ཨེ་མ་ཧོ།
ན་མོ་གུ་རུ་པདྨ་ཀ་ར་ཡེ།
ཀ་ཡེ་དལ་ཅིག་གསོན་དང་།།
ཁ་བའི་ལས་དབང་བསོད་ནམས།།
ག་ལེར་ཐུར་དུ་རྒྱུག་པ།།
ང་ཚོས་གྱེན་ལ་འདྲེན་དགོས།།
ཅ་ཅོའི་འུར་སྒྲོག་ངང་ནས།།
ཆ་ལུགས་ཙམ་ལ་ཆགས་ཏེ།།
ཇ་ཆང་གསོལ་སྟོན་བྱེད་པ།།
ཉ་ཉོག་ལས་ཀ་སྤོངས་དགོས།།
ཏ་ཐ་ག་ཏའི་བསྟན་པ།།
ཐམས་ཅད་སེམས་ལ་འདུས་ན།།
ད་ལྟའི་སྐྱེ་བོ་ཕལ་ཆེར།།
ན་རཀ་རྒྱུ་རུ་འགྲན་འདུག།
པ་ལ་ཕག་རུ་བརྗོད་ནས།།
ཕ་མེས་རིགས་གཞུང་སྨད་པ།།
བ་གླང་ཕྱུགས་ལས་དམན་པ།།
མ་རབས་མཚམས་འཇོག་གནང་རོགས།།
ཙ་ར་ཞིབ་འཇུག་ངང་ནས།།
ཚ་དམྱལ་མཚམས་འཇོག་བྱས་ཏེ།།
ཛ་ཡི་བསྟན་པ་རྣམ་དག།
ཝ་ལེར་འགྲོ་ལ་སྟོན་ཤོག།
ཞ་ལོང་འོན་ལྐུག་དབེན་པའི།།
འ་ཅག་གངས་ཅན་བོད་མིས།།
ཟ་འདོད་ཁོ་ན་མིན་པར།།
ཡ་རབས་ཚད་ལྡན་གནང་གྲོགས།།
ར་རུ་ངན་སྤྱོད་སྡིགས་པས།།
ལ་ལུང་ཚང་མ་བསྐང་ན།།
ཤ་ཁྲག་མི་ལུས་ཐོབ་རུང་།།
ས་འབི་མགོ་ནག་བཞིན་ནོ།།
ཧ་ཅང་དུས་གཉན་སྐབས་སུ།།
ཨ་མཚར་རྩེད་མོ་མ་རྩེད།།
ཧ་ལའི་དུག་བཞིན་འཕེལ་ན།།
ཨ་ཁ་གསོ་ཐབས་མེད་དོ།།
ཨི་ལྡན་དབྱངས་གསལ་གླུ་ཆུང་།།
ཨུ་ཚུགས་མེད་པར་ཤར་བྱུང་།།
ཨེ་མ་གངས་ཅན་སྤུན་ཟླར།།
ཨོ་ལོས་བཅིངས་གྲོལ་ཐོངས་ཤིག།
ཤྲྰིས་སོ།།
ཀ་ཁ་སྦྱོངས་ཤིག་བོད་རིགས།
ཁ་བ་ཅན་གྱི་མི་རིགས།
ག་ས་ག་རུ་བསྡད་ཀྱང་།
ང་ཚོའི་ངག་སྐད་ཤོད་དང་། །
ཀ་ནས་ཨ་བར་སྦྱོངས་ཤིག
ཁ་བའི་བོད་ཕུག་ཡོངས་ཀྱིས།
གར་སྡོད་གར་སྐྱིད་ངང་ལ།
ང་ཚོའི་བོད་སྐད་རྒྱོབས་ཤིག
ཀ་ཁ་བོད་པའི་ཡི་གེ
ཁ་སྐད་བོད་སྐད་གཙང་མ།
གར་སྡོད་ཤོད་སྐད་རང་སྐད།
ང་ཚོའི་མ་སྐད་བོད་སྐད།
ཀ་ཁའི་ནང་པའི་ཆོས།
ཁ་བ་ཅན་གྱིས་བྱས།
གང་བདེར་བོད་སྐད་འདི།
ང་ཚོའི་ལྕེ་སྐད་གྱིས།
བཀའ་ལུང་རྡེ་རྗེའི་ཐིག་པ་།
ཁ་པ་ཅན་ལ་ཕེབས་འདུག་།
གང་བསམ་གང་དྲན་མང་ནས་།
ང་རོ་གྲགས་པའི་སྐྱོན་རེད་།
ལྕགས་དཀྱུ་རྒྱག་རྒྱུ་མང་ནས་།
ཆ་འཇོག་ཉུང་དུ་ཉུང་དུ་།
ཇ་ཆང་ལོངས་སྤྱོད་བཞག་ནས་།
ཉ་ཤ་ཕག་ཤ་རྗེས་རྒྱུགས་།
ལྟ་སྤྱོད་ཡ་རབས་བོར་ནས་།
ཐ་མཚམས་ཡུལ་གྱི་བཤིས་ལུགས་།
དུས་ངན་གླིང་འདིར་ཤར་ནས་།
ནོར་བ་ངོས་ལེན་མི་ཐུབ་།
དཔལ་དང་གཟི་བརྗིད་ཡོད་ན་།
ཕ་ཡུལ་ལག་ཏུ་ལེན་ཤོག་།
བང་མཛོད་ནོར་གྱི་ཁེང་ཀྱང་།
མ་འོང་ལོང་སྤྱོད་ཉིན་སྐར་།
རྩ་བ་མེད་པའི་རྩེད་མོ་།
ཚ་གྲང་མེད་པའི་ས་ཆ་།
ཛ་དྲག་མེད་པའི་བོད་པ་།
ཝ་ཞཱ་འཐོམ་ཞཱ་ལྐོན་འདུག་།
གཞུང་ལམ་ཐོག་ཏུ་མི་འགྲོ་།
ཟུར་ཟུར་བྱ་རྒྱུ་མང་འདུག་།
འོ་རྒྱལ་མ་གནང་རང་གནང་།
ཡོད་ཚད་འདི་རུ་སྤུང་འདུག་།
རང་དབང་མང་གཙོའི་སྤྱི་ཚོགས་།
ལབ་རྒྱུ་གླེང་རྒྱུ་མང་འདུག་།
བཤད་ཚད་བདེན་ཐུབ་མེད་པ་།
ས་མཚམས་མ་འགལ་གནང་དང་།
ཧ་རི་བཙན་ལྡན་ལྡོང་བུ་།
ཨ་དཀར་གསོ་ལྔ་མ་རེད་།