ཡོང་ཁུངས། བོད་ཀྱི་དུས་བབ།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དཔྱ་ཁྲལ་ལག་དེབ་ནང་ཁོང་གི་མཚན་ལ་ ‘སློབ་བཟང་སངས་རྒྱས’འཁོད་ཡོད་པ་དང་འོས་བསྡུའི་འགེང་ཤོག་ནང་ ‘བློ་བཟང་སེང་གེ’ ཞེས་འཁོད་ཡོད་པའི་གནད་དོན་དེ་བོད་མི་མང་པོ་འདས་པའི་དྲ་ཚོམས་ཤིག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུག་བྱས་ཡོད་འདུག
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤།༣༠ སྟེང་དྷ་ས་ནོར་བུ་མགྲོན་ཁང་དུ་ “ཁྲིམས་ཀྱི་བྱ་ར་སྐད་འཕྲིན་ཚོགས་པ”ཞེས་པའི་འཛམ་གླིང་ཤར་ནུབ་གང་སར་སྡོད་པའི་བོད་རིགས་མི་མང་ ༥༠༠ ཙམ་ཡོད་པའི་དང་བླངས་ཚོགས་པ་ཞིག་གི་གོ་སྒྲིག་འོག འདི་ལོའི་སྲིད་སྐྱོང་འོས་བསྡུའི་ལས་རིམ་ཁྲོད་ཁྲིམས་དང་སྒྲིག་གཞི་འགལ་བའི་གནས་ཚུལ་ཁག་ཅིག་བྱུང་ཡོད་པའི་གནད་དོན་ཐད། དབུས་འོས་བསྡུ་ལས་ཁང་དང་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་གཉིས་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ “འོས་བསྡུའི་སྒྲིག་གཞི་དང་འགལ་བའི་རྩོད་གླེང” གི་ཁ་མཆུ་ཁྲིམས་གཏུག་བྱས་ཡོད་འདུག
སྐབས་དེར་ཨ་ཅག་བཀྲ་ཤིས་གཡང་འཛོམས་དང་གྲྭ་དཀོན་མཆོག་དཔལ་བཟང་གཉིས་ཀྱིས་གསལ་བསྒྲགས་ཡིག་ཆ་ཞིག་སྒྲོག་སྦྱངས་བྱས་པའི་ནང་། འདི་ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་ཁྲོད་ཟང་ཟིང་གི་རྣམ་པ་གང་ཙམ་བྱུང་བ་ཙམ་མ་ཟད། དེས་རྐྱེན་པས་ལྷ་དགོངས་འཁྲུགས་གཞི་དང་། བསམ་ཡོད་རྒན་རབས་པ་མི་ཉུང་བ་ཞིག་ཀྱང་བློ་ཕམ་སྐྱེ་གཞི་ཡང་གང་ཙམ་བྱུང་ཡོད་ལ། དེ་ལྟའི་འབྱུང་རྩ་ཡང་ང་ཚོའི་སྤྱི་ཚོགས་ཁྲོད་རུལ་སུངས་ཀྱི་དྲི་ངན་ཁྱབ་ཡོང་གི་ཡོད་པ་གསལ་བོ་རེད། དེས་ན་ང་ཚོ་མི་མང་གི་ངོས་ནས་ཀྱང་མགོ་རུལ་བ་རྣ་བས་མ་འཚོར་བའི་རྣམ་འགྱུར་བཟུང་ན་དག་ཐབས་ཤིག་མེད་པས། ང་ཚོས་ད་ཐེངས་ཀྱི་ལས་འགུལ་འདི་སྤེལ་བ་ཡིན།
ང་ཚོའི་ཐེངས་འདིའི་ལས་འགུལ་ནི་འདི་ལོའི་སྲིད་སྐྱོང་གི་འོས་བསྡུའི་ལས་རིམ་ཁྲོད་གཏན་ལ་ཕབ་པའི་ཁྲིམས་དང་སྒྲིག་གཞི་འགལ་འཛོལ་ཅི་སྙིད་ཅིག་ཐོན་ཡོད་དེ། དཔེར་ན། ང་ཚོའི་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཐོག་པས་འོས་བསྡུའི་སྒྲིག་སྲོལ་ལས་འགལ་འཛོལ་བྱུང་བ་ལ་ཐོག་མར་དབུས་འོས་ལས་ཁང་ནས་དེ་དོན་བཀའ་ཡིག་ཕེབས་ཏེ་མི་མང་ནང་དོ་སྣང་གང་ཙམ་ཆེན་པོ་བྱུང་ཡོད་སྟབས། ཉིན་ཤས་རྗེས་གནད་དོན་དེ་མངོན་ཆུང་བཟོ་ཐབས་ཀྱི་བཀའ་ཡིག་རྗེས་སྣོན་བྱས་པ་ལྟ་བུ་རེད།
གནད་དོན་འདིས་ཅི་ཞིག་གསལ་བཤད་བྱེད་ཀྱི་ཡོད་ཅེ་ན། དབུ་ལ་བཞུགས་མཁན་གྱི་གང་ཟག་རེ་ཟུང་གིས་དབང་ཆ་གང་བྱུང་བེད་ལོག་ཏུ་སྤྱད་ནས་ང་ཚོའི་སྒྲིག་འཛུགས་འདི་རྨང་ནས་རུལ་སུངས་ལམ་ལོག་ཏུ་འཁྲིད་ཀྱིན་ཡོད་པ་དེ་རེད། དེ་བཞིན་དུ་སྲིད་སྐྱོང་འོས་མིའི་འོས་ཤོག་ཏུ་གསལ་བའི་མཚན་དང་། མཚན་དེའི་དོ་བདག་བཙན་བྱོལ་བོད་མི་ཡིན་པའི་ངོ་སྤྲོད་ཡིག་ཆར་གསལ་བའི་མཚན་གཉིས་རྦད་དེ་ཁ་ཁ་ཡིན་བཞིན་དུ་ཐད་ཀར་འགན་འཁྲི་ཡོད་པའི་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དང་། དོ་བདག་སུ་ཐད་ནས་ཀྱང་དེ་དག་སྣང་མེད་དུ་འཇོག་པ་དང་། མདོར་ན་མི་མང་རྩ་བ་ནས་མིག་ནང་འཇོག་གི་མེད་པ་དེ་རེད། རྒྱུ་མཚན་དེའི་སྟབས་ཀྱི་མི་མང་དང་བླངས་ལས་འགུལ་བའི་མིང་ཐོག་ནས་ང་ཚོས་ཐོག་མར་གནད་དོན་དེའི་ཐད་མི་མང་ལ་བློ་ཡིད་འཚིམ་པའི་གསལ་བཤད་ཅིག་ཡོང་རེ་ལ་དབུས་འོས་བསྡུ་ལས་ཁུངས་ལ་སྙན་ཞུ་དོན་ཚན་གཉིས་ཅན་ཞིག་ཕུལ་ཡོད། ཉིན་འགའི་རྗེས་བཀའ་ལན་ཞིག་གནང་བའི་ནང་། གོང་གི་གནད་དོན་ཁ་ཇེ་གསལ་དུ་འགྲོ་རྒྱུ་བཞག་ནས་ཁྲིམས་སྒྲིག་དང་ལམ་སྟོན་བཀའ་ཡིག་གི་འབྲུ་དོན་རྩིས་མེད་ཀྱིས་མགོ་ཇེ་ཉོག་ཏུ་བཏང་ཡོད། དེ་ལ་འདི་