རྩོམ་པ་པོ། བྲག་པར་དཔལ་ལྡན། ༼བོན་པོས་འོས་སྦྱོར་བྱས།༽
བཀའ་བཏགས་གསེར་གྱི་རྡོ་རིང་ཡོད་ས་ནི་ཆུ་ཆེན་རབ་བརྟན་རྒྱལ་པོའི་རྒྱལ་ས་དང་། རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་འཁྲུངས་ས་སོགས་ཀྱི་གནས་ཁྱད་འཕགས་ཅན་ཞིག་ཡིན། ལྷ་སྟེང་དགོན་ནི་སྔོན་ཆད་ཆེས་དར་རྒྱས་ཆེ་བའི་བོན་གྱི་དགོན་སྡེ་ཞིག་ཡིན། གོང་མ་ཆན་ལུང་གིས་དགེ་ལུགས་དགོན་དུ་བསྒྱུར་བ་དང་། ཕྱིས་སུ་ཡང་བོན་གྱི་དགོན་པར་བསྒྱུར།
ཆུ་ཆེན་རབ་བརྟན་རྒྱལ་པོ་གོང་མའི་མངའ་འོག་ཏུ་མ་འདུས་པའི་རྐྱེན་གྱིས་སྤྱི་ལོ་1253༼ཡོན་ཞན་ཙུང་ཁྲི་ལོ་གཉིས་པ༽ཆུ་ཆེན་རབ་བརྟན་རྒྱལ་པོ་ཚེ་དབང་དོན་འགྲུབ་དང་ཨ་དྲུང་གཉིས་ཀྱི་སྐབས་སུ་ཡོན་གྱི་དམག་དཔུང་ཁག་གསུམ་དུ་བགོས་པས། ཡུན་ནན་ཁོངས་ཏ་ལི་རྒྱལ་ཁབ་ཏུ་དཔུང་འཇུག་གིས་དེང་སྐབས་རྔ་བ་དང་། དཀར་མཛེས། ཡོན་ཡ་བཅས་ཁུལ་ཁག་གི་ཁྱབ་ཁོངས་སུ་ཡོད་པའི་བོད་རིགས་ས་ཁུལ་རྣམས། ཡོན་རྒྱལ་རབས་ཀྱི་དམག་དོན་སྟོབས་ཤུགས་ཀྱིས་བཀག་སྡོམ་བྱས་ཀྱང་། ཆུ་ཆེན་དང་བཙན་ལ་རྒྱལ་པོ་གཉིས་ནི་སྟོབས་དང་དཔའ་རྩལ་ཆེ་བས། ཧོར་རྒྱལ་པོའི་དུས་ནས་མངའ་འོག་ཏུ་མ་ཆུག་པར་གྲགས།
རྒྱུ་མཚན་དེའི་རྐྱེན་གྱིས་རབ་བརྟན་རྒྱལ་ས་བོན་གྱི་གནས་ཆེན་དེ་སྔར་ལས་གྲགས་ཤིང་། བོན་གྱི་མཚན་ཉིད་དང་བོན་ཆོས་ཀྱི་བཀའ་བསྟན་སོགས་དཔར་ཤིང་ཡོད་པའི་དགོན་ཆེན། མདོ་སྨད་རྒྱལ་མོ་རོང་གི་བོན་ཐམས་ཅད་ཀྱི་ལྟེ་གནས་གཡུང་དྲུང་ལྷ་སྟེང་ཡང་གྲགས་སྙན་ནམ་མཁའ་དང་མཉམ་མོ། བཙན་ལ་དེ་ཡོན་རྒྱལ་རབས་ལ་འགོ་མ་བཏགས་ཀྱང་མཐར་ཡོན་གྱི་དམག་དཔུང་གི་དྲག་ཤུགས་ཀྱིས་མངའ་འོག་ཏུ་ཆུད་དགོས་པས། ས་སྐྱ་དང་ཡོན་རྒྱལ་རབས་གཉིས་བདག་ཉིད་ཆེན་པོ་གྱུར་ནས་བཙན་ལ་བདག་ཆེན་ཞེས་གྲགས།
འོན་ཀྱང་། བཙན་ལ་བདག་ཆེན་གྱི་རྒྱལ་རྒྱུད་མེད་ཕྱིར་མན་པ་ར་རྫི་ཞིག་གིས་རྒྱལ་སྲིད་བསྐྱངས་པའི་མཐར་རབ་བརྟན་རྒྱལ་པོ་དང་གཉེན་བྱས་ནས་གོང་མ་ལྷས་སྐྱོང་གྱེན་ལྡོག་བྱེད་རྐྱེན༼1728༽ལོར༼ཡོང་ཀྲིན་ཁྲི་ལོ་དྲུག་པར༽ཐན་ཇོན་ལིའུ་ཕན་ཀྲའོ་དའོ་སི་ཐན་ཇོན་ཀྲའུ་ལ་བསྒྱུར་པ་དང་། ཆན་ལུང་གི་ལོ་རབས་ནང་དམག་དཔུང་འབོར་ཆེན་བརྟེན་ནས་སྔ་རྗེས་སུ་ལོ་ངོ་ཉི་ཤུ་རྩ་བརྒྱད་རིང་ལ་ཆུ་ཆེན་དང་བཙན་ལ་དང་རྫ་སྐྱེ་སྐུའི་ས་སྤྱོད་པའི་གྱེན་ལྡོག་ལ་དྲག་གནོན་གྱིས་དེ་རྨིང་མེད་བཟོ་ཆེད་ཏུའུ་ཧྲུའུ་སི་ཡི་དབང་བསྒྱུར་ལས་ཁུངས་བཙུགས། དེ་ལ་ས་འབྲུག་ལོར་འཁྲུགས་ཆུང་དང་། ལྕགས་ཡོས་ལོར་འཁྲུགས་ཆེན་ཞེས་གཉིས་ཡོད་པ་རེད། །
1. རབ་བྱུང་བཅུ་གཉིས་པའི་མེ་སྟག་ལོར་ཆུ་ཆེན་དང་བཙན་ལའི་སྐོར།
