སྐབས་བཅོ་ལྔ་བའི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཉིན་གཉིས་པ། Posted on 2016-03-222016-03-22 By རེབ་གོང་བཀྲ་ཤིས། 7 Comments on སྐབས་བཅོ་ལྔ་བའི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཉིན་གཉིས་པ། ༢༽ https://www.youtube.com/watch?v=88Qf4sx8iX4 ༣༽ https://www.youtube.com/watch?v=SvT5AnqnP98#t=11 གློག་བརྙན་།
དེང་སང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སྐྱིད་སྡུག་གནས་སྟངས་གང་ཅིའི་ཐད་ལ་བགྲོ་གླེང་དང་གསལ་འདེབས་སོགས་ཡག་པོ་གནང་གི་འདུག ། ཡིན་ནའང་ཐབས་སྐྱོ་ཤོས་དང་ཞན་ཆ་ཆེ་ཤོས་ཡོད་ས་དེ་ནི། རྒྱ་གར་དང་བལ་ཡུལ་འབྲུག་བཅས་ཉིན་རེའི་འཚོ་བ་དང་འཕྲོད་བསྟེན་ལ་དཀའ་ངལ་ཆེན་པོ་ཡོད་སར་གནས་སྡོད་བྱེད་མཁན། ཕྱི་ལོ་ང་དགུ་ལོ་ཡས་མས་ལ་རང་ཡུལ་ཤོར་སྟངས་ཤོར་ལུགས་རང་གི་མིག་སྔོན་པོས་མངོན་གསུམ་དུ་མཐོང་བ་དང་། རང་ལུས་འདོམ་གང་གི་ཐོག་ཏུ་དངོས་སུ་སྐྱིད་སྡུག་ཉམས་སུ་མྱངས་ནས། སེམས་ལ་དྲན་ཤེས་ཚོར་བའི་སྡུག་གི་ཁུར་པོ་མི་ཚེ་གང་པོར་ཁུར་ནས། རེ་བ་དང་མིག་ཆུའི་ཀློང་དུ་མི་ཚེ་འཛད་ལ་ཉེ་བའི་རྒན་འཁོགས་ཁག་དང་། ། རིག་གནས་གསར་བརྗེའི་སྐབས་སུ་དམྱལ་བ་མི་ཡུལ་དུ་མྱངས་དགོས་བྱུང་བའི་དྲན་ཤེས་ཚོར་བའི་སྡུག་གི་ཁུར་པོ་མི་ཚེ་གང་པོར་ཁུར་མཁན། རྒན་འཁོགས་ཁག་ཚེ་འཇུག་མཐའ་ངན་དུ་མི་འགྲོ་པའི་གཟིགས་སྐྱོང་ཡག་པོ་གནང་དགོས་ས་རེད། ། བོད་ནང་ལོགས་ལའང་ཁོང་ཚོ་དང་འདྲ་བ་ཧ་ཅང་མང་པོ་བཞུགས་ཡོད་པས་ང་ཚོས་འདི་ནས་འདོད་བློ་ཁེངས་བའི་ཞབས་ཞུ་འབུལ་རྒྱུའི་གོ་སྐབས་ད་དུང་བྲལ་བས་ཅི་བྱ་ཏོལ་མེད་དུ་མ་ལུས་རང་ལུས་རེད། ། ཡིན་ནའང་འདིར་བཙན་བྱོལ་དུ་བཞུགས་པའི་རྒན་འཁོགས་རྣམས་ལ་དངུལ་སྤར་རྒྱུ་ཡོད་ན་དང་པོ་ཁོང་ཚོ་ལ་ཁོང་ཚོ་ལ་སྤོར་རོགས་གནོངས། ཁང་པ་བཟོ་རྒྱུ་ཡོད་ན་དང་པོ་ཁོང་ཚོ་ལ་པོ་བཟོ་རོགས་གནོངས། ཡག་པོ་གནང་རྒྱུ་ཡོད་ན་དང་པོ་ཁོང་ཚོ་ལ་གནོངས་རོགས། ། སྔ་དགོང་ཀུན་ཏུ་ཁ་ཤར་ཕྱོགས་ལ་བསྟན་ནས་ཤི་ཁར་རང་ཡུལ་བོད་ལ་ལོག་རྒྱུ་རགས་བར་ཤོག་ཟེར་ནས་སྨོན་ལམ་རྒྱག་མཁན། མི་རིགས་ཅིག་གི་འཐབ་རྩོད་ཀྱི་ལམ་བུ་ཡ་ང་བ་དང་སྐྱི་འཇིགས་པ་ཞིག་ནས་མི་ཚེ་རྫོགས་ལ་ཉེ་བའི་རྒན་འཁོགས་ཚོ་ལ་བལྟ་རྟོགས་དང་གཟིགས་སྐྱོང་ཡག་པོ་མ་གནང་ན་དངོས་གནས་བཙན་བྱོལ་བ་ཞེས་པའི་མིང་བྱང་དེའི་མཚན་ཉིད་ཚང་ས་མ་རེད། ། ག་ཤེད་ཅིག་ལ་རྒན་གསོ་ཁང་ཞིག་བརྒྱབ་ཡོད་ཟེར་བ་དང་། ལག་དངུལ་ཕྲན་བུ་རེ་སྤྲད་ཡོད་ཟེར་བ་ཙམ་གྱིས་འགྲིག་གི་མི་འདུག ། གནས་ཚུལ་གཞན་དང་བསྡུར་ཐབས་རྩ་བ་ནས་ཡོད་མ་རེད། ཁོང་ཚོ་ལ་ཁ་ཡོད་ལག་ཡོད་ཀྱི་སེམས་ཚོར་ལྡན་པའི་ཕན་ཐོག་དགོས། དཔེར་ན་དགུང་གྲངས་བརྒྱད་བཅུར་ཕེབས་པའི་༧རྒྱལ་བ་ཡིད་བཞིན་ནོར་བུ་དང་། དགུང་གྲངས་དགུ་བཅུ་གོ་བརྒྱད་ལ་ཕེབས་པའི་གཡུང་དྲུང་ལྷ་མོ་བཞིན་ནོ། ། ཁོང་ཚོའི་སེམས་ལ་དམིགས་བསལ་གྱི་སྙིང་ཁོང་རུས་པའི་གཏིང་ནས་སེམས་ཚོར་དང་སྡུག་བསྔལ་ཡོད། འདི་ཚོའི་སྐོར་ལ་བཙན་བྱོལ་བོད་མིའི་མཐོ་རིམ་མི་སྣ་ནང་པ་སངས་རྒྱས་པ་ཚོས་ཚན་རིག་གི་ལམ་ནས་ཞིབ་འཇུག་མཐིལ་ཕྱིན་པ་གནང་སྟེ། དབུས་ས་ལ་བསྐུལ་ལྕགས་ནན་མོ་གནང་ནས་ང་དགུའི་རྒན་འཁོགས་ཚོ་སྐྱོབས་པའི་ལས་རིམ་ཁ་རྩ་དགོས་བཏུགས་གལ་ཆེན་ཞིག་གཏན་ལ་འདེབ་དགོས་པར་སེམས། ། མཐོ་མཐོར་ཁྲི་ལ་འགྱིངས་ན་ཡང་། དམའ་དམའི་མཉམ་ལ་བརྩེ་གཟིགས་མཛོད། དམའ་དམའི་མཉམ་ལ་མ་ཕན་ན། མཐོ་མཐོར་འགྱིངས་བའི་དགོས་དོན་བྲལ། ཞེས་གསུངས་པས་སོ། །