ནས་བསྐྱར་དུ་ཞུ་སྙན་ཐེངས་གཉིས་པ་ཕུལ་ཡོད་མོད། འོན་ཀྱང་དེ་ལ་བཀའ་ལན་གནང་མཁན་མ་བྱུང་སྟབས་བཀའ་ལན་དགོས་པའི་འབོད་སྐུལ་ཐེངས་གཉིས་པ་ཞུས་ཀྱང་ཡ་ལན་མ་གནང་སྟབས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་རིན་པོ་ཆེའི་ལེའུ་བརྒྱད་པའི་དོན་ཚན་བརྒྱད་པའི་ནང་གསེས་དྲུག་པ་དང་བདུན་པ། དབུས་འོས་བསྡུ་ལས་ཁུངས་ཀྱི་སྒྲིག་གཞིའི་ལེའུ་གཉིས་པའི་དོན་ཚན་བརྒྱད་པའི་ནང་གསེས་གཉིས་པའི་ཆ་རྐྱེན་འོག་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ “འོས་བསྡུའི་སྒྲིག་གཞི་དང་འགལ་བའི་རྩོད་གླེང” གི་ཁ་མཆུ་ཞུ་སྦྱོར་བྱས་ཡོད་པ་དང་། དེར་བདག་སྤྲོད་དང་འབྲེལ་གྱོད་ཡ་དབུས་འོས་བསྡུ་ལས་ཁང་། སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་གཉིས་ལའང་ཁ་མཆུ་རྩོད་ལན་དགོས་པའི་བརྡ་ཐོ་བཏང་ཟིན་པ་རེད་ལ། གོང་གསལ་ཁ་མཆུ་དེའི་མཐའ་མའི་བཅད་ཁྲ་མ་འཐོན་བར་ཐེངས་འདིའི་སྲིད་སྐྱོང་གི་འོས་གྲངས་ཁྱབ་བསྒྲགས་བྱས་མི་ཆོག་པའི་ (Stay Order) ཞུ་སྙན་ཡང་ཕུལ་ཟིན་ཡོད། ཅེས་འཁོད་འདུག
ང་ཚོའི་ངོས་ནས་ཐེངས་འདིའི་ཁ་མཆུ་དེ་བཞིན་ཁྲིམས་སྒྲིག་དང་། དཔལ་ལྡན་བཀའ་ཤག་ནས་དང་བླངས་དཔྱ་དངུལ་ལག་དེབ་གསར་བཟོ་དང་ནོར་བཅོས་ཀྱི་ལམ་སྟོན་བཀའ་སློབ་ཀྱི་འབྲུ་དོན་ལ་གཞི་བཅོལ་ནས་བཙུགས་ཡོད་སྟབས། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་དྲང་བདེན་གྱི་ཐག་གཅོད་ཅིག་དང་། ཁྲིམས་སྒྲིག་གི་འབྲུ་དོན་འགལ་འཛོལ་ལ་ཁྲིམས་སྒྲིག་གིས་ཐག་གཅོད་ཅི་དགོས་གསལ་བ་ལྟར་ལག་ལེན་བསྟར་ངེས་ཡིན་པའི་ཡིད་ཆེས་དང་ངོས་འཛིན་ཞུ་ཡི་ཡོད། ཅེས་སོགས་འཁོད་འདུག
དྲི་བ་དྲིས་ལན་སྐབས། གསར་འགོད་པས་འདི་ལོའི་སྲིད་སྤྱི་གཉིས་ཀྱི་འོས་འདེམས་ཁྲོད་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་མཆོག་གི་མིང་ཡིག་མ་གཏོགས་སྲིད་སྤྱིའི་འོས་མི་གཞན་རྣམས་ཀྱི་མིང་ཡིག་ལ་ནོར་སྐྱོན་བྱུང་ཡོད་མེད་དྲིས་པར་ཁོང་མོས། ཕྱི་ལོ་ ༢༠༠༣ ཟླ་ ༣ ཚེས་ ༢༦ ཉིན་དོ་བདག་གིས་བཙན་བྱོལ་བོད་མིའི་ངོ་སྤྲོད་ལག་འཁྱེར་རམ་དཔྱ་ཁྲལ་ལག་དེབ་གསར་བརྗེ་བྱེད་པའི་སྐབས་ཀྱི་འགེངས་ཤོག་ནང་གི་འདྲ་དཔར་དང་ད་ལྟའི་དཔྱ་ཁྲལ་ལག་དེབ་སྟེང་གི་འདྲ་དཔར་གཉིས་གཅིག་པ་གཅིག་རྐྱང་ཡིན་པ་གང་ཞིག་ལ། མིང་ལ་བློ་བཟང་སེང་ཞེས་འགེངས་ཤོག་ནང་བཀང་འབུལ་ཞུས་འདུག་ཀྱང་ཡིག་འབྲི་བས་ཁོང་གི་དཔྱ་ཁྲལ་ལག་དེབ་ཨང་ US8186224 ཅན་མིང་སློབ་བཟང་སངས་རྒྱས་ཞེས་བྲིས་འདུག་པའི་ཡིག་ཆ་ཞིག་བསྟན་ནས་འདི་མ་གཏོགས་གཞན་ཤེས་རྟོགས་མ་བྱུང་ཟེར།
ཡང་གསར་འགོད་པས་དེ་རིང་གི་གསར་འགོད་གསལ་བསྒྲགས་འདི་དབུས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཕུལ་ཡོད་མེད་དྲིས་པར་ཁོང་མོས། ཕུལ་ཡོད་ནའང་ཁྲིམས་ཞིབ་ཁང་ནས་སྲིད་སྐྱོང་གི་འོས་གྲངས་ཁྱབ་བསྒྲགས་བྱས་མི་ཆོག་པའི་ (Stay Order) ཡིག་ཆ་དེར་བརྡ་ལེན་ཕུལ་མ་སོང་ཟེར་བས། གསར་འགོད་ལྷན་ཚོགས་དབུས་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་སྐད་ཆ་འདྲི་བར་བསྐྱོད་པར། ཁྲིམས་ཞིབ་ཁང་ནས་བརྡ་ལན་དབུས་འོས་བསྡུ་ལས་ཁང་དང་ཞུ་གཏུག་མཁན་ཚོར་ཕུལ་ཟིན། དེ་མིན་གྱོད་དོན་ཐད་ད་ལྟ་འགྲོ་བཞིན་ཡོད་སྟབས་གསལ་བཤད་གནང་ཐབས་མེད་སྐོར་བརྗོད་སོང་།
གསར་འགོད་པ། པདྨ་རྒྱལ།
