ཁང་གསར་རྡོ་རྗེ།
ཡོངས་གླིང་སློབ་གྲྭའི་རྩོད་གཞི་དེ་ཐོན་ནས་ལོ་ཟླ་གང་ཙམ་ཞིག་སོང་། རྩོད་གཞི་དེ་ཞུ་རྩོད་བྱེད་ས་དང་ཐག་གིས་གཅོད་ས་ཁྲིམས་ཞིབ་ཁང་ན་ཡིན་རུང་། གླེང་རྙོག་རྒྱུན་མི་ཆད་པར་ཐོན་ས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་རེད། གླེང་རྙོག་དེ་ལོ་ལྟར་གླེང་ཙམ་གླེང་ཙམ་བྱེད་མཁན་ལ་བལྟས་ན། སྐྱེ་ཁུངས་མདོ་སྟོད་ནས་ཡིན་པའི་སྤྱི་འཐུས་འགའ་རེད། དེ་མིན་སྐྱེ་ཁོངས་ཨ་མདོ་དང་དབུས་གཙང་ནས་ཡིན་པའི་སྤྱི་འཐུས་གཞན་གྱིས་དེའི་སྐོར་གླེང་བ་ཁོ་བོས་ནི་མ་མཐོང་། དེ་ལ་དམིགས་བསལ་རྒྱུ་མཚན་ཡོད་སྲིད་ཀྱང་ང་ཚོས་ཤེས་ཀྱིན་མེད།
ཁ་མཆུ་དེ་ཡོངས་གླིང་སློབ་གྲྭའི་བདག་ཐོབ་སྐོར་ནས་ཡིན་པས། རང་བཞིན་གྱིས་ཁ་མཆུ་དེ་ཉིད་ས་ཁང་གི་རྩོད་རྙོག་ཅིག་ཡིན་པ་ཤིན་ཏུ་གསལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་། ཁྲིམས་ཞིབ་ཁང་གིས་ས་ཁང་དང་འབྲེལ་བའི་གནས་ཚུལ་གང་ཡང་ཐག་བཅད་ན་མི་ཆོག་པ་གསལ། ངོ་བོ་དང་དབང་ཚད་དེའི་སྟེང་ནས་བལྟས་ན། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཡོངས་གླིང་སློབ་གྲྭའི་ཁ་མཆུ་བླངས་ཏེ་ཐག་བཅད་པ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་རྒྱ་ལས་འདས་སོང་བ་གསལ་བོ་རེད།
ཆེས་མཐོའི་ཁྲིམས་ཞིབ་ཁང་རང་གི་ངོ་བོ་ནས་བལྟས་ན། དེ་ནི་མིང་གང་འདྲ་ཞིག་བཏགས་མིན་ལ་མ་ལྟོས་བར། སྤྱི་དམངས་ཀྱི་སྤྱིར་བཏང་གི་རྩོད་རྙོག་འདུམ་འགྲིག་བྱེད་མཁན་གྱི་ཚོགས་པ་ཞིག་ཡིན་པས། དེ་འདྲའི་ཚོགས་པ་ལ། མི་གསོད་མེ་རྒྱག་ལྟ་བུའི་ཉེས་དོན་ཉེས་གསོག་གི་ཁ་མཆུ་དང་། ས་ཆ་དང་ཁང་བ་ལྟ་བུའི་བདག་ཐོབ་ཀྱི་ཁ་མཆུའི་རིགས་ཐག་གཅོད་པའི་དབང་ཆ་མེད། ཉེས་དོན་ནམ་ནག་ཉེས་དང་། ས་ཁང་བདག་ཐོབ་ཀྱི་ཁ་མཆུའི་རིགས་ནི་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ཁང་རང་གིས་མ་གཏོགས་ཐག་བཅད་མི་ཆོག
དབང་ཚད་ཀྱི་བཀག་རྒྱ་དང་། ངོ་བའི་ཚད་བཀག་དེ་འདྲའི་འོག་ཏུ། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཡོངས་གླིང་སློབ་གྲྭའི་ཁ་མཆུ་དེ་ཁྲིམས་བཤེར་གྱི་བརྒྱུད་རིམ་ནང་ཁས་བླངས་དོན་ཅི་ཡིན་ལ་ངེས་པར་བསམ་གཞིགས་བྱ་དགོས་པ་ཞིག་ཡིན། སྲང་ལམ་གྱི་སྐད་ཆ་ལྟར་ན། དེ་ནི་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་གྱི་སློབ་སྟོན་འོག ཁ་མཆུ་དེ་བཙུགས་པར་གྲགས་ཀྱང་དེ་ལ་ཁུངས་སྐྱེལ་ཅི་ཡང་མི་འདུག ཁོང་ཅག་གི་འཆར་གཞི་ལྟར་ན། ཡོངས་གླིང་སློབ་གྲྭ་ནས་གོམ་པ་སྤོས་ཏེ། རིམ་པས་སྡེ་ཚན་གཞན་གྱི་ཐད་ལའང་དེ་འདྲའི་ཁ་མཆུ་འཛུགས་རྩིས་ཡོད་པར་གྲགས། གང་ལྟར་སྐྱེ་ཁུངས་མདོ་སྟོད་ནས་ཡིན་པའི་སྤྱི་འཐུས་འགའ་ཞིག་གིས་ཡོངས་གླིང་སློབ་གྲྭའི་རྙོག་གཞི་དེ་ཡང་ཡང་གླེང་སློང་བྱེད་པའི་རྒྱུ་རྐྱེན་གཅིག་དེ་འདྲ་ཞིག་ལ་ཐུག་མེད་དམ་སྙམ།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲའི་ནང་། ས་ཁང་གི་སྐོར་ཚིག་ཟུར་ཙམ་ཡང་མ་གླེང་བར། ཟླ་བ་ཚེ་རིང་གིས་“སྤྱི་རྫས”སྒེར་བདག་བྱས་ཚུལ་བྲིས་འདུག “སྤྱི་རྫས”ཞེས་པའི་ཡིག་འབྲུ་གཉིས་འདི། སྤྱི་བམ་གྱི་ཚིག་གཅིག་ལས་ཞིབ་ཚགས་ཤིག་མིན། སློབ་གྲྭའི་རྐུབ་སྟེགས་དང་ཅོག་ཙེ་ལྟ་བུ་སྤྱི་རྫས་སུ་གོ་ཆོག་ལ། ཁང་བ་དང་ས་ཆ་ཡང་སྤྱི་རྫས་སུ་གོ་ཆོག འོན་ཀྱང་ཟླ་བ་ཚེ་རིང་གིས། བཅད་ཁྲའི་ནང་། “སྤྱི་རྫས”ཞེས་བཀོད་བ་དག་གང་དང་གང་ལ་གོ་དགོས་མིན་གསལ་ཁ་དགོས་ཟེར་དུས། ཡོངས་གླིང་སློབ་གྲྭའི་ས་ཆ་དང་ཁང་བ་རྣམས་སྤྱི་རྫས་རེད་ཅེས་ཁྲིམས་ཞིབ་ཁང་གིས་དམིགས་བཀར་གྱིས་བརྗོད་མ་ཐུབ་པའི་དཀའ་ངལ་འཕྲད། རྙོག་གླེང་གི་གཞི་རྩ་ནི་དེ་འདྲ་ཞིག་རེད།
ཡོངས་གླིང་སློབ་གྲྭ་དེ་ཉིད་ཀྱི་བདག་ཐོབ་ལ་རྙོག་གཞི་མེད་པ་མིན། སློབ་གྲྭ་དེ་ཡོངས་འཛིན་གླིང་རིན་པོ་ཆེའི་རོགས་དམ་དང་འབྲེལ་ནས་བཙུགས་པས། མིང་ལའང་ཡོངས་གླིང་སློབ་གྲྭ་ཟེར། ཐོག་མར་རྡ་སའི་མི་མང་ཚོགས་པ་ཞིག་གིས་ཐུན་མོང་ཐོག་འཛིན་སྐྱོང་བྱས་འདུག་ཀྱང་། རིམ་པས་ཚོགས་པ་དེ་ཉམས་ཏེ་སློབ་གྲྭ་བདག་མེད་འཐོར་རྐྱེན་དུ་གྱུར། དེ་དུས་སློབ་ཁང་སོགས་རྫིག་པོ་ཅི་ཡང་ཡོད་ཚོད་མི་གདའ། སློབ་གྲྭ་ཚུགས་སའང་ད་ལྟ་ས་དེར་མིན་པར་ཟློས་གར་ལ་འགྲོ་སའི་ལམ་དེ་འདྲ་ཞིག་ལ་ཡོད་སྐད། སྐབས་དེ་འདྲ་ཞིག་ཏུ། ཟླ་བ་ཚེ་རིང་གིས་དཀའ་ངལ་ལ་མ་འཛེམས་པར་སློབ་གྲྭ་དེ་བསྐྱངས་ཤིང་། ད་ལྟའི་ས་གནས་སུ་ས་ཆ་ཉོས་ཏེ་ཁང་བ་བརྒྱབ་པ་ཡིན་འདུག ཡིན་ནའང་མ་དངུལ་བསྡུ་རུབ་སྐབས་ས་གནས་ཕ་མའི་ཚོགས་ཆུང་གི་མཉམ་ཞུགས་ཡོད་འདུག དེ་ལྟར་ལོ་ངོ་མང་བོ་སོང་ཡང་སློབ་གྲྭའི་བདག་ཐོབ་ཐད་གླེང་རྩོད་མ་བྱུང་། ཟླ་ཚེས་སློབ་གྲྭ་དེ་བསྐྱངས་བ་ཙམ་མ་ཟད། ཕྱི་རྒྱལ་གྱི་རོགས་རམ་བཙལ་ནས་སློབ་ཁང་གསར་བ་དང་། ཚོགས་ཁང་གསར་བ། དགེ་རྒན་ལ་གླ་ཕོགས། སློབ་ཕྲུག་ལ་སློབ་ཡོན་མི་དགོས་བ་སོགས་རྡ་སའི་མང་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཞབས་འདེགས་བསྒྲུབས་འདུག་ཅིང་། དེ་དང་དུས་མཉམ་དུ་ཁོང་པ་རྡ་སའི་ས་གནས་འགོ་འཛིན་ལའང་བསྐོས། ཟླ་ཚེས་ས་གནས་འགོ་འཛིན་བྱེད་རིང་ལས་མེད་ཚོར་ལས་ཀ་བཙལ། རྡ་སའི་ཁོར་ཡུག་གཙང་བཟོའི་ནང་སོ་སོ་རང་ཉིད་དངོས་སུ་ཞུགས་ཏེ་ཤུགས་བརྒྱབ། ཆང་རག་དང་བཟི་སྨན་སྤྱོད་བའི་གཞོན་སྐྱེས་མང་པོར་གོ་བསྐོན་གྱིས་སློབ་གསོ་སྤྲད་པ་སོགས་ཚང་མས་ཁས་ལེན་མ་བྱེད་མཐུ་མེད་ཀྱི་ཞབས་འདེགས་བསྒྲུབས་པར་བརྟེན། ༸གོང་ས་མཆོག་ནས་ཀྱང་ཁོང་པར་དམིགས་བསལ་གཟིགས་མཐོང་གནང་སྟེ། ཐད་བསྐོས་སྤྱི་འཐུས་སུ་བསྐོ་བཞག་བསྐྱངས།
ཟླ་བ་ཚེ་རིང་སྤྱི་འཐུས་སུ་སླེབས་རྗེས། རྡ་སར་ལས་ཁང་ཞིག་སྒོ་ཕྱེ་སྟེ་མང་ཚོགས་ཀྱི་བདེ་སྡུག་ལ་ཉན། ཡོངས་གླིང་སློབ་གྲྭའི་ཚོགས་ཁང་དུ་གཟའ་འཁོར་རེར་མང་ཚོགས་ཀྱི་གོ་རྟོགས་སྤེལ་བའི་བགྲོ་གླེང་གཉེར། ལྷག་པར་དུ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བའི་ཐད་དུ་དམིགས་བསལ་ཤུགས་བརྒྱབ་པ་མ་ཟད། ༸གོང་ས་མཆོག་གི་བཀའ་དགོངས་ལྟར། མང་ཚོགས་ནང་ནང་ཆོས་ཀྱི་གོ་རྟོགས་སྤེལ་བའི་ལས་འགུལ་ཤུགས་ཆེར་སྤེལ། གཞན་ཡང་ཁོང་དང་ཁོང་གི་ལས་རོགས་ཚོའི་གོ་སྒྲིག་འོག ལོ་ལྟར་རྡ་ས་བོད་ཁྱིམ་དུ་༸གོང་ས་མཆོག་གདན་འདྲེན་ཞུས་ཏེ་སློབ་ཕྲུག་ལོ་གཞོན་ཚོར་ནང་ཆོས་ངོ་སྤྲོད་ཀྱི་ལས་གཞི་རླབས་ཆེན་ཞིག་བརྩམས་དང་རྩོམ་མུས་ང་ཚོས་མཐོང་གསལ་དང་ཐོས་གསལ་ལྟར་རེད།
ཟླ་བ་ཚེ་རིང་གི་གནས་བབས་དང་ཤུགས་རྐྱེན་ཇེ་ཆེར་འགྲོ་དུས་མི་འགའ་ཞིག་ལ་སེམས་ངལ་སླེབས་པ་དེ་ཡང་ཆོད་ཉིད་ཅིག་རེད། དེ་ནི་ཟླ་བ་ཚེ་རིང་གིས་དབུ་མའི་ལམ་ལ་བློ་གཅིག་སེམས་གཅིག་བྱེད་པ་དེ་དང་འབྲེལ་བ་མེད་མ་སྲིད་བ་མ་རེད། དེའི་དབང་གིས་ཡོངས་གླིང་སློབ་གྲྭའི་རྙོག་གླེང་དེ་ནི་རང་བཙན་ཁ་ལ་འཁྱེར་བའི་མི་ལ་ལའི་འཇུ་ས་ཡོད་ན་མེད་ན་ཞིག་ཏུ་གྱུར་ཅིང་། རྙོག་གླེང་དེ་ལ་བརྟེན་ནས་མི་ཁ་ཤས་ཀྱིས་དབུ་མའི་ལམ་ལས་འགུལ་ཁང་གི་གྲུབ་ཆར་ཡང་ཟུར་ཟ་བྱེད་ཅིང་ཡོད། ཡིན་ནའང་། རྒྱ་ཆེའི་མང་ཚོགས་ཀྱིས། ཟླ་བ་ཚེ་རིང་ལ་ཡིད་ཆེས་བརླགས་མེད་པ་འདྲ་སྟེ། ཁོང་པ་མུ་མཐུད་དེ་སྤྱི་འཐུས་སུ་བདམས།
ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བདག་བྱས་ཟེར་ཡང་། དབུས་འོས་བསྡུ་ལས་ཁང་གིས་ཀྱང་ཟླ་བ་ཚེ་རིང་ལ་སྤྱི་འཐུས་ཀྱི་ཆ་རྐྱེན་ཚང་མེད་པར་གསུངས་མེད། དེའི་ཐད་ནས་དབུས་སྤྱི་ཁྱབ་འོས་བསྡུ་ལས་ཁུངས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གཉིས་བོད་གཞུང་གི་ལས་ཁུངས་ཡིན་པ་གཅིག་ཀྱང་ངོས་འཛིན་མི་འདྲ་བ་ཡིན་འདུག
ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་རྒྱུ་སྒེར་བདག་ཟེར་བའི་ཐག་གཅོད་ཅིག་གནང་ཡང་། ཁྲིམས་ཞིབ་ཁང་རང་ཉིད་ཀྱི་ངོ་བོ་དང་དབང་ཚད་ཀྱི་ཆ་ནས་དཔྱད་ཁྲ་དེ་ལག་ལེན་བསྟར་ཐུབ་པའི་གནས་བབས་ཤིག་མེད། ཁ་གསལ་གྱིས་བཤད་ན། ཁ་མཆུ་དེའི་སྤྱི་རྫས་ཞེས་པ་གང་དང་གང་ལ་གོ་མིན་བརྗོད་ན། ཁྲིམས་ཞིབ་ཁང་རང་ཉིད་བཅའ་ཁྲིམས་དང་འགལ་འདས་བྱེད་མཁན་དུ་གྱུར་ཅིང་། ལག་ལེན་དུ་མ་བསྟར་ན། ཁྲིམས་ཞིབ་ཁང་གི་ནུས་པ་ཉམས་འགྲོ་བཞིན་ཡོད།
ད་ལོའི་སྲིད་སྤྱིའི་འོས་བསྡུའི་འགྲན་རྩོད་ནང་། ཟླ་བ་ཚེ་རིང་གིས་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་བྱས། དེས་ཡོངས་གླིང་སློབ་གྲྭའི་གླེང་གཞི་དེ་སྔར་བས་གླེང་ཚད་མང་དུ་སོང་ཡོད། ད་ཆ་ཟླ་བ་ཚེ་རིང་གིས་དཔྱད་ཁྲ་བཞིན་ལག་ལེན་བསྟར་རྒྱུ་མིན་ཞེས་བརྗོད་ཚུལ་གསལ་བས། ཅི་ཞིག་བྱ་རྒྱུ་ཡིན་ནམ། ཟླ་ཚེས་དེ་ལབ་ནས་ཡུན་རིང་སོང་ཡང་། བཀའ་ཤག་གིས་ད་བར་དེའི་སྐོར་ཡོངས་བསྒྲགས་མི་བྱེད་པ་ཅི་ཡིན་ནམ།
རྟ་རྒྱུག་ཟིན་ཀྱང་རྡུལ་འཚུབ་མ་ཡལ་བའི་དེ་རིང་། ང་ཚོས་གནས་ཚུལ་དེར་བལྟ་སྐབས། དེའི་རྒྱབ་ལོགས་ན་ང་ཚོས་ཚོད་དཔག་ཐུབ་པ་དང་མི་ཐུབ་པའི་གསང་བ་མང་བོ་ཞིག་སྐུང་ཡོད་པ་ཚོར་བ་དང་མཉམ། གནད་དོན་དེ་དཔྱད་ཁྲ་གཅིག་ལག་ལེན་དུ་བསྟར་མ་བསྟར་གྱི་གནས་ཚུལ་ཙམ་མིན་པའི་ཚོར་སྣང་སློང་།། །།
ཆེས་མཐོ་ཁྲིམས་ཞིབ་ཁང་གིས་་སྐུ་ངོ་ཟླ་ཚེ་ལ་བཅད་ཁྲ་དང་ལེན་བྱེད་མིན་སྐད་ཆ་དྲིས། གལ་སྲིད་དང་ལེན་མི་བྱེད་ན་རྒྱ་གར་ཁྲིམས་ཁང་ནང་བསྐྱལ་ནས་ཐག་གཅོད་བྱེད་དགོས་པ་ཆགས་ཡོད། དེ་ལྟར་བྱེད་མ་ཐུབ་ཚེ་ཆེས་མཐོ་ཁྲིམས་ཞིབ་ཁང་ནི་འགྲོ་སོང་ལྷག་མ་གཏོང་ས་ཞིག་ཆགས་ཡོད་པས། དེང་ཕྱིན་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་དམ་འབུལ་ཞུ་སའི་ཁྲིམས་ཞིབ་པ་གཅིག་དང་དྲུང་ཆེ་གཅིག་ལས་གཞན་དག་ཁུ་བསྡུ་བྱེད་འོས།
བཙན་བྱོལ་བོདམིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ནུས་པ་ལྡན་པའི་ཁྲིམས་གཅོད་འདི་རེད་བསམ་པ་གཅིག་ད་བར་གོ་མ་མྱོང་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་ས་གནས་ཁྲིམས་ཞིབ་ཁང་དེ་ཚོ་ལས་བྱེད་མི་ཁ་ཤས་ཀྱི་འཚོ་བ་སྐྱེལ་ས་ཙམ་ལས་དེ་མིན་ནུས་པ་མེད་པའི་ཁྲིམས་ཞིབ་ཁང་གི་བཙུགས་པ་ལས་མ་བཙུགས་ན་ཡག་གི་མྈརེད་དམ་ ལུང་པ་གཅིག་གི་ཁྲིམས་ཁང་གཉིས་འགྲོ་ས་ཨ་ཡོད་།
ཡོངས་གླིང་སློབ་གྲྭའི་གནོད་གཞི་དེ་ཆེན་པོ་རེད། སྔ་མ་དེའི་གནོད་སྒྲ་བོད་གཞུང་ཆེས་མཐོ་ཁྲིམས་ཁང་དུ་གཏུགས་སྐབས་ཟླ་ཚེ་ནས་ཆེས་མཐོ་ཁྲིམས་ཁང་དྲང་ཤག་མིན་རབས་བཤད་དེ། བོད་གཞུང་ཆེས་མཐོ་ཁྲིམས་ཁང་དང་ཕྱོགས་སྔ་གཉིས་ཀ་སིལ་ལར་རྒྱ་གར་གྱི་ཁྲིམས་ཁང་དུ་སྐྱེལ་ཏེ་ཐ་མར་སློབ་གྲྭ་ཟླ་ཚེས་བླངས་པ་རེད། དེ་ནས་བཟུང་བོད་གཞུང་ཆེས་མཐོ་ཁྲིམས་ཁང་ནུས་མེད་དུ་གྱུར་པ་རེད། ཟླ་ཚེས་དང། ཤར་ཕྱོགས་ཁུག་རྟ། རྨ་རུ་བསྟན་པ་གསུམ་ནི་དྷ་སའི་དབུ་མ་ལམ་ལས་འགུལ་ཁང་གི་སྐུ་དྲག་གསུམ་རེད། དེའི་གཙོ་འཛིན་མཁས་དབང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་རེད།