་་་་་་་་ ཡིན་ནའང་འདིར་བཙན་བྱོལ་དུ་བཞུགས་པའི་རྒན་འཁོགས་རྣམས་ལ་དངུལ་སྤར་རྒྱུ་ཡོད་ན་དང་པོ་ཁོང་ཚོ་ལ་ཁོང་ཚོ་ལ་སྤོར་རོགས་གནོངས། ཁང་པ་བཟོ་རྒྱུ་ཡོད་ན་དང་པོ་ཁོང་ཚོ་ལ་པོ་བཟོ་རོགས་གནོངས། ཡག་པོ་གནང་རྒྱུ་ཡོད་ན་དང་པོ་ཁོང་ཚོ་ལ་གནོངས་རོགས། ། ་་་་་་་་་་
ཡཡཡ་་་་ད་འོས་ཤོས་དེ་ཕལ་ཆེར་བློ་སེང་ལ་ཐོབ་འདུག དེ་ནི་གཞོན་སྐྱེས་ཀྱི་དུས་སྐབས་ཡིན་པའི་གོ་བརྡ་སྤྲོད་ཡོད། སྤ྄ེན་ཚེ་ཕམ་པ་ནི་ཀླད་རྙིང་ཁག་དང་རྨོངས་ཞེན་ཅན་རྣམས་ལ་གོ་བརྡ་ཞིག་སྤྲོད་ཡོད།
འོས་ཤོག་ཀྱི་འགྲན་རྩོད་ནང་དུ་ཆོལ་ཁའི་འགྲན་རྩོད་དེ་ཆེས་མངོན་གསལ་ཅན་དུ་གྱུར་སོང་ཞིང་། ད་ལྟའི་གྲོས་ཚོགས་ནང་དུའང་སྙིང་ནད་དེ་བཟུང་ནས་སྐད་ཆ་སྣ་ཚོགས་གླེང་གིན་འདུག་པ་ནི་ཆེས་བློ་ཕམ་པའི་དེང་སང་གི་གནས་ཚུལ་དེ་རེད། བྱེད་སྟངས་འདི་དག་མཐོང་དུས་བོད་ཀྱི་མ་འོངས་པ་ཟེར་བ་དེ་ལྟ་མི་བཟོད་པ་དང་རེ་བ་མེད་པ་ཞིག་རེད་འང་སྙམ་ནས་གཉིད་དང་ཟས་ལའང་ཡི་ག་མེད་པར་འགྱུར་འགྲོ་གི
དེང་སང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སྐྱིད་སྡུག་གནས་སྟངས་གང་ཅིའི་ཐད་ལ་བགྲོ་གླེང་དང་གསལ་འདེབས་སོགས་ཡག་པོ་གནང་གི་འདུག །
ཡིན་ནའང་ཐབས་སྐྱོ་ཤོས་དང་ཞན་ཆ་ཆེ་ཤོས་ཡོད་ས་དེ་ནི། རྒྱ་གར་དང་བལ་ཡུལ་འབྲུག་བཅས་ཉིན་རེའི་འཚོ་བ་དང་འཕྲོད་བསྟེན་ལ་དཀའ་ངལ་ཆེན་པོ་ཡོད་སར་གནས་སྡོད་བྱེད་མཁན། ཕྱི་ལོ་ང་དགུ་ལོ་ཡས་མས་ལ་རང་ཡུལ་ཤོར་སྟངས་ཤོར་ལུགས་རང་གི་མིག་སྔོན་པོས་མངོན་གསུམ་དུ་མཐོང་བ་དང་། རང་ལུས་འདོམ་གང་གི་ཐོག་ཏུ་དངོས་སུ་སྐྱིད་སྡུག་ཉམས་སུ་མྱངས་ནས། སེམས་ལ་དྲན་ཤེས་ཚོར་བའི་སྡུག་གི་ཁུར་པོ་མི་ཚེ་གང་པོར་ཁུར་ནས། རེ་བ་དང་མིག་ཆུའི་ཀློང་དུ་མི་ཚེ་འཛད་ལ་ཉེ་བའི་རྒན་འཁོགས་ཁག་དང་། །