ད་གང་ལྟར་ཨ་རི་སྙན་གྲགས་ཅན་ནས་ཁྲིམས་ཀྱི་སློབ་སྦྱོང་ཐོན་པ་བློ་བཟང་སེང་གེ་ལགས་ནས་རང་ཉིད་ཀྱི་དཔྱ་དེབ་ནང་མཚན་ཇི་ལྟར་བཀོད་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནང་གི་ལས་བྱེད་ཚོས་བོད་ཡིག་གནས་ཚད་སྐྱོ་བ། དབུས་འོས་བསྡུ་ལས་ཁུངས་ཀྱི་མཛད་གཙོ་རྣམ་ནས་༼དཔྱ་དེབ་ནང་སློབ་བཟང་སངས་རྒྱས་༽དང་འོས་བསྡུ་སྐབས་བློ་བཟང་སེང་གེ་ཞེས་མཚན་གཉིས་མ་མཐུན་ཀྱང་དོ་བདག་ལ་མཚན་ཇི་ཡིན་བྲིས་ནས་བློ་བཟང་སེང་གེ་ཡིན་ཞུས་པར་ངོས་ལེན་གནང་སྟངས་ལ་གཟིགས་ན་ཐབས་སྐྱོ་བོ་ཞེ་དྲག་མིན་ན་གང་ཡིན། ཁྲིམས་སྒྲིག་ལྟར་བྱས་ན་ཡིག་ཐོག་ནང་གང་གསལ་བ་དེ་ལས་གང་ཟག་ནས་གང་བཤད་ལ་རྩ་འཛིན་བྱ་སྲོལ་སུས་ལུགས་སྲོལ་རེད། བོད་མི་སྐྱུད་མ་ཞིག་གི་དཔྱ་དེབ་ནང་མིང་འགྱུར་བྱ་དགོས་ན་ཡིག་ཆ་དང་རྒྱབ་གཉེར་སྣ་ཚོགས་འཁྱེར་ཤོག་གསུང་ནས་དཀའ་ཚེགས་མང་པོ་འགྲིམ་དགོས་ཡོད་པ་མ་ཟད། ཡིག་རྒྱ་ཚང་མ་འབྲེལ་ཡོད་ལས་ཁུངས་སུ་ཕུལ་ཀྱང་ད་དུང་དུས་འགོར་གྱིས་དཔྱ་དེབ་ཐོབ་རེ་དཀའ། བོད་མི་སྒྲིག་འཛུགས་ཀྱི་འགོ་འཁྲིད་ནས་ཁྲིམས་སྒྲིག་ལ་བརྩི་མེད་དང་ལས་བྱེད་ཚོའི་བོད་ཡིག་གནས་ཚད་ལ་གཟིགས་ན་སེམས་སྐྱོ་དགོས་ཡག་རེད་འདུག ཁེ་ས་ཁྲིམས་ཀྱི་བྱ་ར་སྐད་འཕྲིན་ཚོགས་པ་ཞེས་པ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་སྲིད་སྐྱོང་བློ་བཟང་སེང་གེ་ལགས་དང་དབུས་འོས་བསྡུ་ལས་ཁུངས་ནས་འོས་བསྡུ་སྒྲིག་འགལ་བྱུང་བར་ཁ་མཆུ་ཁྲིམས་གཏུགས་གནང་འདུག་པར་དམིགས་དཔེ་འོས་པ་ཡིན། ཁྲིམས་ཁང་ནས་ཐག་གཅོད་ཇི་ལྟར་གནང་མིན་ལ་མ་བལྟོས་པར་བཙན་བྱོལ་སྒྲིག་འཛུགས་འདི་བཞིན་ཁྲིམས་ཀྱི་དབང་བསྒྱུར་ལས་གང་ཟག་གི་དབང་བསྒྱུར་དུ་མ་སོང་བར་བྱ་གལ་ཆེའོ། བོད་རྒྱལ་ལོ།།
ད་ནི་མང་གཙོ་ཡང་དག་གི་ལམ་ལ་འགྲོ་བསམ་ན། རང་སྐྱོན་ངོས་ལེན་དང་བཅའ་ཁྲིམས་བརྩི་སྲུང་། ཁྲིམས་ལུགས་ལག་བསྟར་བྱེད་པའི་དུས་ལ་བབ་ཡོད།
འོས་བསྡུའི་སྒྲིག་གཞི་དོན་ཚན་གང་གི་འོག་ཞུ་གཏུག་བྱས་་ཡོད་དམ་། དཔྱ་ཁྲལ་ལག་དེབ་དང་མིང་མ་མཐུན་པ་དང་ཕ་ཡུལ་ནོར་བ་ཕ་མའི་མིང་ནོར་བ་མང་དག་ཞིག་འཕྲོ་ཅན་དུ་ལྷག་པ་དེ་ཚོ་ཚང་མ་ཁྲིམས་ལ་གཏུག་ནས་ཁྲིམས་ཞིབ་ཁང་ནས་ཐག་གཅོད་ཐུབ་ཀྱི་ཡོད་དམ་།
ཁྲིམས་ཞིབ་ཁང་ཟེར་བ་དེ་དོན་མེད་རེད། ང་རང་ལ་ཡིད་ཆེ་མེད།
སྲིད་སྐྱོངམཆོག་གི་དཔྱ་ཁྲལ་ལག་དེབ་ནང་མཚན་འབྲི་སྟངས་ནོར་འཁྲུལ་ཡོད་ན་སྲིད་སྐྱོང་སྐབས་དང་པོའི་སྐབས་ནས་ནོར་ཡོད་ཀྱི་རེད་། ད་རེས་གཞི་ནས་ནོར་འཁྲུལ་མཐོང་སྟངས་དེ་ཡང་བསྐྱར་རྩེད་མོ་བཙོག་པ་ཞིག་རྩེད་དགོས་བསམ་གྱི་འདུག་གམ། ༧རྒྱལ་བ་རིན་པོ་ཆེས་ཡ་རབས་བཟང་སྤྱོད་དགོས་པའི་བཀའ་སློབ་གྲངས་མེད་གནང་བ་བརྗེད་ཚར་འདུག་གམ་། འོས་བསྡུའི་སྐབས་བཟང་སྤྱོད་དང་འགལ་བའི་གནས་ཚུལ་ལ་༧གོང་ས་མཆོག་ཐུགས་ཕམ་བྱུང་ཚུལ་བཀའ་སྩལ་བ་ཡང་བརྗེད་ཚར་འདུག་གམ།
གཞི་ནས་བོད་ཀྱི་རྩ་དོན་ཆེད་མི་གྲངས་ ༡༤༣ ཙམ་གྱིས་རང་སྲོག་མེར་སྲེག་བཏང་མཁན་ཚོའི་ཆེད་དུ་ཁ་མཆུ་རྒྱབ་རྒྱུ་ཕར་བཞག་སྟུགས་དྲི་ཤུགས་ཆེ་ཙམ་ཡང་གཏོང་མི་ནུས་མཁན་གྱི་གྲས་ཡིན་འགྲོ། གལ་སྲིད་སྲིད་སྐྱོང་གི་མཚན་འབྲི་སྟངས་ནོར་བའི་དབང་དུ་བཏང་ཡང་དེས་བོད་ཀྱི་རྩ་དོན་ལ་གནོད་སྐྱོན་ག་རེ་བྱུངའདུག་གམ། སྤྱི་ཚོགས་དཀྲུགས་འདོད་མིན་ན་བསམ་བློ་བཏང་ནི་བཀའ་མོལ་གནང་རོགས་གནང་། སྲིད་སྐྱོང་ནི་རྒྱ་ཆེའི་མང་ཚོགས་ཀྱིས་མང་མོས་འོས་འདེམས་བྱས་པའི་ང་ཚོའི་ཆབ་སྲིད་ཀྱི་དབུ་འཁྲིད་ཡིན་ཙང་གང་བྱུང་མང་བྱུང་ཞེ་དྲག་བཤད་ན་མང་ཚོགས་ཀྱི་རྣ་བར་འགྲོ་གི་ཨེ་ཡོད། ལྷག་བསམ་རྣམ་དག་གི་བསམ་ཚུལ་ཡིན། ང་བོད་པ་ཞིག་ཡིན་པ་ལས་སྲིད་སྐྱོང་མཆོག་དང་སྒེར་འབྲེལ་སྤུ་ཙམ་ཡང་མེད་དོ།
སྲིད་སྐྱོངམཆོག་གི་དཔྱ་ཁྲལ་ལག་དེབ་ནང་མིང་འབྲི་སྟངས་ནོར་འཁྲུལ་ཡོད་ན། སྲིད་སྐྱོང་སྐབས་དང་པོའི་སྐབས་ནས་ནོར་ཡོད་ཀྱི་རེད་། དེ་དུས་ཁྲིམས་གཏུགས་མ་བྱས་པ་ཅི་ཡིན། འདི་ཁྲིམ་ཐོག་ནས་ཐག་གཅོད་བྱས་ན། སྐབས་སྔོན་མ་དེ་རྩེད་མོ་་རྩེད་པ་རེད་ལབ་རྩིས་ཡོད་དམ། ད་མི་འདི་ཚོས་གད་མོ་སློང་གིན་ཧཧཧ་ སྤྱིར་བཏང་དཔྱ་ཕྲལ་ལག་དེབ་ནང་དུ་་མིང་དག་ཆ་ནོར་མཁན་་་བརྒྱ་ཆ་ལྔ་བཅུ་ཟིན་ཡོད་རྒྱུ་རེད་་་་དེ་དག་ཁྲིམས་ལ་སྦྱར་རྩིས་ཡིན་ནམ།
