༄།། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྣམ་པའི་ཞབས་དྲུང་དུ།
བོད་ཀྱི་དབུ་ཁྲིད་བློ་གཏོད་ཅན། དྲག་ཞན་ཚང་མར་རྒྱུས་མངའ་ཆེ་བ། འཁོས་ཞན་ཉམ་ཆུང་དག་གི་སེམས་ན་མངོན་པར་གསལ་བ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་གསང་བའི་བདག་པོ། ༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཕྱྭའི་སྲུང་སྐྱོབ་པ་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་དེ་རིང་རྩ་དགོངས་ཞུས་རྗེས། བོད་ཕྱི་ནང་གི་བརྒྱུད་ལམ་གང་སར་བློ་ཕམ་གྱི་གནས་ཚུལ་གྱིས་ཁེངས། བོད་ནང་གི་མཁྱེན་ལྡན་རྩ་དོན་ལ་མྱོང་རྒྱུས་ཅན་མང་དག་ཅིག་གིས་ཀྱང་ཚད་ལས་བརྒལ་བའི་བློ་ཕམ་གནང་གི་འདུག་ལ། ༧གོང་ས་མཆོག་གང་ཉིད་བོད་མི་རིགས་ཀྱི་བླ་སྲོག་ཡིན་པ་དང་། ༧གང་ཉིད་ཀྱི་སྐུ་ཕྱྭའི་སྲུང་སྐྱོབ་ནི་ཅི་ཙམ་གལ་གནད་ཆེ་བ་ཞུ་མ་དགོས་སྟབས། དེ་རིང་གི་གནས་ཚུལ་དང་འབྲེལ་ནས་ཁོང་ཚོས་སང་ཉིན་ནས་བཟུང་གི་སྐུ་ཕྱྭའི་གནས་བབ་ལ་དྲི་འདེད་དང་ཐུགས་འཚབ་ཀྱི་རྣམ་པ་ནི་སོར་མས་འབྲི་བཞེངས་མི་ནུས་པ་ཞིག་བསྟན་སོང་།
ཡང་དག་པའི་དབུ་ཁྲིད་ཅིག་ཡིན་ན། ༧གོང་ས་ཆེན་པོས་”གཟི་བརྗིད་ཁོག་སྟོང་”གི་རྣམ་པར་འགྱུར་བཞིན་པའི་གནས་བབ་དངོས་སུ་གསུངས་པ་དེ་དང་། གནས་ཆུང་ཆོས་རྒྱལ་ཆེན་པོ་དང་ཚེ་རིང་མཆེད་ལྔས་བཀའ་བཀྱོན་གནང་བའི་རྗེས་སུ། དཔལ་ལྡན་བདེ་སྲུང་བཀའ་བློན་ནང་བཞིན་དགོངས་པ་ཞུ་དགོས་མཁན་དེས་བཟང་སྤྱོད་ལྡན་པའི་ངང་དགོངས་པ་ཞུ་དགོས་ངེས་ཀྱང་། དེ་ལྟར་གང་ནས་ཡོང་། ཉེ་ལམ་གྱི་འོས་བསྡུ་ཆེན་མོའི་ལས་རིམ་ནང་། དུས་འཁོར་དབང་ཆེན་དང་འབྲེལ་བའི་གནད་དོན་ཐད་ནས་༧གོང་ས་མཆོག་ལ་སྲིད་སྐྱོང་ནས་བརྩི་མཐོང་ག་ཚོད་གནང་ཡོད་མེད་ས་རིས་ཐང་གསལ་ཆགས་ཟིན་པ་དང་། དེ་བཞིན་ཡིག་ཚང་ཉིད་ནས་འགྲོ་གྲོན་ནར་གཏོང་གིས་ཉོས་པའི་ཨ་རིའི་དོན་ཁང་གསར་པའི་གལ་ཆེའི་རྩིག་གྱང་ངོས་སུ་བོད་ཀྱི་བླ་སྲོག་མཚོན་པའི་༧གོང་ས་མཆོག་གི་སྐུ་པར་ལས་སྲིད་སྐྱོང་གི་སྐུ་པར་རྩ་ཆེར་བརྩིས་ཏེ་བཀལ་བའི་རྐྱེན་གྱིས་དམངས་སེམས་ལ་ཕོག་ཐུག་ཅི་བྱུང་མཁྱེན་གསལ་ལྟར་དང་། སྲིད་སྐྱོང་གི་སྤྱན་བསལ་དབུ་དཀར་ཚང་ཀེ་རྡོར་དོན་གཅོད་དུ་བསྐོས་པ་ནས་དོལ་རྒྱལ་ཚོགས་པས་༧གོང་ས་ཆེན་པོའི་ཕེབས་ལམ་གར་འཁེལ་ས་གནས་བོད་རིགས་ཚོགས་པ་ལས་ཀྱང་སྔོན་ཚུད་ནས་ཤེས་ཡོད་པ་དང་། སྐུ་འཁྲིས་སུ་བསྟུད་མར་བཅར་ཏེ་ངོ་ལོག་ཅི་བྱས་ཀྱང་མཁྱེན་གསལ་ལྟར་རེད། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲྭ་རྒྱར་དོལ་རྒྱལ་རྗེས་འབྲངས་པ་གཏེ་བོ་དག་གི་པར་དང་ལོ་རྒྱུས་བཞག་ཡོད་པ་དབུ་དཀར་ཚང་ཀེ་རྡོར་གྱིས་ཕྱི་དྲིལ་གསར་འགོད་འགན་འཛིན་༼མིང་རྗེས་ལ་འདོན་ཆོག་པ་ཞུ།༽ལ་ཁ་པར་བཏང་སྟེ་གནས་ཚུལ་དེ་ཕྱིར་འཐེན་བྱེད་བཅུག་པ་དང་། དེའི་སྐོར་བདེ་སྲུང་བཀའ་བློན་གྱིས་མཁྱེན་ཏེ་བཀའ་ཤག་གི་ཐག་གཅོད་དེ། སྔར་ལྟར་དྲྭ་ངོས་སུ་བཀོད་ཐུབ་ཡོད། འདིའི་སྐོར་རྣམས་སྐབས་ཐོག་ཏུ་ཁོ་བོས་གསལ་བརྗོད་བྱས་ཡོད།
