༢༠༡༦ ལོའི་ཡུམ་བུ་བླ་མཁར་བོད་ཀྱི་ཐེབས་རྩའི་སློབ་ཡོན་དང་ཉམ་ཐག་འཚོ་བའི་ཁ་གསབ་རོགས་དངུལ་གསལ་བསྒྲགས།
ཡུམ་བུ་བླ་མཁར་བོད་ཀྱི་ཐེབས་རྩ་ནི་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ནང་དེང་དུས་ཤེས་ཡོན་སློབ་གསོ་དང་། དྭ་ཕྲུག བདག་མེད་ཉམ་ཐག སྤྱི་ཚོགས་ལ་ཕན་པའི་མི་སྒེར་ལས་གཞི། ཛ་དྲག་ནད་མནར་བཅས་ཀྱི་ཐད་ཆེད་དམིགས་ཀྱིས་ཕྱི་ལོ་༢༠༡༣ལོར་ཕྱི་རྒྱལ་ཡུལ་གྲུ་ཀུན་ཏུ་གནས་འཆའ་བའི་རང་རེའི་བོད་མི་ཤ་སྟག་གིས་ཁྲིམས་མཐུན་ངང་བཙུགས་པའི་ཁེ་མེད་བོད་ཀྱི་ཐེབས་རྩ་ཁང་ཞིག་ཡིན། ཐེབས་རྩའི་ཚོགས་མི་རྒྱལ་ཁབ་ཁག་ལྔ་ལྷག་གི་ནང་ཡོད།
ང་ཚོའི་ཐེབས་རྩའི་མ་དངུལ་ནི་ལྷག་བསམ་ཟོལ་མེད་ཀྱི་ཚོགས་མི་རྣམ་པ་དང་། ཞལ་འདེབས་པ། ཐེབས་རྩའི་དཔལ་འབྱོར་འདུ་འགོད་བྱ་འགུལ་ལས་བྱུང་བ་ཁོ་ན་ཡིན། ལོ་ངོ་འདི་དག་རིང་ང་ཚོས་ཐེབས་རྩའི་མ་དངུལ་ནུས་ཚོད་ཀྱིས་ལོ་རེའི་ཐེབས་རྩའི་རོགས་སྐྱོར་ལས་འཆར་ནང་བཞིན་བོད་ཕྱི་ནང་གཉིས་སུ་རོགས་དངུལ་བཏང་དང་གཏོང་མུས་ཡིན་ལ། འདི་ལོ་༢༠༡༦ལོར་ཡང་ངེད་ཡུམ་བུ་བླ་མཁར་བོད་ཀྱི་རྩའི་ཚོགས་མི་ཡོངས་ཀྱི་བྱམས་བརྩེ་དང་ལྷག་བསམ་ཆེན་པོས་ཚོགས་དངུལ་ཕུལ་འབྱོར་བྱུང་བ་ལྟར། འདི་ནས་དམིགས་བསལ་ཕྱི་སྡོད་བོད་མིའི་སྤྱི་ཚོགས་ནང་དུ་མཐོ་སློབ་འགྲིམས་བཞིན་པའི་སློབ་མ་གྲངས་ལྔ་དང་། རྒན་འཁོགས་ལྟ་སྐྱོང་མེད་པའི་དངོས་ཡོད་དཀའ་ཁག་ཅན་རིགས་ལ་འཚོ་བའི་ཁ་གསབ་རོགས་དངུལ་འབུལ་རྒྱུའི་ལས་འཆར་གསར་བ་ཡོད་པས། དེ་བཞིན་རོགས་དངུལ་རེ་ཞུ་གཏོང་འདོད་ཡོད་མཁན་གྱིས་ཕྱི་ཟླ་༦པའི་ཚེས༡༥་ནང་ཚུད་ལ་སྙན་ཞུ་དང་དགོས་ངེས་ཡིག་ཆ་དག་འཐུས་ཚང་སྒོས་འདི་ག་ཐེབས་རྩ་ཁང་གི་གློག་འཕྲིན་ཡིག་ཟམ་བརྒྱུད་འཕྲོད་ཐུབ་དགོས་པར་དགོངས་འཇགས་ཞུ།
མཐོ་སློབ་སློབ་མའི་སློབ་ཡོན་ཁ་གསབ་རོགས་དངུལ་ཞུ་བའི་ཆ་རྐྱེན།
(༡) རང་ཉིད་ངོ་སྤྲོད་ལོ་རྒྱུས་དང་ཉེ་ཆར་བླངས་པའི་འདྲ་པར་གཅིག
(༢) ༢༠༡༦ལོར་མཐོ་སློབ་གང་རུང་ཞིག་ཏུ་སློབ་སྦྱོང་མགོ་ཚུགས་ཟིན་པའི་ངོས་སྦྱོར།
