–ཤ་བོ་རྒྱ་མཚོ། ༼ཨ་རི།༽
རང་ཉིད་ལ་མཚོན་ན། གནས་ཡུལ་རྒྱལ་ཁོངས་ཀྱི་དབང་གིས། ཆོལ་ཁའི་སྤྱི་འཐུས་འདེམས་པའི་གོ་སྐབས་མེད་མཁན་ཞིག་ཆགས་ཡོད། ཡིན་ནའང་། དྲ་ལམ་ནས་སྤྱི་འཐུས་འོས་མིའི་བགྲོ་གླེང་སྐོར་ལ་དོ་སྣང་བྱས་དང་བྱེད་ཀྱིན་ཡོད། འདི་ནི་ངེས་པར་དུ་དོ་སྣང་བྱེད་དགོས་པ་ཞིག་ཡིན་པར་ཡང་འདོད་ཀྱི་ཡོད། དོ་སྣང་འདིའི་བརྒྱུད་རིམ་ཁྲོད་ནས། དབུས་གཙང་སྤྱི་འཐུས་འོས་མི་ཚོའི་སྤུས་ཚད་ནི་དགའ་སྤོབས་སྐྱེ་འོས་པ་ཞིག་འདུག་སྙམ་པའི་སེམས་ཚོར་བྱུང་།
འདི་ནི་དབུས་གཙང་བ་མ་ཡིན་པའི་ང་ལ་མཚོན་ན། ད་ལོར་གཞི་ནས་དོ་སྣང་བྱས་པའི་དོན་ཅིག་ཀྱང་ཆགས་ཡོད། དེ་བཞིན་མདོ་སྨད་ཆོལ་ཁའི་སྤྱི་འཐུས་འོས་མི་དང་ཆོས་བརྒྱུད་སྤྱི་འཐུས་འོས་མིའི་སྐོར་ལའང་དོ་སྣང་བྱས་པ་ཡིན། མདོ་སྟོད་སྤྱི་འཐུས་འོས་མི་དག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་བགྲོ་གླེང་ལ་ཞུགས་མི་འདུག་པས་རྒྱུས་ལོན་གསལ་པོ་ཞིག་བྱེད་ཐུབ་མ་སོང་། དེ་ནི་དོ་སྣང་བྱེད་མཁན་ཚོར་གྱོང་ཆེན་པོ་ཞིག་རེད།
འོས་བསྡུའི་གླེང་མོལ་ཁྲོད་ནས་རང་ཉིད་ལ་ངེས་པར་ཤེས་འདོད་པའི་དོན་གནད་གཅིག་བྱུང་། དེ་ནི། གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་གནང་ནས་ལོ་ལྔར་ཉེ་བའི་རིང་། དོན་ངོ་མར་ང་ཚོའི་གནས་སྟངས་གང་འདྲ་ཞིག་ཆགས་ཡོད་མེད་དེ་ཡིན། འོས་བསྡུའི་གླེང་མོལ་ཁྲོད་ཀྱི་་བ་ཆེ་ཤོས་གཅིག་འདི་རེད། སྐབས་བཅུ་དྲུག་པའི་དབུས་གཙང་སྤྱི་འཐུས་འོས་མིར་དོ་སྣང་བྱས་པའི་བརྒྱུད་རིམ་ནང་ནས། ང་ལ་དྲི་བ་གནད་ཅན་འདིའི་ལན་གསལ་པོ་ཞིག་རག་སོང་། སྐུ་ངོ་བཀའ་དྲུང་ཟུར་པ་མི་འགྱུར་རྡོ་རྗེ་ལགས་ཀྱི་གཏམ་བཤད་ཁྲོད་ནས་རག་སོང་། སེམས་ལ་ཚུ་ཤུར་རྒྱག་པར་བྱེད་ཅིང་། མིག་ལ་མཆི་མ་འཁོར་བར་བྱེད་པའི་བཀའ་ལན་འདི་ཡི་གེར་ཕབ་ནས་ལོ་རྒྱུས་ཀྱི་ཟིན་ཐོའི་ནང་འགོད་འདོད་སོང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྡ་རམ་ས་ལར་གོ་སྒྲིག་གནང་བའི་བགྲོ་གླེང་ཚན་བཤུས།
