བསྟན་འཛིན་ཤེས་རབ།
སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཐེབས་ཏེ་ཉིན་བདུན་འགོར་བའི་ཉིན་མོ་འདིར། ང་ཚོས་སྒྲུབ་དགོས་པའི་དོན་དག་མང་བོ་ཞིག་བསྒྲུབས་དང་སྒྲུབ་བཞིན་ཡོད་མོད། འོན་ཀྱང་བསམ་བློ་ཡང་དང་བསྐྱར་དུ་སྐོར་ཚེ། ད་དུང་ངེས་པར་སྒྲུབ་དགོས་པའི་དོན་དག་གལ་ཆེན་ཞིག་ལྷག་འདུག་སྟེ། དེ་ནི་གོད་ཆག་ཐེབས་ཤུལ་དུ་ལུས་པའི་དྭ་ཕྲུག་རྣམས་ཀྱི་འདུན་ལམ་ཡིན།
ད་ལྟ་གསར་འགྱུར་དང་དྲ་ཚིགས་དག་ལས་ཤེས་གསལ་ལྟར་ན། བོད་ནང་དང་རྒྱ་ནག་གི་ས་ཁུལ་རྣམས་སུ། གཞུང་སྒེར་དང་ཚོགས་པ་སོ་སོས་རྒུད་སྐྱོབ་ཀྱི་བྱ་འགུལ་སྤེལ་བའི་གནས་ཚུལ་ནི་ཚ་ཚ་འུར་འུར་རེད་ལ། ཞལ་འདེབས་བསྡུ་བའི་བྱ་འགུལ་གྱི་དགོང་ཚོགས་གཅིག་གི་སྟེང་ཡང་རྒྱ་སྒོར་དུང་ཕྱུར་བཅུ་ཕྲག་ལྷག་འདུས་འདུག་པས། ད་ནི་སྐྱེ་རྒུ་མདོའི་བསྐྱར་བསྐྲུན་གྱི་མ་དངུལ་ཐད་ང་ཚོར་སེམས་ཁྲལ་དེ་ཙམ་མེད་པར་སྣང་། འོན་ཀྱང་ཕྱོགས་གཉིས་པོ་གང་གིས་ཀྱང་ད་དུང་ཁ་མ་གྲགས་པའི་དྭ་ཕྲུག་རྣམས་ཀྱི་འདུན་ལམ་ཐད། ངས་བསམས་ན། རང་རེའི་སྲིད་གཞུང་གིས་གང་མྱུར་གྱིས་ཐབས་ལམ་ཅི་འདྲ་ཞིག་སྤྱོད་དགོས་རུང་སྤྱད་དེ། དྭ་ཕྲུག་རྣམས་བྱེས་ཀྱི་སློབ་གྲྭ་ཁག་ཏུ་ལེན་ཐབས་གནང་དགོས། འདི་ནི་དྭ་ཕྲུག་དེ་རྣམས་ཀྱི་གནས་སྐབས་ཀྱི་དཀའ་སྡུག་སེལ་བ་ཙམ་མ་ཡིན་པར། མི་ཚེ་གཅིག་གི་ལས་དབང་དང་སྦྲེལ་ཡོད་པར་མ་ཟད། ཐ་ན་བོད་མི་རྣམ་དག་ཅིག་ཏུ་འགྱུར་མིན་དང་ཡང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། རང་རེའི་གཞུང་སྒེར་གང་ཡིན་རུང་སྒྲིམ་དགོས་པའི་དོན་ཞིག་རེད་དོ ། །
བསྟན་འཛིན་ཤེས་རབ་ལགས། ཐུགས་རྗེ་ཆེ་གནང་། དྭ་ཕྲུག་ཚོའི་སྐོར་ངས་ཀྱང་བསམ་ཚུལ་ཞིག་འབྲི་དགོས་བསམ་བསྡད་ཡོད་ཀྱང་ད་ཟུར་དུ་འབྲི་དགོས་པ་མི་འདུག དེ་རིང་དྭ་ཕྲུག་ཚོ་དང་འབྲེལ་བའི་གནས་ཚུལ་རྐྱང་བཙལ་བསྡད་པ་ཡིན། དྭ་ཕྲུག་ག་ཚོད་ཅིག་ཡོད་མེད་ད་རུང་ཡག་པོ་ཤེས་ཀྱི་མི་འདུག རྒྱ་གཞུང་གིས་ཁེ་ཉིན་ནས་དྭ་ཕྲུག་བདག་སྐྱོང་གི་ལྟེ་གནས་ཤིག་བཙུགས་ཚར་འདུག