ང་ཚོ་བོད་ཀྱི་ཁ་སྟབས་སྐྱོ་དྲགས་ནས་ཁྲིམས་མེད་ལུགས་མེད་བྱུང་བ་མ་གཏོགས། ཁྲིམས་སྒྲིག་རྩ་འཛིན་བྱེད་པའི་དམངས་གཙོའི་རྒྱལ་ཁབ་ཚད་ལྡན་ཞིག་ཡིན་ཚེ། རང་ཉིད་གང་གི་ཡུལ་མི་ཡིན་པ་མཚོན་བྱེད་ཀྱི་ལག་དེབ་ངོས་ཀྱི་ཡིག་ཐོག་གི་མིང་ལ་རྩ་འཛིན་བྱེད་པ་ལས། ཁ་ནས་གང་བཤད་ཅིག་ལ་རྩ་འཛིན་བྱེད་སྲོལ་ཞིག་གཏན་ནས་མེད་པ་རེད།
གང་ལྟར། ད་ལོའི་འོས་བསྡུའི་སྐབས་ཀྱི་སྲིད་སྐྱོང་འོས་མི་རྫུན་མ་དང་། འོས་བསྡུ་ལས་ཁང་གི་སྒྲིག་ཁྲིམས་རྫུན་མ། རྒྱབ་སྐྱོར་བའི་བྱེད་སྟངས་རྫུན་མ་བཅས་རྫུན་རྐྱལ་གྱི་ཚོགས་མཉམ་འཁེལ་བྱུང་བ་ལ་བརྟེན་ནས། དེར་ཡིད་ཆད་ཞེན་ལོག་ངང་འོས་འཕེན་གྱི་ཆ་ཤས་ལེན་འདོད་གཏན་ནས་མ་བྱུང་ངོ་།།
སྤྱི་དམངས་ཤིག་གི་མིང་གི་དག་ཆ་ནོར་བ་ཡན་ཆོད་ཁྲིམས་ཁང་ལ་སྐྱེལ་ཚོད་ཨེ་ཡོད་ན། མི་ཞིག་གི་མིང་གི་དག་ཆ་ནོར་བ་ཙམ་གྱིས་བོད་མི་མང་གི་མདུན་ལམ་ལ་ཅི་གནོད་ཀྱིན་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡང་མི་ཞིག་ལ་མིང་གི་དག་ཆ་མི་འདྲ་བ་གཉིས་ཡོང་མི་ཆོག་ན་ཡང་ཁྲིམས་ཐོག་ལ་སྐྱེལ་དགོས་པ་ལྟ་བུའི་ཚབ་ཆེན་ཞིག་མ་རེད། མི་གཅིག་ལ་མིང་གི་དག་ཆ་མི་འདྲ་བ་གཉིས་བྱུང་ན་རང་ཉིད་ཀྱིས་གང་བདམས་པ་དེ་ཁྲིམས་མཐུན་ཏུ་བརྩིས་ནས་འགྲོ་རྒྱུ་རེད།
མ་གཞི་ནས་བློ་བཟང་སེང་གེ་ཞེས་པ་དེ་དག་ཆ་མ་ནོར་བ་ཡིན་ས་རེད། སློབ་བཟང་ཟེར་བ་དེ་ཁོང་གི་མིང་ཡིག་ཐོག་ལ་འགོད་མཁན་དེས་འགོད་ཉེས་ཤོར་བ་མ་གཏོགས་སློབ་བཟང་ཟེར་བའི་མིང་འདོགས་སྲོལ་ཞིག་མེད། སེང་གེ་དང་སངས་རྒྱས་གཉིས་ཀ་དབྱིན་ཡིག་གི་སྒྲ་གདངས་འདྲ་ཆེ་བ་ཡིན་སྟབས་འདི་ཡིན་དེ་མིན་གྱི་ཁ་ཚོན་གཅད་དཀའ། གང་ལྟར་ཡང་རང་བཙན་ལག་དེབ་སྟེང་དུ་སློབ་བཟང་སངས་རྒྱས་ཟེར་བ་ཞིག་བྲིས་ཡོད་པ་མ་གཏོགས་ཁོང་སྲིད་སྐྱོང་དུ་མ་གྱུར་གོང་ནས་མིང་བོད་ཡིག་གི་སྟེང་དུ་བཀོད་ཡོད་པ་ཚང་མར་བློ་བཟང་སེང་གེ་ཞེས་བྲིས་འདུག སྲིད་སྐྱོང་གཙོས་པའི་ང་ཚོའི་ཁྲིམས་མཐུན་ཡིག་ཆ་ཚང་མ་དབྱིན་ཡིག་གི་སྟེང་ན་ཡོད་སྟབས་དབྱིན་ཡིག་གི་སྟེང་གི་མིང་གི་དག་ཆ་ལ་མ་འདྲ་བ་མེད་པས་སྲིད་གཞུང་དང་འབྲེལ་བའི་གནད་འགག་གང་ཡང་མ་རེད་བསམ་གི་འདུག
མིང་གི་དག་ཆ་སངས་རྒྱས་དང་སེང་གེ་གང་ཡིན་རུང་དེས་བོད་མི་མང་ལ་ཕན་གནོད་མི་འདྲ་བ་གང་ཡང་མེད། འདི་འདྲ་བ་རྩོད་གླེང་བྱས་བསྡད་ན་རང་རང་གི་ནུས་ཤུགས་དང་དུས་ཚོད་འཕྲོ་བརླགས་རེད།
བཙན་བྱོལ་སྒྲིག་འཛུགས་ཀྱི་ཁྱབ་ཁུངས་ལས་ཁུངས་གང་དུ་སོང་ཡང་བོད་མི་ཞིག་ཡིན་མིན་ནི་རང་དབང་ལག་དེབ་ལྗང་ཁུ་ཡོད་མེད་ལ་བལྟ་རྒྱུ་འདུག་ལ། དེ་ཡང་མིང་དང་། སྐྱེས་ཚེས། ཕ་ཡུལ། ཁ་བྱང་། དེབ་སྐྱེལ་ཡོད་མེད། དཔྱ་དངུལ་ཕུལ་ཡོད་མེད་སོགས་ལ་ལེགས་པར་བརྟག་རྗེས། དཔེར་ན་རྒྱབ་གཉེར་དགོས་པ་ཞིག་ཡིན་ན་དེར་བརྒྱ་གཉེར་གནང་གི་འདུག
རང་དབང་ལག་དེབ་ལྗང་ཁུའི་ཐོག་འཁོད་པའི་ཡི་གེར་གཞུང་གིས་ཐམ་ཀ་བརྒྱབས་ཡོད་པ་དེ་ཁྲིམས་ཐོག་ངོས་ལེན་བྱེད་དགོས་དང་མི་དགོས། མི་དགོས་ཚེ་གཞུང་གི་ཅིའི་ཕྱིར་བོད་མི་ཡིན་མིན་དང་། རྒྱབ་གཉེར་ཞུ་བར་རང་དབང་ལག་དེབ་ལྗང་ཁུ་དེ་ཆ་རྐྱེན་དེ་ཨང་དང་པོར་རྩིས་པ་ཡིན་ནམ། དགོས་ཚེ་ཅིའི་ཕྱིར་བློ་བཟང་སེངྒེ་ཞེས་འབོད་པའི་མིང་དུ་སློབ་བཟང་སངས་རྒྱས་ཞེས་དོ་བདག་གི་ལག་དེབ་ལྗང་ཁུར་འཁོད་ཡོད་པ་ཤེས་བཞིན་དུ་གཞུང་གིས་སྣང་མེད་བཞག་པ་ཡིན་ནམ། ཡང་མིན་ན་མི་ཆེན་ངོ་ཆེན་ལ་དམིགས་བསལ་ཞིག་ཡོད་དམ། དེ་འདྲ་ཡིན་ན་ཐུགས་ཁག་མི་འདུག
དེ་དང་དེ་བཞིན་ཟམ་གདོང་རིན་པོ་ཆེ་ཞེས་པ་དང་རྒྱ་རི་བུ་ཕྲུག་ཟེར་བ་འཇུ་ཆེན་དཀོན་མཆོག་སྒྲོན་མ་ཞེས་པ་ལས་སོགས་དེབ་ལྗང་ཁུའི་སྟེང་དུ་ཁོང་ཚོའི་མི་ང་དེ་ག་རང་ཡོད་མེད་བལྟ་རྒྱུ་རེད། དེ་ལྟར་མེད་ན་འོས་བླུག་དུས་མིང་དེ་ག་རང་བྲིས་པ་ཤ་སྟག་རེད། མཁས་དབང་བློ་སེང་ལ་ཁྲིམས་གཏུག་བྱེད་ཆོག་ན་མཁས་དབང་ཟམ་གདོང་རིན་པོ་ཆེ་ལའང་ཁྲིམས་གཏུག་བྱེད་དགོས་ཐུག་གི་རེད། ངས་ནི་ཟམ་གདོང་གི་དངོས་མིང་ད་ལྟའང་ཤེས་ཀྱི་མེད།