http://www.rfa.org/tibetan/vidoe?v=1_newhaw5w
༼ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཀའ་འདྲིའི་དྲི་བ།༽
ལོ་སུམ་ཅུ་སོ་དྲུག་རིང་དགའ་ལྡན་ཕོ་བྲང་གི་འོག་ལ་སྲི་ཞུ་བ་གནང་བ་དང་། ལོ་གཉིས་དང་ཕྱེད་ཀའི་རིང་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་གནངས་པ་ཡིན་གསུངས་པ་རེད། ལོ་སུམ་ཅུ་སོ་དྲུག་གི་རིང་དགའ་ལྡན་ཕོ་བྲང་གི་སྲི་ཞུ་བ་གནངས་པ་དང་། ལོ་གཉིས་དང་ཕྱེད་ཀར་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་གནངས་པ་འདི་གཉིས་ཀྱི་བར་ལ་ཚོར་བའི་ཁྱད་པར་མ་ཡིན་པར། དངོས་ཡོད་འཛིན་སྐྱོང་གི་ཕྱག་ལས་གནང་སྟངས་ཡིན་ན་རེད། སྒྲིག་གཞི་ཡིན་པ་ཡིན་ནའང་རེད། འཛིན་སྐྱོང་གི་འགྲོ་སྟངས་ཡིན་ནའང་རེད། དེར་ཁྱེད་རང་ལ་མ་འདྲ་བ་ག་རེ་གསུང་ཡག་ཡོད་པ་ཡིན་ནམ།
༼བཀའ་དྲུང་ཟུར་པ་མི་འགྱུར་རྡོ་རྗེ་མཆོག་གི་བཀའ་ལན།༽
དྲི་བ་དེ་རྙོག་འཛིང་ཆེན་པོ་ཞིག་རེད། ཡིན་ནའང་། སྔོན་མ་ངས་དགའ་ལྡན་ཕོ་བྲང་གི་ཞབས་ཞུ་ཞུ་དུས་ཙ་ན། དམ་བཅའ་ཞིག་ཡོད་པ་རེད། བོད་གཞུང་དགའ་ལྡན་ཕོ་བྲང་གིས་མཆོངས་ཟེར་ན། དམྱལ་བ་ལ་མཆོངས་ཐུབ་མཁན་ཞིག་དང་། རྒྱོབས་ཟེར་ན་པ་ཕའི་མགོ་ལའང་རྒྱག་ཐུབ་མཁན་ཞིག་ཡིན་ཟེར་ནས་དམ་བཅའ་དེ་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཆགས་པ་ནས་དམ་བཅའ་དེ་ཡོད་མེད་ང་ལ་ཐེ་ཚོམ་ཡོད། དེ་གཅིག་རེད།
གཉིས་པ་དེ་ལ། ང་ཚོའི་མང་པོ་ཞིག་དེ་རིང་ཁ་སང་ནོར་འགྲོ་ཡི་ཡོད་པ་རེད། ༢༠༡༡ ཟླ་ ༥ ཚེས་ ༢༩ ཉིན་མོ་དེ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཅའ་ཁྲིམས་བསྒྱུར་བཅོས་བཏང་གནང་བྱས་ནས་དེ་དུས་ཀྱི་བཀའ་བློན་ཁྲི་པ་དང་པོ་དེ་ཟམ་གདོང་རིན་པོ་ཆེ་རེད། ལོ་རྒྱུས་སྨྲ་བ་མང་པོ་ཞིག་གིས་དེ་ཕལ་ཆེར་བརྗེད་གྲབས་བརྗེད་གྲབས་བྱེད་ཀྱི་འདུག བྱས་ཙང་། ལོ་རྒྱུས་ནང་ལ་ཡོ་བསྲང་བྱེད་ཡག་དེ་ཡང་གལ་ཆེན་པོར་མཐོང་གི་འདུག་བསམ་གྱིན་ཡོད།
ད་ཁྱད་པར་དེ་ག་རེ་ཡོད་རེད་ཟེར་ན། སྐྱབས་མགོན་རིན་པོ་ཆེས་སྐུ་དབང་ཆ་ཚང་གནང་ཚར་བ་ཡིན་བྱས་ནས་ཕྱག་ལས་གནང་མཁན་དེ་ཚོས་ཕྱག་ལས་གནང་སྟངས་གང་འདྲ་ཞིག་གནང་གི་འདུག དེ་འདྲ་དག་གཅིག་གཅིག་གཉིས་གཉིས་བྱས་ནས་ཞུ་ཡི་བསྡད་པ་ཡིན་ན། ཁོ་རང་ལས་བྱེད་ནང་ནས་ཐོན་ཚར་ཙམ་རེད། དེ་འདྲ་ཡིན་དུས་ཙ་ནས། ཁོ་རང་སྒེར་གྱི་འཁོན་འཛིན་མེད་འགྲོ་བསམ་པའི་སྣང་བ་ཡོང་གི་རེད། དཀོན་མཆོག་དཔང་བཙུགས་ཡིན། དེ་འདྲ་བྱེད་མཁན་གྱི་ཨ་མའི་བུ་ཞིག་མིན། དེ་འདྲ་བྱེད་དགོས་ཀྱི་ཡོད་ན། སྔོན་མའི་ན་ཚ་མང་པོ་བྱེད་ཡག་ཡོད་པ་རེད།
ད་ཡིན་ན་གལ་ཆེ་ཤོས་དེ་ང་ཚོ་ག་རེ་རེད་ཟེར་ན། སེམས་ཤུགས་ཤིག་གིས་མདུན་ལ་བཏོན་ཡོང་ཁུལ་བྱས་པ་རེད། གང་ལྟར་བོད་མིའི་སྒྲིག་འཛུགས་འདི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་བཅུ་དྲུག་དེ་ཕར་བཞག་ཞོགས། ༡༩༦༠ ནས་རྨང་གཞི་ཆ་ཚང་བཏིངས་བྱས་ནས། ང་ཚོ་དེ་རིང་སང་ད་ལྟ་ང་འདིར་ཡར་ལངས་ནས་ཁ་བཀྱག་བཀྱག་བྱེད་ཡག་འདི། སྦག་ཞིམ་པོ་མར་གྱི་བཀའ་དྲིན་རེད་པ། མར་མེད་ན་ཆུ་རའི་སྤག་ཀོང་རེད་ལབ་པ་རེད། ༸རྒྱལ་བ་རིན་པོ་ཆེས་བཙུགས་བཞག་པའི་སྒྲིག་འཛུགས་འདི་ང་ཚོས་སྲུང་སྐྱོབ་བྱེད་དགོས་པ་རེད། ང་སེམས་ཁྲལ་ཆེ་ཤོས་དེ་ལས་བྱེད་རྒན་པ་ཞིག་ཡིན་པའི་ཆ་ནས། ༸རྒྱལ་བ་རིན་པོ་ཆེ་སྐུ་འཚོ་ཞིང་བཞུགས་པའི་སྐབས་ལ། ཁོང་གིས་གནང་བཞག་པ་དེ་སྦོ་ལུག་མི་ཡོང་ངམ། དཔེ་བསག་གི་རེད་ཨ་བསམ་ནས་སེམས་ཁྲལ་ཆེ་ཤོས་ང་ལ་དེ་ཡོང་གི་འདུག ད་དེ་ནས་ཁྱད་པར་དེ་རྣམ་པ་ཚོས་དབྱེ་ཞིབ་གནང་རོགས་གནངས།