གནས་སྐབས་ཁོ་ཚོར་དཀའ་ངལ་འཕྲད་མདོག་ཁ་པོ་མ་རེད་བསམ། ད་གཙོ་བོ་དེ་ཁོ་ཚོའི་ཕུགས་ཀྱི་མདུན་ལམ་རེད། དེ་ལ་མི་མང་པོ་ཞིག་ནས་སེམས་ཁུར་བྱེད་ཀྱི་ཡོད་པ་གསལ་པོ་རེད། ཉིན་འགའི་སྔོན་ཡང་ངས་དེའི་སྐོར་གནས་ཚུལ་ཐུང་ཐུང་ཞིག་བཀོད་པ་ཡིན། དེ་རིང་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་དུའང་དེའི་སྐོར་ལ་བགྲོ་གླེང་བྱེད་ཀྱི་འདུག དེ་ནི་དངོས་གནས་ཁ་ཚ་དགོས་གཏུགས་ཀྱི་དོན་དག་གལ་ཆེན་པོ་ཞིག་ཏུ་མཐོང་།
རྒྱ་ནག་ཏུ་པེ་ཅིང་དྭ་ཕྲུག་གསོ་སྐྱོང་ཁང་། ཐེན་ཅིང་དྭ་ཕྲུག་གསོ་སྐྱོང་ཁང་། ཁྲིན་ཏུའུ་དྭ་ཕྲུག་གསོ་སྐྱོང་ཁང་། ཝུ་ལུ་མུའུ་ཆས་དྭ་ཕྲུག་གསོ་སྐྱོང་ཁང་སོགས་ནས་དྭ་ཕྲུག་དེ་ཚོར་བདག་པོ་རྒྱག་རྒྱུར་གྲ་སྒྲིག་ཡོད་ཟེར་གི་འདུག དེ་ནས་མི་སྒེར་བ་མང་པོ་ཞིག་ནས་བུ་ཚབ་ཏུ་ལེན་གྱི་ཡིན་ཟེར་ནས་ཐོ་རྒྱག་མཁན་མང་པོ་ཞིག་ཡོང་གི་ཡོད་པའི་གནས་ཚུལ་འདུག
དེ་ནི་ཕྱོགས་གཅིག་ནས་ཡག་པོ་རེད་དེ། ཕྱོགས་གཅིག་ནས་རང་གི་ཕ་མ་མེད་བརླག་ཏུ་སོང་བའི་ཐོག་གློ་བུར་དུ་ཕ་ས་ཕ་ཡུལ་དང་། སྐད་ཡིག་གོམས་སྲོལ་སོགས་མི་གཅིག་པའི་སྤྱི་ཚོགས་ཤིག་ནང་ཁྲིད་སོང་ནས་རང་གི་རིག་གཞུང་མེད་བརླག་ཏུ་གྱུར་ཏེ་མི་རིགས་གཞན་པ་ཞིག་གི་ངོ་བོར་གྱུར་པ་ཡིན་ན་ངོ་མ་ཕངས་སེམས་ཆེན་པོ་རེད།
ངས་བལྟས་ན་ཐབས་ལམ་ཡག་ཤོས་དེ། སྐྱེ་དགུ་རང་ན་དྭ་ཕྲུག་གསོ་སྐྱོང་ཁང་ཞིག་འདུག དེའི་ནང་དྭ་ཕྲུག་ཉིས་བརྒྱ་ལྷག་ཡོད་འདུག་པར་ད་ཐེངས་ཀྱི་ས་ཡོམ་ནང་གཅིག་ལའང་སྐྱོན་བྱུང་མེད་པ་མ་ཟད་ད་ལྟ་ནས་སློབ་མགོ་ཡང་བརྩམས་གྲུབ་འདུག དེར་བོད་ཡིག་ཀྱང་སློབ་ཁྲིད་གནང་གི་འདུག དྭ་ཕྲུག་ཁང་དེ་རོགས་པ་རོགས་ཚོགས་ཁང་ནས་བཙུགས་པ་ཡིན་ནམ་གསལ་པོ་མ་ཤེས་ཀྱང་། རོགས་པ་རོགས་ཚོགས་ནས་དངུལ་གྱི་རོགས་རམ་བྱེད་ཀྱི་ཡོད་པ་ཞིག་རེད། རོགས་པ་རོགས་ཚོགས་ནས་ཀྱང་ད་དྭ་ཕྲུག་ལྔ་བརྒྱར་འབུད་ཀྱི་རེད་དེ་འདྲ་ཞིག་བཤད་འདུག དེར་བལྟས་ན་ཁོ་ཚོས་དེར་ལེན་འདོད་ཡོད་པ་འདྲ་ཞིག་འདུག
