འོད་ཟེར་པོད་ཁུག་ལས་བསྒྱུར། ནགས་ཤོད་སད་མི།
ཐོག་མའི་བསམ་ཚུལ་ལྟར་ན། རྩོམ་པ་པོ་དང་། གསར་འགོད་པ་ཙི་ཁྲུན་ཡ་ནས་ཡུལ་ཤུལ་གནོད་ཁུལ་དུ་བཅར་འདྲི་ཞུས་པའི་སྐོར་གྱི་རྩོམ་ཡིག་ཞིག 《 ཀྲུང་གོའི་བདུན་རེའི་ཚགས་པར 》དུ་འགོད་རྒྱུ་རེད་མོད། འོ་ནའང་། རྩ་བ་ནས་འགོད་ཐུབ་མེད། དེ་ནི་ཁོང་གིས་དགེ་འདུན་པ་དང་བོད་ཀྱི་མི་སེར་ཚོའི་སྐོར་བཀོད་ཡོད་པས་རེད།
དཔེར་ན། “ཉིན་དེ་རང་གི་ཆུ་ཚོད ༡༢ ཡོལ་ཙམ་ཞིག་ནས། དགེ་འདུན་པ ༩༠༠ ཙམ་གནོད་ཐེབས་ས་གནས་སུ་འབྱོར་སོང་། བཀྲ་ཤིས་ཁ་རྟ་རྒྱུག་ཐང་ཉེ་མཁྲིས་ཀྱི་ས་རོ་རྡོ་རོའི་ཁྲོད་ནས་དགེ་འདུན་པ་ཚོས་མི ༧༠༠ ལྷག་ས་འོག་ནས་བསློགས་སོང་། གཉིད་ལམ་ནང་གོད་ཆག་ཕོག་པའི་མི་འདི་ཚོ་དགེ་འདུན་པ་ཚོས་ཀམ་པ་ལིང་དང་རས་ཆ་སོགས་ཀྱིས་འཐུམ་གྱིན་རེ་རེ་བྱས་ནས་བཀྲི་ཤིས་རྟ་རྒྱུག་ཐང་དུ་བསྐྱལ་སོང་། མི་མགོ་དྲུག་བརྒྱ་ལྷག་རྨས་ཕོག་ཡོད་ན་ཡང་། འཆི་སྐྱོན་ལས་ཐར་ཡོད་པ་རེད།”
“རི་ཁུག་འདིའི་ཁ་སྤྲོད་ཀྱི་རི་སྡེབ་ན། དགོན་པ ༡༠༠ ལྷག་ནས་འབྱོར་བའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་མོ་བཞི་སྟེ། རྙིང་མ་པ་དང་། ས་སྐྱ་པ། བཀའ་བརྒྱུད་པ། དགེ་ལུགས་པ་བཅས་ཀྱི་སེར་མོ་བ ༧༠༠༠ ལྷག་དམར་སྨུག་གི་ཆོས་གོས་མནབས་ཏེ། གྲལ་འགྲིག་པོའི་སྒོ་ནས་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་དང་། བྱང་ཆུབ་སྙིང་པོ། བཟང་སྤྱོད་སོགས་འུར་འདོན་བྱས། ཕུང་པོ་ཞུགས་འབུལ་བྱ་སའི་རི་སྡེབ་ཀྱི་ཐོད་དུ་སྐྱེ་རྒུ་དགོན་པའི་བསྟན་པ་རིན་པོ་ཆེས་དབུ་ཁྲིད་དེ་དགེ་འདུན་པ་བདུན་གྱིས་མེ་མཆོད་གྱི་ཆོ་ག་ཕྱག་ལེན་མཛད། དེ་སྔོན་ལྷའི་དཀྱིལ་འཁོར་བཞེངས་གནང་སྐབས་གསོག་ཉར་བྱས་པའི་རྡུལ་མཚོན་དག་ཀྱང་དགེ་འདུན་པ་ཚོས་མེ་ལྕེ་འུར་འུར་དུ་འབར་ཞིང་། དུ་ལོང་ནམ་མཁར་འཕྱུར་བའི་ཁོག་གསེང་ན་གཏོར། ”
ཁོང་གིས་ང་ལ་རྩོམ་ཡིག་མཁོ་འདོན་གནང་བ་ཐུགས་རྗེ་ཆེ། དེ་དང་མཉམ་དུ་ཁྱེད་རྣམ་པས་ཀྱང་རྒྱུ་ཆ་འདི་ཚོ་བརྒྱུད་འགོད་དང་། ཁྱབ་བསྒྲགས་བྱ་རོགས་གྱིས། དེ་ལྟར་མ་བྱས་ཚེ། “དགེ་འདུན་པ་འདི་ཚོ་ལ་ཧ་ཅང་གིས་འདྲ་མཉམ་མ་བྱས་པ་རེད། བརྒྱུད་ལམ་འདི་ཚོས་བོད་མིའི་སེམས་ནང་གི་ཚོར་བ་ངོ་མར་སྣང་ཆུང་བྱེད་རྐྱང་བྱེད་ཀྱི་འདུག་ལ། སྲིད་གཞུང་གིས་ནི་གཅིག་མིན་གཉིས་མིན་གྱིས་རང་ཉིད་མཛེས་བཟོ་ལ་རེམ་གྱིན་འདུག”ཟེར།
དེ་རིང་གོ་ཐོས་ལྟར་ན། རྒྱ་ནག་གི་དམག་མི་སོགས་རྒྱ་རིགས་རྣམས་ཀྱིས་མྱུར་སྐྱོབ་བྱེད་རྒྱུའི་ཚབ་ཏུ་ཕུང་བོའི་སྟེང་གི་གསེར་དངུལ་གྱི་རྒྱན་ཆའི་རིགས་རྐུ་གི་འདུག་ཟེར།