རྒྱ་གར་གཞུང་དང་ཨ་རིའི་གཞུང་གཉིས་ཀས་༧གོང་ས་མཆོག་གི་སྐུ་ཕྱྭར་དོལ་རྒྱལ་ཚོགས་པས་ཉེན་ཁ་སྤྲོད་ཀྱི་ཡོད་སྐོར་ཞུས་པ་༧གོང་ས་ཆེན་པོ་རང་གི་ཞལ་ནས་གསུངས་པ་ལྟར་དང་། བླ་མ་ཚེ་བཀྲས་ཀྲུའུ་ཝེ་ཆོན་གྱིས་དོལ་རྒྱལ་ཚོགས་པའི་མི་སྣར་༧གོང་ས་མཆོག་བཀྲོངས་དགོས་པའི་བཀོད་མངགས་བྱས་པ་མིག་མཐོང་ལག་ཟིན་བྱུང་ཡོད་པ་དེ་རྣམས་སྤྱིར་གོང་ལ་ཞུ་ག་ལ་དགོས་ཀྱང་། སང་ཉིན་ནས་དཔལ་ལྡན་བདེ་སྲུང་བཀའ་བློན་ལྟ་བུའི་སྐུ་ཕྱྭར་སྲུང་སྐྱོབ་ཀྱི་བཀའ་བློན་ཞིག་མེད་ན། ལྷག་པར་བོད་ནང་གི་བོད་མི་ཚོ་ཟས་བརྗེད་གཉིད་བྲལ་ཡོང་རྒྱུ་ཡིན་པ་ནི་ཧ་ཅང་གསལ་བོ་རེད་འདུག་ན། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་རང་གི་ངོས་ནས་བདེ་སྲུང་བཀའ་བློན་ཟུར་པ་འབྲོང་ཆུང་དངོས་གྲུབ་མཆོག་སང་ཉིན་ནས་ཡར་གདན་ཞུས་ཀྱིས། དགའ་ལྡན་ཕོ་བྲང་རང་དུ་སྐུ་ཕྱྭའི་སྲུང་སྐྱོབ་ལས་ཁུངས་ཞིག་དམིགས་བསལ་འཛུགས་སྐྱོང་ཡོང་བ་ཞུ་རྒྱུ་དང་། ལྷག་པར་མི་མང་གི་གླེང་ཕྱོགས་ལྟར་ན། མ་འོངས་པར་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ནས་བཀའ་བློན་ལས་རོགས་ཚད་ལྡན་ཞིག་རེག་ཁག་པོ་ཡིན་པ་ཚིག་ཐག་གཅོད་མཁན་མང་བས། ད་ལྟ་དང་མ་འོངས་པ་གང་ལ་བལྟས་ཀྱང་མི་མང་གི་ཡིད་ཆེས་བློ་གཏོད་སྟོང་ཟད་དུ་བཏང་མ་མྱོང་བའི་དཔལ་ལྡན་བདེ་སྲུང་བཀའ་བློན་ཟུར་པ་འབྲོང་ཆུང་དངོས་གྲུབ་མཆོག་ལ་ཅི་ནས་ཀྱང་སྐུ་ཕྱྭའི་ཐུགས་འགན་མུ་མཐུད་གནང་སྟེ་བོད་ཕྱི་ནང་གི་བོད་མི་ཚོར་ཐུགས་བདེར་གནས་ཆོག་པའི་གསལ་བསྒྲགས་ཀྱང་གནང་སྐྱོང་ཡོང་བ་མཁྱེན་མཁྱེན་ཞུ་ཞུ།།
༢༠༡༦། ༤། ༦ ། ཉིན།། གུས་སློབ་བློ་བཟང་ཆོས་འབྱོར་གྱིས་ཕུལ།།
འབྲོང་མཆོག་དངོས་གྲུབ་ནས་གོ་སྐབས་དམ་འཛིན་གྱིས་བཟང་སྤྱོད་ཀྱི་ཐོག་ནས་ཞེས་མིང་སྙན་པོ་ཞིག་གི་འོག་ནས་བློ་བཟང་སེང་གེ་ནག་པོ་བཟོ་ཐབས་བྱེད་ཀྱི་འདུག ཁོའི་སྐད་ཆའི་ངོ་གདོང་ལ་བལྟས་ཚེ་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་སྨན་རྩིས་ཁང་ལོ་བརྒྱ་འཁོར་བའི་སྐབས་སུ་༧ གོང་ས་མཆོག་གི་བཀའ་སློབ་དང་། གནས་ཆུང་དང་ཚེ་རིང་མཆོད་ལྔ་ཁྲོང་བའི་རྐྱེན་གྱི་ཡིན་ཚུལ་བཤད་ཀྱང་། དོན་དངོས་སུ་ཁོས་བློ་སེང་ལ་འཁོན་འཛིན་བྱེད་ཀྱི་འདུག དང་པོ་ཁོང་ལ་བཀའ་བློན་ལངས་འདོད་མེད་ཀྱང་བློ་སེང་ནས་ཁྱབ་བསྒྲགས་བྱས་ཚར་འདུག་པས་སྤྱི་ཚོགས་ནང་ལབ་གླེང་མི་ཡོང་བའི་ཆེད་དུ་ལངས་པ་ཡིན་ཟེར་བའི་ཚིག་འདིས་ཁོང་གི་དམིགས་ཡུལ་དང་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་གསལ་པོ་ཤེས་ཐུབ། དྲངས་པོར་བཤད་ན་དང་པོ་ནས་ཁོང་ལ་རྒྱལ་བ་རིན་པོའི་ཆེའི་སྐུ་ཕྱྭ་ཆེད་ལྷག་བསམ་རྣམ་དག་གིས་ཞབས་ཞུ་ཞུ་བའི་ཀུན་སློང་མེད་པར། སྤྱི་ཚོགས་ནང་ལབ་གླེང་མི་ཡོང་བ་ཙམ་གྱི་ཆེད་དུ་ཡིན་འདུག དེ་ཡིན་ན་ད་རེས་སྤྱི་ཚོགས་འཁྲུགས་པའི་སྐབས་སུ་དགོངས་པ་ཞུ་བ་དེས་ནི་སྤྱི་ཚོགས་ནང་ལབ་གླེང་ཆེ་རུ་བཏང་སོང་། བདེ་སྲུང་བཀའ་བློན་གྱི་འགན་ཁུར་མ་ཐུབ་ན་སྐུ་སྒེར་ནང་དེ་བས་འགན་ཁུར་ཐུབ་ཀྱི་མ་རེད། སྐུ་ངོ་ནས་ལོ་མང་པོ་ཞབས་ཞུ་ཞུས་པ་དེ་ལ་ཡིད་རང་དང་བསྔགས་བརྗོད་ཡོད། འོན་ཀྱང་ད་རེས་སྒྲིམ་དགོས་ས་ལ་མ་བསྒྲིམས་པར་ཕྱོགས་སུ་ལྷུང་བ་དེ་ལ་དགག་པ་ཡོད།