དེ་ལྟར་མིན་པའི་དབང་དུ་བཏང་ནའང་། ཚང་མས་རོགས་པ་རོགས་ཚོགས་ལ་སྐྱབས་འཇུག་ཞུས་ནས་བོད་མི་དྭ་ཕྲུག་ཚང་མ་ལེན་རོགས་ཞུས་ན་དེ་ལེགས་ཤོས་སུ་མཐོང་། ངས་ཀྱང་ཁོ་ཚོར་ཡི་གེ་གཏོང་གི་ཡིན། ཁྱེད་ཚོས་ཀྱང་དེ་ལྟར་ཡི་གེ་གཏོང་རོགས་གནང་། ཁོ་ཚོའི་ཁ་བྱང་ཤེས་མཁན་ཞིག་ནས་ཁ་བྱང་འདིར་འཇོག་རོགས་གནང་།
ད་བཙན་བྱོལ་གྱི་ཚོགས་སྡེ་ཁག་ནས་རོགས་པ་རོགས་ཚོགས་ལ་དངུལ་གྱི་ཐོག་ནས་རོགས་རམ་བྱེད་ཐུབ་ན་དེས་འགྲིགས་པ་རེད་བསམས། ལས་འགུལ་འདི་མགྱོགས་པོར་མ་སྒྲུབ་ན། རྒྱ་གཞུང་གིས་ཐག་གཅོད་གང་ཞིག་བྱས་ཚར་དུས་ང་ཚོར་ཐབས་ཤེས་གང་ཡང་ཡོད་པ་མ་རེད།
མཆོད་མཆོད་བསྟོད་བསྟོད་བྱེད་པའི་། གཞུང་བསྟེན་ལྷ་སྲུང་མཐུ་བོ་ཆེ་རྣམས་ལ། །ལས་ཀ་ག་རེ་ཡོད་རེད།
ད་ནི མགོན་མེད་སྐྱབས་མེད་། བོད་མི་རྣམས་ལ་སྙིང་རེ་རྗེ། སྐྱོ་བ་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་།།།།
ང་ཚོས་གསོད་ཕག་བཞིན་དུ་གསོས་གསོས་པའི་ལྷ་ཀླུ་གཉན་གསུམ་འདི་ཚོས།
ང་ཚོར་ཆེས་བློ་ཡུལ་འདས་པའི་མགོ་སྐོར་ཆེན་པོ་གཉིས་བཏང་སོང་ང་།
གཅིག་་་་་རྒྱ་འདྲེ་དེ་ཚོས་བོད་ལ་བཙན་འཛུལ་བྱས་སྐབས་རེད།
གཉིས་པ་་་་ད་ལྟའི་སྐབས་འདི་རེད།
འདི་ཚོས་ཕན་གིན་ཡོད་མེད་ལ་འབྱུང་བཞིས་གསལ་བོར་བཤད་ཡོང་གིན་འདུག་ག
འདི་ཡང་བསམ་ཚུལ་ཞིག་རེད། འོན་ཀྱང་། གལ་སྲིད་ཚུར་ཁྲིད་ཡོང་ཐུབ་པའི་དབང་དུ་བཏང་ནའང་། ང་ཚོས་དྭ་ཕྲུག་དེ་དག་གི་མདུན་ལམ་ལ་འགན་ཐེག་ས་རེད་དམ། ཤེས་ཡོན་གྱི་སྤུས་ཚད་ལ་ལྟ་རྒྱུ་གལ་ཆེན་པོ་རེད།
འདིར་ཁྲིད་ཡོང་སྟེ་སུ་ཇཱ་དང་ངྷ་སྟེང་བོད་ཁྱིམ། མ་སུ་རི་བོད་ཁྱིམ་ལྟ་བུ་ཞིག་ལ་འཇུག་རྩིས་ཡིན་ནམ།
ཁ་ཉིན་ཕྱི་ཚེས་ ༡༨ ཉིན་སྐྱེ་རྒུ་མདོའི་བྱིས་པ་ ༦༠ ལྷག་གིས་༧གོང་ས་མཆོག་ལ་དམིགས་བསལ་མཇལ་ཁ་ཞུས་སོང་། དེ་དག་ལ་བདག་པོ་ཡག་པོ་ཞིག་རྒྱག་ཐུབ་ནའང་རབ་མ་རེད་དམ།