རིག་གནས་གསར་བརྗེའི་སྐབས་སུ་དམྱལ་བ་མི་ཡུལ་དུ་མྱངས་དགོས་བྱུང་བའི་དྲན་ཤེས་ཚོར་བའི་སྡུག་གི་ཁུར་པོ་མི་ཚེ་གང་པོར་ཁུར་མཁན། རྒན་འཁོགས་ཁག་ཚེ་འཇུག་མཐའ་ངན་དུ་མི་འགྲོ་པའི་གཟིགས་སྐྱོང་ཡག་པོ་གནང་དགོས་ས་རེད། །
བོད་ནང་ལོགས་ལའང་ཁོང་ཚོ་དང་འདྲ་བ་ཧ་ཅང་མང་པོ་བཞུགས་ཡོད་པས་ང་ཚོས་འདི་ནས་འདོད་བློ་ཁེངས་བའི་ཞབས་ཞུ་འབུལ་རྒྱུའི་གོ་སྐབས་ད་དུང་བྲལ་བས་ཅི་བྱ་ཏོལ་མེད་དུ་མ་ལུས་རང་ལུས་རེད། །
ཡིན་ནའང་འདིར་བཙན་བྱོལ་དུ་བཞུགས་པའི་རྒན་འཁོགས་རྣམས་ལ་དངུལ་སྤར་རྒྱུ་ཡོད་ན་དང་པོ་ཁོང་ཚོ་ལ་ཁོང་ཚོ་ལ་སྤོར་རོགས་གནོངས། ཁང་པ་བཟོ་རྒྱུ་ཡོད་ན་དང་པོ་ཁོང་ཚོ་ལ་པོ་བཟོ་རོགས་གནོངས། ཡག་པོ་གནང་རྒྱུ་ཡོད་ན་དང་པོ་ཁོང་ཚོ་ལ་གནོངས་རོགས། །
སྔ་དགོང་ཀུན་ཏུ་ཁ་ཤར་ཕྱོགས་ལ་བསྟན་ནས་ཤི་ཁར་རང་ཡུལ་བོད་ལ་ལོག་རྒྱུ་རགས་བར་ཤོག་ཟེར་ནས་སྨོན་ལམ་རྒྱག་མཁན། མི་རིགས་ཅིག་གི་འཐབ་རྩོད་ཀྱི་ལམ་བུ་ཡ་ང་བ་དང་སྐྱི་འཇིགས་པ་ཞིག་ནས་མི་ཚེ་རྫོགས་ལ་ཉེ་བའི་རྒན་འཁོགས་ཚོ་ལ་བལྟ་རྟོགས་དང་གཟིགས་སྐྱོང་ཡག་པོ་མ་གནང་ན་དངོས་གནས་བཙན་བྱོལ་བ་ཞེས་པའི་མིང་བྱང་དེའི་མཚན་ཉིད་ཚང་ས་མ་རེད། །
ག་ཤེད་ཅིག་ལ་རྒན་གསོ་ཁང་ཞིག་བརྒྱབ་ཡོད་ཟེར་བ་དང་། ལག་དངུལ་ཕྲན་བུ་རེ་སྤྲད་ཡོད་ཟེར་བ་ཙམ་གྱིས་འགྲིག་གི་མི་འདུག །
གནས་ཚུལ་གཞན་དང་བསྡུར་ཐབས་རྩ་བ་ནས་ཡོད་མ་རེད། ཁོང་ཚོ་ལ་ཁ་ཡོད་ལག་ཡོད་ཀྱི་སེམས་ཚོར་ལྡན་པའི་ཕན་ཐོག་དགོས། དཔེར་ན་དགུང་གྲངས་བརྒྱད་བཅུར་ཕེབས་པའི་༧རྒྱལ་བ་ཡིད་བཞིན་ནོར་བུ་དང་། དགུང་གྲངས་དགུ་བཅུ་གོ་བརྒྱད་ལ་ཕེབས་པའི་གཡུང་དྲུང་ལྷ་མོ་བཞིན་ནོ། །