བྱ་ཁུག་རྟས། དེ་རིང་མི་སྐད་ཅིག་བརྒྱབས་སོང་། འདི་ལ་ངས་རྒྱབ་སྐྱོར་ཡོད་ཀྱང་། ད་དུང་ནང་འཁྲུགས་ག་ཚོད་ཡོད་མེད་སུས་ཤེས། དེ་ཡང་ཁག་པོ་ཡིན་འགྲོ ངས་བོད་རིགས་ལས་བྱེད་དེ་ཚོའི་བྱེད་སྟངས་ཡག་པོ་ཤེས།
སྐུ་དྲག་རིང་ལུགས་གཏོང་ཕམ་བཏང་མཁན་རྒྱ་དམར་ཡིན་པ་ལས་བོད་པ་མིན། ད་ལན་འབྲོང་ཆུང་དངོས་གྲུབ་དགོངས་ཞུ་བྱས་པ་དེས་སྐུ་དྲག་རིང་ལུགས་ཀྱི་དབང་ཆར་གས་ཆག་བྱུང་བས་རེད། ཁོ་པས་ལོ་ངོ་དུ་མ་རིང་བོད་སྤྱི་ལ་ཞབས་ཕྱི་བསྒྲུབས་ཡོད་ཀྱང་། ད་རེས་ཀྱི་བྱས་སྟངས་འདིར་ཕྱག་བརྒྱ་དེ་ཧུ་ཤི་གཅིག་གིས་ཕུང་ཟེར་བ་བཞིན་བྱས་རྗེེས་ཡོད་ཡོད་ཚད་རྐང་རྗེས་ལག་བསུབ་བྱས་ཚར་རེད། ད་ནི་མི་རྒན་འཆི་ལ་ཉེ་འདུག་པས་ཕྱག་དང་སྐོར་བ་བྱས་ནས་མཐའ་མའི་མི་ཚེ་དེ་བསྐྱེལ་ཤོག་ཡག་གི་རེད། དེ་མིན་འདྲ་མིན་སྣ་ཁ་བཅོ་བརྒྱད་འཁྲབ་སྡོད་ན་ཕན་ལས་གནོད་ཆེ་བ་ཡོང་གི་རེད། ད་ཁྱོས་རྒྱལ་བ་སྐུ་ཕྱྭ་ལ་སྲུང་སྐྱོབས་བྱེད་ཐུབ་མ་སོང་བས། ཁྱེད་རང་གི་མི་ཚེ་ནང་ཕམ་ཁ་ཆེ་ཤོས་དེ་ཡིན་ཞེ་ན་ཆོག་གི་རེད། རྡ་ས་ན་སྨྱོན་པ་འོས་ལང་བརྒྱབས་མཁན་དེ་སྐུ་དྲག་ཁྱིམ་བརྒྱུད་དང་། དད་པ་ལོག་སྤྱོད་པ་ཉུས་ཤས་ཤིག་རེད། འདི་དག་གིས་འགོ་གཞུག་ཡོད་ཚད་དཀྲུགས་སོང་། ད་ནི་གང་དགའ་བྱོས། སྲིད་སྐྱོང་མཆོག་ལ་གནོན་ཤུགས་སྤྲོད་དྲག་ན་ཉིན་ཞིག་ཁོང་ཡང་དགོངས་ཞུ་མི་བྱེད་པའི་ངེས་པ་མེད། དེའི་འཚབ་ཏུ་བོད་མི་ཡོད་ཚད་ཀྱིས་ཁས་ལེན་པའི་མི་སུ་གཞག་གམ། རྙོག་དྲྭ་དེ་ལས་ཆེ་བ་ཞིག་མ་རེད་དམ། བོད་པ་ལས་ཟད་ཚོ། སོ་སོས་སོ་སོར་དྲི་བ་ཐོངས་ནས་རྒྱོབས།
(དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་རང་གི་ངོས་ནས་བདེ་སྲུང་བཀའ་བློན་ཟུར་པ་འབྲོང་ཆུང་དངོས་གྲུབ་མཆོག་སང་ཉིན་ནས་ཡར་གདན་ཞུས་ཀྱིས། དགའ་ལྡན་ཕོ་བྲང་རང་དུ་སྐུ་ཕྱྭའི་སྲུང་སྐྱོབ་ལས་ཁུངས་ཞིག་དམིགས་བསལ་འཛུགས་སྐྱོང་ཡོང་བ་ཞུ་རྒྱུ།) དེ་དེ་བཞིན་ལེགས།
ཧཧཤར་ནས་ནུབ་ལ་དཀྲུགས་ནུབ་ནས་ཤར་ལ་དཀྲུགས་ཤར་ཁུག་ཤས་འགན་དེ་རེད་སྡེ་སྲུང་བཀའ་བློན་ལས་དུས་ཟླ་བ་ཁ་ཤས་ལས་མེད་པ་དེ་ཡང་འགན་མ་ཁྱོག་ནས་རྩ་དགོང་ཞུས་སོང་ན་དགའ་ལྡན་ཕོ་བྲང་ནང་སྐུ་ཆའི་འགན་དེ་བས་ཀྱང་ཁྱོག་གི་རེད་པས྾ཧཧཧ།
མི་དེ་ཚོ་ཁ་ནས་ཡ་རབ་སྤྱོད་བཟང་ཞེས་མ་ཎི་སྒྲང་སྒྲང་བརྗོད། ལག་ལེན་རག་དོན་ལ་ཐུག་ཚར་དུས་སྤྱི་དོན་ཆུ་གཡུག་གིས་འདུག་བ། ད་དགའ་ལྡན་ཕོ་བྲང་ནང་བསྡད་ནའང། ཡང་ཉིན་གཅིག་ སྐུ་ཞབས་ཚེ་རྒྱམ་ལགས། སྐུ་ཞོག་བཀྲིས་ལགས་སོགས་ལ་མི་དགའ་དུས་ཡང་རྩ་དགོངས་ཞུ་ཀྱིས་རེད། མ་ཟད་གསང་བ་ཕྱིར་འདོན་ཡང་བྱེད་སྲིད་པ་རེད།
ཆོལ་གསུམ་ཆིག་སྒྲིལ་གཏོར་མཁན། བློ་བཟང་སེང་གེ་དང་ཁོའི་ཤོག་ཁག རྒྱ་རི་སྒྲོལ་མ། དངོས་གྲུབ་ཚེ་རིང་། སྤྲུལ་ཁྱི་ཨྱོན་སྟོབས་རྒྱས། བེ་རི་འཇིགས་མེད་དབང་རྒྱལ། ཨ་ཀྲུག་ཚེ་བརྟན། འབའ་བ་སྐལ་བཟང་རྒྱལ་མཚན། གསེར་རྟ་ཚུལ་ཁྲིམས། སྨོན་ལམ་མཐར་ཕྱིན། འཇུ་ཆེན་དཀོན་མཆོག་སོགས་ཡིན་པ་གསལ་བོ་རེད། དེ་ལ་བརྟེན་ནས་ཆོས་སྐྱོང་སྲུང་མས་བཀའ་ཆད་ཕོག་པ་རེད། རྩ་དགོངས་ཞུ་མཁན་དེ་བློ་བཟང་སེང་གེ་ཁོ་རང་ཡིན་པ་ལས་བདེ་སྲུང་བཀའ་བློན་མིན་ཡང་། རི་བོ་རྡོར་བརྗི་དང་གཟི་བརྗིད་ཁོག་སྟོང་ཁོང་ལ་ངོ་ཚ་ཟེར་བ་ཞིག་ཡེ་ནས་མི་འདུག
