ཐེ་བོ་ཤེས་རབ་རྒྱ་མཚོ།
དེང་སྐབས་ཕྱོགས་གང་སར་འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་གསར་བ་འཚོལ་རྒྱུར་བྲེལ་འཚུབ་ཅིག་ལངས་ཡོད་པ་དང༌། བྲེལ་འཚུབ་དེའི་འོག་ནས་ང་ཡང་རང་རེའི་བཙན་བྱོལ་བའི་དཀྱིལ་འཁོར་ཆུང་ཆུང་འདིའི་ནང་འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་གསར་བ་ཞིག་འཚོལ་དུ་སོང༌། རྒྱ་ལོ་དོན་གྲུབ། རྒྱ་རི་བློ་གྲོས་རྒྱལ་མཚན། རྗེ་བཙུན་པདྨ། འཇུ་ཆེན་ཐུབ་བསྟན། ཨ་ལགས་འཇིགས་མེད། བཀྲེས་མཐོང་བསྟན་འཛིན་རྣམ་རྒྱལ། བཀའ་ཟུར་པདྨ་ཆོས་འབྱོར། བསོད་ནམས་སྟོབས་རྒྱལ། ཞེ་བོ་བློ་བཟང་དར་རྒྱས་སོགས་འདི་འདྲའི་མང་པོ་མང་པོ་ཞིག་རྙ ེད་པར་གྱུར། འོན་ཀྱང༌། བདག་གིས་ཡང་སྐོར་བསྐྱར་སྐོར་བསམ་གཞིགས་བྱས། ཁོང་ཚོའི་མི་རེའི་མི་ཚེའི་ལོ་རྒྱུས་དང༌། འཇོན་ནུས་ལའང་བསམ་གཞིགས་གང་མང་བྱས། མཐར་ཁོང་ཚོ་ད་ནི་མ་ཎི་རེ་བགྲངས་ནས་ངལ་གསོ་བྱེད་ཞོར་རང་ཉིད་སོ་སོའི་མི་ཚེའི་ལོ་རྒྱུས་རེ་བྲིས་ནས་འདུག་རན་པའི་ཚོར་སྣང་བྱུང༌། ང་ཡང་བསྐྱར་ང་ཚོའི་ཆོས་སྲིད་ཟུང་འབྲེལ་གྱི་དམངས་གཙོའི་གཞུང་འདི་ལ་བཀའ་བློན་ཁྲི་བ་གསར་བ་ཞིག་འཚོལ་དུ་སོང༌། ད་ཐེངས་ང་བཀའ་བློན་ཁྲི་བ་གསར་བ་འཚོལ་དུ་ཆོས་ཀྱི་གདན་ས་ཁག་ལ་སོང༌། ང་ལ་ཀརྨ་པ། གླིང་རིན་པོ་ཆེ། ས་སྐྱ་གོང་མ། པད་ནོར། སྨན་རིའི་ཁྲི་འཛིན་སོགས་རྙ ེད་པར་གྱུར། ངས་ཡང་བསྐྱར་ཁོ་ཚོའི་མཛད་རྣམ་དང་ང་ཚོའི་ད་ལྟའི་གནས་བབ་ལ་བསམ་གཞིགས་གང་མང་བྱས། བསམ་གཞིགས་གང་མང་བྱས་བྱས་བའི་མཐར་ང་ལ་ང་ཚོའི་གཞུང་འདི་ཆོས་སྲིད་ཟུང་འབྲེལ་གྱི་དམངས་གཙོའི་གཞུང་ཞིག་ཡིན་པ་བདེན་ཡང༌། འདིའི་འགོ་ཁྲིད་མཁན་གྱི་བཀའ་བློན་ཁྲི་བ་གསར་བ་དེ་ངེས་པར་དུ་ཆོས་ལུགས་གཙོ་འཛིན་གྱི་མི་སྣ་ཞིག་གདམ་མི་དགོས་བའི་ངེས་ཤེས་ཟབ་མོ་རྙ ེད། ང་ཡང་བསྐྱར་འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་གསར་བ་ཞིག་འཚོལ་དུ་སོང༌། འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་གསར་བ་དེ་འཚོལ་དུ་སྤྱི་ཚོགས་ཀྱི་ཟབ་སར་སོང༌། ང་ལ་མེག་ལོ་གྷན་ཇིའི་དཔེ་དེབ་ཚོང་ཁང་ཆུང་ཆུང་ཞིག་ནས་ལྷ་བཟང་ཚེ་རིང་རྙ ེད་པར་གྱུར། ངས་ཁོང་གི་ཞབས་རྗེས་ལ་ཞིབ་ལྟ་ཡང་ཡང་བྱས། བཙན་བྱོལ་སྤྱི་ཚོགས་ཁྲོད་ཐལ་རྡུལ་སྲབ་དྲགས་པས་ཡིན་ནམ། རླུང་བུ་འཚུབ་དྲགས་པས་ཡིན། ཁོ་ལའང་ཞབས་རྗེས་དམིགས་བསལ་བ་ཞིག་མེད་པ་མཐོང༌། ངས་ཡང་བསྐྱར་མུ་མཐུད་དུ་བཙལ། རྭ་ལོ་ཙཱ་བས་བླ་མ་བྷེ་རོ་ཝ་འཚོལ་འཚོལ་བྱས། ང་ལ་གཞི་ནས་རྙ ེད་པར་གྱུར། འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་གསར་བ་དེ་རྙ ེད་པར་གྱུར། ༢༠༠༧ ལོའི་སྤྱི་ཟླ་ ༨ ཚེས་ ༨ ཉིན་རྡི་ལིར་མི་དམངས་ ༢༥༠༠༠ ལྷག་འདུ་འཛོམས་འབྱུང་འཇུག་མཁན་གྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་ཟུར་བ། སྒོ་དྲུག་པ་སྐལ་བཟང་ཕུན་ཚོགས་རྙ ེད་པར་གྱུར། ངས་ྋ་གོང་ས་མཆོག་གི་དགུང་ནའི་བབ་དང༌། ད་ལྟའི་བོད་མི་རིགས་ཀྱི་ཛ་དྲག་གི་གནས་བབ་ལ་བསམ་གཞིགས་ཡང་སྐོར་བསྐྱར་སྐོར་བྱས། ང་ལ་འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་གསར་བ་དེ་ན་གཞོན་ཚོའི་སྣེ་ཁྲིད་རྒྱུར་ཤེས་འཇོན་གཉིས་ལྡན་དང༌། བོད་མི་རིགས་ཀྱི་གནས་བབ་ཇི་ལྟར་ཛ་དྲག་ཆགས་ཀྱང་ཁྱེད་ཀྱིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་གཟིགས་ནས་ཐུགས་ཐག་གཅོད་རོགས་ཞེས་ྋགོང་ས་མཆོག་གི་དཔུང་མགོར་འགེལ་རྐྱང་མི་བྱེད་མཁན་གྱི་ན་གཞོན་སྙ ིང་སྟོབས་ཅན་ཞིག་དགོས་བའི་ངེས་ཤེས་ཟབ་མོ་རྙ ེད་པར་མ་ཟད། འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་གསར་བ་དེ་བླ་རྒན་མགོ་སེ་ཞིག་དང་ཡང་ན་སྤོར་ཏོ་རྨོར་ཏོ་ཞིག་མ་ཡིན་པར་མི་རབས་གསར་བ་ཞིག་ཡིན་དགོས་བའི་ངེས་ཤེས་ཀྱང་རྙ ེད། གནད་འགག་དང་ཛ་དྲག་གི་སྐབས་སུ་ྋགོང་ས་མཆོག་གཅིག་པོའི་དཔུང་མགོར་འགེལ་རྐྱང་བྱེད་པ་ནི་ངས་ནམ་ཡང་ཡོལ་ཐབས་སུ་ཁོ་ནར་མཐོང་གི་ཡོད། རྒྱུ་མཚན་འདི་དག་ལ་བརྟེན་ནས་ངས་བཙལ་བཙལ་བའི་མཐར་ང་ལ་འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་གསར་བ་དེ་ད་ལྟའི་གཞོན་ནུ་ཚོགས་པའི་ཚོགས་གཙོ་ཟུར་བ་སྒོ་དྲུག་པ་སྐལ་བཟང་ཕུན་ཚོགས་ལས་མེད་པ་རྙ ེད་པར་གྱུར། རྣམ་པ་ཚོས་གཟིགས་ན་ཅི་འདྲ་འདུག་གམ།༢༠༠༨ ༡༡ ༡༡ ཉིན།
གཞོན་ནུ་ཚོགས་པའི་ཚོགས་མི་མང་ཆེ་བའི། །
ཚོར་བ་རྣོ་ངར་ཡིན་པ་བདེན་པ་དང་། །
རང་བཙན་གཙང་མ་རྩོད་པ་དེ་བས་བདེན། །
སྒོ་དྲུག་སྐལ་ཕུན་དེ་ལས་མ་འདས་ཤིང་། །
བོད་མི་ཉིས་ཁྲི་ལྔ་སྟོང་དུས་གཅིག་ཏུ། །
རྒྱལ་ས་ལྡི་ལི་གསར་པར་བསྐོངས་པ་བདེན། །
རྒྱ་མི་བོད་མིའི་བསམ་ཐག་རིང་བ་སྟེ། །
དབུ་མའི་ལམ་དང་རང་བཙན་དེ་ལས་རིང་། །
སྒོ་དྲུག་སྐལ་ཕུན་ངར་ངར་ཕད་ཕད་དང་། །
བཀའ་བློན་ཁྲི་བའི་བར་ཐག་ད་དུང་རིང་། །
སྒོ་དྲུག་གི་རིག་གནས་ཆུ་ཚད་དང་། ཆབ་སྲིད་བསམ་བློ་གང་འདྲ་ཡོད་མིན་མི་ཤེས་མོད། མཐོང་ཚོད་ལ་ཁ་བདེ་ཞིང་ལག་རྡུམ་པའི་ཚོར་སྣང་ཞིག་སྤྲད་མྱོང་། མ་གཞི་གཞོན་ནུ་ཚོགས་པར་རང་བཙན་ཇི་ལྟར་ཐོབ་ཀྱི་རེད་ཅེས་དྲིས་ན། ཚང་མས་ཤུགས་བརྒྱབ་ཐོབ་ཀྱི་རེད་ཟེར་བ་ནི་མཐའ་མའི་འབབ་ས་ལྟ་བུ་ཆགས་ཀྱི་འདུག ལོ་རྒྱུས་ཐོག་ལྡིོ་ལི་རྒྱ་མིའི་གཞུང་ཚབ་གཞོན་ཚོགས་ཀྱི་མི་རེ་འགའ་རྒྱུགས་མྱོང་བ་ལས། སྐད་གྲགས་ཆེ་བའི་ལས་འགུལ་རྣམས་ནི་མི་དམངས་དང་། དེའི་ནང་ནས་གདན་ས་གསུམ་གྱི་གྲྭ་བ་ཚོས་སྤེལ་བ་ལས་གཞོན་ནུ་ཚོགས་པས་རང་རྐྱ་འཕེར་བའི་ལས་འགུལ་ཞིག་སྤེལ་མྱོང་མེད། ཚོགས་ཁག་གང་འདྲ་ཡིན་ཀྱང་གཏམ་བཤད་སྤེལ་མཁན་ཡིན་ལ། ལས་འགུལ་གང་འདྲ་སྤེལ་ཀྱང་གྲྭ་བཙུན་དང་འབངས་མི་ཡིན། འདིའི་རྒྱབ་རོལ་ན་ཡང་རང་རིགས་ཀྱི་སྐྱུགས་བྲོ་བའི་སྣང་ཚུལ་ཞིག་བསྐུང་ཡོད་པ་འདྲ།
སྒོ་དྲུག་སྐལ་བཟང་ཕུན་ཚོགས་བོད་མི་སྟེ།།
བོད་མིའི་རྩ་དོན་ཆེད་དུ་འབད་པ་བདེན།།
བཀའ་བློན་ཁྲི་པའི་འོས་གཞིར་བཞག་ཀྱང་རུང་།།
ཁྲི་པའི་ལས་འགན་བསྒྲུབ་ལ་བར་ཐག་རིང་།།