སུས་འགྲིག་མེད་ན་ཁ་གསལ་པོ་བཤད་དགོས་རེད་མ་གཏོགས་ཟུར་ཟ་རང་བཤད་ན་ཕན་ཐོག་གང་ཡོད་དམ། འཆམ་མཐུན་ལ་གནོད་ཡ་ལས་མེད་རེད། དེ་ལས་རྐང་རྗེས་ལག་བརྫད་མ་བཟོ་ན་དགའ་མ་རེད་དམ།
དངོས་ཡོད་གནས་སྟངས་ཁས་ལེན་མཁན་ཞིག་ཡིན་ན། ༼བོད་མིའི་སྒྲིག་འཛུགས་འདི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་བཅུ་དྲུག་དེ་ཕར་བཞག་ཞོགས། ༡༩༦༠ ནས་རྨང་གཞི་ཆ་ཚང་བཏིངས་བྱས་ནས། ང་ཚོ་དེ་རིང་སང་ད་ལྟ་ང་འདིར་ཡར་ལངས་ནས་ཁ་བཀྱག་བཀྱག་བྱེད་ཡག་འདི། སྦག་ཞིམ་པོ་མར་གྱི་བཀའ་དྲིན་རེད་པ། མར་མེད་ན་ཆུ་རའི་སྤག་ཀོང་རེད་ལབ་པ་རེད། ༸རྒྱལ་བ་རིན་པོ་ཆེས་བཙུགས་བཞག་པའི་སྒྲིག་འཛུགས་འདི་ང་ཚོས་སྲུང་སྐྱོབ་བྱེད་དགོས་པ་རེད། ང་སེམས་ཁྲལ་ཆེ་ཤོས་དེ་ལས་བྱེད་རྒན་པ་ཞིག་ཡིན་པའི་ཆ་ནས། ༸རྒྱལ་བ་རིན་པོ་ཆེ་སྐུ་འཚོ་ཞིང་བཞུགས་པའི་སྐབས་ལ། ཁོང་གིས་གནང་བཞག་པ་དེ་སྦོ་ལུག་མི་ཡོང་ངམ། དཔེ་བསག་གི་རེད་ཨ་བསམ་ནས་སེམས་ཁྲལ་ཆེ་ཤོས་ང་ལ་དེ་ཡོང་གི་འདུག ད་དེ་ནས་ཁྱད་པར་དེ་རྣམ་པ་ཚོས་དབྱེ་ཞིབ་གནང་རོགས།༽ ཞེས་པ་འདི་རེད། ཁ་གསལ་པོ་བྱས་ན། བློ་བཟང་སེང་གེས་ད་བར་དུ་ལས་ཀ་བྱས་པའི་འབྲས་བུ་ངོ་མ་དེ། ད་ལྟའི་སྒྲིག་འཛུགས་འདི་སྦོ་ལུག་ས་རེད་བསམ་པའི་སེམས་ཁྲལ་བྱེད་དགོས་ས་ཞིག་བཟོས་པ་འདི་རེད།
བཀའ་དྲུང་མི་འགྱུར་རྡོ་རྗེ་ལྟ་བུའི་མི་འདི་ཚོའི་གྲས་ནམ་རྒྱུན་གཞུང་དང་གཞུང་འཛིན་མི་སྣ་སུ་འདྲ་ཞིག་ལ་ཡང་ཟུར་ཟ་དང་། མི་འོས་པའི་བཀའ་མོལ་ཕྱི་ལོགས་ལ་གསུང་མཁན་ཞིག་གཏན་ནས་མ་རེད། ད་རེས་བློ་སེང་གིས་བྱེད་སྟངས་འདི་ལ་བལྟས་ཏེ་གཞུང་སྦོ་ལུག་རྒྱའི་ཉེན་ཁ་མཐོང་སྟེ་སེམས་ཀྱིས་མ་བཟོད་པར་གསུང་སྐད་རང་དབང་མེད་པར་ཤོར་བ་ཞིག་རེད། ཤ་ཚ་ཅན་གྱི་སྙིང་གཏམ་འདི་ཚོ་ཉན་ཤེས་མཁན་ཡོད་ཉོན། ད་ལྟ་ཕྱི་དྲགས་ཡོད་པ་མ་རེད།