འོད་ཟེར་པོད་ཁུག་འདི་ནི་བོད་ནང་དུ་ཡོད་པའི་ཟིན་བྲིས་ནུས་པ་ཆེ་ཤོས་དེ་ཡིན་པ་དང་། འོད་ཟེར་ལགས་ཀྱིས་ཀྱང་མི་རིགས་ལ་འགན་ཁུར་གྱི་བསམ་པ་ཡོད་པའི་གྲོགས་པོ་མང་པོ་ཞིག་གི་ལག་ནས་བོད་དང་འབྲེལ་བའི་གནས་ཚུལ་འཚོལ་སྙེགས་དང་། རང་གི་རྣམ་དཔྱོད་དང་རྟུལ་ཕོད་ལ་བརྟེན་ནས་དྲང་བདེན་རྩོམ་ཡིག་སྤེལ་བཞིན་ཡོད་པ་འདི་དག་གིས་བོད་དོན་བདེན་མཐའ་སེལ་རྒྱུར་ནུས་པ་ཆེན་པོ་ཞིག་ཐོན་བཞིན་འདུག་སྙམ། ད་ལྟ་ཕྱི་ཕྱོགས་སུ་ཡོད་པའི་རི་མཐོ་ས་གཙང་ཟིན་བྲིས་དང་། ཨེ་ཤ་ཡ་རང་དབང་གློག་འཕྲིན་བོད་སྐད་སྡེ་ཚན་སོགས་ཀྱིས་ཟོད་ཟེར་ཟིན་བྲིས་ལ་དོ་སྣང་བྱེད་བཞིན་ཡོད་མོད་དེ་ཙམ་གྱིས་རྩ་བ་ནས་གདང་གི་མི་འདུག་དྲན། དཔེར་ན་ཐེངས་འདིར་ཡུལ་ཤུལ་དུ་གོད་ཆགས་བྱུང་བའི་གནས་ཚུལ་འདི་གཅིག་པུར་དཔེ་བཞག་ནས་བཤད་ན། འོད་ཟེར་ཟིན་བྲིས་ནང་དུ་ཆུ་ཚ་པོ་ལྟར་འཁོལ་བཞིན་པའི་གནས་ཚུལ་གསར་པ་གཅིག་རྗེས་གཉིས་ཐོན་དེ་དག་བོད་ཡིག་དང་དབྱིན་ཡིག་གཉིས་ཀའི་ཟིན་བྲིས་དྲ་བ་གང་ནས་ཀྱང་མཐོང་རྒྱུ་མི་འདུག དེར་བརྟེན་མཁྱེན་ལྡན་ནགས་ཤོད་སད་མི་ལགས་ཀྱིས་འདི་ལྟར་འོད་ཟེར་ཟིན་བྲིས་ནས་རྩོམ་ཡིག་བསྒྱུར་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དུས་ཁོམ་བྱུང་ན་མུ་མཐུད་བསྒྱུར་རོགས་ཞུ།
སྐྱེ་རྒུ་མདོ་རུ་ས་ཡོམ་སྐབས། །
རྒྱ་མིས་བོད་ཁྱི་རྐུས་པ་དང་། །
རྒྱན་ཆ་རྐུ་སོགས་ངོ་ཚ་དང་། །
ཁྲེལ་མེད་ཆབ་སྲིད་མཚར་བའི་རྒྱུ། །
ཤིན་ཏུ་ནས་ཡིད་རངས་འབུལ་དགོས་པའི་གནས་འཕྲིན་ཞིག་རེད་འདུག ནགས་ཤོད་པས་སྒྱུར་འགོད་གནང་བར་དེ་བས་ཀྱང་བཀའ་དྲིན་ཆེ། ཆོས་བརྒྱུད་ཆེན་མོ་བཞི་ཙམ་གྱི་མི་ཚད་པས། གཡུང་དྲུང་བོན་གྱི་བླ་སྤྲུལ་རྣམས་ཀྱང་འཛོམས་འདུག་པ་གཤམ་གྱི་དྲ་པར་གཉིས་སུ་གསལ་གྱིན་འདུག་ལ། ངས་ཕ་ཡུལ་ནས་ངོ་ཤེས་པའི་བོན་པའི་སྤྲུལ་སྐུ་འཇིགས་དགའ་འམ་ཚེ་དབང་འཇིགས་མེད་༼པར་ནང་མིག་ཤེལ་ན་པོ་ཅན་དེ་༽ཞུ་བ་དེའང་དེ་གའི་ཚོགས་མགོན་གྱི་གཙོ་གྲས་སུ་ཕེབས་འདུག་པས། འདི་ནས་ཁོང་རྣམས་ལའང་དམིགས་བསལ་ཡིད་རངས་ཞུ་གི་ཡིན།
http://www.rgbm123.com/news/330/
སེང་རྡོར་དྲ་བ་འདིར་ཡང་གཟིགས།
http://www.sangdhor.com/pics_c.asp?id=1486
ད་དུང་བོན་སྤྲུལ་ཁོང་གིས་BBCལའང་གནས་ཚུལ་བཤད་ཀྱིན་འདུག་པ་འདིར་གཟིགས་རོགས།
http://news.bbc.co.uk/2/hi/asia-pacific/8627206.stm
དངོས་གནས་གདུང་སེམས་མཉམ་བསྐྱེད་རང་དུ་འདུག་པས། གོང་གི་གནས་འཕྲིན་བཀླགས་རྗེས་ཟུར་བཀོད་ཙམ་དུ་ཞུས་པ་ཡིན།
ཐུགས་རྗེ་ཆེ།
འོད་ཟེར་ལགས།
དངོས་གནས་རྩོམ་པ་མོ་རེད།