གནད་དོན་འདི་ཧ་ཅང་གལ་ཆེན་པོ་རེད་དྲན་ཡོད། དེའི་མ་ཚད་ནང་མི་ཚོར་རང་ནུས་ཅི་ཡོད་ཀྱིས་དྭ་ཕྲུག་ཁ་ཤས་བུ་ཚབ་ཏུ་ལེན་དགོས་པའི་སྐུལ་མ་ཡང་བྱས་པ་ཡིན། དེ་ལས་གཞན་དྭ་ཕྲུག་དེ་དག་རྒྱ་ནག་ས་ཁུལ་ཅིག་ཏུ་གསོ་སྐྱོང་བྱ་བར་དགག་པ་༡༠༠%དང་བཙན་བྱོལ་སྤྱི་ཚོགས་སུ་ཁྲིད་ཡོང་ཏེ་གསོ་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་༥༠%ལས་མེད་ཅེས་སྒེར་གྱི་བསམ་འདི་བརྗོད་འདོད་བྱུང་།
It is saidless, it is one of the biggest problem currently Tibetan history, but now Tibetan have option to use the problem to unite and keep Tibetan identity in victim’s place or the problem will be cause of again problem to vanish Tibetan the race in Kyigudo. According history Chinese are professional to use this kind of issue for taking their advantage, even Chinese workers who are going to reconstruct earthquake release would be settle in Kyigodo. Chinese have opportunist to raise Chinesm in that place and take all the best market place for themselves to accuse the earthquake releasing. Off course Chinese GV has chance to use the issue of disaster to use unite of all the minorities to love one China as they using right now.
So I was happy to hear Dawa Tsering’ command and Tibetans need to be careful. It dosn’t mean Tibetans will not take Chinese support. Tibetan use the Chinese support to release the disaster, use it to keep their own identity, help kids’s education and grow them as pur Tibetan. I wish shoudn’t use Chinese money to make local Tibetan be Chinese and the victim’s place be China town. Those are my simple idea and I love to write it in Tibetan, but my computer can’t write Tibetan and I have to use English. I hope your staff will read it.