དེ་སྔོན་ཆེས་མཐོའི་ཁྲིམ་ཞིབ་ཁང་གིས་ཁ་མཆུ་དེ་ངོས་བཞེས་གང་འདྲ་བྱས་ཏེ་གནང་ཡོད་མེད་སྐོར་ལ་དེའི་དུས་ཀྱི་ཁྲིམས་ཞིབ་པ་དང་ཁྲིམས་པ་གཞན་གཉིས་སུ་ཡིན་མིན་ལའང་འབྲེལ་བ་ཡོད་ཀྱི་རེད། དེ་ནས་ཁ་མཆུ་རྒྱག་མཁན་གང་ཟག་གམ་ཞུ་སྦྱོར་སྔ་མ་ཡབ་ཆེན་ཟེར་མཁན་དེར་རྒྱབ་བསྐུལ་བྱེད་མཁན་དེ་ཚོའི་སྐུལ་སློང་ལའང་བསམ་གཞིགས་བྱེད་རིན་ཡོད། བཀའ་ཤག་སྐབས་གོང་མར་ཟླ་ཚེས་སྤྱི་རྫས་རྣམས་རྩིས་བཞེས་པར་ཕེབས་ཞེས་ཐེངས་གཉིས་ཙམ་ཞུས་པས་གཞུང་ནས་ཤེས་བཀའ་ཐུབ་བསྟན་ལུང་རིགས་དང་ད་ལྟའི་ལྷོ་ཨ་ཕི་རི་ཁའི་དོན་གཅོད་སྣང་ས་ཆོས་སྒྲོན་སོགས་འབྲེལ་ཡོད་འགའ་ཤས་བསྐྱོད་ཡོད། ཁོང་ཚོས་སྤྱི་རྫས་རྩིས་ལེན་ཞིབ་དཔྱད་བྱེད་སྐབས་ས་ཆ་དེ་བཞིན་རྒྱ་གར་ཡུལ་མི་ཞིག་གི་མི་ཐོག་ཡོད་པ་དང་། དེའི་ཐོག་ཟླ་ཚེས་ཁང་པ་བརྒྱབ་པ། སྤྱི་རྫས་དངོས་གནས་དེ་ཁང་པའི་ནང་གི་འཛིན་ཆས་རྙིང་པ་དེ་ཚོ་དང་ཕྲུ་གུ་དེ་ཚོ་ཡིན་པ་ཤེས་ཚོར་བྱུང་། གཞུང་གིས་དེ་དག་རྩིས་བླངས་ཏེ་ཁྲིམས་ཞིབ་ཁང་གི་དཔྱད་ཁྲའི་འབྲུ་དོན་བཞིན་ཟླ་ཚེར་སྒོར་འབུམ་བཅུ་ཕྱིར་སྤྲོད་དགོས་པ་གསལ་བ་ལག་བསྟར་བྱས་ན་གཞུང་ལ་གྱོང་གུན་རག་གི་ཡོད་པ་ལས་ཕན་ཐོགས་མེད་པ་གསལ་པོ་ཆགས་པ་རེད། འདི་ནས་གསལ་སྟོན་བྱས་པ་ནི་ཁ་མཆུ་དེ་བཞིན་གཞུང་གི་ཆེད་དུ་མིན་པ་གསལ་པོ་ཆགས་པ་རེད། ཤེས་རིག་བཀའ་བློན་གྱིས་གནས་ཚུལ་འདི་ཚོ་མ་གསུངས་པར་ཟླ་ཚེས་རྩིས་སྤྲོད་ཀྱི་མེད་ཚུལ་གྱི་ཕྱོགས་གཅིག་ཙམ་གླེང་བ་དེ་ཡང་ཡ་མཚན་རེད། མ་ཟད་ཁོང་གིས་དྲི་བ་མ་ཡོང་བའི་ཉིན་གཅིག་གོང་ཡིག་ཆ་དེ་དག་གཟིགས་ཚུལ་གསུངས་པར་གཞིགས་ན་དྲི་བ་དང་ལན་གཉིས་ལ་ནང་གྲོས་ཞིག་བྱུང་མེད་དམ་སྙམ།
་་་་་་་་་་་ གང་ལྟར་སྐྱེ་ཁུངས་མདོ་སྟོད་ནས་ཡིན་པའི་སྤྱི་འཐུས་འགའ་ཞིག་གིས་ཡོངས་གླིང་སློབ་གྲྭའི་རྙོག་གཞི་དེ་ཡང་ཡང་གླེང་སློང་བྱེད་པའི་རྒྱུ་རྐྱེན་གཅིག་དེ་འདྲ་ཞིག་ལ་ཐུག་མེད་དམ་སྙམ། ་་་་་་་་་
་་་་་་་་ ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བདག་བྱས་ཟེར་ཡང་། དབུས་འོས་བསྡུ་ལས་ཁང་གིས་ཀྱང་ཟླ་བ་ཚེ་རིང་ལ་སྤྱི་འཐུས་ཀྱི་ཆ་རྐྱེན་ཚང་མེད་པར་གསུངས་མེད། ་་་་་་་་་་་་
སྤྱི་འཐུས་སྒེར་བདག་སྤྱི་འཐུས། མི་གསོད་ལག་དམར་སྤྱི་འཐུས། ད་དུང་་་་་་་་ ཧཧཧཧཧཧ།། །།
རྩོམ་ཡིག་འདི་ཀློག་རིན་ཡོད་པ་ཞིག་འདུག ང་ལ་ཡང་དོགས་པ་འགའ་ཡོད། ཆེས་མཐོའི་ཁྲིམས་ཞིབ་ཁང་ཟེར་བ་དེ་ཡང་རྙོག་དྲྭ་ཉུང་དུ་གཏོང་མཁན་ཞིག་ཡིན་དང་མང་དུ་གཏོང་མཁན་ཞིག་ཡིན་ཆ་མ་འཚལ།
རྩ་བ་ཐུག་ས་མདོ་སྟོད་་་་་་མདོ་སྟོད་་་་་་འཇུ་ཆེན་་་་་་འཇུ་ཆེན་་་་་ཧཧཧཧ
སྤྱི་འཐུས་ཀྱིས། ཡོངས་གླིང་སློབ་གྲྭའི་སྐོར་ལ།
https://www.facebook.com/profile.php?id=100010798146019
ཡོངས་གླིང་སློབ་གྲྭ་དང་། ཤེས་རིག་ལས་ཁུངས།
https://www.facebook.com/TONGKORTHUPTEN/videos/vb.786256876/10153942686346877/?type=2&theater
ངའི་ངོ་ཤེས་དྷ་སར་གནས་སྡོད་མདོ་སྟོད་པ་ཞིག་གིས། ང་ཚོས་ཁ་གཏང་སའང་ཟླ་བ་ཚེ་རིང་ལགས་རེད། རེ་བ་བཅོལ་སའང་ཟླ་བ་ཚེ་རིང་ལགས་རེད། ད་གཡུགས་ཞོག དེ་ལས་ཕྲུ་གུ་དེ་སློབ་གྲྭ་ནས་ལེན་པར་འགྲོ་རྒྱུ་ཞེས་ཡོངས་གླིང་སློབ་གྲྭའི་སྐས་འཛེགས་རིང་མོ་དེ་ནས་མར་བབ་སོང་།
ང་ཚོའི་གྲོས་ཚོགས་ཀྱི་འཐུས་མི་བློ་ཁོག་དང་ཆོད་སེམས་བརྟན་པོ་ཡོད་མཁན། སྐད་གསེང་མཐོན་པོས་གྲོས་ཚོགས་ཀྱི་ཁྲོད་དུ་སྤྱི་རྒྱུ་སྒེར་བདག་ཅེས་པ་དེ་དང་མི་གསོད་ལག་དམར་ཞེས་པའི་ཉེས་མིང་སྒྲོགས་ཐུབ་མཁན་དེ་ཚོས་ཞེ་ས་འཇིགས་ས་མེད་པའི་གྲོས་ཚོགས་ཀྱི་ར་བ་ནས་གླེང་རྒྱུ་ལས་ཕྱི་ལོག་ནས་ཡུལ་མིའི་ཁྲིམས་ལ་གཏུག་ཏེ་རང་རྒྱལ་ཁོ་ཕམ་གྱི་ཐག་གཅོད་བྱེད་ཐུབ་ན་ལེགས། དེ་མིན་སྐད་ཆར་འགན་འཁུར་མི་དགོས་པའི་གྲོས་ཚོགས་ར་བ་ནས་ཁ་ནང་ཅི་ཡོང་བཤད་པ་ཙམ་གྱིས་ཕན་པ་ལས་གནོད་ཆེ།
ཁྲིམས་ཞིབ་ཁང་གི་བཀའ་ལ་མི་རྩི་མཁན་ཟླ་ཚེ་ཙམ་མིན་པར་མི་ཁ་ཤས་བྱུང་མྱོང་ཡོད། གང་ལྟར་ང་ཚོའི་སྒྲིག་འཛུགས་ལ་ཉེན་རྟོག་པ་མེད་པས། ཁྲིམས་ཁང་གི་བཀའ་ལ་མ་རྩིས་ན་ཐབས་ཤེས་གཞན་མེད་པ་རེད། འདི་ནི་རང་འཁྲིའི་འོས་འགན་ལེན་དང་མ་ལེན་གྱི་གནད་དོན་ཞིག་རེད།
དེ་ནི་འཛིན་རིམ་དགུ་པའི་ཡིག་རྒྱུགས་ཁུངས་མ་འཁྱོལ་བའི་སྤྱི་འཐུས་ལས་ཐོག་པ་འཇུ་ཆེན་དཀོན་མཆོག་ཟེར་བ་དེས་ཁ་ནས་བསྐྱུགས་པའི་སྐད་ཆ་ཞིག་རེད། བདག་པོ་རྒྱག་རིན་ཡོད་པ་རེད། ད་བར་གྱི་ལས་དོན་སྒྲུབས་ཕྱོགས་ལ་སྤྱི་བསྡོམས་ཤིག་རྒྱོབས་དང་། སུས་ཁ་ཡོད་ལག་ཡོད་ཀྱི་སྤྱི་དོན་སྒྲུབ་ཀྱི་འདུག་དང་། སུས་སྤྱི་ཚོགས་ནང་རྙོག་དྲ་རྐྱང་རྐྱང་བཟོ་ཡི་འདུག་གསལ་པོ་རེད། དུས་རྒྱུན་ནས་འཇུ་ཆེན་དཀོན་མཆོག་ཟེར་བ་དང་། གསེར་རྟ་ཚུལ་ཁྲིམས་ཟེར་བ། བསྟན་པ་ཡར་འཕེལ་ཟེར་བ། ལི་ཐང་འཇམ་དབྱངས་བཟོད་པ་ཟེར། འབའ་བ་སྐལ་བཟང་རྒྱལ་མཚན་ཟེར། སྨོན་ལམ་མཐར་ཕྱིན་ཟེར་སོགས་མི་ཉུང་ཤས་ཤིག་གིས་བོད་སྤྱིའི་རྩ་དོན་དོར་ནས། ཁམས་པའི་ལ་རྒྱ་དགུང་ལ་བསྟོད་རྒྱུ་ཡིན་མདོག་བྱེད་པ་ནི་ཁྲེལ་བའི་གཞི་ལས་མ་མཐོང་། མང་ཚོགས་ལ་མགོ་བསྐོར། རང་སྒེར་གྱི་དོན་སྒྲུབ་མཁན་འདིའི་རིགས་ཀྱིས་སྤྱི་ལ་གནོད་པ་ལས་ཕན་པ་ནམ་ཡང་སྒྲུབ་ཤེས་ཀྱི་མ་རེད།
་་་་་་་་འཛིན་རིམ་དགུ་པའི་ཡིག་རྒྱུགས་ཁུངས་མ་འཁྱོལ་བའི་སྤྱི་འཐུས་ལས་ཐོག་པ་་་་་་་་་
་་་་་་་་་་ ཁྲིམས་ཞིབ་ཁང་གི་བཀའ་ལ་མི་རྩི་མཁན་ཟླ་ཚེ་ཙམ་མིན་པར་མི་ཁ་ཤས་བྱུང་མྱོང་ཡོད། ་་་་་་་་་་
