ཨ་ནུ་ཐང་བསོད་ནམས།
སྲུང་མའི་བཀའ་ཆད་ལ་ཞེད་བའི་འབྲོང་ཆུང་དངོས་གྲུབ་ཀྱིས་གོང་ས་མཆོག་དང་ལྷག་པར་དུ་སྲུང་མ་གཉིས་ཀྱིས་བཀའ་བཀྱོན་གནང་བའི་ཉེར་ལེན་གྱིས་ཁོས་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུས་པ་ཡིན་བརྗོད་པས། སྲུང་བཀའ་ཡི་འཇིགས་སྣང་འོག་ཏུ་ལས་གནས་ནས་དགོངས་པ་ཞུས་པ་གསལ་བོ་བསྟན་འདུག་ཀྱང་། དེ་སྐྱོན་ཆ་ཞིག་ལ་ཅི་ཡང་མ་མཐོང་། ཁོས་ད་ལྟའི་བར་དུ་ཕྱག་ལས་གནང་ཡོད་པས། ད་ནི་ལས་བྱེད་གསར་བ་ཚོ་ལ་གོ་སྐབས་སྤྲད་ཐུབ་ན་ཧ་ཅང་གི་ཡག་ལ། དེ་ལྟར་ཡོང་བའི་རེ་བ་དང་སྨོན་ལམ་གྲངས་མེད་ཡོད།
རྙིང་ཞེན་ཆེ་བའི་ལས་བྱེད་རྙིང་པ་ཚོ་གཅིག་རྗེས་གཉིས་མཐུད་དུ་དགོངས་པ་མང་དུ་ཞུས་ན་ཧ་ཅང་གི་ལེགས་ཤིང་། དེ་ལ་བརྟེན་ནས་ལས་བྱེད་གསར་བ་མང་དུ་ཡོང་ཞིང་། སླེབས་པ་ཡིན་ན། བོད་འདི་ལྷ་འདྲེ་ཡི་འཐབ་འཁྲུག་ཁྲོད་ནས་ཐར་ཞིང་། དུས་དང་མཐུན་པར་བསྐྱོད་ནུས་པས་ཡིན།
དེ་སྔོན་རྙིང་ཞེན་ཆེ་བའི་ལས་བྱེད་རྙིང་བ་ཚོའི་སྟོབས་ཀྱིས་ཆོལ་ཁ་དང་ཆོས་ལུགས། ལྷག་པར་དུ་སྲུང་མ་བེད་སྤྱོད་བྱེད་པའི་ལྷ་དབང་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་ཐབས་ལམ་རྙིང་བ་མཐའ་དག རྙིང་བར་ཆགས་སུ་མ་བཅུག་པ་བོད་ཀྱི་སྤྱི་ཚོགས་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱིས་གང་ཐུབ་ཀྱིས་བེད་སྤྱོད་བྱས་པའི་ཉེར་ལེན་གྱིས། ཆོལ་ཁ་དང་ཆོས་ལུགས། སྲུང་མ་བསྟེན་ཕྱོགས་མ་གཅིག་པའི་རྙོག་དྲ་འདི་དག་རྒྱུན་ཆད་མེད་པར་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་ཡོང་དང་ཡོང་བཞིན་ཡོད་པས་ཡིན། ད་ལྟའི་བོད་ཀྱི་གཞོན་སྐྱེས་མང་པོ་ཞིག་འདི་ལ་མགོ་ན་ནས་སྡོད་བཞིན་ཡོད།
རྙིང་ཞེན་པ་ཚོས་སྲུང་མ་བེད་སྤྱོད་བཏང་ཞིང་དེ་ལས་བཀའ་ལུང་ཞུ་ཁུལ་གྱིས་རང་གི་ཆབ་སྲིད་ཀྱི་དགོས་མཁོ་འགྲུབ་ཆེད་དུ་ཆབ་སྲིད་ཀྱི་རྩེད་མོ་ཞིག་བརྩེས་ཡོད་ཀྱང་། དགོས་མཁོ་འགྲུབ་རྒྱུའི་ཚབ་ཏུ་ད་ནས་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་བཞིན་ཡོད། རྒྱུ་མཚན་ནི། འབྲོང་ཆུང་གིས་དགོངས་པ་ཞུས་པས་ཡིན་ཞིང་། ལྷ་སྲུང་ལ་དད་པ་ཡོད་མཁན་དང་། ཡོད་མདོག་སྟོན་མཁན་གྱི་ལས་བྱེད་རྙིང་ཞེན་པ་ཚོ་སྲུང་མའི་བཀའ་ཆད་ལ་ཞེད་ནས་སམ། ཞེད་ཁུལ་གྱིས་གཅིག་རྗེས་གཉིས་མཐུད་དུ་དགོངས་པ་ཞུས་པ་ཡིན་ན། ཚབ་ཏུ་སྲུང་མ་ལ་དེ་ཙམ་དད་པ་མེད་མཁན་གྱི་གཞོན་སྐྱེས་མང་དུ་སླེབས་ཤིང་། སླེབས་པ་ཡིན་ན། བོད་མིའི་སྒྲིག་འཛུགས་ཁྲོད་དུ་སྲུང་མ་དཀར་ནག་གི་ནུས་པ་ཆུང་དུ་འགྲོ་བས། མ་འོངས་པར་སྲུང་མའི་གཟི་བྱིན་ལ་བརྟེན་ནས། རང་ཉིད་ཀྱི་རང་ཐང་འཚོལ་སྙེགས་བྱེད་མཁན་གྱི་ཀླད་རྙིང་གི་མགོ་བདེ་ཅན་རྣམས་ཕམ་དུ་འགྲོ་ངེས་རེད། དེར་བརྟེན། སྲུང་མ་བེད་སྤྱོད་བཏང་ཞིང་། དེ་ལ་འཇིགས་ནས་ལས་བྱེད་རྙིང་བ་ཚོས་དགོངས་པ་མང་དུ་ཞུས་པ་ཡིན་ན། དེས་ནི་སྲུང་མ་བེད་སྤྱོད་བཏང་བའི་དགོས་དོན་གྱི་རྩ་བ་མ་འགྲུབ་མ་ཟད། ནུས་པ་ལྡོག་ཕྱོགས་ནས་ཐོན་པས། སྤྲང་བོ་རྡུང་བྱེད་རང་དབྱུག་ལྟ་བུ་ཆགས་ཁར། སྲུང་མ་བེད་སྤྱོད་གཏོང་མཁན་ཚོ་འགྱོད་པ་སྐྱེ་ངེས་རེད། གཅིག་བྱས་ན་ད་ནས་སྐྱེ་བཞིན་ཡོད་ཤས་ཆེ།
རྒྱབ་ལྗོངས་ཀྱི་གསང་བ།
འབྲོང་ཆུང་བཀའ་བློན་ལས་དགོངས་ཞུ་གནང་དགོས་པའི་རྒྱུ་མཚན་གཞན་ཞིག་ནི་ཟམ་གདོང་རིན་པོ་ཆེས་ཁོས་དེ་སྔོན་དགོན་པ་ལས་བསླབས་པའི་ལྷ་དབང་རིང་ལུགས་སྐྱར་གསོ་བྱེད་འདོད་པས། འོས་བསྡུ་ཡག་པོ་མ་བྱུང་ཚུལ་གྱིས་མང་གཙོའི་ལམ་སྲོལ་ལ་རྒོལ་བའི་རྣམ་པའི་ཐོག་ནས་ཐེངས་དང་པོ་འོས་ཤོག་འཕངས་མེད་ཕྱིན། འབྲོང་ཆུང་གིས་ལོ་མང་རིང་ཟམ་གདོང་གི་འོག་ཏུ་ཕྱག་ལས་གནང་བ་མ་ཟད། ཟམ་གདོང་གིས་ཁོ་ ༢༠༠༧ ལོར་བདེ་སྲུང་བཀའ་བློན་དུ་བདམས་པས། ཐེངས་གཉིས་སུ་བཀའ་བློན་དུ་ཆགས་པས་ཡང་སྐྱར་བཀའ་བློན་བྱེད་པའི་ཐོབ་ཐང་མེད་ཁར། ད་ལྟ་ཟམ་གདོང་ལ་རྒྱབ་སྐྱོར་ཆེད་དུ་དགོངས་པ་ཞུས་ཡོད། དེ་ལྟར་གནང་ན། ཟམ་གདོང་ལ་བཀའ་དྲིན་བཏང་རག་ཏུ་འགྱུར་བ་མ་ཟད། ཟམ་གདོང་དང་ལྷན་དུ་ལྷ་དབང་རིང་ལུགས་སྐྱར་གསོ་བྱེད་པར་ཞབས་ཞུ་བསྒྲུབ་པས་རེད།
སྨན་རྩིས་ཁང་ནི་འཕྲོད་བསྟེན་དང་འབྲེལ་བ་ཡོད་ཅིང་སྐུ་མདུན་གྱིས་ཉེ་ཆར་སྨན་རྩིས་ཁང་གི་དུས་སྟོན་དང་འབྲེལ་ནས་འཕྲོད་བསྟེན་གྱི་ཐོག་ནས་འཐུས་ཤོར་བཏང་ཡོད་ཚུལ་གསུངས་པ་ལས། འོས་བསྡུ་ཡི་སྐོར་ལ་དེ་ཙམ་བཀའ་ནན་ཞིག་ཅི་ཡང་མ་གནང་ཡང་། སྲུང་མ་དམར་ནག་གཉིས་ཀ་ཧ་ཅང་གི་ཁྲོས་པ་མ་ཟད། འོས་མི་གཉིས་ཀྱིས་ཀྱང་ནག་ཉེས་ངོས་ལེན་གྱིས་སྐུ་མདུན་ལ་བཟོད་གསོལ་བྱེད་ཀྱི་ཡིན་ཚུལ་བརྗོད་པ་འདི་དག་ལ་དཔགས་ན་ཕུགས་སུ་ལྷ་དབང་རིང་ལུགས་གསང་བའི་ལྐོག་ཇུས་ཤིག་ཡོད་པ་ཐེ་ཚོམ་མེད་ཅིང་། གཅིག་བྱས་ན་གསང་བའི་རྩ་འཛུགས་ཀྱི་གོ་སྒྲིག་པ་ཟམ་གདོང་ཡིན་ཤས་ཆེ།
རྒྱུ་མཚན་ནི། ༢༠༠༨ ལོར་སྐུ་མདུན་གྱིས་བོད་ཁྱིམ་སློབ་གྲྭའི་མཛད་སྒོའི་སྟེང་དུ་བཙན་བྱོལ་གྱི་ནང་དུ་ཤེས་ཡོན་གྱི་སྒང་དུ་འཐུས་ཤོར་རྒྱ་ཆེན་ཤོར་ཚུལ་གྱི་བཀའ་སློབ་ནན་ཏན་ཞིག་གནང་ཡང་། ཟམ་གདོང་བཀའ་ཤག་གིས་བཟོད་གསོལ་བྱེད་རྒྱུའི་ཚབ་ཏུ་གང་ཐུབ་ཀྱིས་བཀའ་སློབ་དེ་སྦས་སྐོང་གནང་ཡོད་ལ། སྐུ་རྟེན་གཉིས་ཀྱིས་ཀྱང་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་བཟུང་ཁར། སྐུ་མདུན་གྱིས་སྔ་ཕྱི་དུ་མར་བོད་ལ་མི་འབོར་ཉུང་དྲགས་པས་གྲྭ་གྲངས་ཉུང་དུ་བཏང་ཐུབ་ན་ཡག་ཚུལ་གྱི་བཀའ་སློབ་མང་དུ་གནང་ཡང་། དེ་ལ་བོད་མིའི་སྒྲིག་འཛུགས་དང་ལྷག་པར་དུ་སྐུ་རྟེན་གྱིས་དོ་བདག་བྱེད་མྱོང་མེད། ད་ཐེངས་སྐུ་མདུན་གྱིས་འོས་བསྡུ་ཡི་སྐོར་ལ་དེ་ཙམ་བཀའ་སློབ་ནན་པོ་ཅི་ཡང་གནང་ཡང་། དེ་ལས་ནས་སྲུང་མ་དམར་ནག་གཉིས་ཀྱི་སྐུ་རྟེན་གཉིས་ཐོན་པ་མ་ཟད། ཟམ་གདོང་དང་པོ་བྱས་ནས་འོས་བསྡུ་ཡག་པོ་མ་བྱུང་ཚུལ་དང་། མང་གཙོ་ཡང་བོད་ལ་འོས་འཚམས་ཡིན་མིན་གྱི་དགག་པ་བརྒྱབ་ཡོད། རྒྱག་དགོས་དོན་ཡང་ཟམ་གདོང་ཁོ་ཉིད་མང་གཙོ་ལ་མི་དགའ་ཞིང་ལྷ་དབང་རིང་ལུགས་པ་ཡིན་པས་རེད།
བཙན་བྱོལ་བའི་མང་གཙོ།
བཙན་བྱོལ་བའི་མང་གཙོ་ཡིན་ཡང་ནུབ་ལུགས་ལྟར་ཆབ་སྲིད་ཚོགས་པ་སྣ་མང་དང་། ཡང་ན་ཕྱོགས་འགལ་ཚོགས་པ་བཙུགས་ནས་འགྲན་བསྡུར་གྱི་ཁྲོད་ནས་ཆེས་མཐོའི་དབུ་ཁྲིད་འདེམསས་པའི་ལམ་སྲོལ་བཏོད་མེད་ལ། གལ་སྲིད་བཏོད་པ་ཡིན་ན་དབུ་མ་ཚོགས་པའི་ལག་ནས་དབང་ཆ་ཤོར་བར་ཞེད་པའམ། ཡང་ན་ཆབ་སྲིད་ཀྱི་ལྟ་བ་རྩད་ནས་གཅིག་སྒྲིལ་ལ་གནོད་སྐྱོན་གཏོང་བར་འཇིགས་ནས། ཆབ་སྲིད་ཚོགས་པ་སྣ་མང་དང་། ཕྱོགས་འགལ་ཚོགས་པ་འཛུགས་རྒྱུའི་མོས་མཐུན་གནང་མེད་ཀྱང་། མི་མང་ལ་འོས་ཤོག་འཕེན་པའི་གཞི་རྩའི་མང་གཙོ་ཡི་ཐོབ་ཐང་དམིགས་བསལ་བ་དེ་སྤྲད་ཡོད་པས། སྲིད་སྐྱོང་གི་འོས་མི་སུ་ཞིག་ཡིན་ཡང་། རང་ལ་འོས་ཤོག་ཐོབ་ཐབས་སུ་མི་ཚོགས་ཀྱི་མདུན་དུ་ངེས་པར་དུ་རང་གི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ལྟ་བ། སྔོན་གྱི་གྲུབ་འབྲས་དང་། མ་འོངས་བའི་ལས་འཆར་སོགས་ངོ་སྤྲོད་ངེས་པར་དུ་བྱེད་དགོས་པས། ངོ་སྤྲོད་བྱེད་སྐབས་ཚོགས་པ་གཅིག་དང་། ཆབ་སྲིད་ཀྱི་ལྟ་བ་གཅིག་པ་ཡིན་ཡང་། མཆོག་དམན་དང་མཁྲེགས་ཞན་སོགས་བསྡུར་དགོས་ཤིང་། དེ་ལ་བརྟེན་ནས་མང་ཚོགས་ཁྲོད་རྒྱབ་སྐྱོར་བཙལ་དགོས་པས། མཆོག་དམན་དང་། ལྷག་པར་དུ་ཆབ་སྲིད་ལྟ་བ་གཅིག་ཡིན་ཡང་། ལྟ་བ་མཁྲེགས་པོ་དང་གུ་ཡངས་ཀྱི་ཕྱོགས་ཁག་གཉིས་འབྱུང་བས། དེ་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་ཡང་། གུ་ཡངས་དང་མཁྲེགས་པོ་གཉིས་ཀྱི་ཕྱོགས་ཁག་གཉིས་སུ་གྱེར་བས་ཆབ་སྲིད་ཚོགས་པ་གཉིས་ལྟར་ཆགས་པས། བཙན་བྱོལ་གཞུང་གིས་ཆབ་སྲིད་ཀྱི་ལྟ་གྲུབ་མ་འདྲ་བ་ལ་བརྟེན་པའི་ཕྱོགས་འགལ་ཚོགས་པ་མ་བཙུགས་པའི་སྲིད་ཇུས་ལམ་ལྷོང་བྱུང་མེད།
ཕྱོགས་འགལ་ཚོགས་པ་དང་ཆབ་སྲིད་ཚོགས་པ་སྣ་མང་གི་འགྲན་བསྡུར་འོག་ཏུ་སྲིད་དབང་སྐྱོང་བའི་ཆབ་སྲིད་ཀྱི་ལམ་ལུགས་མ་བཙུགས་པའི་ཉེར་ལེན་ལ་བརྟེན་ནས། སྲིད་སྐྱོང་གི་མཐའ་མའི་འོས་མི་གཉིས་ཚོགས་པ་གཅིག་པ་ཆགས་ཤིང་། ཕྱོགས་ཁག་སོ་སོས་ལྟ་གྲུབ་ཀྱི་ཆ་ནས་གཉིས་ཀ་གཅིག་པ་ཡིན་པས་རྒྱབ་སྐྱོར་གསར་བ་དེ་ཙམ་བཙལ་ཐབས་དཀའ་བས། ཆོལ་ཁ་དང་སྲུང་མ་བསྟེན་ཕྱོགས། སྐུ་དཔར་གང་དུ་བཞག་མིན་སོགས་ཀྱི་གནའ་བོ་གོམས་གཤིས་དང་ལུང་ཚན་བེད་སྤྱོད་བཏང་ནས་རྒྱབ་སྐྱོར་བཙལ་བས། ཕྱོགས་འགལ་ཚོགས་པ་བཀག་པ་དེས་ཕན་པ་ལས་ནུས་པ་ལྡོག་ཕྱོགས་སུ་ཐོན་ཏེ། ད་ལྟ་བོད་གཞུང་གི་མགོ་གཙོ་ཚོས་ལམ་ཀ་གང་ཞིག་ཏུ་སྤོ་དགོས་མིན་དང་། སྤོས་ན་བཟང་མིན་སོགས་མ་ཤེས་པར་ཅི་བྱ་གཏོལ་མེད་ངང་ལྷག་ཡོད། དེར་བརྟེན། འུ་ཐུག་ནས་སྲུང་མ་བེད་སྤྱོད་གཏོང་བཞིན་པའི་སྒང་ཡིན་པས། མ་འོངས་པར་ཁ་ཕྱོགས་གང་ཞིག་ཏུ་སྤོ་མིན་ནི་ད་ལྟ་སྒུག་སྡོད་ཀྱི་གནས་སུ་ཁུམས།
གནས་ཆུང་བེད་སྤྱོད་བཏང་ནས་བློ་སེང་ལ་འཇིགས་སྐུལ།