བཀའ་དྲུང་ཟུར་པ་སྐུ་ངོ་མི་འགྱུར་རྡོ་རྗེ་མཆོག་གི་ལྷག་བསམ་དང་སེམས་ཤུགས་ང་ཚོ་གཞོན་སྐྱེས་མི་རབས་ཀྱིས་མིག་དཔེར་བལྟ་བཞིན་ཡོད། ད་རེས་གནད་འགག་གི་སྐབས་སུ་དཀའ་ངལ་གསལ་སྟོན་གནང་བ་འདི་ཙམ་མ་ཡིན་པར། ང་རང་ལ་མཚོན་ན། ཁྱེད་དང་ཁྱེད་འདྲ་བའི་རྒན་རབས་པ་ཚོའི་བློས་བཏང་དང་། བྱས་རྗེས་ཤེས་མཁན་ཞིག་ཡིན། དེའི་ཆ་ནས་བརྩི་བཀུར་ཞུ་ཡི་ཡོད། ཁྱེད་ཅག་གི་སྐུ་དྲིན་སྙིང་ལ་བཅངས་ནས་ཡོད།
མི་ཁ་བཟེད་ནས་སྤྱི་དོན་གྱི་ཆེད་གདོང་མཆོང་བྱེད་ཕོད་པའི་གསུང་ལ་རྗེས་སུ་ཡི་རང་ཞུ།
བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས། སྲིང་སྐྱོང་བློ་སེང་ལས་ལྷག་པའི་མི་ལོ་སུམ་ཅུ་ལྷག་གཞུང་དང་མི་མང་གི་ཞབས་ཕྱི་ཞུ་མཁན་ལ་རྗེས་སུ་ཡིད་རངས་ཡོད། དབུས་གཙང་མི་མང་གི་སྤྱི་མཐུས་གཅིག་བརྒྱ་ཆ་བརྒྱ་ཐམས་པ་སྐུ་ཉིད་ཡིན་པས་ངེས་སོ།།
༼གཉིས་པ་དེ་ལ། ང་ཚོའི་མང་པོ་ཞིག་དེ་རིང་ཁ་སང་ནོར་འགྲོ་ཡི་ཡོད་པ་རེད། ༢༠༡༡ ཟླ་ ༥ ཚེས་ ༢༩ ཉིན་མོ་དེ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཅའ་ཁྲིམས་བསྒྱུར་བཅོས་བཏང་གནང་བྱས་ནས་དེ་དུས་ཀྱི་བཀའ་བློན་ཁྲི་པ་དང་པོ་དེ་ཟམ་གདོང་རིན་པོ་ཆེ་རེད། ལོ་རྒྱུས་སྨྲ་བ་མང་པོ་ཞིག་གིས་དེ་ཕལ་ཆེར་བརྗེད་གྲབས་བརྗེད་གྲབས་བྱེད་ཀྱི་འདུག བྱས་ཙང་། ལོ་རྒྱུས་ནང་ལ་ཡོ་བསྲང་བྱེད་ཡག་དེ་ཡང་གལ་ཆེན་པོར་མཐོང་གི་འདུག་བསམ་གྱིན་ཡོད།༽
མང་པོ་ཞིག་གིས་གནད་དོན་འདི་མ་གཏོགས་པར་༧གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་བྱེད་ས་བློ་སེང་རེད་བསམ་ཡོད། བློ་སེང་༢༠༡༡།༨།༨ཉིན་འགན་ཁུར་བ་རེད། ༢༠༡༡།༥།༢༩ བཅའ་ཁྲིམས་ལས་༧གོང་ས་མཆོག་གི་སྐུ་དབང་དངོས་སུ་སྒྲིག་འཛུགས་གི་འགོ་ཁྲིད་ཁག་ལ་གསོལ་སྩལ་གནང་བ་རེད། བློ་སེང་གིས་ཁོ་ལ་དངོས་སུ་རྩིས་སྤྲད་པར་བརྗོད་ཀྱི་ཡོད། ལོ་རྒྱུས་ནི་དབང་བསྒྱུར་མཁན་གྱིས་རང་གི་ཁེ་ཕན་ཆེད་བཟོ་གི་རེད་ཅེས་པ་ཚང་མས་ཡིད་ལ་ཟུངས་དགོས།