ཁང་གསར་གྱི་རྩོམ་འདི་བཀླགས་པ་ཡིན། འདི་ཡང་ཕྱོགས་གཅིག་རེད་འདུག
༡ ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཉེས་དོན་མ་ཡིན་པའི་ཁ་མཆུ་གང་འདྲ་ཞིག་རྒྱབ་པ་ཡིན་ན་རྒྱག་ཆོག་པ་ཞིག་རེད། ཉེེས་དོན་ཟེར་བ་དབྱིན་སྐད་དུ་ Crimal ཟེར་བ་དེ་རེད། དེ་བས་མི་གསོད་སོགས་ཉེས་དོན་གྱི་རིགས་མ་གཏོགས་ཁ་མཆུ་གཏུག་ཆོག་གི་ཡོད་པ་རེད། དེ་བས་ཡོངས་གླིང་གི་ཁ་མཆུ་དེ་ཉེས་དོན་གྱི་ཁ་མཆུ་ཞིག་ལ་ངོས་འཛིན་མ་བྱས་པ་རེད། ས་ཁང་སྐོར་དབུས་སའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་མང་པོ་བཤད་ཚར་བ་རེད། ཁྲིམས་འགལ་ཡིན་ན་དེ་ཚོ་ཚང་མ་ཁྲིམས་འགལ་ཡིན་པ་རེད།
༢ གལ་ཆེ་ཤོས་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་གང་ཞིག་གཏུག་ན་ཁ་མཆུ་ཞུ་སྦྱོར་བ་དང་། གྱོད་ཡ་རྩོད་ལན་པ་གཉིས་ཀས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དཔྱད་ཁྲ་ག་རེ་བཏང་བ་ཡིན་ན་ངོས་ལེན་ཞུ་རྒྱུ་ཡིན་པའི་མིང་རྟགས་འགོད་དགོས་པ་རེད། དེ་ལ་མོས་མཐུན་ཆོད་ཡིག་ཟེར་བ་རེད། གལ་ཏེ་ཟླ་བ་ཚེ་རིང་གིས་མོས་མཐུན་ཆོད་ཡིག་ལ་མིང་རྟགས་བཀོད་མེད་ན་ཁ་མཆུ་བཤད་ས་ཁོ་རང་ཡོད་མ་རེད། ཡིན་ནའང་ཟླ་བ་ཚེ་རིང་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དཔྱད་ཁྲ་གང་བཏང་ལ་མོས་མཐུན་ཞུ་རྒྱུའི་ཆོད་ཡིག་ལ་མིང་རྟགས་བཀོད་པ་རེད། ཡིན་ནའང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔྱད་ཁྲ་རང་གི་འདོད་ཐོག་ཏུ་མ་བྱུང་དུས་མོས་མཐུན་བྱེད་ཀྱི་ཡོད་མ་རེད།
༣ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔྱད་ཁྲ་ལ་མོས་མཐུན་ཞུ་རྒྱུ་ཡིན་པའི་མིང་རྟགས་བཀོད་རྗེས་དཔྱད་ཁྲ་ལ་མོས་མཐུན་མ་ཞུས་ན། དེ་ནི་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ལ་ཡིད་ཆེས་མེད་པའི་སྐྱེ་བོ་ཆགས་ཀྱི་ཡོད་པ་དེ་མོས་མཐུན་ཆོད་ཡིག་གི་དགོངས་དོན་རེད། བཙན་བྱོལ་བོད་མིའི་ཁྲིམས་ལུགས་ལ་ཡིད་ཆེས་མེད་ན་སྤྱི་འཐུས་ཀྱི་འོས་ཆོས་མ་ཚང་བ་ཆགས་ཀྱི་ཡོད་པ་རེད།
Criminal ལ་བཅོས།
ད་དུང་གོ་ཐོས་ལ་རྒྱ་གར་ཁྲིམས་ཁང་ལ་ཟླ་བ་ཚེ་རིང་གིས་མིང
ཤས་བཟོས་པའི་གྱོད་གཏུག་བྱས་ན་ཡང་། རྒྱ་གར་གྱི་ཁྲིམས་ཁང་གིས་ཟླ་བ་ཚེ་རིང་ལ་མིང་ཤས་བཟོས་ཡོད་པ་ངོས་ལེན་བྱས་སྐོར་གང་ཡང་གོ་ཐོས་མ་བྱུང་། འདི་ཡང་བསམ་བློ་གཏོང་ས་གནད་འགག་ཅན་ཞིག་ཆགས་ཀྱི་མེད་དམ་སྙམ།
མ་གཞི་ནས་ཡོངས་གླིང་སློབ་གྲྭ་སྤྱི་རྒྱུ་ཡིན་སྐོར་གྱི་ཁ་མཆུ་གཏུག་མཁན་དེ་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པ་ཕག་རི་ཤོ་ཟུར་པ་སངས་ཚེ་དབང་རེད་མ་གཏོགས། མདོ་སྟོད་སྤྱི་འཐུས་མ་རེད།
འཇུ་ཆེན་ཤི་ཡང་འཇུ་ཆེན་དང་འབྲེལ་བའི་སྤྱི་ཚོགས་ན་ཚ་དེ་ཚོ་རོ་ལངས་རྒྱག་མཁན་ཚོ་སྐྱེས་ཁོངས་མདོ་སྟོད་ཀྱི་སྤྱི་འཐུས་ཡིན་པ་བདེན་པ་རེད། མདོ་སྟོད་སྤྱི་འཐུས་དེ་ཚོས་རོ་ལངས་རྒྱག་དགོས་རྒྱུ་མ་གཏོགས་ལས་ཀ་མེད་པ་རེད།
སུ་གཅིག་གིས་ཟླ་བ་ཚེ་རིང་གིས་ལས་ཀ་མང་པོ་བྱས་མ་སོང་ཟེར་གྱི་ཡོད་མ་རེད། བྱེད་ཀྱི་མི་འདུག་ཟེར་གྱི་ཡོད་མ་རེད། འོ་ན་ག་རེ་ཟེར་གྱི་ཡོད་རེད་ལབ་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དཔྱད་ཁྲ་ངོས་ལེན་བྱས་མ་སོང་ཟེར་གྱི་ཡོད་རེད།
ཧ་ཅང་གལ་ཆེ་བའི་གནད་དོན་ཞིག་ཡོད་པ་ནི། རྒྱ་གར་གྱི་ཁྲིམས་ཁང་རིམ་པ་ནས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཡོངས་གླིང་སློབ་གྲྭའི་ཁ་མཆུ་བླངས་པ་འགྲིག་མི་འདུག་ལབ་ཡོད་མ་རེད། འགྲིག་མེད་ན་འགྲིག་མི་འདུག་ག་རེ་བྱས་ནས་ལབ་ཡོད་མ་རེད།
མདོ་སྟོད་ཀྱིས་བཟོ་བཞིན་པའི་ཁ་མཆུ་དང་འཁོན་འཛིན་ལ་མགོ་འཁོར་ནས་ང་ཚོས་མི་ལོ་ལྔ་བཅུ་ཕྱིན་དུ་བཅུག་པ་རེད། ད་ནི་ཡིད་སུན་སོང་། འདི་དག་གི་གནད་སྙིང་དང་ནད་རྙིང་ག་རེ་ཡིན་པ་གསལ་པོར་ཆགས་ཡོད། སྤྱི་རྒྱུ་སྒར་བདག་གི་མ་ཚད། རྒྱལ་ཁབ་སྒར་བདག་ལ་ཤོར་བའི་དུས་ཚོད་རེད། ད་ནི་རིག་པ་ནང་ལ་འཁོར་ནས་བོད་ལ་བཅོལ་ན་ཡག་པོ་མ་ཡིན་ནམ།
བཙན་བྱོལ་གྱི་སྒྲིག་གཞི་འཁུར་བ་ལས། བོད་ནང་གི་རེ་བ་ཁུར་ནས། བོད་ནང་ལ་རེམ་ན་དེ་ལས་ལྷག་པ་ཞིག་མེད་པ་ཀ་ཁ་ག་ང་ཡིན།
ངོ་མ་སྤྱི་རྒྱུ་སྒེར་ཟས་ཞེས་སྐད་ཤུགས་ཆེན་པོས་གྲོས་ཚོགས་ནང་བཤད་ཕོད་མཁན་གྱི་བཀའ་རྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་གྲོས་ཚོགས་ནང་བཤད་པ་ལྟར། ད་ནི་ཕྱི་ལ་ཐོན་ནས་ཡུལ་མིའི་ཁྲིམས་ཁང་ལ་ཁྲིམས་གཏུག་བྱས་ཏེ། སུས་སྤྱི་རྒྱུ་སྒེར་ཟས་བྱས་ཡོད་མེད་ཐག་ཆོད་པ་བྱ་དགོས་ངེས་ཡིན། སྤྱི་འཐུས་བསྟན་པ་ཡར་འཕེལ། ད་ཤོག
བཀའ་རྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ།
བཀའ་རྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ།
བཀའ་རྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ།
བཀའ་རྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ།
ད་ཤོག
ཨ་རོགས་ཚོ་་་་ད་་མདོ་སྟོད་དང་འཇུ་ཆེན་ཟེར་ནས་ངར་མ་སྡོད། རོ་ལངས་བརྒྱབ་ཀྱི་འདུག་ཟེར་ལུགས་ལ་བལྟས་ན་དམར་གསོད་བཏང་ཟིན་པ་དང་ཤི་ཟིན་པའི་ཕུང་པོ་ཞིག་ཡར་ལངས་ཡོང་གི་འདུག་ཟེར་གྱི་ཡོད་ཟོལ་གདའ། ཡིན་ན་སུ་བསད་པའི་རོ་ཞིག་ཡར་རོ་ལངས་རྒྱབ་འོང་གི་ཡོད་པ་རེད་དམ།་་་་ཧཧ