ད་དུང་གསལ་བོ་ཤེས་དགོས་པ་ཞིག་ནི། རྒྱ་རི་སྒྲོལ་མ་རྐུབ་རིལ་མ་དང་དངོས་གྲུབ་ཚེ་རིང་གཉིས་ཁྲམ་པ་ཡིན་པ་ཚང་མས་ཧ་གོ་བསྡད་ཡོད་པ་རེད། ཡིན་ནའང་། དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་ཟེར་བས་ནག་པོའི་ནག་ལས་སྤྱན་གྱིས་གཟིགས་བཞིན་དུ་འདི་ལྟར་གནང་དགོས་དོན་ཅི་ཡིན་ནམ། བློ་བཟང་སེང་གེ་ངན་ལངས་སྐྱག་ལངས་ལ་གཏོང་མཁན་མི་ཚང་མས་དཔལ་འབྱོར་བཀའ་བློན་ཡིན་ཟེར་བ་དེ་བདེན་པ་འདྲ། དེ་མིན་ཁོས་བདེ་སྲུང་གི་འགན་བཞེས་ཐུབ་བམ། ཡ་མཚན་རེད།
བློ་བཟང་ཆོས་འབྱོར་འདི་ཁ་བྲོ་པོ་ཞིག་གཏན་ནས་མ་རེད། བཙོན་བྱོལ་སྤྱི་ཚོགས་སུ་རྒྱ་ནག་གི་རྒྱ་དར་འཕྱར་མཁན་ཐོག་མ་དེ་རེད། དེ་ཙམ་མ་ཟད་སྲིད་སྐྱོང་གཙོས་པའི་བོད་མི་ཕན་ཚུན་གནོད་སྒྲ་རྐྱང་བཟོ་ཡོད། ཞི་བའི་གོམ་བགྲོད་པ་དེ་ཡང་རྒྱ་ནག་གི་རྒྱ་དར་འཕྱར་བཅུག་ཏེ་སྤྱི་ཚོགས་སུ་གོ་རིག་མེད་པ་བཟོ་ཡོད། བོད་མི་སྒྲིག་འཛུགས་ལ་ཁ་བཏད་ལངས་མཁན་གཅིག་བྱུང་ན་ཁོ་དགའ་ཐག་ཆོད་ཀྱི་ཡོད། མི་དེ་རང་སྐུ་སྒེར་ཡིག་ཚང་དུ་ཉར་དགོས་རབས་བཤད་པ་དེ་ནི་ཇི་ཙམ་ཉེན་ཁ་ལ་ཨང་།
འབྲོང་གི་ར་ལོ་བུད་སོང་།
བདེ་ཆོས་རང་རུལ་ལོག་སོང་།
སེང་གེ་གནམ་ལ་འཕྱོང་གིས་།
རྡ་ལི་ཐང་ལ་རྒྱུགས་ཀྱིས་།
ཧཧཧཧཧཧ
ད་རེས་གོང་ས་མཆོག་ཐུགས་ཕམ་ཡོང་གཞིའི་རྒྱུ་རྐྱེན་གཙོ་བོ་ཆོལ་གསུམ་ཆིག་སྒྲིལ་སྐོར་རེད། འདས་པའི་ལོ་ཤས་ནང་ཆོལ་གསུམ་ཆིག་སྒྲིལ་གཏོར་མཁན་གཙོ་བོ་ཤར་ཁུགས་དང་ཟླ་ཚེ་སོགས་དབུ་མ་ཁ་འཁྱེར་མཁན་ཚོ་ཡིན། དེ་ལྟ་བུའི་མི་ངན་དེ་ཚོ་དགའ་ལྡན་ཕོ་བྲང་ལ་བྲིན
པ་ནི་ཡ་མཚན། ད་དུང་བོད་གཞུང་དང་དགའ་ལྡན་ཕོ་བྲང་བར་ལ་དཀྲུགས་འདོད་སོགས་ཀྱི་བསམ་ཚུལ་ཐ་ཤལ་བ་འདི་འདྲ་དུས་འདིར་སྤེལ་བའི་བློ་ཁོག་དེ་གང་ནས་རེད། མགོ་ནག་བོད་མི་ཚོས་ཤར་ཁུག་ལྟ་བུའི་མི་འདི་ཚོར་གཟབ་དགོས་སོ།
ད་ལོ་ཆོལ་གསུམ་ཁྲག་ལྟར་དཀྲུག་མཁན་དབུས་གཙང་དབུས་རྒྱུན་དང་མདོ་སྨད་དབུས་རྒྱུན་མངའ་རིའི་སྤྱི་འཐུན་ཚོགས་པ་གསུམ་རེད། ད་དུང་དཀྲུག་ཤིང་མཁན་པོ་ཟླ་བ་ཚེ་རིང་དང་ཤར་ཕྱོགས་ཁུག་རྟ་གཉིས་སྤྱི་འཐུས་ནང་ལ་སླེབས་ཡོད་ཚོད་ཡིན། ལྟོས་ཨ་ད་དུང་མི་འདི་གཉིས་ཀྱིས་བཙན་བྱོལ་སྤྱི་ཚོགས་འདི་ཐེར་ཚལ་སྦར་ཚལ་བཟོ་རྒྱུ་རེད།
༢༠༡༦/༠༤/༠༧ ༡༥:༢༧:༣༧
ཧ་ཧ་ཧ། སྲིད་སྐྱོང་བློ་སེང་གིས་”སྤྱི་མཐུན་གྱི་བསོད་ནམས་གསོག་གི་ཡོད་པ་རེད། སྤྱི་མཐུན་གྱི་བསོད་ནམས་ག་ཚོད་ཡོད་པ་ཡིན་ན་དེ་ལ་དཔག་པའི་༧གོང་ས་མཆོག་གི་སྐུ་ཚེ་དང་ཐད་ཀར་འབྲེལ་བ་ཡོད་དུས།”ཞེས་བཤད་འདུག སྐད་ཆ་འདི་ཚོ་གོ་དུས་གད་མོ་འཆོར་གྲབས་འདུག
གང་ཡིན་ཟེར་ན་སྤྱི་མཐུན་གྱི་བསོད་ནམས་གསོག་དགོས་ན། དྲང་བདེན་གྱི་ལམ་ལ་འགྲོ་དགོས་པ་རེད། དྲང་བདེན་གྱི་ལམ་ལ་མ་ཕྱིན་པར་སྤྱི་མཐུན་གྱི་བསོད་ནམས་ཇི་ལྟར་གསོག་གམ། དཔེར་ན་སྔ་ལོ་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་སྐབས་༸གོང་ས་མཆོག་ལ་བརྟན་བཞུགས་འབུལ་དགོས་ཞེས་རྡ་རམ་ས་ལའི་མདོ་སྟོད་ཆུ་སྒང་དབུས་རྒྱུན་ལས་ཁང་གིས་༸གོང་ས་མཆོག་ལ་ཞུས་པར་༸གོང་ས་མཆོག་གིས་ཀྱང་དེ་འགྲིག་གི་རེད། ཅེས་ཞལ་བཞེས་ཐོབ་བཞིན་དུ། བློ་སེང་བཀའ་ཤག་གིས་རྡ་རམ་ས་ལའི་མདོ་སྟོད་ཆུ་སྒང་དབུས་རྒྱུན་གྱིས་རྡོར་གདན་དུས་དབང་སྐབས་བརྟན་བཞུགས་འབུལ་མི་དགོས་པ་གནང་རོགས་ཞུ། དེའི་ཚབ་ལ་༸གོང་ས་མཆོག་ལ་རྡོར་གདན་དུས་དབང་སྐབས་བཀའ་ཤག་གིས་གཞུང་འབྲེལ་བརྟན་བཞུགས་ཤིག་འབུལ་ཆོག་པར་ཞུ་ཞེས་ཨུ་ཚུགས་རྒྱག་མཁན་བློ་སེང་གཙོས་ད་ལྟའི་བཀའ་ཤག་རེད་དོ། །
དེ་ལྟར་ཨུ་ཚུགས་བརྒྱབས་པར་བརྟེན། ༸གོང་ས་མཆོག་དགོངས་པ་འཁྲུགས་པ་རེད་དོ། །
དེ་ལ་བརྟེན་ནས་༸གོང་ས་མཆོག་གི་ཞལ་ནས་བརྟན་བཞུགས་ཆོས་ཕྱོགས་ཀྱི་བྱ་བ་ཞིག་རེད། རྡ་སའི་མདོ་སྟོད་ཆུ་སྒང་དབུས་རྒྱུན་གྱིས་རྡོར་གདན་དུས་འཁོར་དབང་ཆེན་སྐབས་བརྟན་བཞུགས་ཕུལ་ན་ག་རེ་མ་འགྲིགས་པ་རེད།
ད་ལྟ་དུས་འཁོར་དབང་ཆེན་ཡང་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བཏང་ཡོང་གིན་འདུག་ཀ
དེ་འདྲ་ཡིན་ན་དུས་དབང་ཕྱིར་འཐེན་བྱས་ན་ཡག་པོ་རེད།
ངོས་ཀྱིས་ད་བར་དུས་དབང་སོགས་བཀའ་ཆོས་ག་རེ་ཡིན་ཡང་ཆབ་སྲིད་ཀྱི་ལག་ཆར་འགྱུར་བཅུག་རྒྱུར་འདོད་མོས་མེད།
ཅེས་བཀའ་ཕེབས་པ་རེད་དོ། །
འོན་ཀྱང་བློ་སེང་བཀའ་ཤག་གིས་སླར་ཡང་༸གོང་ས་མཆོག་ལ་དུས་དབང་ཕྱིར་འཐེན་བྱས་པའི་གནས་ཚུལ་དེ་སེང་གེ་བཀའ་ཤག་གིས་ཁྱབ་བསྒྲགས་བྱས་ཆོག་པར་ཞུས་ཏེ། བློ་སེང་བཀའ་ཤག་གིས་དུས་དབང་ཕྱིར་འཐེན་དགོས་དོན་དེ་ནི་༸གོང་ས་མཆོག་གི་སྐུའི་འཕྲོད་བརྟེན་ཆེད་ཡིན་རབས་དང་། དེ་ཡང་བཀའ་ཤག་གིས་༸གོང་ས་མཆོག་ལ་ཡར་ཞུ་བྱས་པ་ཡིན་རབས་སོགས་ཁྱབ་བསྒྲགས་བྱས་པ་མ་གཏོགས་གོང་གསལ་བདེན་པའི་དངོས་ཡོད་གནས་ཚུལ་ཚིག་གཅིག་ཁྱབ་བསྒྲགས་མ་བྱས་པ་རེད་དོ། །
དེ་སྔོན་ཕྱི་ལོ་༡༩༩༤་ལོར་མདོ་སྟོད་དབུས་རྒྱུན་ཚོགས་གཙོ་ལི་ཐང་ཨ་ཐར་ཟེར་བ་དེས་ཐེ་ཝན་བོད་སོག་ལས་ཁུངས་ལ་གསང་བའི་འབྲེལ་བ་བྱས་ཏེ། མདོ་སྟོད་དང་བོད་སོག་ལས་ཁུངས་བར་གསང་བའི་གྲོས་ཆོད་བཞག་པར་་མ་ཟད། དངུལ་དངོས་གང་མང་གསང་ལེན་བྱས་པ་སོགས་ལ་བརྟེན། སྐབས་དེར་༸གོང་ས་མཆོག་གིས་གཙོས་སྐབས་དེའི་བཀའ་ཤག་དང་། སྤྱི་འཐུས་སོགས་དང་། བོད་མི་བསམ་ཡོད་ཚང་མ་ཧ་ཅང་ཐུགས་ཕམ་ཚད་མེད་བྱུང་བ་དང་། སྐབས་དེར་ལི་ཐང་ཨ་ཐར་ཅན་གྱིས་གཙོས་དྷི་ལིའི་མདོ་སྟོད་དབུས་རྒྱུན་གྱིས་༸གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་ལ་མཐའ་གཅིག་ཏུ་ངོ་རྒོལ་རྒྱབ་གཏོད་བྱས་པ་དང་། དེ་ལ་བརྟེན་མདོ་སྟོད་ཁོངས་གཏོགས་ནས་༸གོང་ས་མཆོག་ལ་དད་འདུན་ཟབ་ཅིང་། བཙན་བྱོལ་བོད་གཞུང་ལ་ལྷག་བསམ་དཀར་བའི་ཤེས་འཇོན་ལྷག་བསམ་ཅན་རེ་ཟུང་ཞིག་གིས་གོང་གསལ་རྡ་རམ་ས་ལའི་ཆུ་སྒང་དབུས་རྒྱུན་གསར་པ་གསར་འཛུགས་གནང་བར་མ་ཟད། ཆེས་ཛ་དྲག་གི་དུས་ཚོད་དེར་བོད་སྤྱི་བའི་རྩ་དོན་ཆེད་རྡ་སའི་མདོ་སྟོད་རྒྱུན་ལས་དེ་༸གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་སེང་གེ་བཀའ་ཤག་གིས་ཤེས་དགོས།
