—མགར་སྟོང་བཙན།
པན་ཆེན་སྣང་བ་མཐའ་ཡས་དེ་རིང་ངས་ཁྱོད་ཤིན་ཏུ་དྲན། ཁྱེད་བཞུད་པ་སྔ་སོང་། ཛ་དྲག་འོག་གནས་པའི་བོད་མི་རྣམས་ཀྱིས་ཁྱེད་ཀྱི་བཀའ་དྲིན་ཤེས་ཤིང་ཁྱེད་ལ་དགའ་ཞེན་དང་གུས་བརྩི་ཆེ། ལྷག་པར་དུ་བོད་མིའི་རླབས་ཆེན་གྱི་མི་སྣ་དག་གིས་ཁྱེད་ཀྱི་སྙིང་གཏམ་ཡིད་ལ་བཅིངས་ཞིང་ཁྱེད་དང་དཔུང་པ་མཉམ་འདེགས་བྱས།
༧གོང་ས་མཆོག་གིས་ཀྱང་བོད་ནང་དུ་ཁོང་དང་མཉམ་པའི་བོད་མིའི་འཐུས་ཚབ་མཚོན་ཐུབ་མཁན་ཞིག་ཡོད་པས་ཐུགས་བདེ་བའི་ངང་བདེན་མཐའ་གསལ་བ་དང་གཞིས་བྱེས་མཉམ་མཛོམས་ཡོང་བ་ལ་འབད་བརྩོན་གནང་བཞིན་པའི་སྐབས་འདིར། ཁྱེད་ཉིད་ཞི་བར་བཞུད་སོང་། བཞུད་པ་སྔ་སོང་། འདིར་བཙན་བྱོལ་བོད་མི་ཚོར་༧གོང་ས་མཆོག་གིས་མི་ལོ་དྲུག་བཅུ་ལྷག་ལ་ཕྲུ་གུ་སྐྱོང་སྐྱོང་བྱས་ནས་ཡག་ཐག་ཆོད་ཆགས་ཡོད།
ཐབས་མཆོག་གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས་ལམ་ནས་བདེན་མཐའ་གསལ་ལ་ཉེ་བའི་སྐབས་འདིར། བཙན་བྱོལ་སྤྱི་ཚོགས་ནང་དབུ་ལམ་ལ་འགོག་རྐྱེན་བཟོ་མཁན་དང་ཁ་ནས་རྒྱ་མི་མཉམ་དུ་དུས་ནམ་ཡང་འདུག་ཐབས་མེད་ཟེར་བཞིན་རྒྱ་དགའ་བའི་ལས་ཀ་གནང་མཁན་མང་རུ་འགྲོ་བའི་སྐབས་འདིར། པན་ཆེན་ལགས་ངས་ཁྱོད་ཤིན་ཏུ་དྲན།
ད་དུང་ཁྱེད་བཞུགས་ཡོད་ན་༧གོང་ས་མཆོག་ལ་མཛད་གེགས་བཟོ་མཁན་དག་འདི་འདྲའི་མགོ་འཕང་མཐོ་བ་ཆགས་མི་སྲིད་བསམ། བསམ་བཞིན་བསམ་བཞིན་ཤིན་ཏུ་དྲན། པན་ཆེན་ལགས་ཁྱེད་བཞུད་པ་སྔ་སོང་།
པཎ་ཆེན་རིན་པོ་ཆེ་མཁྱེན་ནོ།།
པཎ་ཆེན་སྣང་བ་མཐའ་ཡས་བཞུད་སྔ་ཡང་། །
པཎ་ཆེན་ཡང་སྲིད་འཁྲུལ་མེད་ཕེབས་པ་བཟང་། །
པཎ་ཆེན་སྣང་བ་མཐའ་ཡས་ཡང་སྲིད་ཁྱོད། །
྆པཎ་ཆེན་བསྟན་འཛིན་དགེ་འདུན་ག་ན་བཞུགས། །
པཎ་ཆེན་མཆོག་གི་ཡོངས་སྲིད་དེ་བཙན་བྱོལ་ལ་ཐབས་ཤེས་མེད་པ་ཨེ་ཡིན་ནམ། སྟག་གི་ཁ་ནང་ཤ་བཞག་ན་ཟ་འགྲོ་བ་མ་ཤེས་སམ། བྱས་སྟངས་འདི་འདྲ་མཐོང་དུས་ང་ནི་ཡིད་རྨུགས་ཀི་ཡ།