ཁོང་ཚོའི་སེམས་ལ་དམིགས་བསལ་གྱི་སྙིང་ཁོང་རུས་པའི་གཏིང་ནས་སེམས་ཚོར་དང་སྡུག་བསྔལ་ཡོད། འདི་ཚོའི་སྐོར་ལ་བཙན་བྱོལ་བོད་མིའི་མཐོ་རིམ་མི་སྣ་ནང་པ་སངས་རྒྱས་པ་ཚོས་ཚན་རིག་གི་ལམ་ནས་ཞིབ་འཇུག་མཐིལ་ཕྱིན་པ་གནང་སྟེ། དབུས་ས་ལ་བསྐུལ་ལྕགས་ནན་མོ་གནང་ནས་ང་དགུའི་རྒན་འཁོགས་ཚོ་སྐྱོབས་པའི་ལས་རིམ་ཁ་རྩ་དགོས་བཏུགས་གལ་ཆེན་ཞིག་གཏན་ལ་འདེབ་དགོས་པར་སེམས། །
མཐོ་མཐོར་ཁྲི་ལ་འགྱིངས་ན་ཡང་། དམའ་དམའི་མཉམ་ལ་བརྩེ་གཟིགས་མཛོད། དམའ་དམའི་མཉམ་ལ་མ་ཕན་ན། མཐོ་མཐོར་འགྱིངས་བའི་དགོས་དོན་བྲལ། ཞེས་གསུངས་པས་སོ། །
་་་་་་་་ ཡིན་ནའང་འདིར་བཙན་བྱོལ་དུ་བཞུགས་པའི་རྒན་འཁོགས་རྣམས་ལ་དངུལ་སྤར་རྒྱུ་ཡོད་ན་དང་པོ་ཁོང་ཚོ་ལ་ཁོང་ཚོ་ལ་སྤོར་རོགས་གནོངས། ཁང་པ་བཟོ་རྒྱུ་ཡོད་ན་དང་པོ་ཁོང་ཚོ་ལ་པོ་བཟོ་རོགས་གནོངས། ཡག་པོ་གནང་རྒྱུ་ཡོད་ན་དང་པོ་ཁོང་ཚོ་ལ་གནོངས་རོགས། ། ་་་་་་་་་་
ཡཡཡ་་་་ད་འོས་ཤོས་དེ་ཕལ་ཆེར་བློ་སེང་ལ་ཐོབ་འདུག དེ་ནི་གཞོན་སྐྱེས་ཀྱི་དུས་སྐབས་ཡིན་པའི་གོ་བརྡ་སྤྲོད་ཡོད། སྤ྄ེན་ཚེ་ཕམ་པ་ནི་ཀླད་རྙིང་ཁག་དང་རྨོངས་ཞེན་ཅན་རྣམས་ལ་གོ་བརྡ་ཞིག་སྤྲོད་ཡོད།
མཁས་མིང་ཐོག་པའི་ཀླད་སྟོང་བ་སློབ་བཟང་སངས་རྒྱས་ཡིན་པས་ཁོ་བོར་དྲིས་བརྩད་གནང་གལ་ཧཧཧ
འོས་ཤོག་ཀྱི་འགྲན་རྩོད་ནང་དུ་ཆོལ་ཁའི་འགྲན་རྩོད་དེ་ཆེས་མངོན་གསལ་ཅན་དུ་གྱུར་སོང་ཞིང་། ད་ལྟའི་གྲོས་ཚོགས་ནང་དུའང་སྙིང་ནད་དེ་བཟུང་ནས་སྐད་ཆ་སྣ་ཚོགས་གླེང་གིན་འདུག་པ་ནི་ཆེས་བློ་ཕམ་པའི་དེང་སང་གི་གནས་ཚུལ་དེ་རེད། བྱེད་སྟངས་འདི་དག་མཐོང་དུས་བོད་ཀྱི་མ་འོངས་པ་ཟེར་བ་དེ་ལྟ་མི་བཟོད་པ་དང་རེ་བ་མེད་པ་ཞིག་རེད་འང་སྙམ་ནས་གཉིད་དང་ཟས་ལའང་ཡི་ག་མེད་པར་འགྱུར་འགྲོ་གི
་་་་སློབ་བཟང་སངས་རྒྱས་་་་་
མ་རེད།
བློ་བཟང་སེང་གེ
རེད།
སློབ་བཟང་སངས་རྒྱས་ཡིན་པ་ཁོའི་དཔྱ་ཁྲལ་ལག་དེབ་ཀྱིས་བདེན་དཔང་བྱས་འདུག ཧ་ཧ་ཧ