དུས་ཚོད་ཛ་དྲག་སྐབས་༸གོང་ས་མཆོག་དང་། བོད་གཞུང་བཅས་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་མཁན་གྱི་རྡ་རམ་ས་ལའི་མདོ་སྟོད་དབུས་རྒྱུན་དེས་ད་ལྟ་༸གོང་ས་མཆོག་ལ་བརྟན་བཞུགས་ཙམ་འབུལ་འཆར་ཡོད་པ་དེ་ཡང་འབུལ་མི་བཅུག་པར་སེང་གེ་བཀའ་ཤག་གིས་རྩིས་མེད་གཏང་དགོས་དོན་གང་ཡིན་ནམ།
ཕྱི་ལོ་༡༩༩༤་ལོར་དུས་ཚོད་ཛ་དྲག་སྐབས་༸གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་མཁན་གྱི་རྡ་རམ་ས་ལའི་མདོ་སྟོད་ཆུ་སྒང་དབུས་རྒྱུན་དེ་དེང་སྐབས་བོད་གཞུང་གིས་ངོས་ལེན་མེད་པའི་ཆུ་སྒང་ཞེས་གཏན་འབེབས་བྱས་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་དང་། བོད་གཞུང་ལ་མཐའ་གཅིག་ཏུ་རྒྱབ་འགལ་དང་ངོ་རྒོལ་བྱེད་མཁན་གྱི་ལི་ཐང་ཨ་ཐར་གྱི་ཕྱོགས་་གཏོགས་ཀྱི་རྡི་ལིའི་མདོ་སྟོད་ཆུ་སྒང་དེ་དེང་སྐབས་བོད་གཞུང་གིས་ངོས་ལེན་ཡོད་པའི་ཆུ་སྒང་ཞེས་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱིས་ངོས་ལེན་བྱེད་བཞིན་ཡོད་པ་རེད་དོ། །
ཧ་ཧ་ཧ་ཧ་ཧ་ཧ་ཧ། འདི་འདྲའི་མི་དྲང་པ་ཤ་སྟག་བྱེད་བཞིན་དུ་ང་ཚོས་སྤྱི་མཐུན་གྱི་བསོད་ནམས་ཇི་ལྟར་གསོག་དགོས་སམ། ༸གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་ཆེད་རྒྱག་གཅིག་མཆོང་གཅིག་བྱེད་མཁན་རྣམས་ད་ལྟ་བོད་གཞུང་གིས་ངོས་ལེན་མེད་པར་གྱུར་པ་དང་།
༸གོང་ས་མཆོག་དང་། བོད་གཞུང་ལ་མཐའ་གཅིག་ཏུ་རྒྱབ་འགལ་དང་ངོ་རྒོལ་བྱེད་མཁན་དེ་དེང་སྐབས་བོད་གཞུང་གིས་ངོས་ལེན་ཡོད་པར་པ་སོགས་འདི་རིགས་སྤྱི་མཐུན་གྱི་བསོད་ནམས་འཟད་བྱེད་ཡིན་དང་། སྤྱི་མཐུན་གྱི་བསོད་ནམས་གསོག་བྱེད་ཡིན། སེང་གེ་བཀའ་ཤག་གིས་བསམ་བློ་ཐོངས་ཤིག
ཧཧཧཧཧཧཧཧཧཧཧཧཧཧ། དེ་ལྟ་བུའི་དཀར་པོ་ནག་པོ་དང་། ནག་པོ་དཀར་པོར་སྒྱུར་མཁན་དེ་སུ་ཡིན་ཚང་མས་ཤེས་པར་བྱོས་ཤིག
རྐ་མ་བློ་སེལ་ལགས། བདེ་སྲུང་བཀའ་བློན་མཆོག་གི་རྩ་དགོངས་ཞུས་པར་ཡིད་མུག་དགོས་དོན་མེད། དྲ་གྲོགས་སུས་རྩོམ་དང་མཆན་འགོད་སྐབས་གནས་ཚུལ་དྲང་བདེན་བཀོད་མཁན་ཡོད་ན་དེར་བསྔགས་བརྗོད་ཞུ་དགོས་པ་ལས་ཆོལ་ཞེན་ཕྱོགས་ལྷུང་གནང་ཐལ་མེད་པ་བྱ་དགོས། དེ་ནི་མང་གཙོའི་འཕེལ་རིམ་དང་སྤྱི་ཚོགས་ནང་གོ་རྟོགས་སྤེལ་བར་ཕན་ཐོག་ཆེན་པོ་ཡོང་ངེས་ཡིན་པར་བརྗོད་མ་དགོས་པ་ཡིན།
ད་ཡིན་ན། ༧གོང་ས་མཆཽག་གི་མི་ལོ་ལྔ་བཅུ་ལྷག་རིང་སྐུ་ངལ་སྐྱོན་སྟེ། རྩ་འཛུགས་གནང་བའི་བོད་མིའི་སྒྲིགས་འཛུགས་དེ། ད་ཆ་སྲིད་སྐྱོང་དཔྲལ་དཀར་དེས། རང་ཁྱིམ་དུ་རྩིས་ཏེ། སྒྲིགས་ཁྲིམས་རྡོག་རོལ་ལ་བཏང་ནས། ད་ཆ་སྒྲིགས་འཛུགས་དེ་རྩབ་རལ་དུ་གཏོང་གྲབས་འདུག དེའི་ཁར་འཇུ་ཆཻན་དཀོན་མཆོག་དང་། སྦལ་བ་སྐལ་བཟང་རྒྱལ་མཚན། ཁོ་མོའི་རྒྱུགས་ཁྱི་བསྟན་པ་ཡར་འཕེལ་བ་སོགས་པ་དེ་དག་གིས་ཁྱི་སྤྱང་ལག་སྦྲེལ་བྱས་ཏེ། ལས་ངན་སྤེལ་བཞཱིན་ཡོད།
ཟླ་བ་ཚེ་རིང་དང་ཟླ་བ་ཕུན་སྐྱིད་ཤར་ཕྱོགས་ཁུག་རྟ་སོགས་ཀྱིས་ད་ལོ་བཙན་བྱོལ་སྤྱི་ཚོགས་འདི་ཁྲག་ལྟར་དཀྲུག་སོང་། འོན་ཀྱང་མི་མང་གིས་ཁོ་ཚོའི་སྤྱོད་ངན་ཧ་གོ་ནས་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཤུགས་ཆེར་བྱས་ཡོད། འདི་ནི་བོད་སྤྱི་པའི་རྒྱལ་ཁ་ཞིག་དང་དཀྲུག་ཤིང་མཁན་པོ་ཚོའི་ཕམ་ཁ་ཞིག་རེད། བཙན་བྱོལ་བོད་པ་ཚོ་ཆབ་སྲིད་མཁན་པོ་ཚོས་ག་བ་ཁྲིད་ཁྲིད་མིན་པ་ད་ལོ་གསལ་པོ་སྟན་སོང་། བོད་རྒྱལ་ལོ།