ཕྱི་ལོ་1746 རབ་བྱུང་བཅུ་གཉིས་པའི་མེ་སྟག་ལོར་ཆུ་ཆེན་རབ་བརྟན་རྒྱལ་པོ་དང་མག་པ་བཙན་ལའི་ཚེ་དབང་བདག་ཆེན་གཉིས་ཅུང་མ་མཐུན་པས། རབ་བྱུང་བཅུ་གསུམ་པའི་མེ་ཡོས་ལོར་ལྕགས་ལ་རྒྱལ་པོ་དང་དགེ་བཤེས་རྩ་རྒྱལ་པོ་གཉིས་དང་ཆུ་ཆེན་རབ་བརྟན་རྒྱལ་པོའི་བར་ས་རྩོད་བྱུང་ཚེ། ཟི་ཁྲོན་སྐོར་སྐྱོད་ཨམ་པཎ་སྲན་གྱིས་དེ་ལ་ཁ་གཡར་ཏེ་དམག་ཆུ་ཆེན་སྟེང་དུ་ཕུད་པར་རབ་བརྟན་རྒྱལ་པོ་ཕམ་རྗེས། ལྷས་སྐྱོང་གོང་མ༼ཆན་ལུང༽ཡིས་དཔའ་དང་དཔུང་ཤུགས་ངོམ་སྟེ། ཟི་ཁྲོན་ཙུང་ཏི་ཀྲང་ཟེ་གང་ལ་ཁྲི་དམག་གསུམ་ཁྲིད་དུ་བཅུག་ནས། བཙན་ལ་རྒྱལ་པོས་ཀྱང་དཔུང་རོགས་བྱས་ཏེ། ཕྱོགས་གསུམ་ནས་ཆུ་ཆེན་བསྐོར་བར་མ་ཟད། ལོ་ཕྱེད་ལ་ཆུ་ཆེན་ཕམ་རྒྱུ་འཆར་གཞི་བྱས་ནའང་། ཆུ་ཆེན་གྱི་དགྲ་རྫོང་ཞིག་གཏོར་བ་ལས་མཁར་གྲོང་ཞིག་ལེན་པ་སླ་ཞེས་ཕག་སྣ་བྲག་ལ་ཐུག་སྟེ། ལོ་ཕྱེད་ཟད་དེ་ས་འབྲུག་ལོའི་དཔྱིད་གར་དམག་དཔོན་ཀྲུང་ཞིན་དང་། མུན་ཁྲིན་ཞེས་པ་སོགས་མི་དམག་མང་པོ་བསད་སྟབས། གོང་མས་ཤེས་ལྡན་ནའ་ཆེན་དཔུང་གནོན་ལ་བཞག་ཅིང་ཕྱིར་ལོག་ཨར་བྷན་ཡོ་ཀྲུང་ཆེ་སླར་དམག་དཔོན་དུ་བསྐོས་ནས་འཐབ་མོད། དཔོན་མི་ཚོའི་ནང་མ་མཐུན་པ་དང་། བཙན་ལའི་དཔོན་མོ་ཨ་ཁོ་ཞེས་པ་ཆུ་ཆེན་གྱི་ནང་མ་ཡིན་པའི་རྐྱེན་གྱིས་དམག་བདག་རིན་ཅེས་དང་ཅ་ཀོང་རིད་ཟེར་པ་གཉིས་བཅས་དམག་མང་པོ་སླར་ཡང་ཤི་ལམ་དུ་བསྡུས་ཚེ། ཙུང་ཏི་ཀྲང་ཟི་ཀང་དང་ཤེས་ལྡན་ནའ་ཆེན་གཉིས་གོང་མས་བཀའ་ཆད་ཕོག་ནས་བསད།
ལོ་དེའི་དགུན་ལ་ཤེས་ལྡན་ཧྥོ་ཧུན་ཞེས་པ་དཔུང་གནོན་དུ་བསྐོས་ཏེ་བཙུན་མི་ཨ་ཁོ་སོགས་ནང་མ་རྣམས་བསད། འཐབ་ར་བཟུང་ཞིང་གཞི་ར་བཅོམ་པའི་འཐབ་རྩལ་ལྟར་ཆུ་ཆེན་ལ་རྒོལ་བར། རབ་བརྟན་རྒྱལ་པོས་ངོ་ཡ་མོ་པོ་བྱས་ནའང་། དམག་དཔོན་ཡོ་ཀྲུང་ཆི་ཡོང་ནས་སླུ་ཐབས་ཀྱིས་རབ་བརྟན་དང་མཐུན་གཏམ་སྨྲས་པར་བརྟེན། ས་སྦྲུལ་ལོའི་དཔྱིད་ཁར་འགོ་བསྒུར་རོ་དེ་ལ་ས་འབྲུག་ལོའི་འཁྲུགས་ཆུང་ཟེར།དེ་ནས་ཆུ་ཆེན་རབ་བརྟན་རྒྱལ་པོ་རྗེ་རྗེ་རྒྱལ། རབ་བྱུང་བཅུ་གཉིས་པའི་མེ་བྱ་ཕྱི་ལོ་1717་ལོར་་ཇུན་ཆེན་གྱི་དབུས་དམག་དང་པོའི་དུས་སུ། རྒྱ་དཔོན་ཡོ་ཀྲུང་ཆི་དང་ལྷན་དུ་ལྷོ་དམག་ཅེས་ཆབ་མདོ་བརྒྱུད་ནས་དབུས་སུ་དམག་དྲངས་ཏེ། ཇུན་གར་པ་ཚེ་དབང་རབ་བརྟན་ཕམ་པར་བྱས་རྗེས་བཞག་པ་རེད།
ཆུ་ཡོས་དུས་འཁྲུགས་དང་མན་ཆེན་གྱིས་དམག་དབུས་སྐྱོད་གཉིས་པའི་སྐབས་སུའང་རོགས་རམ་བྱེད་མྱངས་སྟབས། གོང་མ་ལྷས་སྐྱོང་གིས་རེ་ཞིག་ཉེས་ཆད་མ་གཅོད་པར་མ་ཚད། སྔ་སོར་མིང་རྒྱལ་རབས་ཀྱིས་ཀྲང་ཀའན་སིའི་གོ་གནས་ཐོག་ཏུ། མན་ཆེན་གྱིས་ཨན་ཧྥུ་སིའི་གོ་གནས་བཞག་སྟེ། ཐོག་མར་ཕོ་བྲང་ནུབ་རི་ནས་རྒྱལ་རོང་ལྟ་བུའི་དགྲ་རྫོང་བསྐྲུན་ཏེ། དེར་རྒོལ་བར་སྦྱོང་བའི་སྐས་དམག་ཅེས་དམག་ཉིས་སྟོང་ལྷག་ཡོད་པའི་དམག་སྒར་བཙུགས་ཤིང་། དེ་ནས་ཆུ་ཆེན་མཐུན་པའི་རྒྱལ་ཁ་ཚེ་དབང་དྲག་རྒྱལ་ཞེས་རྫོང་བཞི་མངའ་བ་དེ། ལྕགས་ལ་དང་མགོ་ལོག་དབལ་ཤུལ་མཛོད་དགེ་སོགས་ཀྱི་དམག་ལག་མགོར་དཀྲིས་ནས་བཅོམ་མོ། །
2.གོང་མས་ཆུ་ཆེན་རབ་བསྟན་ཕབ་དགོས་པའི་བཀའ་ཕབས་པའི་སྐོར།