ཐོགས་མེད་ཀྱིས་གནས་ཆུང་བེད་སྤྱོད་བཏང་ནས་བློ་སེང་ལ་འཇིགས་སྐུལ་གཏོང་བཞིན་ཡོད་པ་མ་ཟད། ཁོས་བློ་སེང་གིས་ལས་གནས་ནས་དགོངས་པ་མ་ཞུས་ཚེ་གནས་ཆུང་གིས་ཁོ་གསད་ཚུལ་ལྟ་བུ་ཁ་ཚོན་བཅད་ནས་བརྗོད་འདུག་ཁར། རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་བྱས་པ་ཡིན་ན། བོད་ཀྱི་རྩ་དོན་མ་འགྲུབ་པའི་རྐྱེན་དུ་བཏང་བས། དེ་ལ་གནས་ཆུང་ཡིན་ཡང་ཐུགས་ཁྲོས་ཚུལ་ལྟ་བུ་ཚིག་ཟུར་དུ་བརྗོད་པས། དོན་དངོས་ཁོ་ཡི་སྐད་ཆ་དེ་ཡིས་ཕྱོགས་ཁག་གང་ཞིག་གི་ཚབ་མཚོན་ཐུབ་པ་ཡིན་ནམ། སྐུ་མདུན་གྱི་ཐུགས་ཕམ་ཡ་ཞིག་བྱས་ན་གནས་ཆུང་གིས་ཚར་གཅོད་པའི་དུས་ལ་བབས་ཚེ། གུང་ཁྲན་ཏང་ག་འདྲ་བྱས་ནས་ཚར་མ་བཅད་པ་ཡིན་ནམ།
རྒྱ་ནག་ལ་ངོ་རྒོལ་བྱས་ན་རྒྱ་མི་ཁོང་ཁྲོ་ཟ་ཞིང་ཟ་བ་ཡིན་ན་བོད་ནང་གི་བོད་མི་ཚོ་ལ་སྡུག་པོ་མང་དུ་མྱོང་ཚུལ་དང་། བོད་རྒྱ་ཞི་མོལ་ལ་གནོད་ཚུལ་འདིའི་འབྱུང་ཁུངས་རྒྱ་རིགས་ཚོ་ཡིན་ཞིང་། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཐབས་ཇུས་འདི་བེད་སྤྱོད་བཏང་ནས་འཛམ་གླིང་ཐོག བོད་ཀྱི་གནད་དོན་གྱི་སྒང་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་པའི་ལས་འགུལ་ཀུན་འགོག་བཞིན་ཡོད་པས། ཁོས་དེ་ལྟར་བརྗོད་པ་ནི་ཁོ་ཉིད་རྒྱ་ནག་གི་གཡོ་འོག་ཏུ་ཚུད་ནས། རྒྱ་ནག་གི་མགྲིན་ཚབ་པ་ཆགས་ཡོད།
དེ་སྔོན་སྐུ་མདུན་དང་ཟམ་གདོང་གཉིས་ཀྱང་རྒྱ྄་ནག་གི་གཡོ་འོག་ཏུ་ཚུད་པའམ། རྒྱ་ནག་གིས་བཤད་པ་ལ་ཚོད་ལྟ་གནང་བ་ལྟ་བུས་སྟོང་ལོ་གསར་བའི་མགོ་རུ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ཀུན་གང་ཐུབ་ཀྱིས་མཚམས་བཞག་ཡོད་ཀྱང་། རྒྱ་ནག་གིས་ལྐོག་ཏུ་ཤུགས་ལྡན་ཚོགས་པའི་ཚོགས་མི་འགའ་གོ་བསྒྲིགས་བྱས་ཤིང་། ༢༠༠༨ ལོའི་ཨོ་རྩལ་དང་བསྟུན་ནས་སྐུ་མདུན་ལ་རྒྱལ་སྤྱིའི་ཐོག་ངོ་རྒོལ་བྱེད་རྒྱུ་གྲྭ་བསྒྲིགས་བྱས་པ་མ་ཟད། ལྷག་པར་དུ་ཨོ་རྩལ་རྫོགས་ནས་རྒྱུན་རིང་མ་འགྱངས་པར་བོད་རྒྱ་ཞི་མོལ་གྱི་སྐུ་ཚབ་མཚམས་བཅད་པ་དེས་གསལ་བོ་བསྟན་ཡོད།
དེར་བརྟེན། བཀའ་ཤག་གསར་བས་འདས་པའི་ཉམས་མྱོང་ལས་ནོར་འཁྲུལ་དུ་མཐོང་ནས་ད་ལྟ་རྒྱ་ནག་ལ་ངོ་རྒོལ་མང་ཙམ་བྱེད་རྒྱུའི་སྲིད་ཇུས་བཟུང་ཡོད་ལ། དེའང་ཚུལ་མཐུན་ཡིན་ཏེ། རྒྱ་ནག་ལ་ངོ་རྒོལ་མེད་པའི་ལས་འགུལ་གྱིས་བོད་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་སེམས་ཤུགས་གཅོག་བྱེད་ལས། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ཡག་ཏུ་བཏང་བར་གོ་མ་ཆོད་པས་བཅོས་སྒྱུར་མི་བཏང་ཐབས་མེད་ཡིན་པས་བཏང་བ་ཞིག་ཡིན་པས་ཡིན།
ཨ་ནུ་བསོད་ནམས་ཟེར་བས། །
རྫུན་གཏམ་བཙན་བསྒྲིགས་མ་སྤེལ། །
བཀའ་བློན་འབྲོང་ཆུང་དངོས་གྲུབ། །
ཁྱོད་འདྲའི་སྤྱོད་ཡུལ་མ་རེད། །
༸སྐྱབས་མགོན་༸རྒྱལ་བའི་ཐུགས་སྲས། །
མི་རྗེ་འབྲོང་ཆུང་དངོས་གྲུབ། །
བཟང་སྤྱོད་དགོངས་ཞུ་གནང་བ། །
ངན་སྤྱོད་བསྒྱུར་དགོས་ཨེ་བསམ། །
༸གོང་ས་ལྷ་མིའི་རྣམ་འདྲེན། །
༸སྐྱབས་མགོན་ཡིད་བཞིན་ནོར་བུའི། །
གསང་གསུམ་ཡོན་ཏན་རྒྱ་མཚོ། །
མཇལ་བའི་སྐལ་ལྡན་ཁྱོད་མིན། །
མཁྱེན་རབ་འཇམ་དཔལ་དབྱངས་དངོས། །
ཁྲི་ཟུར་ཟམ་གདོང་ཚང་ལ། །
རྒོལ་བའི་རྒྱ་དམར་རྒྱུགས་ཁྱི། །
ཁྱི་ངན་ཁྱོད་ལས་ཅི་ཡོད། །
གཞུང་བསྟེན་དགྲ་ལྷའི་གཙོ་བོ། །
སྲུང་མ་དམ་ཅན་རྒྱ་མཚོས། །
དྲང་བདེན་ཁྱད་གསོད་བྱེད་པོའི། །
སྙིང་ཁྲག་དྲོན་མོ་བཞེས་ཤིག །
མི་འདིའི་རྩོམ་བྱང་དང་། བརྗོད་དོན་འཐོར་ཏེ་སྨྲས་པས། དཔྱད་བརྗོད་པ་ཚད་ལྡན་ཞིག་མིན་ཁར། ལོ་མང་དམར་པོའི་སློབ་གསོས་བསྐྱངས་པའི་བག་ཆགས་ཤིག་སྟེ། བོད་ཀྱི་ལུགས་སྲོལ་ཐམས་ཅད་རྨོངས་དད་དང་། བོད་ཀྱི་ལམ་ལུགས་ཡོད་རྒུ་རྗེས་ལུས་སུ་སྨྲ་བའི་རང་གདོང་རང་གིས་འགེབས་པའི་གཏི་ཐུག་ཅན་ཞིག་ཡིན་སྣང་སྟེར། ཁོས་རྩོམ་འགོ་འཛུགས་དུས་འབྲོང་ཆུང་གླེང་ཞིང་བར་ནས་ཐོགས་མེད་གླེང་། མཇུག་ཏུ་བོད་ཀྱི་འཐབ་རྩོད་ཀྱི་ཁ་ཕྱོགས་གླེང་སྟེ། མདོར་ན་རང་ཉིད་ཀྱིས་ཅི་ཞིག་གླེང་གིན་ཡོད་པ་བོར་ཏེ། ཀློག་པ་པོ་ཡིད་ཐང་ཆད་དུ་བཅུག་པ་དང་། ད་དུང་ཅི་ཞིག་ལ་རྒོལ་གིན་ཡོད་པའི་བཟོ་སྟེ། མགོ་༸རྒྱལ་དབང་དང་། ཟམ་གདོང་བླ་མ། སྲུང་མའི་ཚོགས། དེ་ནས་བོད་ཀྱི་མཐོ་རིམ་མི་སྣ་དང་། ད་ལྟའི་བཙན་བྱོལ་གྱི་ལམ་ལུགས་སོགས་ལ་དམད་དེ། དམངས་སེམས་འཁྲུག་ཏུ་འཇུག་པ་དང་། ལྷག་པར་དུ་ཆོལ་ཞེན་གྱི་དུག་ཆུས་མྱོས་ཏེ། མི་ལོ་བཞི་བཅུའི་རིང་། ༸རྒྱལ་བའི་སྐུ་ཆར་སྲུང་སྐྱོབ་ཀྱི་ཕྱག་ལས་ཕུལ་དུ་བྱུང་བ། དགྲ་བོའི་སྙིང་གི་འཛེར་དང་། བོད་མིའི་སྙིང་གི་ཟེའུ་འབྲུ་འབྲོང་ཆུང་དངོས་གྲུབ་མཆོག་ཐང་ལ་དྲུད་ཐབས་བྱས་འདུག