Thanks
From Sonam
བོད་གཞུང་ནས་སྐྱེ་དགུ་མདོའི་ཕྲུ་གུ་བདག་སྐྱོངས་ཡག་པོ་བྱེད་པའི་དུས་སུ་བབ་འདུག
བོད་གཞུང་གཉིད་ཁུག་ནས་འདུག་ཞག་ཡག་པོ་མ་རེད
ཀའི་བཀའ་བློན་ཚོ་གང་ན་ཡོད
རྒྱལ་བ་རིན་པོ་ཆེ་དབུ་བཞུགས་བོད་ཀྱི་བླ་ཆེན་ཁག་མཉམ་བཞུགས་ཐོག་ནས་སྨོན་ལམ་ཞིག་མ་འཛོམ་པ་འདི་བཀའ་བློན་ཁྲི་བ་འདི་དངོས་གནས་ག་རེ་ཡིན་ན་་་་་་་་་་་་་་
མདའ་ཚན་པ་ལགས། ངོ་སྤྲོད་དང་དགོངས་འཆར་གནང་བར་ཐུགས་རྗེ་ཆེ་ཞུ།
དེ་ག་རང་རེད། ཉིད་ཀྱི་དགོངས་འཆར་ཧ་ཅང་ཡག་པོ་འདུག ང་ཚོས་ཕྱོགས་གང་ཐད་ནས་འབད་བརྩོན་བྱེད། ཁ་བྱང་དེ་བརྩད་གཅོད་བྱས་ཏེ་ཉིད་ཀྱིས་གསུངས་པ་ལྟར་བྱེད་ངེས་ཡིན། བཀའ་དྲིན་ཆེ།
སྔོན་ཆད་ཟི་ཁྲོན་བུན་ཁྲོན་གྱི་ས་ཡོམ་སྐབས་ངས་གནས་ཚུལ་འདི་འདྲ་ཞིག་མཐོང་མྱངས། དོན་དམ་པར་སེམས་བསམ་པའི་གཏིང་ནས་རོགས་སྐྱོར་བྱས་མིན་གང་ལྟར་རུང་། སྲིད་གཞུང་དང་སྒེར་གྱི་བར་དང་། ཚོགས་པ་དང་ཚོགས་པའི་བར་དག་ཏུ་རོགས་སྐྱོར་བྱས་པའི་དགེ་ཁ་ཛ་དྲག་གིས་རྩོད་བཞིན་འདུག་ལ། གོད་ཆག་ཐེབས་ཤུལ་གྱི་མི་མང་བོ་ཞིག་རོགས་སྐྱོར་བྱས་པའི་མིང་ཐོག་ནས་རྒྱ་ནག་གི་ས་ཆ་ག་ས་གར་བགོས་སོང་། དེ་ཙམ་མ་ཟད་ཕ་མེད་མ་མེད་དང་། ཕ་ཕྱེད་མ་ཕྱེད་ཀྱི་དྭ་ཕྲུག་མང་བོ་ཞིག་ཀྱང་དགེ་ཁ་བརྩོན་ལེན་གྱི་ཆེད་ཕྱོགས་ཕྱོགས་སུ་ཁྲིད་སོང་། རྗེས་སུ་གོ་ཐོས་ལྟར་ན། གནས་སྤོར་བྱས་པའི་མི་དམངས་དེ་དག་གིས་གཞན་ཡུལ་གྱི་གནམ་གཤིས་དང་ས་ཆུ་མ་འཕྲོད་པའི་དཀའ་ངལ་མྱོང་བཞིན་འདུག་ཟེར་ལ། ལྷག་དོན་ཐོག་མའི་རོགས་སྐྱོར་གྱི་རྣམ་གྲངས་དེ་ཙམ་གྱིས་རྒྱུན་རིང་གི་འཚོ་བར་འདང་ཐབས་མེད་པ་དང་། ཆགས་ས་བརྟེན་ས་མེད་ཅིང་ཐོག་མའི་ཁ་ཡག་ཚིག་འཇམ་གྱི་རྣམ་འགྱུར་དེ་ཚོ་ཡང་ཡལ་ཚར་བས། ཁོང་ཚོ་དཀའ་ངལ་གསར་བ་ཞིག་གི་འོབས་དོང་དུ་ལྷུང་འདུག་ཟེར།