xxxxx
དང་པོ་ཨ་ཐར་ཚེ་རིང་གི་རྙོག་གྲ་དང་དེ་རྗེས་འཇུ་ཆེན་གྱི་རྙོག་གྲ་དེ་ནས་དོལ་རྒྱལ་གྱི་རྙོག་གྲ་དང་སང་ཤོག་སེང་གི་རྙོག་གྲ། མདོར་བསྡུས་བ་ཡིན་ན་ཁམས་པའི་མིང་འཁུར་མཁན་གྱི་ཆུ་བཞི་སྒང་དྲུག་དང་འཇུ་ཆེན་བཀའ་བློན་སྐབས་ཀྱི་གནས་ཚུལ་དེ་ནས་རྒྱ་སྒོར་གྱི་ཆེད་དུ་རང་གཞུང་བཙུང་བའི་དོལ་རྒྱལ་ཚོགས་པ། རྒྱལ་ནག་དང་ལག་འབྲེལ་ཆེ་བའི་ཤོག་སེང་། ཆུ་བཞི་སྒང་དྲུག་གིས་ཐེ་བན་གྱི་སྒོར་ཐོབ་ཕྱིར་རང་གཞུང་བཙུང་ནས་བཙན་བྱོལ་ལ་དཀའ་ངལ་རབ་དང་རིམ་པ་བཟོས། མཁས་དབང་ཟམ་གདོང་རིན་པོ་ཆེ་སྐད་ཤོར་ནས་ང་ཁམས་ནས་སྐྱེས་བ་བློ་ཕན་ཡོད་བཅས་ངག་ནས་ཤོར། འཇུ་ཆེན་ཡང་དེ་མཚུངས་རེད། དོལ་རྒྱལ་གྱིས་རྒྱ་ནག་དམར་པོ་ལག་འབྲེལ་བྱས་ནས་སྒོར་བཟོས། ད་དུང་༧ གོང་ས་མཆོག་གི་སྐུ་གཟུགས་ལ་གནོད་པའི་ལས་བརྩམས་པ་བླ་མ་ཚེ་བྲས་དངོས་སུ་གསུང་། ཤོག་སེང་ཡང་དེ་མཚུངས་ཁང་རིན་སྤྲད་པའི་རྩིས་ཞིབ་ལ་ཁ་གསལ་མེད་པར་འཛམ་གླིང་ན་ཧ་ཅང་མིང་དུ་གྲགས་པའི་ཚགས་པར་སོགས་སུ་ལྐོགས་ཟའི་མིང་སླེབས། ད་དུང་འཇུ་ཆེན་གྱི་ཁྱི་ཕྲུག་འགའ་ཡིས་དུས་རྟག་ཏུ་སྤྱི་འཐུས་རྭ་བ་ནས་རྙོག་གྲ་རབ་དང་རིམ་པ་སྤེལ་ནས་ལྷག་བསམ་ཅན་གྱི་མི་རྣམས་སེམས་ཤུགས་ཆགས་སུ་བཞུག འདུས་བའི་ལོ་རྒྱུས་བལྟས་བ་ཡིན་ན་འང་བོད་འདི་ཕྱི་དགྲ་ཡིས་མེད་པར་མ་བཟོས་པར་ནང་ཁུལ་ནས་མ་འགྲིག་བའི་དབང་གིས་བཙན་པའི་རྒྱལ་རབས་འཇུག བོད་སུལ་བུར་འཐོར། དེ་རྗེས་ཀྱང་གྲུབ་མཐའ་ནང་ཁུལ་ཕན་ཚུན་འཁོན་འཛིན་བྱས་ནས་སྤྱི་ལ་དབང་བའི་རྒྱལ་བོ་ཞིག་མ་བྱུང་། ༧སྤྱི་ནོར་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་ཉག་གཅིག་ལ་བརྟེན་ནས་བོད་ཆོལ་གསུན་ཡོངས་རྫོགས་མིང་དོན་མཚུངས་བའི་རང་སྐྱོང་ལ་འབད་པ་བྱེད་ཀྱིན་ཡོད་རུང་ནང་ཁུལ་རྙོག་གྲ་བཟོས་ནས་དོན་ལྡན་གྱི་ལམ་ཐོག་ཏུ་ཤར་སྐྱོད་བྱེད་ཀྱིན་མེད། འདི་འདྲའི་རྙོག་གྲ་རྒྱུན་མཆེད་མེད་པར་ཡོང་གི་ཡོད་པའི་རྒྱུ་མཚན་ཡང་དག་ཅིག་བཙལ་བ་ཡིན་ན་ཁམས་པའི་མི་ཡི་བྱེད་སྟངས་ལས་སྟངས་ཉག་གཅིག་ལ་བརྟེན་ནས་ཡོང་དུ་ཡོད་པ་དངོས་བྱུང་ལོ་རྒྱུས་ལ་བལྟས་ན་ཧ་གོ་ཐུབ་བ་ཞིག་རེད། མཐུན་འབྲེལ་མི་དགོས་བའི་མི་རྒོད་འདི་ཚོས་ཕྱོགས་གཅིག་ནས་རང་བཙན་ཁ་ལ་གཡར་ནས་རྒྱ་ནག་ལ་ལག་འབྲེལ་བྱས། རང་ལ་ཁེ་དབང་ཐོབ། ཆུ་བཞི་སྒང་དྲུག་གི་རྙོག་དྲ་དང་དོལ་རྒྱལ་གྱི་རྙོག་དྲ་སྒོར་མོ་ལ་ཐུག་ཡོད་པ་དངོས་ཡོད་དཔར་རྟགས་ཡོད་རེད། ད་དུང་རང་བཙན་ཁ་ལ་བཟུང་ནས་མིང་དོན་མཚུངས་བའི་རང་སྐྱོང་ཡོང་རྒྱུ་ལམ་ཁ་བཀག། རྒྱ་ནག་ལ་དགོས་བ་དེ་རེད། རྒྱ་ནག་དང་རྒྱལ་སྤྱི་ལ་སོགས་པའི་ཧ་གོ་རྒྱུ་ཡོད་པ་རེད། བོད་ལ་རང་བཙན་ཐོབ་རྒྱུའི་ལམ་ཁ་ཞིག་མེད་པ། ༧གོང་ས་མཆོག་གི་ཐུགས་རྗེ་དང་རྒྱལ་སྤྱིའི་རྒྱལ་ཁབ་སྟོབས་ཆེན་དག་གི་ཤུགས་རྐྱེན་ལ་བརྟེན་ནས་བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་རྒྱུ་རྒྱ་ནག་ལ་སེམས་འཚུབ་ཡོད་པ་རེད། དེ་མི་ཡོང་བའི་ཆེད་དུ་ཁམས་པ་གླེན་རྒན་འགའ་ལ་རྒྱ་ནག་གིས་