དེ་ནས་ཡང་གོང་ནས་ལྷས་སྐྱོང་གིས་མེ་ཁྱི་ལོར་ཟི་ཁྲོན་ཙུང་ཏི་ཨར་ཐེ་ལ་རྒྱལ་རོང་རྒྱལ་ཁག་དགུས་ཆུ་ཆེན་བསྐོར་ནས་ཕམ་དགོས་བཀས་ཕབ་མོད། འོན་ཀྱང་། རབ་བརྟན་རྒྱལ་པོ་ཡང་མན་ཆེན་དང་ཆ་རྒྱུས་ཆེ་ཕྱིར། དེ་བསྟུན་གྱི་ཐག་པའི་ངོ་ཡ་ཐུ་གུས་ བྱས་ཞེས་དཔེ་ལྟར། འཕྲང་དོག་ས། རི་བཙན་སའི་དགྲ་རྫོང་འཛིང་རག་ཇེ་བརྟན་ཇེ་རྒྱས་སུ་བཏང་བས། ཟས་དང་མཚོན་ཆ་སྒྲིག་ཞོར་དུ་རྒྱལ་ས་ཚ་བོ་མི་དབང་ནམ་མཁའ་ལ་སྤྲད། ཁྲོ་སྐྱབས་དང་གཉེན་ཉེ་བྱས། བཙན་ལ་དང་དཔུང་བསྒྲིགས་རྗེས། ཆུ་ཆེན་བསོད་ནམས་དབང་རྒྱལ་དུས་རིམ་གྱིས་དགེ་བཤེས་ཙ་དབང་དུ་བསྡུས་ཤིང་།བཙན་ལ་སེང་གེ་བཟང་བདག་ཆེན་གྱིས་ཀྱང་འོག་གཞི་རྒྱལ་པོ་དབང་དུ་བསྡུས་པའི་རྐྱེན་གྱིས། འོག་གཞིའི་རྒྱལ་པོ་སྟག་ལྷ་བྲོས་བྱོལ་གྱིས་ཟི་ཁྲོན་ཅུང་ཏིས་ལ་དམག་རོགས་ཞུས་ཏེ་བཙན་བདག་ཆེན་སེང་གེ་བཟང་དང་འཐབ་ཚེ་ཕམ་རྒྱལ་མེད་པར་གནས་པ་ལ། གོང་མ་ལྷས་སྐྱོང་གིས་དམག་ཤེད་དང་རྒྱུ་ཤེད་ཕུད་དེ་ཤེས་ལྡན་ཝན་ཧྥུ་དང་ཀེ་ལེན་གཉིས་དམག་དཔོན་དུ་བསྐོས། ཧྲན་ཞི། ཀེའུ་ཀྲོའུ། ཟི་ཁྲོན་ནས་ཁྲི་དམག་གཉིས་ཀྱི་དཔུང་མངགས་ལ་ལྕགས་ཡོས་ལོའི་ཟླ་བ8པའི་ཚེས7ཉིན་རོང་རྒན་ཞིང་ལས་བར་འཐབ་ཡུན་མེད་ཅེས། བཙན་ལ་བདག་ཆེན་རྒྱལ་པོ་ཤར་ལྷོ་བྱང་ནས་རྒོལ་བའི་ཚེ་ན། ཆུ་ཆེན་བསོད་ནམས་རྒྱལ་པོས་བཙན་ལའི་དཔུང་རོགས་སུ་བློན་དཀའ་ཐུབ་དང་དམག་བདུན་བརྒྱ་ཕུད་ནས་མན་ཆེན་དམག་དང་གཡུལ་ངོ་མང་པོ་བཤམས། ཇང་ཅུན་ཞའེ་ཙུང་སྟོང་དམག་གསུམ་དང་ལྷན་དུ་མ་བཅོམ་ནའང་། མང་སྣེ་ཉུང་གིས་མ་རྟེན་པར་ཆུ་འབྲུག་ལོའི་དགུན་བཙན་ལ་དང་འོག་གཞི་གཉིས་ཀྱི་ཡུལ་ཤོར་ཞིང་། སེང་གེ་བཟང་། སུམ་མདོའི་བོན་ཐར་སོགས་ཆུ་ཆེན་དུ་བྲོས་པའོ། བཙན་ལ་བླངས་རྗེས། གོང་མས་ཝུན་ཧྥུ་མཐའ་བདེའི་དམག་བདག་ཞེས་པ་ལ་བཞག་སྟེ་ཆུ་ཆེན་ལ་དམག་འདྲེན་པའི་དམག་བདག་ཁང་བཙན་ལའི་ཆུ་གར་ན་ཡོད་པའི་སྟེང་དུ་ཆུ་ཆེན་བསོད་ནམས་དབང་རྒྱལ་བསྟན་པས་ཆུ་སྦྲུལ་ལོའི་ཟླ་བ་དྲུག་པར་འཇབ་རྒོལ་བྱེད་ཐེངས་གཅིག་གིས་དམག་བདག་ཝུན་ཧྥུ་བསད། ཁྲི་དམག་གཅིག་ཙམ་ཤི་རྨས་སུ་བཏང་། བཙན་ལའི་ཡུལ་སླར་འཕྲོག སེང་གེ་བཟང་གིས་ཡང་རྒྱལ་ས་བཟུང་བའོ། །
3.གོང་མ་ལྷས་སྐྱོང་གིས་མཐའ་བདེ་ཞེས་པའི་སྐོར།
གོང་མས་སླར་ཡང་ཨ་ཀེ་མཐའ་བདེའི་དམག་བདག་ལ་བསྐོས་པར་མ་ཟད། རྒྱལ་སའི་སྒྱོག་དམག་སྟོང་གཅིག་དང་། ཧེ་ལོང་ཅང་། ཅི་ལེན། ཡུན་ནན། ཧྲན་ཞི། ཀན་སུའུ་སོགས་ནས་དམག་རྒོད་ཆིག་ཁྲི་ལྷག་ཁ་སྣོན་བྱས་ཏེ། ཕྱོགས་གསུམ་ནས་སླར་ཡང་ཚུར་རྒོལ་བྱེད་པའི་དམག་སྣ་བཙན་ལ་སེང་གེ་བཟང་གིས་མ་ལྡོག་པར་ཟླ་བ་བཅུ་གཅིག་པའི་ནང་བཙན་ལའི་ཡུལ་ཡང་བསྐྱར་ཤོར་སྟབས། སེང་གེ་བཟང་། དམག་བློན་སུམ་མདོའི་བོན་ཐར་དག་ནི་སྔར་ལྟར་ཆུ་ཆེན་དུ་ཡོང་བ་རེད། །
4.ལྕགས་ཡོས་ལོའི་འཁྲུགས་ཆེན་ཞེས་པའི་སྐོར།