ཉམས་མྱོང་དེ་དག་ལས་བླངས་ཏེ། ད་ལྟ་ང་ཚོས་ཀྱང་སྐྱེ་རྒུའི་དྭ་ཕྲུག་རྣམས་ལ་སེམས་ཁྲལ་མི་བྱེད་རང་བྱེད་རེད། བུན་ཁྲོན་གྱི་དྭ་ཕྲུག་ནི་ཕན་ཚུན་གཉིས་ཀ་རྒྱ་རིགས་ཡིན་པས་གནད་དོན་དེ་ཙམ་ཡོད་མི་སྲིད་མོད། འོན་ཀྱང་སྐྱེ་རྒུའི་དྭ་ཕྲུག་རྣམས་ནི་བོད་རིགས་ཡིན་ལ། གལ་སྲིད་རྒྱ་ཁོག་དག་ཏུ་ཁྲིད་ཕྱིན་ཚེ། སྐད་རིགས་གོམས་གཤིས་སོགས་སྣ་སྒོར་མོ་ནས་ཐ་དད་ཡིན་སྟབས་དཀའ་ངལ་མི་དམན་པ་ཞིག་འཕྲད་རྒྱུར་མ་ཟད། རྨང་གཞིའི་ས་བོན་ནས་བཟུང་སྟེ་རྒྱའི་རིག་གནས་ཀྱིས་བསྐྲུན་ངེས་ཡིན་པས་བོད་མི་དག་མ་ཞིག་ཏུ་འགྱུར་ཐབས་མེད་པ་དང་། ཕྱིས་འཚར་ལོངས་དང་འདང་ཕོག་ཐུབ་དུས་ཁོང་ཚོར་ན་ཟུག་དེ་ལས་ཆེ་བ་ཞིག་ག་ལ་ཡོད། ཡང་གཅིག་བཤད་ན་ང་ཚོས་འདས་པོའི་ཤུལ་གྱི་གསོན་ཕྲུག་ལ་བདག་པོ་རྒྱག་མ་ཐུབ་པར་གྱུར་པ་རེད།
རོགས་ཚོགས་ཁག་ནས་གཟིགས་སྐྱོང་གནང་ན་ཡང་། ཕུགས་རྒྱང་རིང་བོར་བསམ་བློ་བཏང་ཚེ་ཡོད་ཚད་བདེ་ལེགས་སུ་འགྱུར་འགྲོ་བའི་ངེས་པ་མེད་པ་དང་། དྭ་ཕྲུག་དེ་དག་རྒྱ་གར་དུ་ཁྲིད་ཡོང་རྒྱུ་ཞེས་ན་ཡང་རྒྱ་ནག་གི་ཆོག་མཆན་ཐོབ་མིན་བཅས་ཀྱིས་ལས་སླ་བོ་ཞིག་མེད་པ་ཧ་ཅང་གསལ་བོ་རེད། ད་ནི་གང་ལྟར་རུང་ཐབས་ཤེས་གང་དྲག་སྤྱད་དེ། སྐྱེ་རྒུའི་དྭ་ཕྲུག་རྣམས་རྒྱ་ཁོག་ཏུ་ཆ་བགོས་བྱེད་མི་འཇུག་རྒྱུའི་དོན་ལ་འབད་རྒྱུ་ནི་་སྐབས་སུ་བབས་པའི་ཁ་ཚ་དགོས་ཀྱི་དོན་ཞིག་རེད།
སྐྱེ་རྒུའི་དྭ་ཕྲུག་འདི་དག་གི་འདུན་ལམ་ཐད། རྒྱ་ནག་གིས་གོད་སྒྲིག་ཅིག་བྱེད་བཞིན་པ་རྣམ་པ་ཚོ་ལས་གསར་དུ་ཐོས་པ་ཡིན་ལ། ད་ལྟ་ནི་སེམས་པར་དངངས་སྐྲག་ཅིག་གིས་ཁྱབ་བཞིན་འདུག
དྭ་ཕྲུག་གསོ་བ་རང་ཕྲུག་གསོ་ལས་ལྷག །
ཁྱིམ་མཚེས་རྒས་གཅོང་ལྟ་སྐྱོང་བྱས་པ་དང་། །
ནད་པའི་ནད་གཡོག་རང་བདེ་ཡོང་བའི་རྒྱུ། །
དབུལ་ཕོངས་སྦྱིན་གཏོང་སྦྱིན་འབྲས་རང་ཉིད་ཕྱུག །