སྒོར་མོ་སྤྲད་ནས་བོད་ཁུལ་དཀྲུགས་བའི་ཚོགས་པ་འདྲ་མིན་དང་སྒེར་སོ་སོ་ལ་འང་དེ་དང་འབྲེལ་བ་ཡོད་པའི་ལས་རིགས་རྩོམ་མཁན་མང་དག་ཅིག་བཙན་བྱོལ་གྱི་སྤྱི་ཚོགས་འདིའི་ནང་ཁེངས་ནས་བསྡད་འདུག། དཔྱོད་ལྡན་གྱི་མིག་ཡོད་པ་དག་གིས་ངེས་པར་དུ་དེ་དག་མཐོང་བ་བྱོས། དེ་དག་མ་མཐོང་བའི་དབང་གིས་དབུས་གཙང་མི་མང་གཉིད་ཁུག་ནས་ཡང་ནས་བསྐྱར་དུ་ཤོག་སེང་ཁྲི་ལ་བཀོད་སོང་ང་། དེ་དག་བྱུང་དགོས་བའི་རྒྱུ་མཚན་ནི་བཙན་བྱོལ་གྱི་མི་མང་ཆེ་བ་ད་དུང་གཉིད་ཁུག་ནས་བསྡད་འདུག
དཔྱོད་ལྡན་གྱི་བསམ་བློ་ཡོད་མཁན་ཤར་ཕྱོགས་ཁུག་རྟ་ལྟ་བུ་བཙན་བྱོལ་སྤྱི་ཚོགས་ཙམ་མ་ཟད་བོད་ནང་ན་འང་ཁོང་འདྲ་བའི་བསམ་བློ་དང་ལྷག་བསམ་ཡོད་མཁན་ཁག་པོ་རེད། ༧ རྒྱལ་བའི་བཀའ་དགོངས་གཙིག་ཏུ་བཀུར་མཁན་རང་དོན་ཆུང་དུ་འཛིན་མཁན། གཞུང་དོན་གྱི་ཆེད་དུ་རང་ཁེ་དོར་ནས་མི་སྣ་ག་འདྲ་གོ་ས་མཐོན་པོ་ཅན་ཅིག་ལ་དགག་པ་བརྒྱག་དགོས་ན། དེ་བརྒྱབ་པའི་རྐྱེན་གྱིས་རང་གནས་ཤོར་རུང་འགྱོད་པ་མེད་མཁན། བདེན་དོན་རང་གི་ཆེད་དང་རྩ་དོན་རང་ལ་འབད་པ་བྱེད་མཁན། རང་གྲོགས་དང་ཉེ་རིང་གང་ཡང་མེད་པར་རྩ་དོན་གྱི་ཆེད་དུ་གྲོགས་པའི་འབྲེལ་བ་དང་ཉེ་རིང་གི་འབྲེལ་བ་ལ་མི་བལྟ་མཁན། ཁོང་ལྟ་བུའི་མི་སྣ་རླབས་ཆེན་ཅིག་གི་མཛད་པ་རང་དོན་གཙིག་ཏུ་བཀུར་མཁན་ཁམས་རྒན་འགའ་ཡིས་ཁ་ནས་བཤད་རུང་དོན་ལ་མི་ནུས་བ་ལས་རྒྱུ་འབྲས་དང་བསྟན་སྲུང་ལྷ་བླ་མ་ཡི་དམ་དག་གིས་མཁྱེན་ནི་རེད། ཁམས་པ་མི་མང་གིས་ཧ་གོ་དགོས་བའི་ཁམས་པའི་རྙོག་གྲ་ཆེན་པོ་བཞི་དེ་དག་ཤེས་བ་བྱོས། ཆུ་བཞི་སྒང་དྲུག་གི་རྙོག་དྲ། ཐེ་བན་གྱི་ཕོག་ལངས་ནས་བོད་གཞུང་དང་འགལ་བ་ཆགས་པའི་ལེའུ། དོལ་རྒྱལ་ཁ་གཡར་ནས་བོད་གཞུང་རྒྱ་ནག་ལ་བཙོང་བའི་རྙོག་གྲ། ད་དུང་༧ གོང་ས་མཆོག་གི་སྐུ་གཟུགས་ལ་གནོད་འཚེ་གཏོང་བའི་ལས་བརྩམས་པ་དེ་དག་ལ་གཟིགས་དང་། བྱེད་གཏེ་དེ་དག་སུ་རེད་། ཆོལ་ཁ་གང་གི་ཁུངས་སུ་འདུག ད་དུང་ཤོག་སེང་གི་རྙོག་གྲ། བཙན་བྱོལ་གྱི་མི་ལོ་ལྔ་ཅུ་རིང་གི་རྙོག་གྲ་ཆེན་པོ་བཞི་བྱུང་བའི་རྒྱུ་རྐྱེན་ལ་བརྟེན་ནས་བོད་ལ་མིང་དོ་་མཚུངས་བའི་རང་སྐྱོང་མ་རག་ནི་ཟེར་ན་འང་ཆོག་པ་ཞིག་རེད། རང་སྐྱོན་རི་འདྲ་བོ་མདུན་དུ་སྤོངས་ནས་ད་དུང་མི་གཞན་ལ་ཁ་སྤོ་བཤད་རྒྱུ་སུ་ཞིག་གིས་ཁྱེད་ཚོ་ལ་སྤོ་པ་སྤྲད་སོང་། ང་xxxཁྱེད་ཚོས་དྲ་ལམ་ནས་འདྲ་མིན་བྲིས་ན་མཚམས་རེ་གད་མོ་ཤོར་གི གང་ཡིན་ལབ་ན་ཛ་དུང་མཚར་ལོང་བྱུང་མེད་པའི་བྱིས་བ་བསམ་མེད་དག་གི་བྱེད་སྟངས་ལས་མ་གདའ། ཡིན་རུང་ལན་རེ་སེམས་པ་ཅུང་ཙམ་སྐྱོ་རྒྱུ་མཚན་ནི་རང་ལ་ནོར་བུ་ཡོད་རུང་ནོར་བུའི་ནོར་སྙིང་མ་ཤེས།
ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་བདེན་དོན་གྱི་རྩོམ་ཡིག་རིན་ཐང་ཅན་ཞིག་སྤེལ་འདུག་པར་ཡི་རངས་ཞུ། ད་ལྟའི་དུས་ཚོད་ནི་ཁམས་པ་དང་། ཨ་མདོ། དབུས་གཙང་ཟེར་བའི་ལུང་པའི་སྐད་ཆ་རྒྱང་དུ་བཏང་ནས་རང་ཉིད་ཡུལ་གྱར་བ་ཞིག་ཡིན་པའི་ཚོར་བས་བོད་དོན་བསམ་དགོས་རྒྱུའི་དུས་ཚོད་ཉག་ཅིག་རེད།
བོད་པ་ཚང་ལ་ས་ཆ་སྦར་མོ་གང་མེད་པར་རང་དབང་ཡོད་པའི་ཚོར་བ་བཞག་ན་ཡག་ཤོས་མ་རེད་དམ།