རབ་བྱུང་བཅུ་གསུམ་པའི་ཤིང་རྟའི་ལོ་འགོར་མན་ཆེན་གྱི་ཁྲི་དམག་མང་པོས་བཙན་ལ། དམ་པ། དགེ་བཤེས་ཙ་ཕྱོགས་གསུམ་ནས་ཆུ་ཆེན་གྱི་ལྷ་སྟེང་གཡུང་དྲུང་གླིང་དང་ཀྭ་ལེང་ཀ་ལ་གཡུལ་གྱི་དཔུང་བཤམས་པའི་ཚེ་ན། ཆུ་ཆེན་ནི། རབ་བརྟན་མི་དབང་ནམ་མཁའ་དང་། གྲགས་རྒྱལ་བསྟན་པ། བསོད་ནམས་དབང་རྒྱལ་གསུམ་གྱིས་ལོ་ཉི་ཤུའི་རིང་དུ་མི་མཐོ་ལུང་ཟབ་ཀྱི་ས་སྒང་རེ་རེ་ནས་བཙན་རྫོང་མང་པོ་བརྩིགས་ཏེ། མི་བཅུའི་སྟོང་འགོག་པའི་གྲ་སྒྲིག་བྱས་སྟབས། དེར་རྒོལ་བ་ནི་བཙན་ལའི་བཅུ་སྐོར་གྱི་བཀའ་ཡིན་པའི་ཕྱིར། ཆར་ཞོད་དང་མཚན་མོའི་དུས་སུ་འཇབ་རྒོལ་བྱེད་པ་ལས་ཐབས་མེད་པར་འཕྲང་རེར་ཟླ་རེ། རི་རེ་ལ་ལོ་རེ་བྱས་ནས་མི་ཤི་རྒྱུ་ཟད་ཀྱི་སྡུག་འཐབ་བྱེད་དགོས་པའི་དུས་སུ། འབྲུག་ཐར་ཞེས་པའི་བྱིས་པ་ཞིག་ཡོད་པའི་ཕ་རྒན་རབ་བརྟན་བསོད་ནམས་དབང་རྒྱལ་གྱིས་བསད་པའི་རྩོད་དོན་ཆུ་ཆེན་རྒྱལ་པོས་གསང་ལམ་གྱི་ས་ཁྲ་ཞིག་ཡོད་པ་དེ་ཨ་ཇང་ཇུན་ལ་ཕུལ་བས་གཟོད་ཆུ་ཆེན་ཕབ་ཐུབ་ཅེས་རྒྱའི་ཡིག་ཚང་ན་ཡོད་པ་ལྟར། ཤིང་ལུག་ལོའི་ཁྲུམས་ཟླའི་བཅོ་ལྔའི་ནུབ་མོར་རིམ་གྱིས་ལྷ་སྟེང་གཡུང་དྲུང་གླིང་གཏོར་ཞིང་། མེ་སྤྲེལ་ལོའི་མཆུ་ཟླའི་ནང་ད་གཟོད་ཆུ་ཆེན་བསོད་ནམས་དབང་རྒྱལ་གྱི་རྒྱལ་ས་གཏོར་ནས། རྒྱལ་པོ་བསོད་ནམས་དབང་རྒྱལ་དང་། གྲགས་རྒྱལ་བསྟན་པ། བློན་རྒན་བསྟན་པ་འོད་ཟེར། བླ་མ་བསྟན་འཛིན། ནམ་མཁའ་གཡུང་དྲུང་ཡེ་ཤེས་སོགས་སྐྱ་སེར་ཉིས་སྟོང་ལྷག་གིས་མགོ་བསྒུར་རོ། དེ་ལ་ལྕགས་ཡོས་ལོའི་འཁྲུགས་ཆེན་ཟེར་བའོ། །
དེ་ཡང་འཁྲུགས་པ་འདིའི་ཆེད་དུ་ཇུན་ཆེན་དར་ཞིང་རྒྱས་པའི་དུས་ཀྱི་གོང་མ་ལྷས་སྐྱོང་ཡང་ལོ་མང་པོའི་རིང་དུ་སྙིང་རླུང་སྟོད་དུ་འཚང་སྟེ། ཆུ་ཆེན་ཞེས་པའི་ཡུལ་གྲུ་ལག་མཐིལ་འདྲ་བ་ཞིག་འདུལ་ཆེད་རྒྱལ་ཡོངས་ཀྱི་དམག་གི་ཕྱེད་ཀ་མངགས། དེའི་འུ་ལག་གཅིག་པོར་མི་ཆིག་འབུམ་ལྷག་ཡོད་ཅིང་། འགྲོ་སོང་ལ་དངུལ་སྲང་བྱེ་བ་བདུན་བཏང་། དམག་མི་དྲུག་ཁྲི་ཙམ་ཤི་རྨས་སུ་སོང་། ཤེས་ལྡན་གཉིས་དང་། ཙུང་ཏི་གཅིག དྲག་དཔོན་སུམ་ཅུ་ལྷག་ཤི་བར་བརྟེན། གོང་མས་བདག་གི་རྒྱལ་སྲིད་ཀྱི་དམག་ལས་སུ། འདི་འདྲའི་ཆག་ཉེས་ཤིག་བྱུང་མ་མྱོང་ཞེས་ཆུ་ཆེན་ཕམ་པའི་རྡོ་རིང་དུ་བཀོད་པའོ། ཆུ་ཆེན་གྱི་འཁྲུགས་པ་ཞི་རྗེས། རྒྱལ་མོ་རོང་གི་བོད་ཀྱི་ཟློས་གར་དང་སེང་འཆམ་གྱི་སྲོལ་གཏོད་པ་ལ་གར་ཕྲུག་མང་པོ་བཅས་ཕོ་བྲང་དུ་ཁྲིད་དེ། ཡུལ་དེའི་གླུ་གར་ལྟ་བུ་གོང་མའི་གསེར་མཁར་ནའང་མེད་དོ་ཞེས་དེའི་མི་རྒྱུད་རྣམས་ད་ལྟའི་དར་དམར་སྡེ་བར་ཡོད་ཅིང་རྒྱལ་རོང་བ་ཡིན་པ་བཅས་རྒྱའི་དེབ་ཐེར་ན་ཡོད་པ་ལྟ་བུའོ། །
སྤྱི་ ལོ༼1264༽ལོར༼ཀྲེ་ཡོན་ཁྲི་ལོ་དྲུག་པ༽ཡོན་རྒྱལ་རབས་ཀྲུང་དབྱང་གིས་ཤོན་ཀྲང་ཡོན་ཞེས་པའི་ལས་ཁུངས་བཙུགས་ཏེ་རྒྱལ་ཡོངས་ཀྱི་ནང་པའི་དགོན་སྡེ་དང་།བོད་རིགས་ས་ཁུལ་རྣམས་གཅིག་གྱུར་དོ་དམ་བྱས། བོད་ཀྱི་མཐོ་རིམ་བླ་མ་དང་ས་གནས་ཀྱི་འགོ་གཙོ་རྣམས་ལ་གོ་ས་རྒྱུད་འཛིན་ཆོག་པའི་ཆོ་ལོ་བྱིན་འཇགས་བྱས་ཤིང་། སི་ཁྲོན་བོད་རིགས་ས་ཁུལ་དུ་ཐེངས་དང་པོར་བཀས་བཀོད་རྒྱུད་འཛིན་གོང་མའི་རྒྱལ་རབས་ཀྱིས་དངོས་སུ་ཆོ་ལོ་བྱིན་འཇགས་