འོས་བསྡུའི་ཕམ་ཁ་རག་ནའང་སྡུག་གྱོང་རེད། རུལ་སུངས་ཀྱི་གནད་དོན་ཡང་ཆོལ་ཁའི་ཕྱོགས་ཞེན་གྱི་ཐོག་ཏུ་ཕར་འཐེན་གང་ཐུབ་ཀྱིས་ཁེ་ཕན་ལེན་ཐབས་བྱས་ན་ལུགས་མཐུན་ཅང་ཨེ་ཡིན་ནམ། སྤྱིའི་རྒྱུ་སྒེར་བདག་ཅན་གྱི་ལུགས་སྲོལ་ངན་པ་འདི་ལ་མ་དགག་པར་བོད་མི་དམངས་ཡར་ལངས་ཐུབ་པའི་དུས་ཤིག་ཡོང་ཐབས་མེད་པ་ལྟ་བུ་རེད།
བཀའ་ཤག་གིས་གསུངས་གསལ། ཟླ་བ་ཚེ་རིང་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དཔྱད་ཁྲ་ལ་ངེས་ལེན་དང་སྲུང་རྩིས་མ་བྱས་པའི་གནས་ཚུལ་དེ་ད་ལམ་གཞི་ནས་གསལ་ཁ་བསྟན་པ་རེད། དེས་བཀའ་ཤག་གི་ནང་དུ་ཡང་ངོ་ཆེན་ངོ་ཆུང་གིས་ཁྲིམས་ལུགས་ལ་རྩིས་ཀྱི་མེད་པའི་རྣམ་པ་གསལ་པོ་གྱུར་པ་རེད། བཙན་བྱོལ་བོད་མིའི་སྤྱི་འཐུས་ཞིག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་སྲུང་རྩིས་ཞུ་དགོས་ཀྱི་མེད་ན་བོད་མི་གཞན་རྣམས་ཀྱིས་དེར་སྲུང་རྩིས་མི་དགོས་པ་ནི་བཤད་ཅི་དགོས། འོས་ཆོས་མ་ཚང་བའི་དབུས་གཙང་གི་སྤྱི་འཐུས་ཞིག་བཙན་བྱོལ་གྲོས་ཚོགས་སུ་ཡོད་པར་ད་ལེན་དངོས་ར་སྤྲོད་བྱུང་བ་རེད། ད་ནི་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་དེ་ཡོད་དགོས་ན། ཟླ་བ་ཚེ་རིང་གྲོས་ཚོགས་ནས་ཕྱིར་འཕུད་གཏོང་དགོས་ནི་བཅའ་ཁྲིམས་ཀྱི་དགོངས་དོན་དང་མཐུན་པ་རེད།
ཨ་ཙི་་་་སྔོན་ནས་ད་བར་བོད་པའི་སྤྱི་ཚོགས་དེའི་ནང་ཕྱོགས་གང་ས་ནས་ནང་དཀྲུག་དང་གོང་ས་མཆོག་གི་དགོངས་པ་དཀྲུག་ནས་མདོ་སྟོད་ཀྱི་མིང་གྲགས་དང་མི་ཆེན་ཆགས་པ་རེད་། མདོ་སྟོད་པས་བོད་པའི་སྤྱི་ཚོགས་དཀྲུག་པ་ཡ་མཚན་མ་རེད་ཡ་།།
སྤྱི་འཐུས་ནང་ཁམས་པས་ཞེན་ཁོག་རྐྱང་རྐྱང་ནས་སྤྱི་དོན་རྒྱབ་བསྒྱུར་བྱེད་པ་ནི་ཚང་མས་མཐོང་གསལ་རེད་།
ཁང་གསར་གྱི་རྩོམ་འདི་བཀླགས་པ་ཡིན། འདི་ཡང་ཕྱོགས་གཅིག་རེད་འདུག
༡ ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཉེས་དོན་མ་ཡིན་པའི་ཁ་མཆུ་གང་འདྲ་ཞིག་རྒྱབ་པ་ཡིན་ན་རྒྱག་ཆོག་པ་ཞིག་རེད། ཉེེས་དོན་ཟེར་བ་དབྱིན་སྐད་དུ་ Crimal ཟེར་བ་དེ་རེད། དེ་བས་མི་གསོད་སོགས་ཉེས་དོན་གྱི་རིགས་མ་གཏོགས་ཁ་མཆུ་གཏུག་ཆོག་གི་ཡོད་པ་རེད། དེ་བས་ཡོངས་གླིང་གི་ཁ་མཆུ་དེ་ཉེས་དོན་གྱི་ཁ་མཆུ་ཞིག་ལ་ངོས་འཛིན་མ་བྱས་པ་རེད། ས་ཁང་སྐོར་དབུས་སའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་མང་པོ་བཤད་ཚར་བ་རེད། ཁྲིམས་འགལ་ཡིན་ན་དེ་ཚོ་ཚང་མ་ཁྲིམས་འགལ་ཡིན་པ་རེད།
༢ གལ་ཆེ་ཤོས་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་གང་ཞིག་གཏུག་ན་ཁ་མཆུ་ཞུ་སྦྱོར་བ་དང་། གྱོད་ཡ་རྩོད་ལན་པ་གཉིས་ཀས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དཔྱད་ཁྲ་ག་རེ་བཏང་བ་ཡིན་ན་ངོས་ལེན་ཞུ་རྒྱུ་ཡིན་པའི་མིང་རྟགས་འགོད་དགོས་པ་རེད། དེ་ལ་མོས་མཐུན་ཆོད་ཡིག་ཟེར་བ་རེད། གལ་ཏེ་ཟླ་བ་ཚེ་རིང་གིས་མོས་མཐུན་ཆོད་ཡིག་ལ་མིང་རྟགས་བཀོད་མེད་ན་ཁ་མཆུ་བཤད་ས་ཁོ་རང་ཡོད་མ་རེད། ཡིན་ནའང་ཟླ་བ་ཚེ་རིང་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དཔྱད་ཁྲ་གང་བཏང་ལ་མོས་མཐུན་ཞུ་རྒྱུའི་ཆོད་ཡིག་ལ་མིང་རྟགས་བཀོད་པ་རེད། ཡིན་ནའང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔྱད་ཁྲ་རང་གི་འདོད་ཐོག་ཏུ་མ་བྱུང་དུས་མོས་མཐུན་བྱེད་ཀྱི་ཡོད་མ་རེད།
༣ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔྱད་ཁྲ་ལ་མོས་མཐུན་ཞུ་རྒྱུ་ཡིན་པའི་མིང་རྟགས་བཀོད་རྗེས་དཔྱད་ཁྲ་ལ་མོས་མཐུན་མ་ཞུས་ན། དེ་ནི་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ལ་ཡིད་ཆེས་མེད་པའི་སྐྱེ་བོ་ཆགས་ཀྱི་ཡོད་པ་དེ་མོས་མཐུན་ཆོད་ཡིག་གི་དགོངས་དོན་རེད། བཙན་བྱོལ་བོད་མིའི་ཁྲིམས་ལུགས་ལ་ཡིད་ཆེས་མེད་ན་སྤྱི་འཐུས་ཀྱི་འོས་ཆོས་མ་ཚང་བ་ཆགས་ཀྱི་ཡོད་པ་རེད། མ་གཞི་ནས་ཡོངས་གླིང་སློབ་གྲྭ་སྤྱི་རྒྱུ་ཡིན་སྐོར་གྱི་ཁ་མཆུ་གཏུག་མཁན་དེ་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པ་ཕག་རི་ཤོ་ཟུར་པ་སངས་ཚེ་དབང་རེད་མ་གཏོགས། མདོ་སྟོད་སྤྱི་འཐུས་མ་རེད།
ད་དུང་གོ་ཐོས་ལ་རྒྱ་གར་ཁྲིམས་ཁང་ལ་ཟླ་བ་ཚེ་རིང་གིས་མིང
ཤས་བཟོགཅིག་གིས་ཟླ་བ་ཚེ་རིང་གིས་ལས་ཀ་མང་པོ་བྱས་མ་སོང་ཟེར་གྱི་ཡོད་མ་རེད། བྱེད་ཀྱི་མི་འདུག་ཟེར་གྱི་ཡོད་མ་རེད། འོ་ན་ག་རེ་ཟེར་གྱི་ཡོད་རེད་ལབ་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དཔྱད་ཁྲ་ངོས་ལེན་བྱས་མ་སོང་ཟེར་གྱི་ཡོད་རེད།
སུ་གཅིག་གིས་ཟླ་བ་ཚེ་རིང་གིས་ལས་ཀ་མང་པོ་བྱས་མ་སོང་ཟེར་གྱི་ཡོད་མ་རེད། བྱེད་ཀྱི་མི་འདུག་ཟེར་གྱི་ཡོད་མ་རེད། འོ་ན་ག་རེ་ཟེར་གྱི་ཡོད་རེད་ལབ་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དཔྱད་ཁྲ་ངོས་ལེན་བྱས་མ་སོང་ཟེར་གྱི་ཡོད་རེད།
ཧ་ཅང་གལ་ཆེ་བའི་གནད་དོན་ཞིག་ཡོད་པ་ནི། རྒྱ་གར་གྱི་ཁྲིམས་ཁང་རིམ་པ་ནས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཡོངས་གླིང་སློབ་གྲྭའི་ཁ་མཆུ་བླངས་པ་འགྲིག་མི་འདུག་ལབ་ཡོད་མ་རེད། འགྲིག་མེད་ན་འགྲིག་མི་འདུག་ག་རེ་བྱས་ནས་ལབ་ཡོད་མ་རེད།
ཁང་གསར་རྡོ་རྗེའི་རྩོམ་རིང་དེ་འཇིགས་བྲལ་གྱི་ཚིད་དུམ་འགའ་ཤས་ཀྱིས་ནུས་མེད་བཟོས་བཞག་འདུག།