ཁོ་པས་བརྗོད་ལ། བོད་འདི་ཉིད་རིང་ནས་ལྷ་འདྲེར་ཡིད་ཆེས་དྲག་པས་ཡོད་ཚད་ཤོར་དོན་དང་། བོད་ཀྱི་མཐོ་རིམ་མི་སྣ་མགོ་༸གོང་ས་མཆོག་ནས་གཙོས་པའི་མཐོ་རིམ་མི་སྣ་ཚོས་སྲུང་མ་བསྟེན་ཞིང་སྤྱན་འདྲེན་པ་དག་ནི་རང་གི་ཆབ་སྲིད་ཀྱི་ཁེ་ཕན་སྒྲུབ་ཕྱིར་དམངས་ལ་མཐོ་སྐོར་བཏང་དང་གཏོང་བ་ཞིག་ཡིན་སྐོར་དང་། ཤུགས་ལྡན་གྱི་རྙོག་ཟིང་ཡང་དེས་བྱུང་སྐོར་བཤད་དེ། ཤུགས་ལྡན་བསྟེན་མི་རྒྱབ་སྐྱོར་དང་།གདུང་སེམས་མཚོན་པར་བྱས་པ་དང་། སྐུ་ངོ་འབྲོང་ཆུང་ཡང་རང་གི་ཁེ་ཕན་གྱི་སླད་དུ་སྲུང་མའི་བཀའ་ཆད་ལ་འཇིགས་ཏེ་ལས་དགོངས་ཞུས་སྐོར་བྲིས་འདུག
དེ་ལྟར་ན་ཁོས་མའོ་ཙེ་ཏུང་གིས་སྣེ་འཁྲིད་པའི་བཙན་འཛུལ་དམར་དམག་གིས་བོད་ལ་ཚུལ་མིན་གྱིས་བཙན་འཛུལ་བྱས་པས་ཁས་མི་ལེན་ཏེ། བོད་ཤོར་བ་སྲུང་མས་བཟོས་པའི་ཕྱིར་དང་། འབྲོང་ཆུང་གིས་སྲུང་མའི་བཀའ་ཆད་ལ་སྐྲག་གཟོལ་གྱིས་རང་ཁེ་གང་ཞིག་ལ་དམིགས་པ་བཤད་མི་འདུག་པའི་ཕྱིར། ཁོའི་འཆལ་གཏམ་དེས་བྱིས་པ་དག་གི་ཉན་བྱེད་ཀྱང་འགུ་བའི་ནུས་པས་དབེན་འདུག
གཞན་ཡང་བོད་འདི་ཉིད་འབུ་ཆེ་བས་ཆུང་བཟས་སུ་སོང་སྟེ། ལོ་རྒྱུས་ཐོག་གི་གྱོང་ཁ་ཆེ་ཤོས་ཏེ་འཁུར་དགོས་བྱུང་བ་མ་ཟད། བོད་གཞིས་བྱེས་གཉིས་སུ་གྱེས་ནས་རང་རིགས་ཆོས་རིག་དང་བཅས་པ་རླུང་ཁྲོད་ཀྱི་མར་མེ་ལྟ་བུར་གྱར་དུས། བོད་ཀྱི་ལྷ་ཟུང་འབྲེལ་གྱིས་འགྱེལ་ས་ནས་ལངས་ཤིང་། ལྷག་པར་དུ་བཙན་བྱོལ་དུ་༸རྒྱལ་བ་དོན་གྱིས་བདག་པོས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཡར་རྒྱས་སུ་མཛད་དེ། བཙན་བྱོལ་བོད་གཞུང་བཙུགས་ཤིང་། དེ་རིང་གི་ངེད་ཅག་གི་མཐོང་སྣང་ཡོད་པའི་སྒྲིག་འཛུགས་འདི་བཙུགས་པ་རེད། དེ་རིང་གི་སྒྲིག་འཛུགས་འདིས་བོད་ཕྱི་ནང་ཟུང་གི་ངོ་ཚབ་བྱེ་ཅིང་། སྟོབས་ཆེན་རྒྱ་ནག་ལ་ཁ་གཏད་གཅོག་གིན་ཡོད། དེ་ལྟའི་འབྲས་བུ་ནི་བོད་མི་རྒན་རབས་རྣམས་ཁྱོད་གླེང་བ་བཞིན། གླེན་ལྐུགས་ཆུ་སྣེ་གར་འདྲེན་མིན་པ་མཚོན་ཐུབ་ལ། ཆོས་སྐྱོང་དག་གིས་བོད་མི་རྣམས་མགོ་སྐོར་ཞིང་། ལྷག་པར་དུ་མི་རབས་རྒན་པ་དག་གིས་མི་ཡུལ་དུ་གནམ་ཐོག་དང་། ས་གདན་དུ་བྱས་ཏེ་༸རྒྱལ་བའི་ལམ་སྟོན་འོག་ཤར་བསྐྱོད་དང་། རང་ནུས་ཡོད་རྒུ་བཏོན་ཏེ་བྱུང་བའི་འབྲས་བཟང་ཡིན་པ་ཤེས་དགོས།
ཁྱོད་ཀྱང་གསར་འབྱོར་ཞིག་ཡིན་ངེས་ཤིང་། བཙན་བྱོལ་ནང་གི་དགོན་པའམ་སློབ་གླིང་གང་རུང་ནས་ཐོན་པའམ། ཁུངས་མ་འཁྱོལ་བ་ཡིན་ངེས། མདོར་ན་ཁྱོད་རྒྱ་གར་དུ་བསྡད་མྱོང་ན་སྒྲིག་འཛུགས་དེ་དང་།མི་རྒན་དེ་དག་གི་བཀའ་དྲིན་ལས། མི་གྲལ་དུ་ཚུད་པ་ཞིག་གཏན་གཏན་བཟོས་ཡོད་ངེས།
ད་ཆ་རང་ཉིད་རང་མགོ་ཐོན་པ་དང་། བོད་ཀྱི་བླ་ཆེན་མི་ཆེན་སྲུང་མ་དང་བཅས་པ་མིག་ནང་མི་འཇོག་ཅིང་། བོད་ཀྱི་བསམ་པའི་དད་ཕྱོགས་ལ་དམའ་འབེབས་ཚད་ལས་འདས་པ་བྱེད་པ་ནི། ནང་པ་ཞིག་ཡིན་ན་ལས་འབྲས་ཁྱད་དུ་གསོད་པ་དང་། ཆོས་ཁས་མི་ལེན་པ་ཞིག་ཡིན་ན་ངོ་ཚ་ཞེ་ཁྲེལ་མེད་པ་ཞིག་རེད།
མདོར་ན། འདི་ལྟའི་སྐྱེ་བོ་ལོག་པར་སྨྲ་བ་དག་མང་དུ་བྱང་དང་འབྱུང་གིན་པར་ཁ་ཡ་བྱེ་ཁོམས་མེད་ཀྱང་། དྲིན་ཅན་རྡོག་པས་བརྗི་བའི་སྤྱོད་ངན་ལ་མི་བཟོད་པས་ཞོར་འཕྲོས་ཙམ་དུ་སྨྲས་པའོ།།
ཞུ་དག་མ་སོང་བས། དག་ནོར་དང་ཟློས་སྐྱོན་ཡང་ཡོད་སྲིད་ན་ཐུགས་འཇགས་འཚལ།
རྩོམ་པ་པོ་ཨ་ནུ་ཐང་བསོད་ནམས་མཆོག་གིས་ལྷ་འདྲེ་ཁོག་ཞུགས་ཀྱི་གཡོ་གར་ལ་དགག་པའི་རྩོམ་ཡིག་ཐེངས་གཉིས་པ་འདི་ཧ་ཅང་གི་དོན་སྙིང་ལྡན་པ་ཞིག་རེད།
ཧཧ ཨ་ནུས་ལྷ་འདྲེ་ལ་རྒོལ་བའི་རྩོམ་ཡིག་སྤེལ་ཁུལ་བྱས་ཀྱང་། ཁོ་པས་ལྷ་སྒྲུང་ངོ་མ་འདིར་བྲིས་འདུག་ཀ དཔང་རྟགས་དང་། རྒྱུ་ཚན་གཏན་ནས་མེད་པའི་དཔྱད་རྩོམ་དེར་རིན་ཐང་ག་རེ་འདུག ཟམ་གདོང་རིན་པོ་ཆེའི་བཀྲིན་གསོ་ཆེད། འབྲོང་ཆུང་གིས་དགོངས་པའི་ཞུས་པའི་རྒྱུ་མཚན་དང་དཔང་རྟགས་ཁྱོད་ལ་ཅི་ཡོད། ཁྱོད་རང་གིས་ལྷ་ལ་སྨོད་ཞོར་ལྷ་སྒྲུང་འབྲི་བའི་བྱ་སྤྱོད་འདིར་བལྟས་ན། ཁྱོད་རང་སེམས་ནང། དོལ་འདྲེ་ཞུགས་ཚོར་འདུག དེ་མིན་མ་མཐོར་ལུང་རིགས་དང་དཔང་རྟགས་ཀྱི་རྒྱབ་ལྗོངས་གཞི་ལ་བཞག་ནས་འབྲི་ངེས་རེད།