བྱས་པའི་ས་སྤྱོད་པ་འབོར་ཆེན་བྱུང་འདུག་པ་མ་ཟད། ད་དུང་བོད་རིགས་ས་ཁུལ་དུ་སྲོལ་བསྟུན་འཇམ་འགུགས་ཀྱི་དབང་བསྒྱུར་ཐབས་ཤེས་ལག་བསྟར་ཐོག་ནང་པའི་ཆོས་ལུགས་དར་སྤེལ་ཤུགས་ཆེན་བཏང་སྟེ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་བཙུགས་ནས་ཆབ་སྲིད་ཀྱི་དབང་སྒྱུར་དང་ཆོས་ལུགས་ཀྱི་དམིགས་བསལ་ནུས་པ་ཟུང་འབྲེལ་བྱས་པས། མིང་རྒྱལ་རབས་དང་ཆིང་རྒྱལ་རབས་གཉིས་ཀྱང་ཡོན་རྒྱལ་རབས་སྲོལ་རྙིང་གི་རྗེས་སུ་འབྲང་བར་མ་ཚད། ད་དུང་ཆོ་ལོ་བྱིན་འཇགས་བྱས་པའི་སྤྱོད་པ་དེ་བས་མང་བ་བྱུང་འདུག དཔེར་ན། རྒྱལ་མོ་རོང་ལ་དྲེགས་པ་བཅོ་བརྒྱད་དེ། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཅེས་དེ་རྣམས་ལ་རེ་རེ་ནས་ཐོབ་འོས་ཀྱི་གོ་ས་རྒྱུད་འཛིན་ཆོག་པའི་ཆོ་ལོ་བྱིན་འཇགས་བྱས་པའོ།། །།
༼གོ་རྟོགས་སྤེལ་ཕྱིར་ཁམས་པའི་དྲྭ་བ་ནས་བདག་བོན་པོས་དྲངས་བ་ཡིན། བྱུང་ན་ཁ་བརྡ་ཚང་གིས་ཁ་བརྡའི་མདུན་ངོས་སུ་འཇོག་རོགས་གནོངས། བོད་གངས་ཅན་བའི་ས་མཚམས་སྲུང་བའི་ཞང་ཞུང་གི་ཁྲག་རླངས་དྲོན་པོ་དེ་ངར་ཤུགས་ཆེ་སས་ཡོད་ས་རེད་ད། བཀའ་དྲིན་ཆེ་ཞུ།༽
རྒྱལ་རོང་གིས་བཙན་པོའི་དུས་ཀྱི་དམག་རྩལ་བརྒྱུད་སྤེལ་གནང་ཡོད་ཅིང་། ཆུ་ཆེན་གྱིས་ལོ་མང་རིང་མཎ་ཇུའི་བཙན་འཛུལ་ལ་རྒོལ་རྡུང་དང་རང་ས་སྲུང་འཛིན་བྱེད་ཐུབ་ཡོད་པ་ལས་བོད་སིལ་བུར་མ་འཐོར་བའི་ཡར་སྔོན་གྱི་ལམ་ལུགས་ནི་རང་སྲུང་རང་སྤེལ་ལ་ཕན་གྱི་ཡོད་པ་མཚོན་ཡོད། མཎ་ཇུས་མཐའ་མཇུག་དྲག་པོས་ཕམ་དུ་བཅུག་པ་དེའང་དཔའ་རྩལ་དང་བློ་རྩལ་གྱིས་མ་འདང་བ་ཞིག་མ་ཡིན་པར་རྒྱལ་རོང་ནང་ཁུལ་གྱི་འགལ་བ་བེད་སྤྱོད་དང་ནང་རུལ་བ་ཚོས་ཕམ་དུ་བཅུག་པ་ཞིག་ཡིན། ད་དུང་མཎ་ཇུས་གཡང་དྲུང་ལྷ་རྟེན་དགོན་དགེ་ལུགས་དགོན་པར་བསྒྱུར་བའང་བོད་པ་ནང་ཁུལ་གཏོར་བྱེད་ཀྱི་ལག་ཆར་གྱུར་ཡོད། དེ་བས། དེང་སྐབས་ཆོས་ལུགས་ལ་བརྟེན་ནས་བོད་ལ་རང་དབང་བསྐྱར་གསོ་ཡོང་སྲིད་པར་ཚོད་དཔག་བྱེད་མཁན་ཚོར་རྩིས་ནོར་ཐེབས་ཡོད་པ་ཤེས་ཐུབ་ཀྱི་ཡོད།
དཔལ་ལྡན་ཁ་བརྡ་ཚང་ལགས་སུ་སྙིང་ནས་བཀའ་དྲིན་ཆེ་ཞུ། རྣམ་པ་ཚོའི་མཛད་འཕྲིན་དབྱར་མཚོ་ཇི་བཞིན་དར་ཞིང་རྒྱས་པར་ཤོག །
དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ་བྱོན་པའི་རྡོ་རིང་བསྟན་འཛིན་དཔལ་འབྱོར་ནི་༡༧༦༠ལོར་འཁྲུངས། ཁོང་གིས་《དགའ་བཞི་བའི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ》ཞེས་བྱ་བའི་རང་རྣམ་འདི་ཉིད་བརྩམས་མཛད། ཀུན་གྱི་ངག་རྒྱུན་དུ་རྡོ་རིང་པཎྜི་ཏའི་རྣམ་ཐར་ཞེས་གྲགས།
ཁོང་ནི་དེའི་སྐབས་བཀའ་བློན་གྱི་གོ་གནས་ཀྱང་ཡོད་པའི་མི་སྣ་གལ་ཆེན་ཞིག་རེད་བཞག ཁོང་གི་སྐོར་མདོར་བསྡུས་ཅིག་འདིར་འདུག །
http://tb.xzxw.com/lsdl/lsrw/201504/t20150422_398630.html
རྣམ་ཐར་དེ་ནས་བདག་གིས་གོར་བོད་དམག་འཁྲུགས་སྐབས་སུ་རྒྱལ་རོང་བས་དཔའ་རྟགས་ཇི་ལྟར་བཞག་པའི་སྙན་རྩོམ་དུམ་བུ་དེ་འདིར་དྲྭ་གྲོགས་ཚོར་སྤྱན་འབུལ་ཞུ་བར་སྤྲོ།