པ་སངས་ཚེ་དབང་ཡབ་ཆེན་དང་ཟླ་བ་ཚེ་རིང་གཉིས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་རྩོད་གླེང་བྱེད་དུས་ཟླ་བ་ཚེ་རིང་གིས་ཡབ་ཆེན་པ་སངས་ཚེ་དབང་ལ་་ཁྱོད་རང་གིས་ག་རེད་ཟེར་གྱི་ཡོད་་་ཡོངས་གླིང་སློབ་གྲྭའི་ཁང་པ་རེད་དམ། ས་རེད་ཅེས་འདྲི་བ་དྲིས་པར་་་པ་སངས་ཚེ་དབང་གིས་ས་རེད་ཅེས་ཟེར་འདུག ཟླ་བ་ཚེ་རིང་གིས་ས་ཡིན་པ་ཡིན་ན་་ང་ཚོའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་ལས་བརྒལ་བའི་གྱོད་གཞི་ཡིན་པས་རྒྱ་གར་ཁྲིམས་ལ་གཏུགས་དགོས་ཞེས་བརྗོད་དེ་མཚམས་བཞག་པ་རེད། དེའི་རྗེས་ལ་ང་ཚོའི་ཁྲིམས་ཞིབ་ཁང་གིས་ཡི་གེ་ཞིག་བཏང་བ་རེད། ཧ་ཧ་ཧ་་་ད་རྩོད་ཡ་་
ཡོངས་གླིང་གི་སློབ་གྲྭའི་ས་ཆ། རྒྱ་གར་གཞུང་གི་རེད།
ཡོངས་གླིང་སློབ་གྲྭའི་ཁང་པ་སུའི་རེད། ཟླ་ཚེའི་རེད་དམ། ཤེས་རིག་གི་རེད།
ཡོངས་བབ་ཟླ་ཚེས་འཁྱེར་འགྲོའམ། ཤེ་རིག་གི་འཁྱེར་དགོས་སམ།
བཙུག་མཁན་དེ་ཟླ་ཚེ་རེད་དམ། ཤེས་རིག་རེད།
མིང་སྙན་གྲགས་དེ་ཟླ་ཚེས་ལ་སྙན་གྲགས་ཐོབ་དགོས་སམ། ཤེས་རིག་ལས་ཁུངས་ལ་མིང་ཐོབ་དགོས་སམ། ལགས།
ཡོངས་གླིང་སློབ་གྲྭ་འདི། སྒེར་གྱི་སློབ་གྲྭ་ཞིག་མ་རེད་པེ། བོད་མིའི་སྤྱི་ཚོགས་ནང་ལ། སྒེར་འཛིན་སློབ་གྲྭ་འོངས་མི་ཆོག་པ་རེད་པེ། ལགས།
ཁང་གསར་ལགས་ཀྱི་དཔྱད་པ་ལ་དངོས་གནས་རིན་ཐང་ལྡན་གི། གནད་དོན་ཞིག་གི་སྙིང་རྩར་འཇུས་འདུག ཐུགས་རྗེ་ཆེ། དེང་སྐབས་ང་ཚོའི་སྤྱི་ཚོགས་ནང་དུ་ཆེད་འཇིགས་རུང་གི་གནད་དོན་ཞིག་འདུག འཇིགས་རུང་དེའི་རྒྱབ་ངོས་སུ་ཅི་ཡང་བྱ་ནུས་པའི་མྱི་ཀློའུ་འགའ་ཡོད། མྱི་ཀློའུ་དེ་དག་ནི་སྤྱི་སྟངས་གི་མྱི་ཀློའུ་ཙམ་མ་ཡིན་པར་ཁོར་ཚོར་འཆར་གཞི་ཡོད་ལ་ཁོང་ཚོའི་རྗེས་འབྲངས་པ་ཡང་མི་མངོན་པའི་ཚུལ་དུ་གསོ་སྐྱོང་བྱེད་ཀྱི་ཡོད། ནམ་ཞིག་གི་ཚེ་ཁོང་ཚོས་སོ་སོའི་འདོད་བབ་མ་བྱུང་ཚེ་ཁ་ནས་མ་ཎི་བཞིན་བརྡོལ་བའི་༧གོང་ས་མཆོག་ལའང་ངོ་མི་ལོག་པའི་ངེས་པ་གཏན་ནས་མེད། རང་ཉིད་སྐྱབས་བཅོལ་བ་ཞིག་ཡིན་པ་སེམས་ཀྱིས་ཚོར་མཁན་ཞིག་ཡིན་ནའ། ད་ལྟའི་དུས་འདིར་ང་ཚོའི་སྤྱི་ཚོགས་ནང་ཆེས་འཇིགས་རུང་ཞིག་ཡོད་པ་ནི་གནད་དོན་དང་དེ་སློང་མཁན་དག་རེད།
དཔྱད་ཞིབ་པ་ཁང་གསར་ལགས་བཀའ་དྲིན་ཆེ་་་་་
དོན་གནད་ལ་འབུངས་པའི་དཔྱད་རྩོམ་ཞིག་བྲིས་འདུག་ལགས་བཀའ་དྲིན་ཆེ་་་་་་་་་་་་
སྤྱི་ཚོགས་དང་འབྲེལ་བའི་གནད་དོན་ཅི་འདྲ་ཞིག་གླེང་རུང་། ཁང་གསར་རྡོ་རྗེ་ལགས་ནི། སྤྱི་ཚོགས་ཀྱི་སྒྲོན་མེ་རང་རེད་འདུག ཁོང་གི་དཔྱད་བརྗོད་དེ་དག་ལ་ཧ་ཅང་གི་རིན་ཐང་ཆེ་ལ། རྒྱུ་མཚན་ཡང་དག་ལྡན་པ་ཤ་སྟག་རེད། སྤྱི་རྫས་སྒེར་བདག་ཟེར་ཀྱང་རུང་། སྤྱི་རྒྱུ་སྒེར་བདག་ཟེར་ཀྱང་རུང་། གནད་དོན་དེ་རིགས། མདོ་སྟོད་སྤྱི་འཐུས་རེ་ཟུང་གིས། ཆབ་སྲིད་ཀྱི་ལག་ཆར་སྤྱད་དེ་དགོས་འདུན་སྒྲུབ་བཞཱིན་ཡོད། དྲང་པོར་བརྗོད་ན། གྱོད་དོན་དང་འབྲེལ་བའི་གནད་དོན་དེ་རིགས་ཆེས་མཐོའི་ཁྲིམས་ཁང་གི་ལས་ཀ་རེད། གལ་ཏེ་དེས་བྱེད་མ་ཐུབ་ན། འབྲེལ་ཡོད་རྒྱ་གར་གྱི་ཁྲིམས་ཁང་གི་ལས་ཀ་རེད། འོན་ཀྱང་། གནད་དོན་དེ་རིགས་གྲོས་ཚོགས་ར་བའི་ནང་ག་དུས་ཡིན་རུང་གླེང་གི་ཡོད། དེ་ནི་སྤྱི་འཐུས་དེ་ཚོས་རང་ཉིད་ཀྱི་ཆབ་སྲིད་ཀྱི་ལག་ཆ་ཞིག་ལ་སྤྱད་པ་ལས། སྤྱི་དོན་ལ་སྤྱད་པ་ཞིག་གཏན་ནས་མ་རེད་ཏ།
ཡབ་ཆེན་པ་སངས་ཟེར་བ་དེའི་རྒྱབ་ལོགས་སུ་སུ་ཡོད་མིན་དེ་ཡང་སྤྱི་ཚོགས་ནང་ཡོངས་གྲགས་རེད། དེ་སྔོན་ཁོའི་རྒྱབ་ལོགས་སུ་འཇུ་ཆཻན་ཡོད་པ་ཡོངས་གྲགས་རེད། འཇུ་ཆེན་གྱིས་ཁོ་པ་སྤྱད་དེ་ཟླ་ཚེར་གྱོད་བཙུགས་པ་རེད། ད་ལོ་ཡང་པ་སངས་ཀྱིས། ལྷོ་གཞིས་ཁག་ཏུ་གཏམ་བཤད་ག་རེ་བྱས་སོང་། དེ་ཚཽ་ཚང་མ་ས་འོག་དར་ཐག་གི་གནད་དོན་རེད།
བཙན་བྱོལ་ནང་གི་བཀའ་ཁྲི་འཇུ་ཆེན་ཐུབ་བསྟན་ལགས་ནི་མི་ཚེ་ཧྲིལ་པོར་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རླབས་ཆེན་དང་གཟིགས་བརྗེད་ཀྱི་མི་ཆེན་ཞིག་རེད། ཁོང་ལ་མ་དགའ་བ་དང་ཟུར་ཟ་བྱེད་མཁན་རིགས་ནི་རྒལ་ཚིག་མེད་པའི་xxxམི་བུ་དག་དག་རེད། ཁོང་གི་མཛད་རྗེས་དང་རྒྱུན་འཛིན་ནི་ནམ་ཡང་མི་ནུབ་པའི་ཁ་བ་ཚང་གི་འོད་ཟེར་རེད།
བཀའ་ཟུར་འཇུ་ཆེན་དང་། ལི་ཐང་ཨ་ཐར་གཉིས་ནི། ཁོང་རང་གཉིས་ཀྱི་མི་ཚེ་མཐའ་མར་ཞབས་འདྲེན་ཞུ་མཁན་གཉིས་རེད་དོ།།
འཇུ་ཆེན་གྱི་སྙིང་ནད་དེ་ཆོལ་ཞེན་མ་རེད། ཆོས་རྒྱུད་རེད། ཁོས་སྔོན་མ་ར་བཟི་སྐབས་ཞིག་ལ་ངས་སྡེ་བ་གཙང་བའི་སྙིང་ནད་རྩོད་ཀྱི་ཡིན་ལབ་ཡོད་པ་རེད། དེ་མདོ་སྟོད་ཀྱི་རྙིང་མ་བ་དང་། རི་བོ་དགེ་ལུགས་པ། ས་སྐྱ་པ། ཀམ་ཚང་མ་ཡིན་པའི་བཀའ་བརྒྱུད་པ་ཚང་མས་ཤེས་དགོས། ཁོ་ཚོ་ཁག་ཅིག་གིས་ཁ་ལ་ཆོལ་ཞེན་བཟུང་། དོན་ལ་ཆོས་རྒྱུད་ཀྱི་སྙིང་ནད་དེ་བཟུང་ནས་དགའ་ལྡན་ཕོ་བྲང་ལ་སྡང་ཟུག་བྱེད་བཞིན་ཡོད་པ་མདོ་སྟོད་བྱིངས་ཀྱིས་ཤེས་བཞིན་མེད། སྡེ་བ་གཙང་བའི་སྙིང་ནད་དེ་ཡར་དེད་ན་ལོ་སུམ་བརྒྱའི་སྔོན་རེད། ༸གོང་ས་ལྔ་བ་ཆེན་པོ་དང་ཞྭ་ནག་པ་དང་ལྷན་འབྲེལ་གྱི་སྡེ་བ་གཙང་བའི་རྩོད་རྙོག་དེ་རེད། དེ་སྐོར་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ནང་གསལ་དུ་ཡོད། མདོ་སྟོད་པ་མང་ཆེ་བ་གཉིད་སད་ན་མ་གཏོགས། ཐང་གི་རྡོ་ལངས་ནས་རུམ་གྱི་བྲོ་ལྷུང་བའི་དཔེ་བཞིན་ཆགས་ཉེན་ཆེ།