འདིར་མདོ་སྟོད་ཀྱི་འདྲེ་ནག་ཅིག་སླེབས་འདུག མ་གཞི་ཁྱོད་དང་ཁྱོད་ལྟ་བུའི་ཁྱི་རྒན་རྣམས་ཀྱིས་ཆོལ་ཞེན་གྱིས་མིག་སྒྲིབ་ནས་ཡོད་པས། བློ་སེང་གི་མི་གསོད་ནའང་ཡག་པོ་རེད་ཟེར་རྒྱུ་ཡིན་པ་ཐག་གིས་ཆོད། འོས་བསྡུ་ཚར་རྗེས་ད་དུང་ཆོལ་ཞེན་གྱིས་དཀྲུགས་རྐྱེན་བཟོ་བཞིན་པ་ནི་ཡག་རྟགས་མ་རེད། ང་ཚོས་རྒྱུན་དུ་དོལ་རྒྱལ་རྗེས་འབྲངས་པ་དང་རྒྱ་མིའི་རྒྱུག་ཁྱི་རྣམས་ལ་བཟོད་བསྲན་དང་འཇིགས་སྣང་བྱས་དང་བྱེད་མུས་རེད། ད་ནི་བཟོད་བསྲན་དགོས་པའི་གྲལ་དུ་ཁྱོད་དང་ཁྱོད་ལྟ་བུ་ཡང་འཇོག་དགོས་པའི་དུས་སུ་སླེབས་འདུག
ཨ་ནུ་ཐང་བསོད་ནམས་ལགས་ཀྱིས་ཡག་པོ་གསུངས་འདུག དངོས་གནས་བྱས་ན་མི་རྒན་ཀླད་རྙིང་རྨོངས་དད་ཅན་དེ་དག་ལས་བྱེད་ནས་རྩ་དགོངས་ཞུས་ན་ཡག་པོ་འདུག མི་རབས་གསར་པ་རྣམས་ལ་གོ་སྐབས་རག་པ་རེད།
ཀླད་རྙིང་རྨོངས་དད་ཅན་ཚོས་བོད་མི་དམངས་ལ་དབང་སྒྱུར་བ་འདི་འཚམས་མ་ཆད་བར་དུ་བོད་འདི་ཡར་རྒྱས་ཀྱི་ལམ་དུ་བསྐྱོད་མི་ཐུབ། ལྷ་འདྲེ་ཁོག་བབ་ལམ་ལུགས་འདི་མགོ་སྐོར་ཞིག་ཡིན་པར་བོད་མི་དམངས་ཀྱིས་ངོས་ནས་ངེས་པ་ཏུ་ཤེས་དགོས།
ཆབ་སྲིད་ནི་རྒྱལ་ཁབ་སྐྱོང་བའི་ཐབས་ལམ་ཡག་ཤོས་རེད། ལྷ་དང་བླ་མ་ལ་སྐྲག་དགོས་དོན་ཅི་ཡོད། ལྷ་དང་བླ་མ་ལ་དེ་འདྲའི་ནུས་པ་ལྡན་ན་སྔར་ནས་བོད་དེ་རྒྱ་ལག་ཏུ་ཤོར་གྱི་མ་རེད། ད་ནི་ལྷ་བླ་རྣམས་རང་སར་བཞུགས་ཏེ་ཆོས་ཀྱི་མཛད་པ་བསྐྱང་ན་ལེགས་པ་ལས། ལུང་སྟོན་ཡིན་ཁུལ་དང་དམ་ཚིག་བཤད་ཁུལ་བྱས་ཏེ་སྤྱི་ཚོགས་འདི་ཁ་ཐོར་དགུ་ཐོར་མ་བཟོ་ན་ལེགས། གལ་སྲིད་ད་དུང་འདི་འདྲ་རྐྱང་གནང་ན་བོད་པའི་སྤྱི་ཚོགས་འདི་ཡུན་རིང་གནས་ཐུབ་ཀྱི་མ་རེད།
ང་ལ་མཚོན་ན་ད་བར་དུ་ལྷ་དང་བླ་མ་ལ་ཡིད་ཆེས་བྱས་ནས་ཡོང་བ་ཞིག་ཡིན་ཡང་། ཞིབ་ཀྱིས་ལྟས་ན་ཆབ་སྲིད་བྱ་འགུལ་ཁྲོད་ལྷ་དང་བླ་མའི་ཞལ་ལག་སྲིང་རྒྱུ་མང་དྲག་ན་སྐྱོན་ཆ་ཆེན་པོ་ཡོད་པའི་ཚོར་སྣང་ཞིག་ད་ལོའི་འོས་བསྡུའི་འུར་ཟིང་ཁྲོད་ནས་རིམ་གྱིས་སླེབས་ཡོང་གི་འདུག བདེ་སྲུང་བཀའ་བློན་གྱི་དགོངས་ཞུ་འདི་ཡང་ལྷ་དང་བླ་མའི་བཀའ་སློབ་དང་ལུང་སྟན་དེ་ཚོ་དང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ཁོ་རངམདགོངས་པ་ཞུ་དགོས་པའི་རྒྱུ་མཚན་གསལ་བཤད་ཀྱི་ཁྲོད་ནས་གསལ་པོ་སྟན་འདུག་པས། འདི་ནི་ཆབ་སྲིད་ལ་གནོད་སྐྱོན་འགྲོ་བའི་མཚོན་དོན་ལྟ་བུ་རེད།
ཧཧཧཧ། ལུང་རྟོགས་ངས་ཁྱོད་ངོ་ཤེས་ཡོད། ཁྱོད་ཀྱིས་གཙོ་འགན་ཁུར་བཞིན་པའི་བང་ཆེན་ཚགས་པར་དེ་དེང་སང་ཇེ་ཉུང་རེད། དེ་ག་རེས་ཡིན་ནམ།
ཨ་ནུ་ཟེར་བས་གང་བྲིས་པ་མདོར་བསྡུས་ན་གཞོན་སྐྱེས་དང་དེང་དུས་་་འགྱུར་གཅོད་སོགས་ལ་དགའ་པོ་ཡོད་མདོག་གི་དོན་མེད་སྐད་ཆ་མང་པོ་ཞིག་བཤད་ནས་གཙོ་བོ་མཁས་དབང་ཟམ་མདོང་རིན་པོ་ཆེར་གཞི་མེད་སྐྱོན་འཛུག་ཙམ་ལས་གང་ཡང་མིན་འདུག་པས་ཀླག་ནས་ངའི་དུས་ཚོད་ཆུ་ཟོད་ཕྱིན་སོང་་་་་
ཨ་ནུ་ཐང་བསོད་ནམས་ཀྱིས། ལྷ་དབང་རིང་ལུགས་ཞེས་པའི་རྒྱ་གུང་བྲན་མའོ་ལག་དམར་གྱི་འབོད་ཚིག་འདི། བསྒྲགས་མ་ཡོང་ན་བཙན་བྱོལ་བོད་མིའི་འཁྲོད་ནང་ལ། མི་གསོད་ལག་དམར་མི་འོངས་ཁྱད་ཆོས་ཡོད་རེད་དོ། ཨ་ནུ་ལགས།།
༡༩༩༧ ནས་བྱས་ནས། བོད་མིའི་འཁྲོད་དུ། བོད་རིགས་མི་གསོད་ལག་དམར་ཚང་མ་གསར་འབྱོར་བ་ཡིན་པ་དེ། མ་བརྗེད་པར་གྱིས་ཤིག་བུ། །
ཨ་ནུས་བཤད་པའི་ལྷ་དབང་རིང་ལུགས་འདིས། ང་ཚོ་བཙན་བྱོལ་བོད་མི་ཚོ་ལ། ཆེ་མཐོང་དང་། ཞི་བདེའི་གཟིངས་རྟག་རག་ཡོད། དམར་གཞུང་མེ་རྒྱལ་མཐུན་སྒྲིལ་རྗེས་དེད་བྱེད་མཁན་མཐར། རང་སྲོག་ཤི་མ་རན་གོང་སྔོན་ལ་ཤོར་ཡོད་རེད་དོ།།
ཆོས་ལ་ངོ་རྒོལ་བྱེད་རྒྱུ་ཤིན་ཏུ་ལས་སླ་པོ་རེད། ལྷ་དབང་རིང་ལུགས་ཁས་བླངས་ནས། ཉམས་ཆུང་དྲང་བདེན་བྱ་རྒྱུ་དེ་ཤིན་ཏུ་དཀའ་ལས་དཀའ་ཁག་པོ་ཡོད་རེད། དེས་ན་་་་་་་་་་་་་ རང་མདོག་མ་སྟོན་་་་་་་་ ཁར་ཁོག་བཙུན་ན་ཀུན་ལ་ཕན་ཆེའོ།། །།
ཨ་ནུས་དཔེ་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ་འདི་འདྲ་མང་ཙམ་བྲིས་ན་སྤྱི་ཚོགས་ཀྱི་རྨོངས་དད་སྔ་ཕྱི་མེད་པར་སེལ་ངེས་རེད། དེ་བཞིན་སྤོབས་མཐའ་ཟེར་བ་འདི་ལའང་རིག་རྩལ་ཅུང་ཙམ་ཡིན་ནའང་ཆོས་ལུགས་ཀྱི་ཕྱོགས་ཞེན་གྱིས་དབང་གིས་རིག་རྩལ་དེ་གོ་མི་ཆོད་པ་ཆགས་འགྲོ་གི་འདུག གྲོགས་ཅོ་རི་ནི་མི་དྲང་པོ་མདའ་འདྲ་བོ་ཞིག་རེད། དམིགས་བསལ་ཆོས་སྲིད་ཉ་ཉུང་བསྲེས་པ་དང་རྨོངས་དད་ཀྱིས་དད་པ་ལོག་སྤྱོད་བྱེད་མཁན་ཚོར་དགག་པ་ཚ་ནན་བརྒྱབ་ཀྱི་རེད། མ་ཟད་ཉམས་ཆུང་རིགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་རོགས་ཕན་བྱེད་མཁན་ཞིག་རེད།