༼ཡང་གོར་བོད་སྡེ་གཟར་སྐབས་གཉའ་ནང་དུ་གོར་དཔུང་གིས་གཡོ་སྒྱུའི་སྦྱོར་བ་མང་དུ་བཤམས་ཏེ་བསྟན་འཛིན་དཔལ་འབྱོར་སོགས་བཀྱིགས་བཟུང་ཐོག་གཞན་དབང་བཙན་པོས་བདས་ཏེ་བལ་ཡུལ་དུ་བྱོན་སྐབས་ཞུམ་པ་མེད་པའི་དཔའ་བོའི་སྙིང་སྟོབས་ཀྱི་འཆར་སྒོ་ཅི་འཆར་རང་རྣམ་མ་ཕྱི་དཔེ་རིང་བྲིས་མའི་ཤོག་གྲངས་༢༧༡ནང་གསལ་བའི་སྙན་ཚིག་དུམ་མཚམས་ལས།
དཔའ་བོ་བཞིན་དུ་དགྲ་བོའི་དཔུང་གིས་བསྐོར།།
རྒྱལ་པོ་བཞིན་དུ་ཟས་ལ་དུག་སེལ་བྱེད།།
པོ་ཏི་བཞིན་དུ་ཐག་ཞགས་ཀྱིས་བསྡམས་ཏེ།།
ནོར་བུ་བཞིན་དུ་རྣམ་ཀུན་མེལ་ཚེ་བྱེད།།
ཟས་སུ་སྤྲེའི་བཞིན་དུ་ཤིང་འབྲས་བསྟེན།།
བཏུང་བ་རི་དྭགས་བཞིན་དུ་དག་བྱེད་སྤྱོད།།
འགྲོ་ན་ལོང་བ་བཞིན་དུ་འཁར་བ་དང་།།
འདུག་ཚེ་དྲང་སྲོང་ན་བཞིན་དུ་ཤིང་ཤུན་གདན།།ཞེས་དང་།
ཡང་གོར་བོད་གཡུལ་འགྱེད་ཐེངས་གཉིས་པ་ལས་རང་ཕྱོགས་རྣམ་པར་རྒྱལ་བའི་ངང་གཡུལ་འགྱེད་མཇུག་བསྒྲིལ་བར་བརྟེན་གང་ཉིད་སྤྲོ་བ་རབ་ཏུ་བརྟས་ཏེ་གནམ་བསྐོས་གོང་མར་མི་ཕྱེད་པའི་དང་བ་རྙེད་པའི་སྐོར་རང་རྣམ་མ་ཕྱི་དཔེ་རིང་བྲིས་མའི་ཤོག་གྲངས་༣༠༩ཡི་རྒྱབ་ཤོག་ནང་གསལ་བའི་སྙན་ཚིག་དུམ་མཚམས་ལས།
ཀི་སྭ་གཡུལ་ལས་རྒྱལ་བའི་རྒྱ་བོད་དཔུང་།།
ཁུ་ཚུར་མཚོན་ཆ་སྣ་ཚོགས་བརྟེན་བཞིན་དུ།།
གེ་སར་བདུད་འདུལ་ལྟ་བུར་ཆས་པའི་ཚེ།།
ངོ་ཚ་ཁ་སྐྱེངས་གོར་ཁ་རྒྱལ་དཔོན་རྣམས།།
ཅི་དྲག་ཐབས་ཀྱི་གྲོས་བསྡུར་མང་བྱས་ཀྱང་།།
ཆུ་ཤོར་རགས་མཚུངས་གྱུར་ཚེ་འགྲན་འདོད་བློ།།
ཇེ་མཐོར་བསྐྱེད་ཀྱང་རང་སྡུག་རང་ཉིད་ཀྱིས།།
ཉོ་བར་བསམས་ནས་ཁོ་བོར་ཚུར་ཤོག་ཅེས།།
ཏི་པི་ཅག་དང་གླང་ཆེན་བསུ་བར་བཅས།།
ཐུ་ལུད་འདེབས་འོས་གོར་རྒྱལ་དྲུང་བོས་ཏེ།།
དེ་རིང་སང་ལས་མ་འགྱངས་སོང་ཞིག་ཅེས།།
ནོ་འཁོལ་འདྲ་བའི་རྒྱལ་ངན་ཝ་སྐད་ཤོར།།
པེ་ཅིང་གནམ་བསྐོས་རྒྱལ་པོའི་དཔུང་དམག་གིས།།
ཕུ་མདའ་ཕྱོགས་མཚམས་མཐའ་དབུས་ཀུན་བསྐོར་ཚེ།།
བེ་དོའི་ཤིང་ལྟར་རྒྱུ་རྩུབ་མགོ་མཁྲེགས་ཤིང་།།
མོ་སྟོན་ཕག་མགོའི་ཚུལ་འཛིན་ཞྭ་དམར་བ།།
ཙི་ཁུང་ཆུས་ཁེངས་བྱི་བ་དབང་མེད་དུ།།
ཚུར་རོལ་ཞིང་སྟེང་དོན་ནས་ཤི་བ་ལྟར།།
ཛེ་རེའི་འོ་འདོད་འབོད་ཅིང་སྐད་ཅིག་ལ།།
ཝོ་རྒྱལ་འཇིག་རྟེན་ཕྱི་མའི་གཟིགས་མོར་གཤེགས།།
ཞི་དྲག་ཇི་བྱས་ལམ་དུ་མ་སོང་ཚེ།།
ཟུར་འདུམ་དགྲ་གཉེན་གོ་ལྡོག་བདག་སོགས་ལ།།
འེ་ཡིས་དབྱངས་ཀྱིས་བསྟོད་ཅིང་རྫོང་བར་བཅས།།
ཡོ་ལངས་དཀྲུང་ཐང་དམག་སར་རྩིས་འབུལ་ཞུས།།
རི་བོའི་སྟེང་དུ་བྱ་གླག་ལྡིང་བ་ལམ།།
ལུ་གུར་སྤྱང་ཀིས་ཇི་བཞིན་གོར་དམག་རྣམས།།
ཤེ་མོང་བཙན་པོས་ཕ་མཐར་སྐྲོད་པ་ལ།།
སོ་ལོང་སྦ་དུར་རྒྱལ་རོང་དཔུང་ཚོགས་དཔལ།།
ཧེ་ཧེའི་སྒྲ་སྐྱོན་སྐད་དྲག་པོས་ཕས་རྒོལ་དཔུང་།།
ཧུ་ལུབ་ཁྱུར་མིད་རོལ་བའི་བརྟུལ་ཞུགས་ཅན།།
ཨེ་མ་གོང་མའི་དཔུང་གི་སྒྱུ་རྩལ་ལ།།
ཨོ་ལོ་མི་ཕྱེད་དང་བས་གུས་པར་གྱུར།།༽