བཀྲ་ཤིས་ལྷུན་པོའི་ཕྱག་འདེབས་པ་པོ་པཎ་ཆེན་དགེ་འདུན་གྲུབ་པ་དཔལ་བཟང་པོ། ༡༣༩༡ནས་༡༤༧༤བར་བཞུགས་པ་གང་གི་རྗེས་ཀྱི་ཁྲི་འཛིན་རྣམས་ལ་པཎ་ཆེན་གྱི་མཚན་ཐོགས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་༡༥༧༠ནས་༡༦༦༦༢པ་ནས་པཎ་ཆེན་རིན་པོ་ཆེ་སྤྲུལ་སྐུའི་ངོ་བོར་སེབས་སོ།
སྟོན་པའི་འཁྲུངས་གཞིས་བལ་པོའི་ཞིང་ཁམས་སུ།
མགོན་ཁྱོད་ཞབས་ཟུང་པདྨོ་བཀོད་པ་ན།
བཀའ་དྲིན་བསམ་ཞེས་ཅན་གྱི་ཡུར་གྱར་བས།
དར་ཆ་ནག་པོས་བསུ་མ་ཁྱེད་ལ་ཞུས།
ཆོལ་གསུམ་གཅིག་བསྒྲིལ་རང་ལྗོངས་གཙང་མའི་ལམ།
པད་ཅིང་ཚོགས་འདུར་འཇིགས་མེད་སེངྒེའི་སྒྲ།
སྒྲོག་པའི་ཚེ་ན་ཡ་རབས་གངས་ཅན་པས།
ལེགས་འབུལ་ཚོང་པ་རྒྱག་པའི་མཚན་བཟང་ཕུལ།
ཆོལ་གསུམ་ཞེས་པ་ཕྱོགས་གསུམ་དུ་དགོས་པ་བོད་སྐད་སྲུང་བར་འདོད་པས་། པཎ་ཆེན་སྐུ་གོང་མ་བཞིན་་དུ།སྒྲོགས་ལ་བརྩོན། ་བོད་སྐད་ས་སྟེང་དུ་ལུས་པ་དང་། དེ་ཡང་ཡི་གེའི་དག་ཆ་འཆལ་ཆོལ་དུ་མ་འགྱུར་བ་ག༏ལ་ཆེའོ།
པཎ་ཆེན་རིན་པོ་བཞུད་པ་མ་རེད་རྒྱ་མིའི་དཀྲོངས་པ྾རེད་། པཎ་ཆེན་ཡང་སྲིད་ཡང་རྒྱ་མིའི་བརྩོན་ཉར་དུ་ཡོད་རེད་ བོད་མི་རིགས་ལ་རྒལ་ཚིག་དང་ཁྲག་རྩ་ཡོད་ན་པཎ་ཆེན་ཆུང་སྲིད་རྒྱའི་བརྩོན་སྡོང་ནས་(kidnap)བྱས་ནས་རྒྱ་གར་འཕགས་ཡུལ་གདན་འདྲེན་ཞུ་དགོས་པ་རེད་ལག་ལེན་ལྟར་མ་ཐུབ་ན་སྨོན་ལམ་གཅིག་པུའི་འདོད་དོན་འགྲུབ་རྒྱུ་ཆོས་སྲིད་གང་ལའང་ཁག་པོ་མིན་འགྲོ་། པཎ་ཆེན་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་།
དཔལ་རྒྱལ་དབང་ཀརྨ་པ་མཆོག་བཙན་བྱོལ་ཕེབས་ཐུབ་སར། པཎ་ཆེན་ཐམས་ཅད་མཁྱེན་པ་བསྟན་འཛིན་དགེ་འདུན་མཆོག་བཙན་བྱོལ་ལ་ཕེབས་མ་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ། ལགས།
“པཎ་ཆེན་རིན་པོ་བཞུད་པ་མ་རེད་རྒྱ་མིའི་དཀྲོངས་པ྾རེད་།” འདིར་རང་དབང་ཡོད་པས། རྗེས་འཇུག་ས་དགོས་སམ། འི་དགོས། ལེགས་པར་བསམ་དགོས། ཁ་ནས་དེ་གཉིས་ཀ་འདྲ་བར་འབོད་པ་ལས་ནོར་འཁྲུལ་འབྱུང་ངོ་།