དྲ་གྲོགས་ཚོ་གཤམ་གསལ་ནི་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་དྲ་རྒྱ་སྟེང་བཀོད་འདུག་པ་འདིར་དྲངས་པ་ཡིན།
དྭ་ཕྲུག་གཉོར་སྐྱོང་སྐོར་གྱི་གསལ་བརྡ།
ད་ཐེངས་ཡུལ་ཤུལ་ས་འགུལ་ཁྲོད་ནས་བྱིས་པ་མང་པོ་ཞིག་གི་ཕ་མ་གཉེན་ཉེ་སོགས་འདས་གྲོངས་སམ་རྐྱེན་ལམ་དུ་ཤོར་བས་དྭ་ཕྲུག་ཏུ་ལུས་ཡོད་པ་དང་། རྗེས་ཕྱོགས་དེ་ཚོའི་མ་འོངས་པའི་འཚོ་བ་ཇི་ལྟར་བཀོད་སྒྲིག་བྱེད་རྒྱུ་ནི་སྐབས་སུ་བབས་པའི་གནད་དོན་ཆེན་པོ་ཞིག་ཡིན་པས། སྤྱི་ཚོགས་ཡོངས་ནས་ཐུགས་ཁུར་དང་སྙིང་རྗེ་གནང་དགོས་པའི་ཁར་དེ་དག་གཉོར་སྐྱོང་བྱེད་རྒྱུའི་འོས་འགན་ཕྲག་ལ་བབས་ཡོད། འདིར་གོང་རིམ་ནས་ཕྲུ་གུ་གཉོར་སྐྱོང་བྱེད་རྒྱུའི་ཐད་ཀྱི་གྲོས་འཆམ་བྱུང་ཡོད་པ་མ་ཟད་། གཉོར་སྐྱོང་བྱེད་འདོད་ཡོད་པའི་ཁྱིམ་ཚང་ལ་ཆ་རྐྱེན་མང་པོ་ཞིག་འཛོམས་དགོས་པའི་རེ་བ་བཏོན་ཡོད།
དེ་དག་ནི།
གཅིག དྭ་ཕྲུག་ལོ་བཅུ་བཞི་ལ་ལོན་དགོས་པ་དང་། ཕ་མ་གཉིས་ཚེ་ལས་འདས་པ་ཡིན་དགོས། ལོ་བཅུའི་ཡན་གྱི་ཕྲུ་གུ་གཉོར་སྐྱོང་བྱེད་ན་རང་ཉིད་འཐད་པ་འབྱུང་དགོས།
གཉིས། གཉོར་མཁན་ལོ་སུམ་ཅུ་ལ་སོན་དགོས་པ་དང་། སློབ་གསོ་ཚད་མཐོན་པོ་མྱངས་ཡོད་པ། འཚོ་བའི་ཆ་རྐྱེན་ལེགས་པ།བྱ་བ་ངན་པ་བསྒྲུབས་མ་མྱོང་བ། བྱིས་པ་གཉོར་བ་ལ་མི་ཕན་པའི་ནད་ཡམས་གང་ཡང་མེད་པ་བཅས་དང་། གཉེན་སྒྲིག་བྱས་ཟིན་པའི་སྤྱི་དམངས་ཀྱིས་གཉོར་སྐྱོང་བྱེད་ན་ཁྱོ་ཤུག་གཉིས་ཀས་སྐྱོང་དགོས། དྭ་ཕྲུག་གཉོར་སྐྱོང་བྱེད་པར་གཉོར་སྐྱོང་བྱེད་མཁན་ལ་ཕྲུ་གུ་ཡོད་མེད་དང་ཡང་ན་དྭ་ཕྲུག་གཅིག་ཁོ་ན་ལས་གཉོར་སྐྱོང་བྱས་མི་ཆོག་པའི་ཚད་བཀག་མེད། ཕོ་ཧྲེང་གིས་དྭ་ཕྲུག་བུ་མོ་གཉོར་སྐྱོང་བྱེད་ན་གཉིས་ཀའི་བར་ལ་ལོ་གྲངས་བཞི་བཅུའི་ཆེ་ཆུང་ཡོད་དགོས།
གསུམ། དྭ་ཕྲུག་གཉོར་སྐྱོང་བྱེད་པའི་གོ་རིམ་གཞན་དག་སྲིད་གཞུང་གི་ཡིག་ཆ་གཞིར་འཛིན་དགོས།