སྲིད་སྐྱོང་གི་དཔྱ་ཁྲལ་ལག་དེབ་ཀྱི་མིང་སྔོན་མ་ནས་ནོར་ཡོད། སྔོན་མ་ཡིན་ན་ད་ལྟ་ནང་བཞིན་སྐད་འཕྲིན་དང་མི་ཚང་མ་ལ་ དབྱིན་སྐད་དུ་smart phone མེད་ལ། དེ་དུས་smart phone ཡང་ཐོན་པ་ཉུང་ཉུང་རེད། ད་ལྟའི་ཆར་མ་ི་ཚང་མ་ལ་ཡོད་ཙང་། སྲིད་སྐྱོང་གི་དཔྱ་ཁྲལ་ལག་དེབ་དེ་ཡང་མང་ཚོགས་ལ་འདྲ་དཔར་འགྲེམས་སྤེལ་དུ་ཕྱིན། དོན་དག་རྡོག་རྡོག་སྲིད་སྐྱོང་གི་དཔྱ་ཁལ་ལག་དེབ་ལ་མཐོང་ཆུང་བཏང་བ་རེད། ཁྲིམས་འགལ་ཡང་རེད། ཁྲིམས་ཀྱི་དབང་དུ་བྱས་ན། སྲིད་སྐྱོང་གི་འོས་དེ་སློབ་བཟང་སངས་རྒྱས་ལ་ཐོབ་པ་མ་གཏོགས་བློ་བཟང་སེངྒེ་ལ་ཐོབ་ཡོད་མ་རེད། ཁྲིམས་ལ་བརྩི་བཀུར་ཞུ་དགོས། ཁྲིམས་གཏུགས་ཞུ་མཁན་ལ་དགའ་བསུ་ཡོད། བཀའ་དྲིན་ཆེ།
དཔྱ་དེབ་ནང་སློབ་བཟང་སངས་རྒྱས་དང་འོས་བསྡུ་སྐབས་བློ་བཟང་སེང་གེ་ཞེས་མཚན་གཉིས་མ་མཐུན་ཀྱང་དོ་བདག་ལ་མཚན་ཇི་ཡིན་བྲིས་ནས་བློ་བཟང་སེང་གེ་ཡིན་ཞུས་པར་ངོས་ལེན་གནང་སྟངས་ལ་གཟིགས་ན་ཐབས་སྐྱོ་བོ་ཞེ་དྲག་མིན་ན་གང་ཡིན། ཁྲིམས་སྒྲིག་ལྟར་བྱས་ན་ཡིག་ཐོག་ནང་གང་གསལ་བ་དེ་ལས་གང་ཟག་ནས་གང་བཤད་ལ་རྩ་འཛིན་བྱ་སྲོལ་སུས་ལུགས་སྲོལ་རེད། བོད་མི་སྐྱུད་མ་ཞིག་གི་དཔྱ་དེབ་ནང་མིང་འགྱུར་བྱ་དགོས་ན་ཡིག་ཆ་དང་རྒྱབ་གཉེར་སྣ་ཚོགས་འཁྱེར་ཤོག་གསུང་ནས་དཀའ་ཚེགས་མང་པོ་འགྲིམ་དགོས་ཡོད་པ་མ་ཟད། ཡིག་རྒྱ་ཚང་མ་འབྲེལ་ཡོད་ལས་ཁུངས་སུ་ཕུལ་ཀྱང་ད་དུང་དུས་འགོར་གྱིས་དཔྱ་དེབ་ཐོབ་རེ་དཀའ། བོད་མི་སྒྲིག་འཛུགས་ཀྱི་འགོ་འཁྲིད་ནས་ཁྲིམས་སྒྲིག་ལ་བརྩི་མེད་དང་ལས་བྱེད་ཚོའི་བོད་ཡིག་གནས་ཚད་ལ་གཟིགས་ན་སེམས་སྐྱོ་དགོས་ཡག་རེད་འདུག
ཁྲིམས་གཏུགས་མཁན་ལ་དགའ་བསུ་དང་རྒྱབ་སྐྱོར་ཡོད།
སྐབས་སྔོན་མའི་སྲིད་སྐྱོང་འོས་འདེམས་སྐབས་མང་ཚོགས་ཀྱིས་སྲིད་སྐྱོང་གི་དང་བླངས་དཔྱ་ཁྲལ་ལག་དེབ་མཐོང་མེད་པ་ལས་མཐོང་ཡང་མ་མཐོང་ཁུལ་བྱས་ནས་སྣང་མེད་བཞག་པ་ཡིན་ཚུལ་བརྗོད་ག་ལ་ཐུབ། དེ་སྲིད་སྐྱོང་དང་དབུས་འོས་བསྡུ་ལས་ཁུངས་ཀྱིས་ཁྲིམས་ལུགས་དང་མང་ཚོགས་ལ་འགན་མ་ཁུར་བའི་རྟགས་མཚན་རེད། སྲིད་སྐྱོང་སློབ་བཟང་སངས་རྒྱས་ཀྱིས་ཁྲིམས་ཀྱི་འགྲོ་སྟངས་དང་ཁྲིམས་མཐུན་གྱི་ཡིག་ཆའི་གལ་གནད་གསལ་ཤོས་མཁྱེན་གྱི་ཡོད་པ་རེད། ཁྲིམས་མཐུན་ཡིག་ཆའི་ཐོག་གི་མིང་དེ་རང་གི་དངོས་མིང་དང་མཐུན་གྱི་མེད་ན་གཞུང་ལ་ཡར་ཞུ་གནང་དགོས་པ་རེད། དེ་ཁྲིམས་ལུགས་སློབ་སྦྱོང་མ་བྱས་པའི་མང་ཚོགས་དཀྱུས་མ་ཞིག་གིས་ཀྱང་ཤེས་གི་རེད། དེ་བཞིན་དབུས་འོས་བསྡུ་ལས་ཁུངས་ཀྱིས་གསལ་ཁ་འབྱེད་དགོས་པ་རེད། འོན་ཀྱང་ད་བར་གང་ཡང་གནང་ཡོད་པ་མ་རེད། ད་ལོ་མང་ཚོགས་ཀྱིས་དེ་ཧ་གོ་བ་རེད། མང་ཚོགས་ལ་ག་རེ་ལབ་ལབ་རེད་དགོངས་གི་འདུག་སྙམ་ཏེ་བློ་ཕམ་དང་བཅས་ཁྲིམས་མཐུན་གྱི་ཡར་ཞུ་བྱས་པར་ནོངས་དགོས་དོན་མེད། མང་ཚོགས་གཉིད་སད་ནས་རང་གི་འགོ་ཁྲིད་ལ་དྲི་བ་གཏོང་འགོ་ཚུགས་པའི་རྟགས་རེད། མང་གཙོའི་འགྲོ་སྟངས་རེད། གཅིག་གིས་གཅིག་ལ་དམའ་འབེབས་དང་ཕྱོགས་རེས་གནང་ན་དགེ་མཚན་གང་ཡོད་པ་མ་རེད།