སྤྱི་འཐུས་ནང་ལ། རྒད་པོ་ཉམས་མྱོང་ཅན། ཁ་ཤས་བྱུང་ན། ཕན་ཐོགས་ཡོད་རེད་དོ།།
ཤ་བོ་རྒྱ་མཚོའི་སྐད་ཆ་མགོ་འཛུགས་དུས་ཧ་སངས་འདུག་བྱས་འདུག གཟབ་གཟབ་བྱས་ཏེ་བལྟས་ན་སྤོ་རྟོ་ཞིག་ལ་སྤོ་རྟོག་གི་སྐད་ཆ་རེད། སྙིང་སྟོབས་མི་འདུག ཕྲག་དོག་ཆེ་པོ། ཡོད་ཚད་ལྷ་ཀླུ་ཞིག་གིས་བཟོས་པ་ཡོད་པའི་སྐད་ཆ། སྐད་ཆ་བཤད་མཁན་དང་འོས་སྦྱོར་བྱེད་མཁན་གཉིས་ལ་ང་སེམས་གཏིང་ནས་ཤ་ཚ་སོང་།
བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ལ་ལྷག་བསམ་རྣམ་དག་གི་སྐད་ཆ་ཞིག་ཡིན་ན་ཕྱི་དྲག་པ་རེད་ ད་སྲིད་སྤྱིའི་འོས་བསྡུ་འབེན་ལ་བཙུགས་ནས་གསུང་གི་ཡོད་ན་མི་མང་ལྐུག་པ་མ་རེད་སྤྱང་པོ་རེད་ བཙན་བྱོལ་སྒྲིགས་འཛུགས་ནམ་ཡང་འབོ་ལུགས་ཀྱི་མ་རེད་ གལ་སྲིད་འབོ་ལུགས་ན་དེའི་འགན་དེ་མཐོ་རིམ་མི་སྣ་དང་ལས་བྱེད་ཚོའི་བྱེད་ལས་རག་ལས་པ་རེད་ ཁྲིམས་འགལ་དང་སྒྲིགས་འགལ་ཡོངས་རྫོགས་བྱེད་མཁན་དབུ་ལ་ཞུགས་མཁན་ཚོ་རེད་འདུག གཟའ་ཉི་མ་ལ་རྩ་དགོང་ཞུ་མཁན་དང་རྩ་དགོང་གནང་མཁན་དང་བཀའ་བློན་གྱི་མིང་འཁུར་ནས་སྲིད་སྐྱོང་ལ་རྒྱབ་སྐྱོར་གནང་མཁན་དེ་ཚོ་འོས་བསྡུའི་སྒྲིག་གཞི་དོན་ཚན་ཉི་ཤུ་རྩ་བཞི་པའི་ནང་གསེས་བཞི་བ་དང་ཡོངས་སུ་འགལ་ཡོད་ན་ དབུས་འོས་བསྡུ་ལས་ཁང་ནས་ཉེས་ཆད་ནན་པོ་གཏོང་དགོས་ནི་ཉེས་པའི་བུ་ལ་ཉེས་པ་མ་བཏང་ན་བྱེད་པོ་ཐམས་བཅས་ཉེས་པའི་རྒྱུ་རུ་འགྲོ་ཟེར་བ་མི་བདེན་ནམ་།
