ཁྲོ་གཏུམ།
–རྩ་ལམ་དྲོས་པ་མང་དྲག་པའི་མི་རིགས་ཤིག་གི་ལས་དབང་ལ་ཤག་གླུ་ལེན།
རི་ལུང་པ་གཉིས་ཀའི་ཡ་ཐོད་ན
མིག་ཀླད་པ་གཉིས་ཀྱི་དབང་རྩ་འཁོར་བ་དེ
ལོ་སྔོན་མའི་ལོ་ལོན་བསམ་ཤེས་ཡིན
གནའ་དེང་རབས་གཉིས་ཀྱི་བྲང་ཁོག་ན
བློ་རིག་པའི་རྩལ་ལ་ཆམ་པ་རྒྱག་པ་ནི
ལོ་ད་ལོའི་ན་གཞོན་གསར་བ་ཡིན
ང་འདི་ལ་འཁོར་ནས་གླུ་ཞིག་ལེན
དོན་འདི་ལ་བསམ་ཤག་གླུ་རྒྱག་པ་ནི
མི་ཁྱོད་ཚོ་སེམས་ནས་ངུས་པ་ཡིན
༢༠༡༦ ། ༠༤ ། ༢༠ ཉིན།
བོད་ཕྱི་ནང་གཉིས་ཀྱི་སྨད་ཁོག་ནང་།
ཕྱོགས་དབུ་རང་གཉིས་ཀྱི་བརླ་ཤའི་དབར།
འདྲེ་རྒྱ་དམར་མཇེ་རྒན་ཇེ་གྱོང་རེད།
ཁོང་སློབ་སངས་སྤེན་ཚེའི་སྙིང་ཁོག་ན།
བདུད་བདག་འཛིན་ཁྲག་དམར་ཤུགས་ཆེ་བས།
སྙིང་ཆོལ་གསུམ་ཆིག་སྒྲིལ་བཤགས་ཐལ་ལེ།
སྡུག་འཐེན་འཁྱེར་རླུང་ནག་བུར་ཡུག་ཁྲོད།
སྟེང་ལྷ་དང་བླ་མ་སྐྱོ་སང་ངེ་།
བར་ཉམས་ཆུང་བོད་མི་སྡུག་ལྷང་ལྷང་།
སྙན་སྐྱིད་པའི་གླུ་ཞིག་མེད་ཙ་ན།
སྡུག་སྐྱོ་བའི་གླུ་ཡིས་སེམས་གསོ་བྱེད།
དེ་ཉམས་ཆུང་བོད་མིའི་སེམས་གསོ་ཡིན།
མི་ལོ་ལྔ་ལ་འཁྲབ་འཁྲབ་ནས། །
རྫུན་གྱི་བོང་གུ་ཐོན་པ་ན། །
ད་ནི་མཐུན་སྒྲིལ་དགོས་འདུག་ཅེས། །
གསར་ལམ་ཁག་ལ་ཤུགས་ཀྱིས་བསྒྲགས། །
གཡོ་སྒྱུ་སྐྱག་རྫུན་དབང་ཤུགས་ཀྱིས། །
བསླུ་བྲིད་ཐེབས་པའི་མི་མང་གིས། །
འོས་ཤོག་སློབ་བཟང་ཉིད་ལ་ཕུལ། །
རྩེད་ཐང་ལྷགས་པས་དགུང་ལ་འཁྱེར། །
བོད་ལ་སློབ་བཟང་སངས་རྒྱས་ལས། །
བློ་སེང་འབོད་པ་མི་འདུག་ཅེས། །
མི་མང་སྟོང་ཕྲག་མཚན་འཁོད་ཀྱིས། །
སྲིད་སྐྱོང་འོས་ལྷན་ཁྲིམས་ལ་སྦྱར། །
ད་ནི་༧སྐྱབས་མགོན་ཞེ་ཡང་ཁྲེལ། །
ལྷ་འདྲེ་ཆོས་སྲུང་འཁྲུག་ཡང་འཁྲུགས། །
མནའ་ཆུ་བླུད་དེ་ད་འཁྲབ་ན། །
ཚར་གཅོད་བྱེད་རྒྱུ་ཡིན་ཅེས་བསྒྲགས། །
བོད་འབངས་སྤྱི་མཐུན་བསོད་ནམས་དེ་།
དར་རྒུད་རི་མགོའི་དར་ལྕོག་འདྲ་།
བོད་མིའི་ལས་ཀྱི་བྱེད་ལས་དེ་་།
རི་གཟར་འབབ་ཀྱི་རྒྱུགས་ཆུ་འདྲ་།
དྲ་རྒྱའི་ནང་གི་དྲ་གྲོགས་ཚོ་།
མཆན་འདེབས་རྩོམ་ལ་ངལ་བ་མེད་།
རང་མིང་བཀོད་པའི་བློ་མེད་ན་།
གཞན་སྐྱོན་གླེང་བ་ཁྲིམས་དང་འགལ་།
མིང་རིང་པོ་གཡུ་འབྲུག་འདྲ་ཞིག་བཀོད།།
རྩོམ་ཐབས་ཆག་ཁྱི་སྐྱག་འདྲ་ཞིག་བྲིས།།
དགོངས་དག མཆན་འགོད་ས་ནོར་སོང་འདུག རྩོམ་ཡིག་འདི་འབྲི་མཁན་ལ་དམིགས་པ་གཏན་ནས་མིན།