ཨ་རི་ལ་སོ་སོའི་མིང་འགྱུར་བ་གཏོང་ཆོག་པའི་ལུགས་སྲོལ་ཡོད། མ་ཟད་བལ་ཡུལ་ནག་རི་ཏ་དག་། རྒྱ་གར་་འོས་ཤོག་ཤོག་བྱང་voting card མིང་དག་ཆ་དང་། མ་ཟད་རུས་མིང་ནོར་སོང་བ་ཅན་འོས་ཤོག་འཕེན་ས་དང་འཕེན་ཡུལ་ཚང་མ་དག་པོ་ཡོད་མ་རེད། གཙོ་བོ་འོས་མིའམ་ལས་རྟགས་གང་ཡིན་པ་དེ་ངོ་ཤེས་ཚར་འགྲིག་ཡིད་རེད། ད་བོད་པའི་མང་གཙོ་་ལ་ལྟས་མོ་འངུག་། ཅི་སྟེ་རང་བཙན་ཡོད་པ་དབང་དུ་གཏང་ན་བོད་པས་བོད་པ་ལ་དམར་གསོད་གཏང་ཡག་དང་། ཁ་ཆེ་འཇིག་བསྐུལ་ལྟ་བུ་ངེས་ཅན་རེད་འདུག ད་རང་བཙན་མེད་རྒྱ་དམར་འོག་པ་བསྡད་ཡག་དེ་ཡག་ཤོས་རེད། བོད་པ་རྒན་བདག་རྒྱ་དམར་མེད་དཀའ་ལས་ཁག་པོ་བཟོ་ས་རེད། ཤུག་ལྡན་ཚོགས་པས་༧ གོང་ས་མཆོག་ལ་ཁ་མཆུ་བཙུག ཡུག་ས་མ་བཀྲ་ཤིས་གཡང་འཛོམ་དང་། གྲྭ་ དཀོན་མཆོག་གཉིས་ནས་ ད་བར་བཙན་བྱོལ་ནང་མ་བྱུང་བ་ཞིག་སྲིད་སྐྱོང་ལ་ཁ་མཆུ་བཙུག་བལྟས་མོ་འདུག དེ་འདྲ་ཡིན་ངུས་སྐབས་དང་པོ་སྲིད་སྐྱོང་དུས་ལང་དུས་མིག་མ་མཐོང་བར་དེ་དུས་མོས་སྲིད་སྐྱོང་བློ་སེང་ལ་འོས་ག་རེ་བྱས་ནས་བླུག་ཡིན་ནམ།
དཔྱ་ཁྲལ་ལག་དེབ་རྫུན་མ།
སྐད་ཆ་རྫུན་མ།
བྱས་བ་རྫུན་མ།
ཡོད་ཚད་རྫུན་མ་འཁྲབ་ནས་བསྡད་པ་ཡིན་ན་ཡང་།
ཁམས་ཞེན་ཁུར་ནས་རྫུན་མའི་རྐུབ་ན་ཐར་ཐར་བྱེད་པ་འདི། སྐྱོ་བོ་རེད་ཡ།
བཟང་སྤྱོད་བྱེད་མདོག་གིས། ཁ་མི་གྲགས་པ་དང་རྩ་དགོངས་མི་ཞུ་བ་དང་། བོད་ཀྱི་རྩ་དོན་མི་དོར་བར་ཤོག།
ཁྲིམས་ཞིག་ཡོད་ན་གཏུགས་དགོས་བ་རེད། ཡིན་ན་ལ། ཁྲིམས་ཞིག་མེད་པ་གསལ་པོར་ཆགས་ཡོད་པ་རེད། དེ་འདྲ་མིན་ན། བཀའ་བློན་དེ་ཚོ་གཅིག་གཅིག་གཉིས་གཉིས་བྱས་ནས་ཐོན་འགྲོ་བ་གང་ལ་ཐུག་པ་རེད། ཡིན་ན་ཡང་ཕམ་ཁ་སློབ་བཟང་སངས་རྒྱས་ལ་རག་གི་མེད་པར། ལྷག་བསམ་ཅན་དང་བོད་རྒྱ་ཆེ་མི་མང་ལ་རག་གི་ཡོད་དུས། ངས་ནི་ཁྱེད་ཅག་གཏུགས་ཞུ་བ་རྣམས་ལ་རྒྱབ་སྐྱོར་ཞུས་བ་ཡིན།
ཁྱུང་སེ་ལགས་ཀྱི་གསུངས་པ་བདེན་པ་རེད་འདུག། དེ་མ་ཟད་རྒྱལ
ལོ་དོན་གྲུབ་ལ་ལག་དེབ་ཡོད་མེད་ལྟ་རྒྱུ་རེད། བོད་སྤྱི་པའི་མི་ཡིན་ལབ་ཡོད་རེད། དེ་བཞིན་བཀྲས་ཐོང་བསྟན་རྣམ་དང་། རྒྱ་རི་བློ་གྲོས་ཚང་མའི་དེབ་ལྗང་ཁུ་བརྟངས་དཔྱད་བཟོ་དགོས། ཕྱོགས་རེད་འཐེན་འཁྱེར་མ
ཡིན་མགོ་ལ་བཞུགས་བཙན་བྱོལ་བ་རྣམས་ལ་དཔྱ་ཁྲལ་ལག་དེབ་ཞིབ་འཇུག་ཚོགས་ཆུང་བཙུག་དགོས། བཀྲིས་གཡང་འཛུམ་་གབོས་མི་ལྔ་བརྒྱ་ཕྲན་ཕྲིན་ཚོགས་པ་བཟོ་བ་ལས། ད་ཚོགས་ཆུག་བཙུག་ནས་ཞིབ་འཇུག་མཐིལ་ཕྱིན་བྱེད་དགོས། གལ་ཏེ་མ་བཟོ་ན་ང་ཚོས་ཚོགས་ཆུང་བཙུག་ནས་ཞིབ་འཇུག་དག་ལེན་བྱས་ན་གང་འདྲ་འདུག
རེད་ཡ། ད་རང་གི་ལུང་པའི་ནང་སོང་ནས་ཁ་ཚིག་གཅིག་ཐོན་མ་ཐུབ་མཁན། མགོ་སྦར་བས་བཀབ་ནས་བྲོས་ཡོང་མཁན་ཚོས་ཐུབ་ས་བཙན་བྱོལ་གཞུང་རེད། དེ་ལ་ཐུབ་ཚོད་ག་ཚོད་བཤད་བཤད་རེད། རེད་པ་ཡ། གང་ལྟར་ག་ལེར་ག་ལེར་བོད་མི་རིགས་ཟེར་དུས་ཞེ་གཏིང་ནས་ལོག་ས་ཞིག་ཆགས་ཉེན་འདུག དངོས་གནས་ཁ་གཏད་བཅོག་དགོས་ས་ལ་གང་ཡང་བྱེད་མི་ནུས། མི་དགོས་ས་རང་ལ་གནས་ཚང་གཡར་ནས་སྡོད་ས་རྒྱ་གར་དང་ཡུལ་གྱར་ནས་ཡོད་པའི་བོད་མི་མཉམ་སྡོད་ཐུབ་པར་ཕན་པའི་ཚོགས་པ་གཉིས་ལ་ག་ཚོད་ཐུབ་ཐུབ་ཀྱི་དཀའ་ངལ་སྤྲོད་ཐབས་བྱེད་པ་ནི་ཧ་ལས་པའི་ངོ་ཚ་རྒྱུ་མེད་པ་ཞིག་རེད། དངོས་གནས་ད་བོད་མི་ཡིན་ཟེར་ཡག་ལ་ངོ་ཚ་དགོས་པ་དང་། བོད་མི་ཞིག་མཐོང་བ་དང་སྐྱུག་བྲོ་བ་ཞིག་ཡོང་ཉེན་འདུག ད་ལྟ་༧གོང་ས་མཆོག་གི་མཚན་སྙན་ལ་བརྟེན་ནས་བོད་པ་ཟེར་དུས་མགོ་བཀྱག་ཆོག་པ་ཞིག་ཡོད་པ་རེད། ཕྱིའི་རྒྱལ་ཁབ་ཚོས་སྐྱབས་བཅོལ་མང་པོ་བླང་ཚར་བ་རེད། ད་མ་འོངས་པར་དངོས་གནས་དཀའ་ལས་ཁག་པོ་ཆགས་རྒྱུ་ཉག་གཅིག་རེད། མི་ཐོག་རྗེས་མ་ལ་དཀའ་ངལ་ཆེན་པོ་འཕྲད་ངེས་འདུག་གོ། ཨ་ཁ་ཁ་ཁ།
ཏི་སི་ལགས། བཙན་བྱོལ་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་ནང་གསལ་ཐོབ་ཐང་བཞེས་སྐབས་དཔྱ་ཁྲལ་སྤྲོད་ཡོད་མེད་ཞིབ་འཇུག་གནང་ཆོག་པ་ལས་དེ་མིན་བོད་མི་སུ་རུང་གི་དཔྱ་ཁྲལ་ཞིབ་འཇུག་གནང་མི་ཆོག་པ་ཡིན། དཔྱ་ཁྲལ་ནི་དྭང་བླངས་ཡིན་སྟབས་བོད་རིགས་སུ་རུང་ནས་སྤྲད་མ་སྤྲད་སོ་སོ་འདོད་མོས་ཡིན།
དཱ་དོན་མེད་ཀུ་ཅོ་དང་སྤྱི་ཚོགས་ཆུང་ཆུང་དེ་མང་པོ་དཀྲུག་ན་ང་ཚོ་གཞི་བྱེད་གཉིས་ལ་ཡོང་རྒྱུ་ཕམ་ཁ་ལས་གཞན་གང་ཡང་མེད་
དཔྱ་ཁྲལ་ལག་དེབ་རྫུན་མ།
སྐད་ཆ་རྫུན་མ།
བྱས་བ་རྫུན་མ།