བཀའ་ཟུར་འཇུ་ཆེན་བཙན་བྱོལ་བོད་གཞུང་ལ་བཀའ་དྲིན་ཆེན་པོ་རེད་ཟེར་བའི་སྐད་ཆ་དེ་བློ་ངོར་ཤོང་དཀའ་བ་ཞིག་རེད། འཇུ་ཆེན་གྱིས་བཙན་བྱོལ་གཞུང་གི་བཀའ་ཁྲིའི་འགན་དུས་ཡུན་རིང་ཤོས་དེ་ཁུར་ཡོད། དོན་དངོས་བཙན་བྱོལ་བོད་གཞུང་ངམ་དབུས་བོད་མིའི་སྒྲིག་འཛུགས་འདི་མི་རབས་ཕྱི་མར་སྤོབས་པ་དང་བཅས་རྩིས་སྤྲོད་རིན་ཡོད་པ་ཞིག་ཏུ་བཟོ་མཁན་ནི་བཀའ་ཁྲི་ཟམ་དོང་གི་བཀའ་དྲིན་ཉག་ཅིག་དེ་རེད། འཇུ་ཆེན་ནི་བྱེས་ཀྱི་བོད་མིའི་ནང་ཁུལ་སྔ་ཕྱི་བར་གསུམ་གྱི་དཀྲུགས་མཁན་གཏེ་བོ་དེ་རེད། ད་ལྟའི་བཙན་བྱོལ་ནང་གི་རྙོག་གླེང་བརྒྱ་ཆའི་བདུན་ཅུ་ལྷག་དངོས་ཤུགས་གང་རུང་ནས་འཇུ་ཆེན་དང་འབྲེལ་བ་ཆགས་འདུག
གང་ལྟར་ཡང་ཁ་མཆུ་དེ་ནི། ཁམ་བུ་ཟ་འདོད་མ་རེད། ཁམ་ཤིང་བཅག་འདོད་རེད། གཞུང་བསམ་པ་མ་རེད། སྒེར་འཁོན་པ་རེད།
རྩོམ་ཡིག་ལ་རིན་ཐང་ལྡན། འཇུ་ཆེན་ཤི་ཡང་། རུལ་དྲི་ད་དུང་ཡལ་མེད། བསྟན་པ་ཡར་འཕེལ་ཟེར་བས་ཁོའི་མཇུག་སྐྱོང་ཁུལ་དང་། ཁོའི་བུ་མོ་འཇུ་ཆེན་དཀོན་མཆོག་ཟེར་བ་དེས། དཀྲུག་ས་ཞིག་ལ་ཞེན་ཁོག་རྒྱབ་ལངས་ཀྱི་ཅ་ཅོ་རེ་སྒྲོག་པ་ལས། སྤྱི་དོན་ཐོག་འུག་པ་ཉིན་མོར་ཐོན་པ་དང་ཆ་འདྲ་རེད། དྲང་པོ་བཤད་ན་མདོ་སྟོད་སྤྱི་འཐུས་ཕལ་ཆེ་བ་གླེན་ལྐུགས་ཅན་རེད་ལ། ཁོང་ཚོས་སྔ་ཕྱི་བར་གསུམ་དུ་གྲོས་ཚོགས་དཀྲུག་གིན་ཡོད། ཁོང་ཅག་གིས་གྲོས་ཚོགས་ནང་དཔའ་གཏམ་བཤད་ཚེ། འོས་ལངས་པར་ཕན་གྱི་ཡོད། ཅི་བས་ཞེ་ན། ཁམས་པ་རྣམས་ད་དུང་ཡང་ས་ཁུག་ལུང་དཀྱོག་གི་རང་གཤིས་ངན་པ་དོར་མེད་ཅིང་། ནང་ཁུལ་ལ་དམེ་བྱེད་པ་དཔའ་རྒོད་དུ་བརྩི་བའི་སྲོལ་རྒྱུན་ད་དུང་དོར་ཐུབ་མེད་པའི་རྟགས་རེད། དོན་འདིར་གཞོན་སྐྱེས་ཁམས་རིགས་ཚོས་གཟབ་དགོས། དོན་གྱི་སྙིང་པོར། ཡོངས་གླིང་སློབ་གྲྭའི་ས་ཆའི་ཐོབ་ཁུངས་ངོ་མ་རྒྱ་གར་གཞུང་ཡིན་པའི་གནས་ལུགས་འདི་ཤེས་ན། ཟླ་ཚེར་བདེན་པ་ཡོད་མིན་ཤེས་འོང་བ་དེ་རེད། དེ་ནི་རྩོམ་ཡིག་འདིའི་སྲོག་རེད་འདུག
ཁང་གསར་གིས་ཡག་པོ་གསུངས་འདུག གྲོས་ཚོགས་ནང་གི་སྐད་ཆ་ནི་ཆང་འཐུང་གི་གཏམ་དང་འདྲ་བ་འདི་ཚོ་གཙང་མ་དགོས་ན་ཕྱི་ལོགས་སུ་དོན་ནས་ཤོད་དང་། ངེས་རྙེད་དཔང་འཕར་ཡོད་ན་ཞེད་དགོས་ས་ཅི་ཡོད། ནམ་རྒྱུན་སྐབས་འཚོལ་བ་འགས་མང་ཚོགས་ནང་ལ་བཟང་ངན་ཅི་ཡང་མེད་པ། བདེན་རྫུན་གང་ཡང་མི་ཤེས་པའི་གད་སྙིགས་ཀྱི་ཕུང་བོ་(འགད་རྫས)གཏོར་གི་འདུག ཞིབ་དུ་བསམ་ན་ཐབས་སྐྱོ་བོ་རེད། ཐབས་སྡུག་རེད།
དངོས་གནས་མདོ་སྟོད་མི་མང་སྤྱི་དང་ལྷག་པར་དུ་གཞོན་སྐྱེས་རྣམས་ཟབ་ཟབ་གནང་དགོས་ད་ལྟའི་མདོ་སྟོད་སྤྱི་འཐུས་མིང་འཁུར་མཁན་དང་སྐྱེས་ཁུངས་མདོ་སྟོད་ཡིན་པ་ཁག་གཅིག་གི་དམིགས་ཡུལ་དང་རྒྱབ་ལྗོངས་གང་ཡིན་ཤེས་པ་གནང་དགོས་་་་་གོང་གི་མཆན་་15་དང་་42་གཉིས་ལ་དམིགས་གསལ་ཐུགས་རྗེ་ཆེ་ཞུ་བ་དང་རྒྱབ་སྐྱོར་ཡོད་་་
་་་་་་་་་་་་་་་་ ཁམས་པ་རྣམས་ད་དུང་ཡང་ས་ཁུག་ལུང་དཀྱོག་གི་རང་གཤིས་ངན་པ་དོར་མེད་ཅིང་། ནང་ཁུལ་ལ་དམེ་བྱེད་པ་དཔའ་རྒོད་དུ་བརྩི་བའི་སྲོལ་རྒྱུན་ད་དུང་དོར་ཐུབ་མེད་པའི་རྟགས་རེད། ་་་་་་་་་་་་་་་་
་་་་་་་་་་་་་རྩིས་སྤྲོད་རིན་ཡོད་པ་ཞིག་ཏུ་བཟོ་མཁན་ནི་བཀའ་ཁྲི་ཟམ་དོང་གི་བཀའ་དྲིན་ཉག་ཅིག་དེ་རེད། འཇུ་ཆེན་ནི་བྱེས་ཀྱི་བོད་མིའི་ནང་ཁུལ་སྔ་ཕྱི་བར་གསུམ་གྱི་དཀྲུགས་མཁན་གཏེ་བོ་དེ་རེད། ་་་་་་་་་་
འཇུ་ཆེན་ཤི་ཡང་། རུལ་དྲི་ད་དུང་ཡལ་མེད། བསྟན་པ་ཡར་འཕེལ་ཟེར་བས་ཁོའི་མཇུག་སྐྱོང་ཁུལ་དང་། ཁོའི་བུ་མོ་འཇུ་ཆེན་དཀོན་མཆོག་ཟེར་བ་དེས། དཀྲུག་ས་ཞིག་ལ་ཞེན་ཁོག་རྒྱབ་ལངས་ཀྱི་ཅ་ཅོ་རེ་སྒྲོག་པ་ལས། སྤྱི་དོན་ཐོག་འུག་པ་ཉིན་མོར་ཐོན་པ་དང་ཆ་འདྲ་རེད། དྲང་པོ་བཤད་ན་མདོ་སྟོད་སྤྱི་འཐུས་ཕལ་ཆེ་བ་གླེན་ལྐུགས་ཅན་རེད”རེད་ཟེར།
སྤྱིའི་རྒྱུ་སྒེར་བདག་བྱས་མཁན་ལ་འཐབ་རྩོད་བྱེད་མཁན་གྱི་སྤྱི་འཐུས་རྣམས་པས་སྤྱི་པའི་རྒྱུ་ནོར་གྱི་ཆེད་དུ་འཐབ་རྩོད་བྱས་པ་འདི་ཉིད་་སྤྱི་དོན་ཡིན་པར་མི་མཐོང་མཁན་ཚོ་ཉིན་མོ་འུག་པ་མིན་ན་ཅི་རེད་དམ། འུག་པ་ཚོས་ངོས་ནས་བྱས་ན་སྤྱིའི་རྒྱུ་སྒེར་བདག་བྱས་ན་སྤྱི་དོན་ཨེ་རེད་དམ་་་་་ཧཧཧཧཧམ་པ་མ་བཤད་ཁོ་རེ།
ཆབ་དཔལ་རིག་གསུམ་དང་མཆོད་རྩོད་རྩོམ་གསུམ། འཛིན་སྐྱོངསྤེལ་གསུམ་དང་འགོ་དམངས་གཞུང་གསུམ་སོགས་ཕྱི་ནང་གསང་གསུམ་བཅས་ཀྱི་ཐོག་ཏུ་དེང་སྐབས་བོད་ཕྱི་ནང་གཉིས་ཀྱི་ནང་དུ་ཁམས་པ་དཔལ་རྒོད་ཚོས་ཟིན་ནས་བསྡད་འདུག། ཆོལ་ཞེན་ཅན་རྣམས་ཁག་མེད།
བཇའ་བརྒྱུད་ཡང་བསྟན་པ་ཡར་འཕེལ་ཟེར་མཁན་དེ་ངོ་མ་འདས་པོ་ཀརྨ་ཆོས་འཕེལ་དག་གཅིག་པ་གཅིག་ཀྱང་རེད་བཞག་ཁྱེད་རང་སངས་རྒྱས་ན་བཟའ་གྱོན་ཡོད་པས་སྙིང་ངན་དང་དཀྲུགས་ཤིང་རིགས་མ་གནང་ན་ཡག་གི། ཅུང་ཙམ་ཐུགས་གཟབ་གནང་ན་གང་ཡོང
རེད་ཏ། བོད་རང་སྐྱོང་ལྗོངས་ཀྱི་བོད་པའི་དཔོན་རིགས་མཐཽ་གྲས་རྣམས་ཁམས་རིགས་རེད། རྒྱུ་མཚན་ཅི་རེད་དམ། དེ་ནི་མི་དེ་ཚཽའི་ལག་ཏུ་སྟ་རེ་བཞག་ན། སོ་སོའི་མི་རིགས་ཀྱི་མགོ་ལ་ཞུ་བར་ཐཻ་ཚཽམ་གཅིག་ཀྱང་མི་བྱེད་པའི་སྤྱོད་ངན་དེས་རེད། དེའི་དབང་གིས་གུང་ཕྲན་ཏང་གིས་མི་དེ་ཚོར་ཡིད་ཆེས་བྱེད་ཀྱི་ཡོད་ལ། མི་དེ་ཚོས་ཀྱང་། རང་ཉིད་ཀྱི་དངུལ་དངོས་དོན་དུ། གུང་ཕྲན་ཏང་གི་རྒྱུག་ཁྱི་བྱས་ཏེ། སོ་སོའི་མི་རིགས་ལ་སོ་རྒྱག་རྐྱང་བྱེད་ཀྱི་ཡོད། དེ་ཚཽ་རྒྱ་དམར་པོས་ལོ་རྒྱུས་ལ་བལྟས་ནས། ལག་ལེན་སྟར་གྱི་ཡོད། དེ་གཅིག་ཡིན།
གཉིས་ཐད་ནས། ད་ལྟ་གདོན་འདྲེ་ཚོགས་པའི་ཕྱོགས་གཏོགས། བོད་ཀྱི་རྒྱ་དར་ཁྲག་དར་རེད་ཟེར་མཁན་དེ། འཇུ་ཆེན་གྱིས་ཞེན་ཁོག་ཁོ་ནས་གསོས་པའི་ཨབ་ཕྲུག་གཅིག་རེད་པ། འཇུ་ཆཻན་ཁོས་འཇིག་རྟེན་འདིར་སྙོག་ཁྲ་ལུང་པ་གང་བཞག་སྟེ། དམྱལ་བར་ཕྱིན་ཤག ད་དུང་དེས་ག་ལ་ཚད། ཁོའི་རོ་སྒྲུང་ནང་སྙོག་གཞི་ག་ཚོད་བཞག་སོང་། དངོས་གནས་ཡིན།