ཅོ་རི་ཉི་མ་ཟེར་མཁན་དེས་ག་དུས་ཡིན་ནའང་རྩོམ་ཡིན་ནང་དོན་དེ་འདྲའི་རིགས་དང་འབྲི་མཁན་ཡང་ཀླད་མེད་ག་དུས་ཡིན་ནའང་རང་གི་ཆོས་དང་རིགས་གཞུང་རྒན་རབས་ཤེས་འཇོིན་ཅན་རྣམས་ལ་དོན་མེད་སྐྱོན་འཛུག་མདོར་བསྡུས་ན་མཐུན་སྒྲིལ་དང་ནང་ཁུལ་དཀྲུག་རྐྱེན་རིགས་ལ་རྒྱབ་སྐྱོར་དང་ལེགས་ཚུལ་གྱི་མཆན་འབྲི་རྒྱུར་ཤིན་ཏུ་དགའ་པོ་བྱེད་མཁན་ཞིག་རེད་འདུག་པས་ཚང་མས་ཟབ་ཟབ་གནང་དགོས་་་་་་ཡང་ན་གུང་ཁྲན་ཏང་གི་ཁྱི་རྒན་འཇུག་མ་མེད་པ་དེ་རེད་ཡང་མིན་ན་མདོན་འདྲེ་གསོ་མཁན་ཞིག་རེད་འདུག་
བདེ་དབྱངས་དང་། འབྲོང་ཆུང་གཉིས་ཀ བློ་སེང་སྲིད་སྐྱོང་གིས། གཟི་བརྗིད་མ་བཟོད་ནས་དགོངས་པ་ཞུས་པ་རེད། དེ་འགྲིགས་པ་རེད། བདེ་དབྱངས་དང་འབྲོང་ཆུང་གཉིས་ཀྱིས། བློ་སེང་གིས་བཀའ་བློན་དུ་མིང་བཏོན་གནང་བའི་བཀའ་དྲིན་དེ། བསམ་བཞེས་ཐུབ་ཡོད་དམ་མེད། མེད་ཅེས་པ་འདི་ནི། དྲི་བ་ཆེན་པོ་ཅིག་རེད་འདུག
བློ་སེང་ལགས་ལ། བཀའ་བློན་བྱེད་མཁན་མི་རྙེད་པའི་དཀའ་ངལ་ཡོད་མ་རེད།
དིང་སང་དུས་སུ། དིང་གི་བཀའ་བློན་བྱེད་ཐུབ་མཁན་xxxའབོལ་པ་ཡོད་རེད་དོ།།
ལྷ་སྲུང་སོགས་གཟུགས་མེད་རྟོག་བཏགས་རིགས་ལ་དད་པ་དང་དག་སྣང་ཡོད་ཁུལ་ནི་སྐབས་འཚོལ་བའི་རང་འདོད་སྒྲུབ་རྒྱུའི་བྱ་ཐབ་ཨ་ན་མ་ན་ཞིག་རེད། བོད་ཀྱི་བླ་དཔོན་ཚོས་ལྷ་འདྲེ་ཞེས་པའི་གཟུགས་མེད་རྟོག་བཟོ་འགའ་བྱས་ནས་མི་སྡེ་ཁ་ལོ་སྒྱུར་བ་ནི་རྨོངས་དད་ཀྱི་སྤྱི་ཚོགས་སུ་ལམ་འགྲོ་ཆེ་པོ་བྱུང་ཡོད། འོན་ཀྱང་དེང་སྐབས་དངོས་གཙོ་རིང་ལུགས་ཀྱི་སྤྱི་ཚོགས་ཡར་རྒྱས་འགྲོ་བཞིན་པའི་འཛམ་གླིང་འདི་ན་རྙིང་ཞེན་དང་རྨོངས་དད་ཀྱི་མི་སྡེའི་སྤྱི་ཚོགས་ནང་ལ་མ་གཏོག་ལྷ་འདྲེ་ཡིས་མིའི་དགོས་མཁོར་བཅོས་སྒྱུར་བའི་ལམ་ལུགས་དེ་ཉིན་རེ་བཞིན་ནུབ་འགྲོ་རྒྱུ་ཡིན་པ་ནི་བདེན་དོན་དང་འོས་འཚམས་གཉིས་ཆ་རེད། ལྷག་པར་དུ་དེང་དུས་ཤེས་ཡོན་དང་རྣམ་དཔྱད་ཀྱི་ཕྱུགས་པའི་སྤྱི་ཚོགས་ནང་དེ་དག་གི་ལམ་ཁ་འགག་བཞིན་ཡོད། བོད་པ་ཚང་གི་བླ་དཔོན་དག་གིས་ལམ་ཁ་དེ་འཇུག་སྐྱོང་བ་ནི་ཁོང་ཚོའི་རང་འདོད་སྒྲུབ་རྒྱུའི་བྱ་ཐབ་ཁོ་ན་རེད།།
xxx
ལས་མེད་སྐྱོབས་གསོས་འཚོ་བའི་ཀརྡོ་གཉེར་ཕྱག་གིས་སྲིད་སྐྱོང་གཟི་བརྗིད་ཁོག་སྟོང་ལ་རྫོགས་མཐའ་མེད་པའི་བསྟོད་པ་མ་ནི་གྲངས་གྲངས་དེ་ཚོ་མཐོང་པ་ན་ཡིད་ལ་ཆབ་སྲིད་ཀྱི་བརྗོད་ཚིག་ནང་”མང་ཚོགས་ཀྱི་ཤེས་ཡོན་གནས་ཚད་ཇི་འདྲ་བར་འགོ་ཁྲིད་ཡང་རང་འདྲ་བ་བདམས་ཞེས་པའི་བརྗོད་ཚིག་དེ་ཡིད་ལ་ལྷངས་ངེར་དྲན་སོང་།
བཟང་སྤྱོད་ཀྱི་དྲི་མ་ཙམ་མེད་པའི་བློ་སེང་ལ་རྒྱབ་བསྐྱོར་བྱེད་མཁན་ཡང་རིག་འཚོ་མ་ཟིན་མཁན་དེ་འདྲ་།
#24 ཀ་བ་ཚེ་རིང་ ་ལགས།
རིག་འཚོ་མ་ཟིན་མཁན་དེ། ཁྱོད་རང་ཡིན་ནམ། བློ་སེང་ལགས་ལ། འོས་བླུགས་མཁན་དེ་ཚོ་ཡིན། ལྷ་ཆོས་སྐྱོང་ལ། དྲི་མི་དགོས་པར། ཁ་བརྡའི་ནང་གསལ་འོངས་བགྱིད་འདུག་ག ཧཧཧ།། །།
སྲུང་མ་དེ་ཚོས་དེ་འདྲ་ལས་སླ་པོ་ཞིག་བྱེད་ཐུབ་ན། ཐོག་མར་མོའུ་ཀྲུའུ་ཞི་ནས་ད་ལྟ་རྒྱ་ནག་པོའི་དཔོན་རིགས་ཚོའི་སྙིང་ཁྲག་དྲོན་མོ་ཞིམ་པོས་མཆོད་དགོས། དེ་ཚོ་གང་ཡང་མ་ནུས་པར་བོད་པ་ནང་ཁུལ་སྡིག་མོ་ཞེ་ཅིག་གིས་ཁྲག་དང་སྙིང་སོགས་ཁྱེར་བའི་སྨོན་ལམ་ག་ཚོད་བྱེད་ཀྱང་ད་ནི་དངོས་གཙོ་སྨྲ་བའི་ལྷ་བྲལ་དུ་ཚུད་ཟིན་པའི་འཇིག་རྟེན་པའི་ལྷ་འདི་ཚོའི་གང་ཡང་བྱེད་མི་ཐུབ།
དགོན་སྡེ་སྟོང་ཕྲག་མང་པོ་གཏོར་བ་དང་།
བླ་སྤྲུལ་བརྒྱ་ཕྲག་མང་པོ་བསད་སྐབས་སུ།
མཐུ་ལྡན་ཆོས་སྐྱོང་དེ་ཚོ་མི་འདུག་པས།
ད་ནི་ཁྱིའི་སྐྱག་བཞིན་དུ་དོར་ན་ལེགས།།
རང་ས་སྨུན་པོ་དགྲ་བོས་ཕྲོགས་པ་དང་།
རང་མི་མང་པོ་དགྲ་བོས་བསད་སྐབས་སུ།
དཔའ་བོ་ཆོས་སྐྱོང་དེ་ཚོ་མི་འདུག་པས།
ད་ནི་འགོས་ནད་བཞིན་དུ་སྤང་ན་ལེགས།།
དད་ལྡན་བོད་མིར་མགོ་སྐོར་བཏང་པ་དང་།
ཤེས་ལྡན་སྐྱེ་བོའི་ནུས་པ་བཅག་སྐབས་སུ།
མཐུ་ལྡན་ཆོས་སྐྱོང་བེད་སྤྱོད་ཆེ་འདུག་པས།
ད་ནི་འཆལ་མོ་བཞིན་དུ་གཡུག་ན་ལེགས།།
#25 ཅོ་རི་ཉི་མ། ་ལགས་ཀྱིས་སྤེལ་དོན།:
April 9th, 2016 at 10:51 am
དགོན་སྡེ་སྟོང་ཕྲག་མང་པོ་གཏོར་བ་དང་།
བླ་སྤྲུལ་བརྒྱ་ཕྲག་མང་པོ་བསད་སྐབས་སུ།
མཐུ་ལྡན་ཆོས་སྐྱོང་དེ་ཚོ་མི་འདུག་པས།
ད་ནི་ཁྱིའི་སྐྱག་བཞིན་དུ་དོར་ན་ལེགས།།
རང་ས་སྨུན་པོ་དགྲ་བོས་ཕྲོགས་པ་དང་།
རང་མི་མང་པོ་དགྲ་བོས་བསད་སྐབས་སུ།
དཔའ་བོ་ཆོས་སྐྱོང་དེ་ཚོ་མི་འདུག་པས།