ཡོད་ཚད་རྫུན་མ་འཁྲབ་ནས་བསྡད་པ་ཡིན་ན་ཡང་།
ཁམས་ཞེན་ཁུར་ནས་རྫུན་མའི་རྐུབ་ན་ཐར་ཐར་བྱེད་པ་འདི། སྐྱོ་བོ་རེད་ཡ། ཟེར།
ད་མི་མང་གཉིད་སད་ཀྱི་ཡོད་པའི་རྟགས་རེད།
དང་པོ་བཀྲིས་གཡང་འཛོམ་དང་དཀོན་མཆོག་གཉིས་བྱས་མགོ་བཙུག་པ་རེད། ད་ང་ཚོས་དང་བླང་ཚོངས་ཆུང་བཙུག་ནས་དང་པོ་རྒྱལ་ལོ་དོན་གྲུབ་དཔྱ་ཁྲལ་དེབ་ཡོད་མེད་ཞིན་འཇུག་དགོས་དེ་ནས་ལས་བྱེད
གོང་མ་སོགས་ལ་མིང་ལ་ཞུ་དང་བཏང་ནནས་ཚོགས་ཆུང་བཙུག་ཡག་ཡིན།
ད་ཡིན་ན་ལྟད་མོ་འདུག་
ཁྲིམས་ཀྱི་མདུན་ནས་ང་ཞེད་པོ་ཞིག་ཡིན་ཟེར་ས་མི་འགྲོ་བ་ཤེས་ན་འགྲིག་ལེ་རེད། སློབ་བཟང་སངས་རྒྱས་ལས་ཟད་པོ་འདི་ད་ཐེངས་ཐར་ཁག་ཙམ་བྱས་གི་རེད། དེང་སང་སྐྱོན་རྟ་རྔ་ཙམ་ཡང་གཟབ་དགོས་པ་ཤེས་ན་འགྲིག་གི་་་་་ཁ་ཕོ་ཆེ་བའི་ཨ་ཅོ་སློབ་བཟང་སངས་རྒྱས་ལགས།
ད་རྗེས་མ་ནས་ང་ཚོའི་རང་བཙན་ལག་དེབ་ཐོག་མིང་ནོར་ཤོར་བའི་རིགས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་བཅས་པ་ཚང་མས་ཅང་བཤད་མ་ཡོང་ཨ།
སྤུ་ཟླ་ཚོ་། དགྲ་དང་གཉེན་ངོས་ཟིན་པ་གལ་ཆེ་།
འོས་བསྡུ་ལས་ཁང་དང་འབྲེལ་བའི་ལས་རྙོག་དེ་ཚོ་དང་པོ་འོས་བསྡུའི་འགན་འཛིན་གྱི་བུ་ལ་ཡིག་ཚད་མ་ལོན་ནའང་ཨུ་ཚུགས་ཀྱིས་སྲིད་སྐྱོང་སློབ་ཡོན་བྱ་དགའ་ཡིན་ཟེར་ནས་སྒོར་འབུམ་གཅིག་སྤྲད་པ་དེ་ནས་འགོ་ཚུགས་སོང་། དེ་ནས་བཟུང་འོས་བསྡུའི་འགན་འཛིན་ཉམ་ཆུང་དེས་ཀྱང་གང་ཙམ་གནང་སོང་།
བློ་བཟང་སེང་གེས་སྔོན་ཚུད་ནས་འོས་བསྡུ་ལྷན་ཁང་ལ་ཡིག་གེ་ཞིག་སྤྲད་དེ། ང་ཡི་མིང་ཡོངས་གྲགས་སུ་བློ་བཟང་སེང་གེ་ཞེས་བརྗོད་ཀྱང་ལག་དེབ་ལྗང་ཁུའི་ནང་དུ་སློབ་བཟང་སངས་རྒྱས་ཞེས་བྲིས་འདུག་པས་དེ་གཉིས་མི་གཅིག་ཡིན་པའི་ཡི་གེ་གནང་རོགས་ཟེར་ནས་ཡི་གེ་སྤྲད་འདུག་པས་དེ་ནི་རྒྱལ་ཁབ་གང་འདྲ་ཞིག་ཡིན་ཀྱང་ཁྲིམས་མཐུན་དུ་ཁས་ལེན་གྱིན་འདུག་པས་ད་རྩོད་གཞི་འདྲ་འདུག་གམ། དེ་ལྟར་ན་སྔོན་མར་བློ་བཟང་བསྟན་འཛིན་ཞེས་པར་ཟམ་གདོང་རིན་པོ་ཆེ་ཞེས་བཀའ་ཁྲིར་འོས་འདེམས་བྱས་ཡོད་དེ་བཞིན། རྒྱ་རི་བུ་ཕྲུག་ཅེས་འོས་བླུགས་ཡོད་དེ་དག་ཀྱང་ལག་དེབ་ལྗང་ཁུའི་ནང་གི་མིང་ཡིན་ནམ།
ད་རེས་གི་གནད་དོན་འདིའི་ཐོག་ནས་ང་ཚོའི་གཞུང་གིས་རང་གི་བཅའ་ཁྲིམས་དེ་ལག་བསྟར་ག་ཚོད་ཅིག་བྱེད་མིན་དང་། རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པས་ཁྲིམས་ག་ཚོད་ཅིག་ཤེས་མིན་ཐག་ཆོད་ཀི་རེད། ཡིན་ཡང་གྲུབ་འབྲས་ད་རུང་ཚོད་དཔག་དཀའ་བས་མི་མང་གི་བརྩི་བཀུར་ཐོབ་པའི་གཞུང་ཞིག་དང་སྲིད་སྐྱོང་ཞིག་བྱེད་བསམ་ན་བསམ་བློ་ག་རེ་གཏོང་དགོས་མིན་ཤེས་གསལ་རེད། གལ་ཏེ་སྡིག་པ་མིག་བཙུམ་དང་རང་ཤེད་སྒེར་གཅོད་བྱེད་བསམ་ན་དེ་ལྟར་སྒྲུབ་མ་ཆོག་པའང་མེད།
ང་ཚོ་བོད་པར་ངོ་སྤྲོད་ལག་ཁྱེར་ ( identity card)དམིགས་བསལ་མེད་ཙང་དཔྱ་ཁྲལ་ལག་དེབ་ལ་གཞིར་བཞག་དགོས། ལག་དེབ་དེའི་མིང་དང་འདྲ་དཔར་མ་ནོར་བ་བྱེད་རྒྱུ་ཤིན་ཏུ་གལ་ཆེ། དེ་ནོར་ན་ཁོ་རང་མ་རེད། ཨ་རི་དང་ཡུ་རོབ་སོགས་སུ་ཡིག་ཆ་ཁག་དང་དེ་བཞིན་ངོ་སྤྲོད་ལག་ཁྱེར། ཕྱིརབསྐྱོད་ལག་ཁྱེར་སོགས་སུ་མིང་རྐང་གཅིག་ནོར་ན་དེ་རྩིས་མེད་བཏང་གི་རེད།
སྤྱིར་བཏང་གི་ཡིག་ནོར་དག་ནོར་ཙམ་ལ་སུ་ཡང་ཧ་ལས་དགོས་དོན་མེད་པ་ནི་བདེན་ཡང་། བཙན་བྱོལ་བོད་མིའི་སྲིད་སྐྱོང་འོས་མི་དང་སྤྱི་འཐུས་འོས་མི་དག་ལ་མཚོན་ན། སོ་སོ་གང་ཞིག་གི་འོས་མིར་འདེམས་ཐོན་གྱི་མིང་དངོས་ཀྱི་ཡོང་ཁུངས་དེ། ཐོག་མར་རང་ཉིད་བོད་མི་ཞིག་དང་གཞུང་གི་འབངས་མི་འཁྲུལ་མེད་ཅིག་ཡིན་པ་མཚོན་བྱེད་ཀྱི་སོ་སོའི་དཔྱ་ཁྲལ་ལག་དེབ་ངོས་ཀྱི་ཡིག་ཐོག་གི་མིང་དེ་ཉིད་ནས་ཡོང་དགོས་པ་དང་། དེར་རྩ་འཛིན་བྱེད་དགོས་པ་ནི་སུ་ལ་ཡང་འགྲེལ་བརྗོད་ཞུ་མི་དགོས་པའི་རྩ་བའི་རྒྱུན་ཤེས་ཤིག་ལོས་ཡིན།
