོན་ཕོད་ན། ཡང་ཁྱོད་རང་ཐོན་རྐྱང་ཡིན་ཏ།
7. བློ་སེང་གི་འོས་ཤོག་སློང་བའི་ཚད་བརྒལ་བྱ་སྤྱོད་དེ་རིགས་ལ། རྒྱུས་མེད་ཅིག་གིས་བལྟས་ཚེ། ནུབ་ཕྱོགས་ཀྱི་གོམས་སྲོལ་འབྱར་ཡོད་པ་ལྟ་བུར་སྣང་མོད། དེ་ནི་མདོ་མེད་དང་གཏོང་ཕོད་ཅན་ནོར་ས་ཡོད་ཅེས་པའི་དཔེ་ལྟར། ཁོ་ཆུང་དུས་ནས་སྐད་ཆ་ཧར་བོ་སྟེ་དོན་དངོས་ལས་བརྒལ་བ་བཤད་པ་དང་། ཧམ་རྫུན་གྱིས་རང་ཉིད་འུད་བསྟོད་མཁན་ཞིག་ཡིན་ཞེས་དར་རྒྱས་གླིང་གི་རྒན་པོ་ཚོའི་ཁ་ན་རླུང་ལྟར་གྲགས་འདུག་པ་དེ་བཞིན་གྱི་སྤྱོད་པ་ཞིག་རེད། མ་གཏོགས་གཞན་གང་ཡང་མ་རེད། དེའི་ཕྱིར། ཁོ་ལ་ཆེས་རྒྱུས་མངའ་ཡོད་པ་དར་རྒྱས་གླིང་དང་གངས་སྐྱིད་གཉིས་ཀ་ནས་སྔོན་འགྲོའི་འོས་ཐོབ་མེད། འདིས་རྟགས་མཚན་ཆེན་པོ་ཞིག་བསྟན་ཡོད་མོད། ཆོལ་ཞེན་གྱིས་ར་བཟི་བའི་སྡིག་པ་མིག་བཙུམ་དང་རྨོངས་པའི་དབང་དུ་སོང་བ་ཚོ། མགོ་རུལ་བ་སྣ་བས་མི་ཚོར་གྱི་དཔེ་ལྟར་ཆག་སྒོ་ཧ་ཅང་ཆེན་པོ་ཞིག་མགོ་ཐོག་ཏུ་བབས་རྗེས་མ་གཏོགས་གོ་རྟོགས་སད་མི་ཐུབ། མདོ་སྨད་ལྟ་བུར་ཆ་མཚོན་ན། སྐབས་སྔོན་མར་བློ་སེང་ལ་རྒྱབ་སྐྱོར་ཆེ་ཙམ་བྱས་ཡོད་པས་བཀའ་དྲིན་ཆེ་ཡང་། བློ་སེང་གཅིག་ནས་མིང་ལ་དགའ་དྲགས། གཉིས་སུ་ཆོལ་ཞེན་གྱིས་སྐུའི་གྱ་སྟོན་སྐབས་སུ་མདོ་སྨད་མི་མང་ལ་དྲིན་ལན་ལོག་མཇལ་བྱས་ཤིང་། དངོས་ཤུགས་བརྒྱུད་གསུམ་ནས་སྐུའི་གྱ་སྟོན་ལམ་ལྷོང་མི་ཡོང་བའི་བསམ་སྦྱོར་ངན་པ་ཤ་སྟག་སྤེལ་བས་དོ་ཕོག་ཆེན་པོ་བཏང་ཡོད། དེར་ རྟེན། མང་དག་ཅིག་གིས་བློ་སེང་གི་བྱ་སྤྱོད་དང་བྱས་ལས་རྣམས་རིམ་གྱིས་ཧ་གོ་སྟེ། སྐྱོན་དང་ཉེས་པ་རྣམས་དངོས་ཐོག་བདེན་འཚོལ་གྱིས་ར་སྤྲད། ཐེར་འདོན་བྱས་སོང་བས། བློ་སེང་མགོར་ངུ་རྒྱུ་ཞིག་ཡོང་ཡོད་པ་འདྲ། ད་ནི་བློ་སེང་ལ་སྤེན་ཚེ་དང་མདོ་སྨད་ལབ་ཚེ། འཇིགས་སྔངས་དང་ཧ་ཅང་མ་དགའ་བའི་ཚོར་སྣང་སྐྱེ་བཞིན་ཡོད་ཚོད་རེད། དེའི་ཕྱིར། ཁོ་སྲིད་སྐྱོང་ལ་ཐོབ་ཚེ་གཞན་དབང་སྟབས་བསྟུན་ཁོ་ནས་མདོ་སྨད་ཅིག་བཀའ་བློན་ལ་འཇོག་ན་མ་གཏོགས། ཁོ་རང་འཐད་ཀྱིས་མི་སྲིད་པ་ལྟ་བུ་རེད་འདོད།
བློ་སེང་འདི། སྟོད་རྒྱ་གར་ལ་སོང་ན་བཀྲ་མ་ཤིས། སྨད་རྒྱ་ནག་ལ་སོང་ན་སོན་མ་འགྲུབ་ཟེར་བའི་ཆགས་ཉེན་འདུག ཐོག་མ་ ཁོ་རང་སྐྱེས་ས་རྡོ་རྗེ་་གླིང་ལ་དེ་ཁུལ་གྱི་བོད་མིའི་མི་དགའ། བར་དུ་ཨ་རི་བྷོས་ཊོན་ལ་ས་གནས་དེ་གའི་བོད་མི་དེ་ཚོའི་མི་དགའ། མཐའ་མ་་གངས་སྐྱིད་ལ་ལས་བྱེད་ཚོའི་མི་དགའ།
ཧཧཧཧཧ་་་མ་ཨ་ཁུ་འབྲོག་པ་ཤ་ཚ་་་་་་སྙིང་རྗེ་ཡུལ་རང་རེད་འདུག་་་་་
རྒྱལ་པོ་གླང་དར་མ་ཕ་རྒྱུད་བུ་རབས་ཀྱི་སྐབས་སུ་བོད་བཙན་པོའི་ལོ་རྒྱུས་ལ་སིལ་བུའི་རི་མོ་བྲིས་ཡོད་ལ། བློ་བཟང་སེང་གེ་ཡིས་བཙན་བྱོལ་བོད་མིའི་འོས་བསྡུའི་སྐབས་སུ་ཆོལ་ཁ་སིལ་བུའི་རི་མོ་བྲིས་ཡོད།
རེད་ཡ། བློ་བཟང་སེང་གེའི་མདུན་གྱི་དཀའ་ངལ་ཆེན་པོ་འདུག།
དྲྭ་གྲོགས་ཚོའི་ཤེས་དགོས་པ་ཞིག་ལ། ཆུ་སྒང་གསར་རྙིང་གི་རྙོག་གྲ་བཟོ་མཁན་བློ་བཟང་སེངྒེ་ལགས་མ་རེད། ཟམ་གདོང་སྤྲུལ་སྐུ་རེད། ལོ་རྒྱུས་ནག་པོ་མ་བཟོ་ཨ། དུས་རབས་བརྗེ་ཡོད་མ་རེད་ད།
གཅིག་སྒྲིལ་ཚོགས་པ་བཙུགས་ནས་བོད་མི་ནང་འཁྲུག་བཟོ་མཁན་རྒྱ་ལོ་དོན་གྲུབ་དང་། ཆུ་སྒང་གསར་པ་ཞེས་བཙུགས་ནས་ཁམས་རིགས་དུམ་བུ་གཏོང་མཁན་ཟམ་གདོང་སྤྲུལ་སྐུ་འདི་གཉིས་ཀྱིས་བོད་ཀྱི་ལོ་རྒྱུས་ནང་ཟུབ་ཏུ་མེད་པའི་ནག་ཉེས་བཟོས་ཡོད་པས་གངས་ཅན་པ་ཀུན་གྱི་མཁྱེན་དགོས།
བོད་མིའི་དཀའ་ངལ་དེ། སྲིད་སྐྱོང་གི་དཀའ་ངལ་ཡིན་དགོས། སྲིད་སྐྱོང་གི་དཀའ་ངལ་དེ། བོད་མིའི་དཀའ་ངལ་ཡིན་དགོས།