དབུས་གཙང་སྤྱི་འཐུས་ཚོ། འདས་མ་ད་གསུམ་ལ་བཙན་བྱོལ་གྲོས་ཚོགས་ཀྱི་རྨང་རྡོ་ལྟ་བུ་བྱས་ཏེ་ཡོང་རེད། ཤེས་འཇོན་དང་སྤུས་ཀ་འཕྲལ་ཕུགས་རྒྱང་གསུམ་ལ་དམིགས་པའི་གོ་རྟོགས། སྐད་ཆ་ཤོད་བཏང་ཚང་མ་ད་སྔ་ཡན་ལ་ཧ་ལས་པའི་ཡག་པོ་གནང་ཡོད་ལ། ད་དུང་དེ་ལྟར་འགྲོ་བའི་རེ་བ་དང་ཡིད་ཆེས་ཡོད།) དེ་མིན། (ཆོས་བརྒྱུད་སྤྱི་འཐུས་ཚོ་དང་མདོ་སྟོད་སྤྱི་འཐུས་ཕལ་ཆེར་་མདོ་སྨད་སྤྱི་འཐུས་རེ་ཟུང་ཡོད། སྤྱི་ལ་ཁྱབ་ཅིང་དགོས་ཕན་ལྡན་པའི་སྐད་ཆ་སྣ་གཅིག་ཤོད་རྒྱུ་མེད་པར་གྲོས་ཚོགས་དང་མི་མང་དབར་དཀའ་རྙོག་དང་། ཕྱོགས་རེས་འཐེན་འཁྱེར་གྱིས་རྙོག་གྲ་བསླངས་བསྡད་པ་གྲོས་ཚོགས་སྐབས་སོ་སོའི་བརྙན་སྡེར་ལ་གཟིགས་དང་གསལ་བོ་ཧ་གོ། འདི་ལས་སྤྱི་འཐུས་ཀྱི་སྤུས་ཀ་དང་དམིགས་ཚད་གོ་རྟོགས་སོགས་རྒྱ་མར་བཀྱགས་ཡོད་པ་རེད། གསལ་སྟོན་གནང་ཡོད་པ་རེད་དཱ། ཉེ་སྔོན་དེ་ག་རང་གི་ཆོས་བརྒྱུད་སྤྱི་འཐུས་དང་དབུས་གཙང་སྤྱི་འཐུས་གཉིས་ཀྱི་དྲི་བ་དང་ལན་ལ་གཟིགས་དང་། ཁྱད་པར་ག་འདྲ་འདུག ཆོས་བརྒྱུད་སྤྱི་འཐུས་ཚོས་ལན་གང་བཏབ། ཕ་རོལ་བོ་ལ་དམིགས་ནས་བཤད་པ། རང་ཉིད་སྲུང་སྐྱོབ་དང་ཚུལ་འཆོས་ཀྱི་སྐད་ཆ་ཏག་ཏག་ཐོན་ཡོང་གི་འདུག མདོ་སྨད་སྤྱི་འཐུས་ཀྱི་དྲི་ལན་ད་དུང་མཐོང་མ་སོང་།
དབུས་གཙང་སྤྱི་འཐུས་ཀརྨ་ཡེ་ཤེས་སྤྱི་འཐུས་ཚོགས་གཙོ་གདམ་ན་ཏག་ཏག་འདུག ཀརྨ་ཡེ་ཤེས་ལ་ཁྱད་ཆོས་མང་པོ་ཚང་འདུག
ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་འཁོག་དགེས་པ་རེད་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་འཁོག་མི་དགོས་ན་བཅའ་ཁྲིམས་ནང་ཆོལ་ཁ་དང་ཆོས་ལུགས་མེད་པ་བཟོས་ནས་ས་ཁུང་ལ་ཞིག་པའི་སྤྱི་འཐུས་བཟོས་དང་དེ་མིན་ཆོལ་ཁ་དང་ཆོས་ལུགས་ཀྱི་སྤྱི་འཐུས་ཀྱི་ས་མིག་བཟོས་ནས་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་འཁོག་མི་ཆོག་ཟེར་སུའི་རྣ་བར་འགྲོ་གི་རེད་ཞེན་འཁེག་དགོས་པ་རེད་སྐྱོན་འཛུགས་བྱེད་མི་ཉན་པ་རེད་ཧཧཧཧཧ
རྗེས་སུ་ཡིད་རང་ཡོད་ངོ་མ་དོན་དངོས་དང་མཐུན་པའི་རླབས་ཆེན་ཞིག་བརྗོད་འདུག།།