ང་ལ་སྲིད་སྐྱོང་མཁོ་ཡང་བློ་བཟང་མི་མཁོ། ཧ་ལྦར་སློབ་གྲྭ་འགྲིམ་ནས་བོད་ཀྱི་ཁྲིམས་ལུགས་ཀྱི་འབུམ་རམས་པ་ཐོག་མ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དོན་དམ་བོད་ལ་སྲིད་ཞུ་ག་རེ་བསྒྲུབས་སོང་། བོད་ཀྱི་འཐབ་རྩོད་ལ་རེ་བ་གང་ཞིག་གནང་སོང་། ལྷོ་གཞིས་ས་ཁུལ་དག་ལ་བསྐྱོད་ནས་ལག་པ་དགུང་ལ་གཡུགས་བཞིན་གསུང་རེ་གཏོར་དུས་རེ་བ་ག་ཚོད་འདུག་གམ། གོང་ས་ཡིད་བཞིན་ནོར་བུ་ཟེར་ནས་གསུང་ལ་བརྩི་འཇོག་མེད་པ་གང་གིས་ལན་ནམ། སུམ་ཅུ་དུས་དྲན་ཉིན་མོར་ཐེག་ཆེན་གཙུག་ལག་ཁང་དུ་བོད་ཡིག་ཆག་ཆོག་ཀློག་པའི་སློབ་སྟོན་གང་ཞིག་གནང་སོང་། བོད་ནང་དུ་དམངས་གཙོ་རྩོད་ཀྱིན་མེད་ཟེར་བ་དང་གངས་ཅན་བོད་ལ་རྒྱལ་ཁབ་ཡོད་མྱོང་མེད་ཅེས་འཛམ་གླིང་ཡོངས་ལ་བསྒྲགས་དུས་བོད་མི་ས་ཡ་དྲུག་གིས་བདེ་སྡུག་གང་ན་ཡོད་དམ། ཤུགས་ལྡན་སྣང་མེད་བཞག་ནས་གོང་ས་རིན་པོ་ཆེའི་སྐུ་པར་རྩིས་མེད་དུ་གཏོང་དུས་གུང་ཁྲན་ཏང་གིས་ཁྱེད་ལ་རྔན་པ་འདྲ་སྤྲད་པ་ཡིན་ནམ། བསླབ་དེབ་དབྱིན་བསྒྱུར་བྱས་ཤིང་བོད་ཡིག་མཁོ་མེད་བྱས། ཁ་ནས་བོད་ཀྱི་རིག་གཞུང་གླེང་། དུས་འཁོར་དབང་ཆེན་ཕྱིར་འགྱངས་བྱས། ལོ་བཞི་དང་ཕྱེད་ཀ་གྲུབ་འབྲས་གང་ཞིག་འདུག་གམ།
མེར་བསྲེགས་ལས་འགུལ་ཁྲོད་ནས་བཀྲ་ཧེ་རྒྱང་འཕུད་བཏང་བྱུང་།གླིང་ཚ་བོར་བརླག་བྱུང་སོང་། སྒེར་གཅོད་བྱས། ནིས་ཡོག་དུས་བབས་སྟེང་དུ་ཁྱེད་ཀྱི་ཁང་པ་གླེང་དུས་མང་རྣམས་དོགས་སློང་བྱུང་སོང་།གསལ་བཤད་གང་ཡང་མེད། ད་དུང་སྲིད་སྐྱོང་གི་འོས་ཤོག་ལ་རེ་བ་ངོ་མི་གནོང་ངམ། ང་ཚོ་ལ་སྲིད་སྐྱོང་དགོས།ཁ་བཤད་དོན་ལ་གནས་བའི་སྲིད་སྐྱོང་དགོས། བོད་མི་ས་ཡ་དྲུག་གི་བདེ་སྡུག་བསམ་པའི་སྲིད་སྐྱོང་དགོས། ཁྱོད་ཀྱིས་བོད་ཡིག་ཆག་ཆག་ལས་མི་མཁྱེན། ཁྱོད་ཀྱིས་བོད་ནང་གི་སྐྱིད་སྡུག་མི་ཤེས། དེ་བས་བོད་མི་ས་ཡ་དྲུག་ལ་ཁྱོད་མི་མཁོ། བོད་ཀྱི་འཐབ་རྩོད་ལ་རྒྱལ་བ་རིན་པོ་ཆེ་ལྟ་བུའི་དྲང་བོ་དྲང་བཞག་གི་མི་སྣ་དགོསས།
མན་ཇུ་ཡིས་རྒྱལ་རོང་གཏོར་བའི་ཐད་ལ་ཐུ་བཀཱན་དང་རྐྱང་སྐྱ་རོལ་བའི་རྡོ་རྗེ་གཉིས་ཀྱིས་མཐུ་བསྒྲུབ་སྟེ་ནུས་ཤུག་ཆེན་པོ་བཏོན་ཡོད་པའི་ཚུལ་རྐྱང་སྐྱའི་རྣམ་ཐར་དུ་ངོམ་སོའི་ཚུལ་དུ་བཀོད་འདུག་པ་འདི་ནས་སྐྱུག་བྲོ་བ་མ་བྱུང་།
རྒྱལ་རོང་དཔུང་དམག་གིས་གོར་བོད་དམག་འཁྲུགས་གཉིས་པ་དེར་དམག་འཐབ་ཀྱི་བྱ་བ་ལ་བཞུགས་པ་དང་། དེ་དུས་གོར་ཁ་ཕམ་བཏང་ནས་ཞི་མཐུན་ཆིངས་ཡིག་དོན་ཚན་བདུན་ཅན་ཞིག་ཀྱང་བཞག་དགོས་ཐུག་པ་དང་། ཆིངས་ཡིག་དེ་ལ་༼Treaty Of Betravati on 2 October 1792༽ བརྗོད་ཀྱི་འདུག །
གོང་གི་རྩོམ་ཡིག་དེར་འདི་ལྟར་གསལ་བ།
༼དེ་ནས་ཆུ་ཆེན་རབ་བརྟན་རྒྱལ་པོ་རྗེ་རྗེ་རྒྱལ། ༼རྗེ་རྒྱལ་་་འདི་མཐོས་པ་ཡིན་ས་རེད༽རབ་བྱུང་བཅུ་གཉིས་པའི་མེ་བྱ་ཕྱི་ལོ་1717་ལོར་་ཇུན་ཆེན་གྱི་དབུས་དམག་དང་པོའི་དུས་སུ། རྒྱ་དཔོན་ཡོ་ཀྲུང་ཆི་དང་ལྷན་དུ་ལྷོ་དམག་ཅེས་ཆབ་མདོ་བརྒྱུད་ནས་དབུས་སུ་དམག་དྲངས་ཏེ། ཇུན་གར་པ་ཚེ་དབང་རབ་བརྟན་ཕམ་པར་བྱས་རྗེས་བཞག་པ་རེད།༽
