—-འདྲེ་གླེན་པ།
དང་པོ་ལྷ་མ་གཏོགས་མི་འགྲོ་མ་མྱོང་བའི་ལྷ་ལམ་དུ །
དེང་སང་མི་ཡང་འགྲོ་ཆོག་པའི་དམངས་ལམ་དུ་གྱུར་ཡོད་མོད །
མི་ནི་ཁྱི་ལྟར་དུ་དབུགས་ཐག་མི་རིང་བས་རིང་པོར་རྒྱུག་མི་ཐུབ།
ལྷ ། མྱི ། ཁྱི །
དེ་རིང་གི་ཟླ་གསུམ་པའི་ཚེས་ཉི་ཤུ་ནི་ལྷ་མི་གང་ལ་ཡང་མ་དབང་བར།
ཁྱི་ཁོ་ནར་དབང་ཡོད །
ཁྱི་རྒྱུག་གི་མཐའ་མའི་རྒྱུག་འགྲན་ཟླ་གསུམ་པའི་ཚེས་ཉི་ཤུར་ཡིན།
མྱི་རིགས་སུ་གཏོགས་པའི་སེམས་ཅན་ས་ཡ་དྲུག་གིས །
ཁྱི་ལ་ལྷ་ལྟར་དུ་རེ་བ་བྱས་ཤིང་།
མི་ལྟར་དུ་བརྩི་འཇོག་བྱས་ཏེ།
རང་ལ་དབང་བའི་གསེར་གྱི་ཤོག་ལྷེ་གཅིག་པུ །
ཁྱི་སྤྱང་གི་ལུས་བླངས་རུང་།
རང་ཤ་རང་གིས་མི་བཟའ་བའི་གཏན་ཚིགས་གཅིག་པུས།
དེ་རིང་དགོང་གི་ཉི་མ་ཐང་ལ་ལྷུང་།
ཕོ་ཁྱོ་ག་ཟད་ནས་མོ་ལ་ཐུག
སྨན་བུ་མོ་རྫོགས་ནས་ཁྱི་ལ་ཐུག་ཀྱང་།
རང་གི་ཤ་གསེང་རུས་གསེང་གི་ལ་རྒྱ་གཅིག་པུས།
ང་ཚོས་ད་དུང་ཁྱོད་ལ་ཁྱི་ལས་རིན་ཐང་ཆེ་བ་བྱས་ཡོད །
སང་ཉིན་གི་རྒྱུག་འགྲན་པ་ལགས།
གཏམ་འདི་ཚོ་རིམ་ལ་འཛིན་པའི་གྲོ་བྱོས །
སེམས་ལ་འཛིན་པའི་ཚིག་བྱོས །
ཕ་མེས་པོ་དམ་པའི་གཏམ་དཔེ་ལ།
ཕ་དམ་པ་ཆང་གིས་བཟི་རུང་།
དོན་དམ་པ་རླུང་ལ་མི་སྤུར།
བདག་གི་མི་མང་ལགས།
དེ་རིང་གི་དབང་འཛིན་པ་ལགས།
འདེམས་ཤེས་ན་ཕ་བཟང་བུ་ཡི་སྐྱིད་ཡིན།
འདེམས་མ་ཤེས་ཕ་རྒྱུད་ཚང་གི་སྡུག་ཡིན།
སང་ཉིན་རང་གི་མི་རིགས་ཀྱི་ཆེད་དུ །
སྐུ་གཤེགས་རྒྱལ་གཅེས་པ་ཁྲི་ཚོ་འགའ་ཡི་ཁ་ཆེམས།
གཞིས་ལུས་རྒྱ་ཆེའི་མི་མང་གི་རེ་བཞག
བོད་རང་དབང་རང་བཙན་གྱི་འཐབ་རྩོད །
རྒྱ་ནག་དམར་པོ་གཞུང་གི་སྲིད་ཇུས།
བོད་གཞི་བྱེས་གཉིས་ཀྱི་ལས་དབང་།
མདོར་ན་བོད་བཙན་པོ་ཚང་གི་ཁ་རྗེ་དབང་ཐང་ལ།
ཁ་ཁོག་པའི་བར་ནས་འདང་རྒྱོབས།
ལས་རྒྱུ་འབྲསག་ཉིས་ཆ་དཔང་དུ་བཞག་སྟེ །
འོས་འཕེན་པར་གྲ་སྒྲིག་ཡིན་ནམ། ཡོད་དམ།
གལ་སྲིད་དེ་ལྟར་དུ་མིན་པར།
ཆོལ་ཁའི་འཐེན་ཁྱེར།
ལུང་ཚན་གྱི་དགའ་ཞེན།
ཆོས་ལུགས་ཀྱི་ཕྱོགས་རིས།
གྲོགས་དང་གྲོགས་པོའི་འབྲེལ་བ།
ཤ་ཉེ་སྤུན་མཆེད་ཀྱི་འབྲེལ་བ་སོགས།
དུང་ཞེན་དང་ཕྱོགས་རིས་ཀྱི་འོས་འཕེན་པར་གྲ་སྒྲིག་ཡིན་ཚེ།
དེ་ནི་ལས་འབྲས་མེད་མཁན།
རྒྱལ་ཁབ་བཙོང་མཁན།
ཕ་ཤ་བཟའ་མཁན།
མ་མགོ་གཅོད་མཁན།
འཇིག་རྟེན་མི་ལུགས་ཀྱི་ནག་ཉེས་ཀྱི་གཏེ་པོ་ཉིད་དུ་གྱུར་པ་ཡིན་པས།
དེ་ལྟར་མིན་པའི་རེ་བ་དང་རེ་སྐུལ་བྱེད་བཞིན་ཡོད །
མཆན།