ཅོ་རི་ཉི་མ། མ་འོངས་པའི་ཚོགས་གཙོ་ལ་མདོ་སྟོད་ཀྱི་འོས་མཐོ་ཤོས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་དང་། ཚོགས་གཞོན་ལ་མདོ་སྨད་ཀྱི་འོས་མཐོ་ཤོས་ཐུབ་བསྟན་ལུང་རིགས་དང་དབུས་གཙང་གི་འོས་མཐོ་ཤོས་ཤར་གླིང་ཟླ་སྒྲོལ་གཉིས་ཀྱི་གཅིག་འདམས་ན་ཡག་པོ་མེད་འགྲོ།
སྲིད་སྐྱོང་དང་། སྤྱི་འཐུས་ཞེས་ག་ཚད་གླེང་ནའང་། དབུས་གཙང་མི་མང་གི་རྗེས་སུ་འབྲངས་རྒྱུ་ལས་མདོ་སྟོད་སྨད་གཉིས་ནས་ཅང་འཇོན་ས་མ་རེད་ ཧཧ།
དཀར་ནག་བདེན་རྫུན་དབྱེ་ཞིབ་ཐོག་བགྲོ་གླེང་དང་དཔྱད་ཞིབ་བསམ་ཚུལ་བཅས་ལྷུག་པོ་བཤད་པའི་སྤོབས་པ་དང་ཆོད་སེམས་ཡོད་ན་མིང་ནག་ཁུངས་ནང་ལ་མ་བཞུགས་ནས་དངོས་སུ་ཐོན་དགོས་པ་དང་བཤད་པའི་སྐད་ཅ་ལ་འགན་འཁུར་མཁན་ཅིག་ཡིན་ན་དགའ་གུས་ཡོད། དེ་མིན་བོད་པའི་སྤྱི་ཚོགས་ནང་ལ་ཆོལ་གསུམ་ཁ་གཏོར་གཏོང་བའི་ལག་ཆ་ལས་མི་འདུག་གོ།
ད་ལྟའི་གནས་སྐབས་སུ་སྨྱུག་མིང་ལས་རང་གི་དངོས་མིང་སྤྱད་ནས་བསམ་ཚུལ་ཙམ་ཡང་འདོན་པའི་སྤོབས་པ་ཡོང་གི་མི་འདུག གང་ལ་ཟེར་ན། དོལ་ཚོགས་ཀྱིས་གསོད་ཀི་རེད། ཆོལ་ཞེན་པ་ཚོས་འཇིགས་སྐུལ་བྱེད་སྟངས་ལ་བལྟས་ན་་་་་ ་་་་་་
སྤྱི་འཐུས་ཚོགས་གཙོ་ལ་སུ་འགྲོ་མ་འགྲོ་དེ་དབུས་
གཙང་དང་མདོ་སྨད་གཉིས་ཀྱི་ལག་ཏུ་ཡོད་རེད་ཡིན་ཡང་
བཀའ་བློན་བསྐོ་རྒྱུ་ལ་དཀལ་ངལ་འཕྲད་སྲིད་པ་རེད་།
སྤྱི་འཐུས་ཚོགས་གཙོར་སུ་སླེབ་ནའང་གཅིག་པ་རེད། དེ་ལ་དམིགས་བསལ་འཇོན་ཐང་སྟོན་ས་གང་ཡང་མེད། དཔེར་ན་ཟམ་གདོང་སྤྲུལ་སྐུ་དང་། སྤེན་པ་ཚེ་རིང་བཞིན། གཞི་རིམ་གྱི་སྲིད་ཇུས་ཤིག་ལ་འགྱུར་བ་ཞིག་གཏང་མ་ཐུབ་ཀྱི་བར་སྲིད་སྐྱོང་དང་། ཚོགས་གཙོ། སྤྱི་འཐུས་སུ་སླེབ་ནའང་གོང་བཞིན་བཀའ་སྒྲུབ་ནས་སྡོད་རྒྱུ་ལས་ཀླད་པ་དཀྲུག་ས་གང་ཡང་མེད། ཨ་ཁ། ཕོ་ཤི་རེ་ཁ་བོད་པ་ཚང་།
སྤྱི་འཐུས་ཚོགས་གཙོ་བསྐོ་རྒྱུ་ལ་དཀའ་ངལ་གང་ཡང་ཡོད་མ་རེད།