བཙན་བྱོལ་ནང་དོན་དངོས་གླེང་མཁན་ཁང་གསར་དང་། ཞང་བློན། ཚེ་རིང་རྡོ་རྗེ་ལྟ་བུ་རེ་ཟུང་རེད། མི་འདི་དག་མི་ཆིག་ཁྲིའི་རིན་ཐང་ལས་ཀྱང་ལྗིད་ཁོག་ཆེ། ཤེས་ལྡན་པའི་ཆོ་ལོ་དེ་ཁྱེད་ཅག་ལ་འབུལ།
གུང་བྲན་ཏང་གིས་མི་ལོ་མང་པོ་རིང་ལ་འགྲོ་སོང་མང་པོ་གཏོང་ཡིན་ཡང་ད་བར་ཏང་ལ་བློ་འཁེལ་ཡིད་ཆེས་བྱ་མཁན་གཅིག་ཀྱང་མི་འདུག་ཟེར་ནས་སྐད་ངན་ཤོར་གྱི་ཡོད་ཀྱང་གཡུ་ཐོག་རྒྱལ་པོས་ཏང་ལ་ཡིད་ཆེས་མཁན་རྙེད་འདུག་གདའ། ཡག་པོ་རེད་ལ་གུང་བྲན་ཏང་ལ་རྩིས་འབུལ་གྱིས་དང་རྔན་པ་གྱ་ནོམ་པ་རག་ཡོང་་་་་་་་འཇུ་ཆེན་ལ་འགྲེལ་བཤད་མ་རྒྱག་་་་ཁྱོད་དང་གནམ་ས་ཐུག་ཡོད་རེད། ངས་དྲང་པོ་བཤད་ཡིན་གདའ། ངོ་མ་གནས་ལུགས་བཤད་བསམ་ན་དངོས་སུ་ཐོན་ནས་ཤོད་དང་འགྲིག་རེད་མ་གཏོགས་ནག་ཁུང་ནས་ལྐོག་མདའ་འཕེན་ན་སེམས་ངལ་བའི་རྒྱུ་རེད་དོ།།
ཡོངས་གླིང་སློབ་གྲྭ་དེ་གང་ཟག་སྒེར་བདག་་ཞིག་མ་ཡིན་པའི་བོད་སྤྱི་ལ་དབང་ཐུབ་ན་དེས་ཁམས་པ་ལ་ཕན་ཐོག་གང་ཡོད་པ་རེད། སྤྱི་དང་སྒེར་གཉིས་གང་བདམ་རྒྱུ་ཡིན་ཟེར་བ་འདི་རེད།
འོ་ད་ཡིན་ན་མཆན་བཀོད་རོགས་གནང་དང་་་་པད་ཡག་པོ་འདུག ཁ་གསལ་རུ་གསལ་རུ་འགྲོ་གི་འདུག །
འོ་ད་ཡག་པོ་འདུག སྔར་ཡང་བོད་མི་དམངས་ནས་བསྡུས་པའི་བོད་གཞུང་གི་གསེར་དངུལ་དེ་ཚོ་སྐུ་དྲག་གིས་སྒེར་བདག་བྱས། ད་ཡང་སྐུ་དྲག་གི་སྐུ་ངོ་དེ་ཚོས་སྤྱི་རྒྱུ་སྒེར་བདག་བྱེད་དགོས་རེད།
ད་ཡང་མིན་ན་ཝི་ཅི་པིན་ལ་རོགས་འདེགས་ཞུས་ནས་ཡག་པོ་ཡོད་རེད། རྒྱ་ནག་ཏུ་སྤྱི་རྒྱུ་སྒེར་བདག་བྱེད་མཁན་རྣམས་ལ་སྐྱག་པ་ཤོར་ཤོར་བྱེད་ཀྱི་ཡོད་སྐད།
ཞི་ཅི་པིང་ཞེས་བཅོས།
སྤྱི་རྒྱུ་སྒེར་བདག་བྱས་པ་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཐད་བཅད་ཟིན་པ་ཞིག་རེད། བཅད་ཁྲ་དང་ལེན་མ་བྱས་པ་བཙན་བྱོལ་སྒྲིག་འཛུག་ལ་སྣང་ཆུང་བྱེད་མཁན་གྱི་དོ་བདག་དེ་ཡང་དང་བསྐྱར་དུ་སྤྱིའི་འཐུས་ཀྱི་ཞབས་སྟེག་སྒང་ལ་ཡར་སྐྱེལ་མཁན་ནི་དབུས་གཙང་མི་མང་རེད། བཅད་ཁྲ་ཚུལ་བཞིན་དུ་དང་ལེན་མ་བྱས་པ་དེ་ལ་གུ་ཡང་བྱེད་དགོས་པའི་བཀའ་ཡིག་ཅིག་མང་གཙོ་ཀ་བ་གསུམ་པོ་སུས་ཀྱང་གནང་མེད། དེ་འདྲ་ཡིན་དུས་བཅད་ཁྲ་དེ་ཚུལ་བཞིན་ལག་སྟར་མ་བྱས་པ་ལ་གྲོས་ཚོགས་ནས་འཛིན་སྐྱོང་ལ་སྐུལ་འདེད་དང་གླེང་སློང་བྱེད་དགོས་པ་ནི་མི་མང་གིས་འདེམས་པའི་སྤྱི་འཐུས་སྤྱིའི་འགན་རེད། དེ་ལྟར་གླེང་པ་དེ་ཡང་ཆོལ་ཁ་དང་སྒེར་ནད་སོགས་ལ་གཡོག་ནས་སྒེར་བདག་བྱེད་མཁན་དཀར་འདོན་བྱེད་མཁན་གྱི་དྲྭ་གྲོགས་ཁྱོད་ཚོས། དོན་དངོས་ཐོག་ཆེས་མཐོ་ཁྲིམས་ཞིབ་ཁང་ངོས་ལེན་བྱེད་ཀྱིན་མེད་པ་འདྲ་འདུག་པས། མང་གཙོ་ཀ་བ་གསུམ་ལས་ཆེས་མཐོ་ཤོས་དེ་ངོས་ལེན་མི་བྱེད་པའི་བཙན་བྱོལ་བོད་མི་དེས་བཙན་བྱོལ་སྒྲིག་འཛུག་ངོས་ལེན་བྱེད་བཞིན་ཡོད་པ་ཇི་ལྟར་སྒྲུབ་ཐུབ་བམ། འདི་ནི་དྲི་བ་ཆེན་པོ་ཞིག་རེད་དོ།། སྤྱི་དོན་སེམས་བཅང་གི་གྲོས་ཚོགས་ནང་གླེང་སློང་བྱེད་མཁན་ལ་ཆོལ་ཁ་དང་ཆོས་རྒྱུད་ཀྱི་མཐོ་ལ་ཕར་མཐེན་ཚུལ་མཐེན་བྱས་པ་ནི་གཡོལ་ཐབས་ཁོ་ན་ཟད་དོ།།
་་པད་ཡག་པོ་འདུག ་་་་་་་་་་་
འདི།
་་དཔེ་ཡག་པོ་འདུག འབྲི་དགོས་སྙམ་ལགས།
དངོས་གནས་མདོ་སྟོད་མི་མང་སྤྱི་དང་ལྷག་པར་དུ་གཞོན་སྐྱེས་རྣམས་ཟབ་ཟབ་གནང་དགོས་ད་ལྟའི་མདོ་སྟོད་སྤྱི་འཐུས་མིང་འཁུར་མཁན་དང་སྐྱེས་ཁུངས་མདོ་སྟོད་ཡིན་པ་ཁག་གཅིག་གི་དམིགས་ཡུལ་དང་རྒྱབ་ལྗོངས་གང་ཡིན་ཤེས་པ་གནང་དགོས་་་་་གོང་གི་མཆན་་15་དང་་42་གཉིས་ལ་དམིགས་གསལ་ཐུགས་རྗེ་ཆེ་ཞུ་བ་དང་རྒྱབ་སྐྱོར་ཡོད་་་
ཧཧཧཧཧཧཧཧ་སྤྱིའི་རྒྱུ་སྒེར་བདག་བྱེད་མཁན་གྱི་སྤྱི་འཐུས་ལས་ཐོག་པ་དང་།
འཛིན་རིམ་དགུ་པའི་ཡིག་རྒྱུགས་ཁུངས་མ་འཁྱོལ་བའི་སྤྱི་འཐུས་ལས་ཐོག་པ།
ཤེས་ལྡན་པ་ཁག་གཅིག་དང་། དྲྭ་འབུ་ལས་མེད་ཁག་གཅིག་བཅས་ནས་ཡོངས་གླིང་སློབ་གྲྭ་དང་། ཟླ་བ་ཚེ་རིང་སྐོར་གླེང་ཧཧཧཧ། མང་ཆེ་བ་བགོད་བྲོ་བོ་རྐྱང་བྲིས་འདུག མ་གཞི་ཁྱེད་ཚོ་དེའི་སྐོར་ཡར་བཤད་མར་བཤད་མང་པོ་བྱེད་དགོས་ཨ་ཡོད་ན་དྲན། ཉེ་སྔོན་རྡ་སའི་གྲོས་ཚོགས་སུ་གྲགས་པའི་ནང་གླེང་སློང་བྱེད་མཁན་གྱི་མི་བུ་དག་ལ་ལྟོས་དང་སྔོན་གྱི་རྒྱབ་ལྗོངས་དང་། དགོས་དམིགས། ད་ལྟའི་གནས་བབ་བཅས་གསལ་པོ་རྟོགས་ནུས། ཁོ་ཚོ་ནི་ཟླ་བ་ཚེ་རིང་དང་། སྤེན་པ་ཚེ་རིང་། སྒྲོལ་མ་ཚེ་རིང་བཅས་རྡ་སའི་ཚེ་རིང་རྣམ་གསུམ་མཐོང་ཡོང་དུས། གུས་ཐུང་དང་ཤམ་ཐབ་སྦུག་ལ་གཅིན་པ་ཤོར་མཁན་ཚོ་རེད། ཁོ་ཚོར་ཁག་མེད། འོན་ཀྱང་ཁོང་ཚོའི་བསམ་པ་ལྟར་འགྲུབ་རྒྱུ་ཕར་བཞོག སོ་སོའི་འོས་ཁུངས་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞབས་དྲངས་རོགས་དང་། སོ་སོའི་གདོང་རིས་དམར་དམར་རྗེན་རྗེན་དོན་རོགས་ལས་གང་ཡང་གྲུབ་འབྲས་ཡོང་ཚོད་མི་གདའ།
ཁྱེད་ཚོས་དུས་ཚོད་མང་པོ་ཞིག་ཡོངས་གླིང་སློབ་གྲྭ་དང་། ཟླ་བ་ཚེ་རིང་སྐོར་ལ་བཏང་འདུག མང་པོ་གླེང་དགོས་དོན་མི་འདུག ཉེ་སྔོན་རྡ་སའི་གྲོས་ཚོགས་སུ་གྲགས་པའི་ནང་དེའི་སྐོར་གླེང་སློང་བྱེད་མཁན་ཚོའི་གདོང་རིས་ལ་ལྟོས་དང་གསལ་པོ་རེད། ཁོ་ཚོ་ཁག་མེད་སྔོན་མ་ནས་སྤེན་པ་ཚེ་རིང་། ཟླ་བ་ཚེ་རིང་། སྒྲོལ་མ་ཚེ་རིང་སྟེ་རྡ་སའི་གྲོས་ཚོགས་ཀྱི་ཚེ་རིང་རྣམ་གསུམ་མཐོང་ཡོང་དུས་ནས་གུས་ཐུང་དང་། ཤམ་ཐབ་སྦུག་ལ་གཅིན་པ་ཤོར་འགྲོ་མཁན་ཚོ་རེད། མི་འདི་ཚོའི་ཨུ་ཚུགས་དང་ངོ་རན་ལ་ལྟོས་དང་རྒྱུ་མཚན་དང་རྒྱབ་ལྗོངས་གསལ་པོ་ཤེས་ནུས།