(༣) གཞུང་སྒེར་གང་ནས་ཀྱང་སློབ་ཡོན་རོགས་དངུལ་ཐོབ་ཀྱི་མེད་པ།
(༤ ) སློབ་གྲྭའི་ཡིག་ཚང་དང་ས་གནས་བདེ་དོན་ལས་ཁུངས་གང་རུང་ནས་དཀའ་ངལ་ཡོད་པའི་བདེན་དཔང་རྒྱབ་གཉེར་དགོས།
རྒན་འཁོགས་ལྟ་སྐྱོང་མེད་པའི་འཚོ་བའི་ཁ་གསབ་རོགས་དངུལ་ཞུ་བའི་ཆ་རྐྱེན།
{༡} རང་ཉིད་ཀྱི་ངོ་སྤྲོད་ལོ་རྒྱུས་དང་ཉེ་ཆར་བླངས་པའི་འདྲ་པར་གཅིག
{༢} གཞུང་སྒེར་གང་ནས་ཀྱང་འཆར་ཅན་ལྟ་སྐྱོང་རོགས་སྐྱོར་ཐོབ་ཀྱི་མེད་པ།
{༣} ས་གནས་བདེ་དོན་ལས་ཁུངས་ཀྱི་རྒྱབ་གཉེར་ཡི་གེ།
_____
རོགས་སྐྱོར་རེ་ཞུ་གཏོང་མཁན་རྣམ་པས་སོ་སོའི་སྡོད་གནས་ཁ་བྱང་དང་འབྲེལ་གཏུག་ཁ་པར་སོགས་གསལ་བོར་བསྐུར་རྒྱུ་དང་། གོང་གསལ་དགོས་ངེས་ཀྱི་ཡིག་ཆ་དག་འཐུས་ཚང་མ་བྱུང་བ་དང་སྙན་ཞུ་དུས་བཅད་ནང་བསླེབ་མ་ཐུབ་ཚེ་རེ་ཞུ་རྩིས་མེད་ཡིན་པ་སྔར་ནས་ཐུགས་འཇགས་འཚལ།
ཡུམ་བུ་བླ་མཁར་བོད་ཀྱི་ཐེབས་རྩ།
ཕྱི་ལོ་༢༠༡༦ ཕྱི་ཟླ་༠༤ པའི་ཚེས་༡༠ ཉིན།
འབྲེལ་གཏུག་ཁ་བྱང་།
Association Caritative tibétaine Yumbulakar
23, rue Greneta 75002 Paris, France
Email. yumbulakar@gmail.com
Contact : 0033+695383133 / 0033+652588116
ཉེ་དགའ་ཕྱོགས་ལྷུང་དང་མགོ་འདྲེན་རིང་ལུགས་མེད་པར་དངོས་གནས་ཉམས་ཐག་དགོས་ཞིག་ལ་གནང་ཐུབ་ན་ཤིན་ཏུ་ནས་ངོ་ཚར་ཆེ་དོ་མིན་ང་ཚོའི་ལས་དོན་ཡོངས་རྫོགས་མགོ་འདྲེན་རིང་ལུགས་དང་ཕྱོགས་གཏོགས་ཆབ་སྲིད་གྲལ་རིམ་དམངས་གཙོ་ལ་ཁ་ཕྱོགས་ནས་ང་ཚོའི་སྤྱི་ཚོགས་འདི་རུལ་དྲི་འཛམ་གླིང་ནང་ཁྱབ་ལ་ཉེ་ཡོད་པ་ཉེ་འཆར་གོང་ས་མཆོག་ནས་སྨན་རྩིས་ཁང་གི་དུས་ཉིན་བཀའ་སློབ་ག་འདྲ་ཕེབས་འདུག་བོ་མི་ཚང་མས་མ་ཤེས་པདང་མ་གོ་བ་ཡིན་ནམ་།
ཡུམ་བུ་བླ་སྒང་་་་དང་་་་ཡུམ་བུ་བླ་མཁར་་་ཞེས་འབྲི་སྟངས་མི་འདྲ་བ་གཉིས་ཀྱི་ནང་ནས། ལོ་རྒྱུས་ཀྱི་ཡིག་ཆར་འཁོད་པའི་མིང་བྱང་དངོས་དེ་གང་ཡིན་ནམ་ལགས། །
དིང་སང་གི་གྲུབ་དོན་དུ། ཡུམ་བུ་བླ་སྒང་དང་། ཡུམ་བུ་བླ་མཁར་ལས། ཡུ་མོ་བརླ་མཁར་འདི་དག་ཤོས་སུ་རྩི་བཞིན་འདུག