ཧ་ཅང་བྲེལ་འཚུབ་ཀྱི་ལས་ཀའི་བར་གསེང་ནས་གལ་ཆེན་དོན་ཆེན་དུ་བརྩིས་ནས་རང་གི་ལྷག་བསམ་ཟོལ་མེད་ཀྱིས། གོ་སླ་བའི་ཆེད་དུ་སྙན་ངག་གི་རྐང་བ་ལྟར་དུ་བསྒྲིགས་ནས་ཁ་སྐད་དང་ཕལ་སྐད་ཀྱི་ཚིག་གང་ཐུབ་ཀྱིས་བཀོལ་ཏེ་ཤར་མར་དུ་བྲིས་པ་ལགས།
ད་དུང་མཚོན་བྱེད་ཁྱི་ཡི་པར་ཞིག་འཇོག་དགོས་དོན། ང་ཚོ་མི་ཡིན་པ་ལས་ཁྱི་མིན་མོད། གལ་སྲིད་ཁྱི་ཡིན་ཡང་རང་ཤ་རང་གིས་མི་བཟའ་བའི་གནས་ལུགས་དེ་ང་ཚོས་མ་ཤེས་ཐུ་མེད་ཀྱི་གདམས་པ་ཡིན་པས་དྲན་སྐུལ་གྱི་ཚུལ་ཏུ་བཞག་པ་ལགས། །
19 /3 / 2016 ཉིན་གྱི་མཚན་མོར།
མི་ལ་ཕྱོགས་ཞེན་མེད་ན་རྒལ་ཚིག་མེད་པའི་རྟགས་།
རྟ་ལ་འགྲོས་རྒྱུགས་མེད་ན་ཁྲག་རྩ་མེད་པའི་རྟགས་།
ཧཧཧ
སྙན་ངག་གོ་རྒྱུ་ཡོད་པ་ཞིག་བྲིས་འདུག་ཅིང། དོན་དུ་ཁྱི་དེ་གཉིས་སྤེན་སེང་གཉིས་ཀྱི་དཔེ་རུ་བཀོད་འདུག་ག རེད་རེད་ཁོང་སུ་ཐོབ་ཀྱང་རང་བཙན་དོན་དུ་མེར་བསྲེགས་གཏོང་མཁན་ཚོའི་ཁ་ཆེམས་ལ་དོ་སྣང་ཡོད་པ་མ་རེད། དབུ་མ་པ་རེད། ཨོ་དེ་རིང་ནས་བཟུང་སྟེ་འོས་བསྡུའི་སྐོར་ལ་མང་པོ་བཤད་མི་ཆོག་པ་རེད། ཡིན་ནའང་ངས་འོས་མི་སུ་ཞིག་ཀྱང་ཁྱབ་བསྒྲགས་བྱེད་ཀྱི་མེད་པས་འགྲིག་ཡོད་ཤག
དྲྭ་གྲོགས་ཁྱུང་སེ་དང་ཇུང་ཏོག་གཉིས་ཕེབས་པ་དགའ་ཡོད །
བློ་སེང་དང་སྤེན་ཚེ་རྣམ་གཉིས་ནི། ང་ཚོའི་”ཨ་ཡོད་ནང་གི་ད་ཡོད། སྒོ་ངའི་ནང་གི་སེར་ལུ་”ཡིན་པས། ཁྱོད་ཀྱི་འདི་ཧ་ཅང་ཡང་ཐལ་དྲགས་འདུག
སྙན་པོ་ཐམས་བཅས་སྙན་ངག་མིན་།
གཟུགས་རྒྱན་དཔེ་དང་ཁ་མདོག་སོགས་།
བཟང་སྤྱོད་དོར་བའི་དཔེ་རྒྱན་གྱིས་།
ནམ་ཡང་གཞན་སེམས་འགུག་མི་ཐུབ་།
འདྲེ་དཀར་རྒད་པ་ཞིག་གིས།
https://www.facebook.com/251384031712847/videos/491852124332702/
ད་རེས་བོད་རྒྱ་འོག་ལ་འཛུལ་མཁན་གྱི་ཁྱི་གཉིས་ཀྱི་སུ་ལ་ཐོབ་ན་ཁྱད་པར་ཡོད་པ་མ་རེད། ཉི་མ་གཏོང་རོགས་རང་རེད།
གཞན་ལ་རང་ཤ་ཟ་མཁན་གྱི་ཁྱི་རུ་འབོད་ནུས་པའི་དཔའ་པོ། ཁ་ནས་རང་བཙན་བརྩད་དེ་དོན་ལ་རང་དོན་སྒྲུབ་མཁས་ཀྱི་འཇོན་པོ། བོད་ནས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་མྱོང་བའི་རྫུན་ཚིག་དེས་ད་ལྟ་ཕྱི་རྒྱལ་ལ་རང་ཙམ་མ་ཟད་ནང་མི་དང་བཅས་འབྱོར་ཕྱིན། ཁ་ནས་༧ གོང་ས་མཆོག་གི་གཙོས་བཙན་བྱོལ་བ་ཡོད་དོ་ཅོག་ལ་མཐོང་ཆུང་དང་མ་འབེབས་ཁྱད་གསོད་ཁོ་ནས་དུས་འདའ་བ་ནི་དགོད་བྲོ་བ་ཞིག་དང་། སྐབས་རེར་བློ་ཕམ་པ་ཞིག་རེད།
བོད་མི་ཀླད་མེད། སྤྲང་འཁྱམས་པ་ཚོར་ང་མི་དགའ་ཐག་གཅོད་ཡིན་ནོ།།