བུ་རྒོད་འདི་ཚོ་ལ་ཡོད་ཟིག ཞང་ཞུང་གི་ཁྲག་རླངས་དྲོན་མོ་འཕྱུར་བཞིན་པའི་གངས་རིའི་་་བོན་རྒྱལ་་་ཞིག་གིས། བོད་གངས་ཅན་ལྗོངས་སུ་རྙིང་མའི་ཆོས་ལུགས་རྩ་བ་ནས་སྤྱོད་མི་ཆོག་པའི་ཁྲིམས་ཡིག་བསྒྲགས་མཁན། རྙིང་མ་པའི་དགྲ་བོའི་དང་མར་གྱུར་བ་ཞིག་ཀྱང་འཆམ་ལ་ཕབ་འདུག་བ། བོན་པོའི་བུ་རྒོད་ཟེར་ན་དེ་འདྲ་མ་རེད་དམ་ལགས། །
ཇུན་གར་བས་བོད་ཡུལ་དུ་བསྟན་བཤིག་འཁྲབ་ཚུལ་ཟུར་ཙམ་འདིར་འདུག http://www.shambalapost.com/2008-12-24-04-14-33/316-2009-01-07-16-14-44
གོར་བོད་དམག་འཁྲུགས་གི་བྱུང་རྐྱེན་རྩ་བ་ཐུག་ས་ནི་གོར་ཥ་ས་བཟོས་པའི་དངུལ་ཀྲམ་ལ་ཐུག་པར་གླེང་། དེ་དུས་བོད་པས་ཀྱང་གོར་ཁས་བཟོས་པའི་དངུལ་ཀྲམ་བེད་སྤྱོད་བྱས་ཅིང་རིམ་པས་གོར་ཁས་དངུལ་ཀྲམ་ལ་བསླད་བཅུག་ནས་དངུལ་ཟངས་འདྲེས་མའི་ཀྲང་ཀ་ཕོན་ཆེན་བོད་ལ་བཏང་བའི་རྐྱེན་བྱས་ནས་གོར་བོད་དམག་འཁྲུགས་ཤོར་བར་གསལ། །
གོར་ཁའི་ཀྲམ་ཀ་དེ་ཚོ་འདིར་འདུག་པས་གཟིགས་དང། དེ་དུས་གོར་ཁའི་དངུལ་ཀྲམ་ལ་ཁོ་ཚོའི་་་མཱོར་་་ལབ་སྲོལ་ཡོད་པ་གསལ། །
https://en.wikipedia.org/wiki/Nepalese_mohar
ཀྲང་ཀ་དང་ཀྲམ་ཀ་གཉིས་གང་དག་པ་ཡིན་ནམ། མིང་ཚིག་འདིའི་བྱུང་ཁུངས་ག་འདྲ་ཡིན་ནམ་ལགས། །
༡༩༨༨་ལོར་མཁས་དབང་ནམ་མཁའི་ནོར་བུ་མཆོག་དང་ཁོང་གི་སློབ་བུ་ཚོས་ཞང་ཞུང་་་ཁྱུང་ལུང་དངུལ་མཁར་རྒྱལ་བ་མཉེས་པའི་ཚལ་་་དུ་གཟིགས་སྐོར་ལ་ཕེབས་པའི་བརྙན་ཐུང་ཞིག་འདིར་འདུག དྲྭ་གྲོགས་ཚོ་ཉོབ་བསྡད་ཡོད་ན་མཚམས་རེར་འདི་འདྲ་རེ་བལྟས་ན་ལྷོད་ལ་བབ་ངེས། མཁས་དབང་ཁོང་གིས་མ་འོངས་པར་ཐོ་ལྡིང་ལས་ཀྱང་་་ཁྱུང་ལུང་དངུལ་མཁར་་་སྐད་གྲགས་ཆེ་བ་ཆགས་ངེས་པས་ང་ཚོས་ངོ་སྤྲོད་བྱེད་དགོས་པའི་བཀའ་བགྲོ་བ་ཡང་འདུག ། དེར་མ་ཚད་ཁོང་ལ་ཁྱུང་གི་སྐུ་འདྲ་དང་ཁྱུང་གི་ཙཀ་ལིའི་གཏེར་བརྙེད་པའི་སྐོར་ཡང་འདུག །
https://www.youtube.com/watch?v=1hd0hBPeF0o
ཁ་སྐ་དུ་ཀྲང་ཀ་དང་། ཡིག་ཐོག་ལ་ཀྲམ་ཀ་བྲིས། དོན་ནི། དངུལ་བསིལ་མའམ། ཨིན་སྐད་དུ་ཀོ་ཨིནས། cions ལ་ཟེར་ཞིང་། དེང་དུས་ལྟར་མིན་པར། སྔར་གྱི་ཊང་ཀ་ལ་དངུལ་བཟང་གི་ལྗི་ཚད་ཀྱང་ཡོད་པས། བསྲེ་སླད་ཀྱི་གོ་དོན་ཡང་དེ་ནས་བྱུང་བ་རེད།
་དངུལ་བཟང་་་་་
འདི།
་དངུལ་ཟངས་་་་་
བོད་པ་ཁྲལ་ལེ་ཁྲུལ་ལེ་ཚོས། རྒྱལ་རོང་གི་ཕོ་རྒོད་མོ་རྒོད་དེ་ཚོ་ག་འདྲ་ཞིག་ཡིན་མིན་ཤེས་འདོད་ན་འདི་ཡག་པོ་ཀློག། །
ཆུ་ཆེན་རབ་བརྟན་ཕམ་ཁ་བྱུང་དུས་ནི ༡༧༥༠-༡༧༦༠ རེད། གོར་བོད་དམག་འཁྲུག་ནི ༡༧༨༨-༡༧༩༢ བར་ཡིན་པས། དེ་བརྟེན། སྐུ་ཞབས་རྫ་བ་སོགས་ཀྱིས་རྒྱལ་རང་གི་སྐྱེས་བ་ཚང་མ་བསད་ཅེས་བ་ནི་བདེན་པ་མ་རེད། གལ་སྲིད་ཡིན་ན། ཁོས་རྒྱལ་རོང་གིས་གོར་བོད་དམག་འཁྲུག་ལ་ཞབས་འདེབས་ཆེན་པོ་ཞུས་ཡོད་ཟེར་བ་ནི་རྫུན་མ་རེད།