ད་ནི་འགོས་ནད་བཞིན་དུ་སྤང་ན་ལེགས།།
དད་ལྡན་བོད་མིར་མགོ་སྐོར་བཏང་པ་དང་།
ཤེས་ལྡན་སྐྱེ་བོའི་ནུས་པ་བཅག་སྐབས་སུ།
མཐུ་ལྡན་ཆོས་སྐྱོང་བེད་སྤྱོད་ཆེ་འདུག་པས།
ད་ནི་འཆལ་མོ་བཞིན་དུ་གཡུག་ན་ལེགས།།
འདི་ལ
ཀརྡོས།
དགོན་སྡེ་སྟོང་ཕྲག་མང་པོ་གཏོར་བ་དང་།
བླ་སྤྲུལ་བརྒྱ་ཕྲག་མང་པོ་བསད་སྐབས་སུ།
མཐུ་ལྡན་ཆོས་སྐྱོང་དེ་ཚོའང་སྡུག་བསྔལ་མྱངས།
ད་ནི་ནོར་བུ་བཞིན་དུ་གསོལ་མཆོད་གྱིས།
རང་ས་སྨུན་པོ་དགྲ་བོས་ཕྲོགས་པ་དང་།
རང་མི་མང་པོ་དགྲ་བོས་བསད་སྐབས་སུ།
དཔའ་བོ་ཆོས་སྐྱོང་དེ་ཚོས་བཤུམ་འདུག་པས།
ད་ནི་ལུས་གྲིབ་བཞིན་འགྲོགས་ན་བཟང་།
དད་ལྡན་བོད་མིར་མགོན་སྐྱབས་གནང་བ་དང་།
ཤེས་ལྡན་སྐྱེ་བོའི་ནུས་མཐུ་རྒྱས་པ་དང་།
མཐུ་ལྡན་ཆོས་སྐྱོང་བེད་སྤྱོད་ཆེ་འདུག་པས།
ད་ནས་ནང་མི་བཞིན་དུ་གཅེས་མཆོད་འབུལ།
ཧ་ཧ་ཀུ་རེ་དང་བཅས།
xxབློ་སེང་གི་རྐུ་གཡོག་རྒྱུགས་རྒྱུར་དགའ་བའི་ཡར་ཐོན་ཅན་གྱི་མངའ་རིས་བ་ཅོ་མོང་དང་ཀ་རྡོ་གཉེར་ཆགས་གཉིས་ཆོས་སྐྱོང་བསྟན་དགོས་མིན་ཐད་མི་མཐུན་པ་ཡ་མཚན་ཆེ་།
དཀོན་མཆོག་མཁྱེན། ཨ་ནུ་ཐང་བསོད་ནམས་ཟེར་པ་འདིས་དེ་སྔོན་ཚོགས་པ་བཅུ་གསུམ་དང་མཆོག་གླང་རིན་པོ་ཆེའི་བཤད་པའི་སྐད་ཆ་ཚང་མ་བཤད་ཡོང་གི་འདུག
ང་ལ་བླ་མ། ཡི་དམ། མཁའ་འགྲོ་ཆོས་སྲུང་གསུམག་ཚང་མ་ཡོད། ཁྱོད་ལ་མེད་དམ། ལགས།
ལྷ་སྲུང་མ་ལ་ཡིད་ཆེས་མེད་ན། ལྷ་དང་སྲུང་མའི་སྐོར་ལ་མ་ཤོད། ཆབ་སྲིད་ཁྲོབས། ཆོས་ལ་ཡིད་ཆེས་མེད་ན། ཆོས་ལ་སྐྱོན་ཡོན་མ་ཤོད། འཇིག་རྟེན་ཡ་རབས་སྐད་གྲགས་ཅན་ཞིག་གྱིས།
སྐུ་ཉིད་ཀྱི་རྩོམ་ཡིག་དེར་་་་གནད་དུ་ཁེལ་བའི་བརྗོད་བྱ་ཕུན་གསུམ་ཚོགས་འདུག་པས་དགོངས་ཚུལ་དེར་བཙན་འབྱོར་བོད་མི་བརྒྱ་ཆ་བརྒྱད་བཅུས་རྒྱབ་སྐྱོར་གནས་ཡོད་པ་ད་ལོ་སྲིད་སྐྱོང་འོས་བསྡུ་ནས་ཚོར་ཐུབ།
ཆོས་ཁུངས་ཐུབ་ཀྱང་མ་ཤེས་བཞིན་དུ་སྲིད་ཆོས་སར་འཁྲིད་པའི་ལམ་ལུགས་ནི་བརྒྱ་ཆ་ཉི་ཤུ་ཙམ་ཆགས་ཚར་ན།
ད་ནས་ཕམ་ཉེས་བཏང་ཚར་འདུག་ལབ་ནའང་མ་ཆོག་པ་མེད།
དངོས་གྲུབ་ལགས་ཀྱིས་ལྷ་སྲུང་གིས་བཀའ་ལ་འགན་བློས་མ་བཟོད་པར་ལས་གནས་བྲོས་པ་འམ་བྱོལ་བ་ཡིན་ཟེར་མོད་དོན་དངོས་དེ་ལས་ལྡོག་པ་པ་ཞིག་སྟེ་དངོས་གྲུབ་ལགས་དྲུང་ཆེ་ནས་བཀའ་བློན་བར་གྱི་གནས་ཡུན་རིང་བསུན་སྣང་ཆེ་ཤོས་དང་བསྟུན་ཁག་ཤོས་བསྒྲུབ་ཁག་ཤོས་དེ་ཆོས་སྲུང་ཟེར་བའི་ངོ་རིས་གསལ་ཁ་མེད་པའི་བཀའ་ལུང་དེ་ཚོ་རེད། ད་ཐེངས་འོས་བསྡུ་ཟེར་བའི་རྣོ་ངར་ཆེ་བའི་འགྲན་བརྩོད་ལས་བྲོལ་ནས་བཀའ་བློན་མཆོག་ནས་དགོང་ཞུ་གནང་དགོས་པ་དེར་ང་རང་ནས་བལྟས་ན་ཁྱེད་རང་ཚོ་དང་མ་འདྲ་བའི་བསམ་ཚུལ་ཞིག་ཡོད། མི་མང་ཆེ་བ་ཙམ་མ་ཚད་ང་རང་གྲོགས་འདྲིས་གཟབ་པའི་མཁས་དབང་ཁ་ཤས་དང་བཀའ་མོལ་གྱི་གོ་སྐབས་བྱུང་སྐབས་ཁོང་ཚོས་སྲིད་སྐྱོང་ལ་རྣམ་པ་མི་འདྲ་བའི་ངོ་བརྒོལ་ཞིག་རེད་ཟེརམོད། ང་ལ་དེ་འདྲའི་འཆར་སྣང་མེད་ལ་དེ་ལས་ལྡོག་སྟེ་ཆོས་སྲུང་ཟེར་བ་རག་བཟི་བའི་སྐད་ངན་དེ་དག་ལ་བསྲུན་སྣང་དང་འུ་ཐུག་པ་ཡང་ན་ངོ་བརྒོལ་གྱིས་སྐད་ཅིག་ཤོར་བའང་གསར་འགིད་གསལ་བསྒྲག་གི་ཚིག་འགྲོས་ལས་གསལ། ལར་ནས་དངོས་འགྲུབ་ལགས་ལ་ཐུགས་ཁག་རྩ་བ་མེད་སྤྱི་ལོ་ཉིས་སྟོང་མ་འཆར་བའི་ཡར་སྔོན་ནས་གནས་ཆུང་ཟེར་བའི་གྲ་པ་དེས་ཡིན་བསམ་པ་དང་ཡོང་བསམ་པའི་ལུང་བསྟན་འམ་སྙོ་ལབ་མང་པོ་ཞིག་བརྒྱབ་ཡོད། ཉིས་སྟོང་ཤར་བ་ནས་ལུང་བསྟན་ཟེར་བ་མཇའ་ལྟར་ཡལ་ནས་འཆོལ་གཏམ་མང་པོ་ཞིག་བཤད་ཀྱི་འདུག ལོ་རྒས་ཙང་རྒས་ནད་ཡིན་པ་ཆ་གཞོག་ཡིན་ན་འང་བོད་པའི་སྤྱི་ཚོགས་ནང་ཆོས་སྲུང་རྒས་ནད་ཐེབ་ཤག་ལབ་ན་ཧ་ལང་ཁྱོད་རག་སྙོན་པ་རེད་་ལབ་འདོག་ཁག་པོ་རེད། དོན་དངོས་་ཐོག་ང་ཙམ་མིན་པར་མི་མང་པོ་ཞིག་ནས་ཡིད་ཆེས་དང་བརྩི་བཀུར་ཞུ་ཡུལ་བཀའ་ཟུར་མཆོག་ནས་ཀྱང་ད་ཐེངས་མེ་འབར་བས་རྒང་ཤིང་ཤག་པ་བརྒྱབ་པའི་སྙོ་གཏམ་དེ་དག་ལ་ངོ་བརྒོལ་ཞིག་བྱས་ཁུལ་ཡིན་ཡང་རང་ཉིད་ཀྱི་ཆེ་ལས་ཐོག་ནས་གང་ཙམ་ཤོར་མིན་གྱི་རྩིས་དེ་མ་ཐེབས་པ་འདྲ། སྐད་ཆ་གང་མང་འགོ་ཚུགས་པ་འདྲ་ལ་གང་མང་ཞིག་ད་དུང་འགོ་ཚོས་མེད་པ་འདྲ། དོ་བདག་བཀའ་ཟུར་མཆོག་ཀྱང་ཐག་གཅོད་ཚར་བ་དེ་བསམ་བློ་གང་མང་བཏང་ནས་འགྱོད་པ་མེད་འགྱུར་བ་མེད་ཟེར་སྲིད་སྐྱོང་དང་བཀའ་བློན་གང་ཞིག་གིས་ཀྱང་འགྱུར་བ་གཏོང་མི་ཐུབ་ཚུལ་བསྒྲགས་ཟིན་མོན། ཡིནའང་རྗེས་འབྲང་བ་ཁག་ཅིག་ད་དུག་སྡུག་ནད་མ་ཐེབས་པའི་སྐད་ཆ་གོ ལར་ནས་ངོ་དེབ་དང་གསར་འགྱུར་བརྒྱུད་ལམ་ཁ་ཤས་ནས་བཀའ་ཟུར་མཆོག་ལ་ཆེ་བསྟོད་དེ་འདྲ་གནང་དུས་གོང་ས་མཆོག་རྒྱ་གར་ད་དུང་ཡང་བཞུགས་ཡོད་པའི་ཚོར་བ་དེ་ཧ་ལམ་ཡོད་ན་བསམ་ཧང་ཏོག་ཙམ་བསང་བཅུག་སོང་། ཁྱོད་ཚོས་རྩོམ་སྐད་དེ་ཚོས་བཀའ་ཟུར་ལ་བསྟོད་ནས་ཞོར་ལ་ཆོས་སྲུང་ཟེར་བ་དེ་དག་ཟུར་ཟ་བྱས་ཀྱང་སྐྱོན་གང་ཡང་མེད་མོད། གོང་ས་མཆོག་རྒྱ་གར་ལ་བཞུགས་ཡོད་བཞིན་དུ་འབྲོང་ཆུང་མེད་ན་བོད་ནས་ཡོང་མཁན་དང་བོད་ནང་ཡོད་མཁན་དེ་ཚོས་བདེ་སྡུག་ཞུ་ས་མེད་ཟེར་དུས་སྐད་ཆ་དེ་ཚོ་ལས་སླ་པོའི་བཤད་བཤད་མི་ཐུབ་པ་འདྲ་རེད་དེ། དེ་འདྲ་བཤད་པར་འཛེམས་བག་མི་འདུག དོན་ཧྲིལ་གྱིས་བསྒྲིལ་ན་ངས་གོ་པ་དང་ཐོས་པ་མཐོང་བའི་ནང་ལ་རྙོག་དྲ་མང་པོ་ཞིག་གཞིས་བྱེས་གཉིས་ཀྱི་དབར་བ་བྱུང་ཡོད་པ་ཉུང་ཉུང་མ་རེད། དོ་དགོང་བར་དེ་ཙམ་ཡིན་སང་ཁོམ་པ་བྱུང་ན་མུ་འགོད་ཡིན
ཡིག་ནོར་བཅོས་ཡོད། དེ་ཡང་རྩོམ་པ་པོའི་་སྨྱུག་མིང་ལ་རྒྱལ་མཆོག་དར་མའི་མཚན་འགོད་འདུག་པས་ཡིན། རྗེས་སུ་ཡིག་ནོར་ལ་ཏོག་ཙམ་གཟབ་གཟབ་གནང་གྲོགས།
#32 ལྷ་སྲས་དར་མ། ་ལགས་ཀྱིས་སྤེལ་དོན།:
April 11th, 2016 at 6:48 am
དངོས་གྲུབ་ལགས་ཀྱིས་ལྷ་སྲུང་གིས་བཀའ་ལ་འགན་བློས་མ་བཟོད་པར་ལས་གནས་བྲོས་པའམ་བྱོལ་བ་ཡིན་ཟེར་མོད། དོན་དངོས་དེ་ལས་ལྡོག་པ་ཞིག་སྟེ་དངོས་གྲུབ་ལགས་དྲུང་ཆེ་ནས་བཀའ་བློན་བར་གྱི་གནས་ཡུན་རིང་སུན་སྣང་ཆེ་ཤོས་དང་བསྟུན་ཁག་ཤོས། བསྒྲུབས་ཁག་ཤོས་དེ་ཆོས་སྲུང་ཟེར་བའི་ངོ་རིས་གསལ་ཁ་མེད་པའི་བཀའ་ལུང་དེ་ཚོ་རེད།
ད་ཐེངས་འོས་བསྡུ་ཟེར་བའི་རྣོ་ངར་ཆེ་བའི་འགྲན་རྩོད་ལས་བྲོས་ནས་བཀའ་བློན་མཆོག་གིས་དགོངས་ཞུ་གནང་དགོས་པ་དེར་ང་རངགིས་བལྟས་ན་ཁྱེད་རང་ཚོ་དང་མ་འདྲ་བའི་བསམ་ཚུལ་ཞིག་ཡོད། མི་མང་ཆེ་བ་ཙམ་མ་ཟད་ང་རང་གྲོགས་འདྲེས་ཟབ་པའི་མཁས་དབང་ཁ་ཤས་དང་བཀའ་མོལ་གྱི་གོ་སྐབས་བྱུང་སྐབས་ཁོང་ཚོས་སྲིད་སྐྱོང་ལ་རྣམ་པ་མི་འདྲ་བའི་ངོ་རྒོལ་ཞིག་རེད་ཟེར་མོད། ང་ལ་དེ་འདྲའི་འཆར་སྣང་མེད་ལ་དེ་ལས་ལྡོག་སྟེ་ཆོས་སྲུང་ཟེར་བ་ར་བཟི་བའི་སྐད་ངན་དེ་དག་ལ་སུན་སྣང་དང་འུ་ཐུག་པ། ཡང་ན་ངོ་རྒོལ་གྱིས་སྐད་ཤིག་ཤོར་བའང་གསར་འགོད་གསལ་བསྒྲགས་གི་ཚིག་འགྲོས་ལས་གསལ།
ལར་ནས་དངོས་འགྲུབ་ལགས་ལ་ཐུགས་ཁག་རྩ་བ་མེད། སྤྱི་ལོ་ཉིས་སྟོང་མ་འཆར་བའི་ཡར་སྔོན་ནས་གནས་ཆུང་ཟེར་བའི་གྲ་པ་དེས་ཡིན་བསམ་པ་དང་ཡོང་བསམ་པའི་ལུང་བསྟན་འམ་རྙོག་ལབ་མང་པོ་ཞིག་བརྒྱབ་ཡོད། ཉིས་སྟོང་ཤར་བ་ནས་ལུང་བསྟན་ཟེར་བ་འཇའ་ལྟར་ཡལ་ནས་འཆོལ་གཏམ་མང་པོ་ཞིག་བཤད་ཀྱི་འདུག ལོ་རྒས་ཙང་རྒས་ནད་ཡིན་པར་ཆ་ཞོག ཡིན་ནའང་བོད་པའི་སྤྱི་ཚོགས་ནང་ཆོས་སྲུང་རྒས་ནད་ཐེབས་ཤག་ལབ་ན་ཧ་ལམ་ཁྱོད་རང་སྨྱོན་པ་རེད་་ལབ་མདོག་ཁག་པོ་རེད།
དོན་དངོས་་ཐོག་ང་ཙམ་མིན་པར་མི་མང་པོ་ཞིག་གི་ཡིད་ཆེས་དང་བརྩི་བཀུར་ཞུ་ཡུལ་བཀའ་ཟུར་མཆོག་གིས་ཀྱང་ད་ཐེངས་མེ་འབར་བའི་གོང་དུ་ཤིང་བཞག་པ་ལྟ་བུའི་སྨྱོན་གཏམ་དེ་དག་ལ་ངོ་རྒོལ་ཞིག་བྱས་ཁུལ་ཡིན་ཡང་རང་ཉིད་ཀྱི་ཆེད་ལས་ཐོག་ནས་གང་ཙམ་ཤོར་མིན་གྱི་རྩིས་དེ་མ་ཐེབས་པ་འདྲ། སྐད་ཆ་གང་མང་འགོ་ཚུགས་པ་འདྲ་ལ་གང་མང་ཞིག་ད་དུང་འགོ་བཙུགས་མེད་པར་འདྲ། དོ་བདག་བཀའ་ཟུར་མཆོག་ཀྱང་ཐག་གཅོད་ཚར་བ་དེར་བསམ་བློ་གང་མང་བཏང་ནས་འགྱོད་པ་དང་འགྱུར་བ་མེད་ཟེར།
སྲིད་སྐྱོང་དང་བཀའ་བློན་གང་ཞིག་གིས་ཀྱང་འགྱུར་བ་གཏོང་མི་ཐུབ་ཚུལ་བསྒྲགས་ཟིན་མོན། ཡིན་ནའང་རྗེས་འབྲངས་བ་ཁག་ཅིག་ད་དུང་སྡུག་ནད་མ་ཐེབས་པའི་སྐད་ཆ་ངོ་དེབ་དང་གསར་འགྱུར་བརྒྱུད་ལམ་ཁ་ཤས་ཀྱིས་བཀའ་ཟུར་མཆོག་ལ་ཆེ་བསྟོད་དེ་འདྲ་གནང་དུས་གོང་ས་མཆོག་རྒྱ་གར་ལ་ད་དུང་ཡང་བཞུགས་ཡོད་པའི་ཚོར་བ་དེ་ཧ་ལམ་ཡོད་ན་བསམས་ནས་ཧང་ཏོག་ཙམ་སངས་བཅུག་སོང་།
ཁྱོད་ཚོའི་རྩོམ་སྐད་དེ་ཚོས་བཀའ་ཟུར་ལ་བསྟོད་ཞོར་ལ་ཆོས་སྲུང་ཟེར་བ་དེ་དག་ཟུར་ཟ་བྱས་ཀྱང་སྐྱོན་གང་ཡང་མེད་མོད། གོང་ས་མཆོག་རྒྱ་གར་ལ་བཞུགས་ཡོད་བཞིན་དུ་འབྲོང་ཆུང་མེད་ན་བོད་ནས་ཡོང་མཁན་དང་བོད་ནང་ཡོད་མཁན་དེ་ཚོའི་བདེ་སྡུག་ཞུ་ས་མེད་ཟེར་དུས་སྐད་ཆ་དེ་ཚོ་ལས་སླ་པོའི་བཤད་མི་ཐུབ་པ་འདྲ་རེད་དེ། དེ་འདྲ་བཤད་པར་འཛེམ་བག་མི་འདུག དོན་ཧྲིལ་གྱིས་བསྒྲིལ་ན་ངས་གོ་པ་དང་ཐོས་པ། མཐོང་བའི་ནང་ལ་རྙོག་དྲག་མང་པོ་ཞིག་གཞིས་བྱེས་གཉིས་ཀྱི་བར་དུ་བྱུང་ཡོད་པར་ཉུང་ཉུང་མ་རེད། དོ་དགོང་བར་དེ་ཙམ་ཡིན། སང་ཉིན་ཁོམ་པ་བྱུང་ན་མུ་འགོད་ཡིན