རང་བདེན་ཚོགས་ཆུང་གི་ལས་བྱེད་ཀྱི་བྲིས་ནོར་དངོས་ཡིན་ན་འབྲི་ནོར་བྱུང་སའི་རང་བདེན་ཚོགས་ཆུང་དེ་ཡང་ཁྲིམས་གཏུག་བྱ་དགོས་ངེས་དང་། སྲིད་སྐྱོང་གིས་རང་མིང་དེ་ཡིག་ནོར་ཡིན་པ་ཤེས་བཞིན་དུ་ཡང་བཟོ་བཅོས་ཞུ་སྐུལ་མ་བྱས་པར་ཡུན་རིང་བཞག་ན་དེ་ནི་སྲིད་སྐྱོང་གི་སྐྱོན་འབའ་ཞིག་རེད། དོན་དངོས་སུ་འདི་ཚོ་ནི་ཁྲིམས་མེད་ལུགས་མེད་ཀྱི་བྱེད་སྟངས་རང་རེད།
གོང་དུ་འགའ་ཞིག་གིས་མིང་ཙམ་བྲིས་ནོར་གྱིས་བོད་ལ་མི་གནོད་ཚུལ་གྱི་འབྲེལ་མེད་སྐད་ཆ་གཞན་ཡང་གསུངས་འདུག་པ་ནི་འདྲེ་ཤར་སྒོར་དང་། གླུད་ནུབ་སྒོར་གྱི་ཚུལ་རེད། དོན་དག་འདི་ནི་ཁྲིམས་སྒྲིག་གཞི་རྩར་འཛིན་པའི་དམངས་གཙོའི་ལམ་ལུགས་ནང་དུ་ཁྲིམས་མཐུན་ཡིན་མིན་ཤོད་སྐབས་རེད། ཁྲིམས་འགལ་རང་བཞིན་གྱི་བྱེད་སྟངས་འདི་ལྟ་བུ་ནི་མཐར་གཏུགས་ན་བོད་མི་རིགས་ལ་མཐོང་ཆུང་གི་རྣམ་པ་ཞིག་ཀྱང་རེད།
ངོ་སྤྲོད་ལག་དེབ་གཞིར་བཟུང་སྟེ་འདེམ་ཤོག་འཕེན་པའི་རྒྱལ་ཁབ་ཅིག་དང་སྲིད་གཞུང་ཞིག་ཡིན་ཕྱིན་འོས་ཤོག་འཕེན་པ་ནི་ངོ་སྤྲོད་ལག་འཁྱེར་གཞིར་འཛིན་པ་མ་གཏོགས་ཁ་ནས་གང་བཤད་བཤད་བཞིན་ལག་བསྟར་བྱེད་མི་སྲིད་ལ་བྱེད་མཁན་ཅིག་ཀྱང་མེད། ལྷག་པར་སྐྱེས་ལོ་སྐྱེས་ཚེས་དང་རང་མིང་ཡུལ་མིང་གང་ཞིག་ལ་ནོར་འཁྱུག་དང་། གང་ཞིག་དངོས་ཡོད་ཡིན་མིན་ལ་མ་བལྟས་པར་ལག་ཁྱེར་ཐོག་གང་ཡིན་པ་དེ་རང་གཞིར་བཟུང་སྟེ་ངོས་འཛིན་བྱེད་པ་ཡིན། ཡོ་རོབ་དང་ཨ་རི་སོགས་ན་གནས་སྡོད་བྱེད་མཁན་ཅིག་ཡིན་ཚེ་འགྲོ་སྟངས་དེ་ཁྲིམས་ལུགས་ཤེས་བྱ་མ་སྦྱངས་ཡང་སྤྲང་བོ་ཡན་ཆོད་ནས་གསལ་གསལ་ཐིང་ཐིང་ཤེས་ངེས་ཡིན། བཙན་བྱོལ་སྒྲིག་འཛུགས་ཀྱིས་ལག་ཁྱེར་ཐོག་དང་ཁ་ནས་བཤད་པ་གཉིས་ལས་གང་ཞིག་གཙོ་བོར་འཛིན་མིན་ཁྲིམས་ཞིབ་དང་ཁྲིམས་བཟོ། ཁྲིམས་འཛིན་གསུམ་ནས་ཐག་གཅོད་གཙང་མ་ཞིག་གནང་རན་རེད།
དཔྱ་ཁྲལ་ལག་དེབ་དེ་ནི་ངོས་སྦྱོར་ལག་དེབ་མ་རེད། ངོས་སྦྱོར་ལག་དེབ་ཟམ་གདོང་རིན་པོ་ཆེས་བཀའ་ཁྲིས་ཐབས་ལམ་གསར་པ་ཞིག་གནང་ཏེ་བཟོ་ཐབས་བྱས་ཀྱང་རྒྱ་གར་དབུསནགཞུང་ལས་བཀའ་ཁྲོལ་དེ་གར་ལུས་པ་རེ། ངོ་མ་ངོས་སྦྱོར་ལག་དེབ་ཚད་འཛིན་དགོས་ན་། RC དེབ་དེ་རེད། ཨར་སི་ནང་དབྱིན་ཡིག་མ་གཏོགས་བོད་ཡིག་མེད་པ་རེད། དེན་བཀའ་ཟུར་བེད་སྐྱིད་ཆོས་དབྱིངས་ མོ་རང་གི་ཀ་ན་ཌའི་པ་སི་ནང་RC སིགས་ལ་དབྱིན་ཡིག་ནང་ལ Dicki Chhoyang ཡོད་བོད་ཡོད་ལ་འབྲི་ན་། Di བདིག་ Ki ཀེ་ Choo ཆུ་ yang དབྱངས ། གོངོ་མ་ཙྱས་ན་ Dekyi Choeyang རེད་ཡོད། འོན་ཀྱང་མོ་རང་ཚགས་པར་ནང་ལ་མིང་ Dekyi choyang བྲིས་ཡོད་དེ་ཁྲིམས་མཐུན་རེད་དམ།
དཔྱ་ཁྲལ་ལག་དེབ་དེ་ནི་ངོས་སྦྱོར་ལག་དེབ་མ་རེད། ངོས་སྦྱོར་ལག་དེབ་ཞིག་ཟམ་གདོང་རིན་པོ་ཆེས་བཀའ་ཁྲི་སྐབས་སུ་ཐབས་ལམ་གསར་པ་ཞིག་གནང་ཏེ་བཟོ་ཐབས་བྱས་ཀྱང་རྒྱ་གར་དབུས་གཞུང་ནས་བཀའ་ཁྲོལ་མེད་པར་དེ་གར་ལུས་པ་རེད། ངོ་མ་ངོས་སྦྱོར་ལག་དེབ་ཚད་འཛིན་དགོས་ན་། RC དེབ་དེ་རེད། ཨར་སི་ནང་དབྱིན་ཡིག་མ་གཏོགས་བོད་ཡིག་མེད་པ་རེད། དེ་ནི་བཀའ་ཟུར་བེད་སྐྱིད་ཆོས་དབྱིངས་ མོ་རང་གི་ཀ་ན་ཌའི་པ་སི་ནང་RC སོགས་ལ་དབྱིན་ཡིག་ནང་ལ Dicki Chhoyang ཡོད་བོད་ཡོད་ལ་འབྲི་ན་། Di བདིག་ Ki ཀེ་ Choo ཆུ་ yang དབྱངས ། ངོ་མ་བྱས་ན་ Dekyi Choeyang རེད་ཡོད། འོན་ཀྱང་མོ་རང་ཚགས་པར་ནང་ལ་མིང་ Dekyi choyang བྲིས་ཡོད་དེ་ཁྲིམས་མཐུན་རེད་དམ། གང་ལྟར་མིང་དེ་དག་ནི་ངས་བསམ་ཁོ་ེང་ཕྲུ་གུ་ཕ་མས་བཟོས་ནས་ནོར་འགྲོ་དགོས་རེད། དཔྱ་ཁྲལ་ལག་དེབ་དེ་ཕྲུ་གུ་ལོ་ངོ་དྲུག་དང་RC ལོ་ངོ་༡༦ ཙམ་ནས་བཟོ་དགོས་ཕ་མ་སོགས་ལ་ཤེས་ཡོན་ནེད་རྐྱོན་མང་པོ་ནོར་ཡོད་པ་རེད་།
ཕ་མས་བློ་བཟང་སངས་རྒྱས་ཞེས་མི་མང་བཏགས་པར། སངས་རྒྱས་ལས་སེངྒེ་རྫིག་གི་རེད་བསམས་ཏེ། བློ་བཟང་སེངྒེ་ཞེས་རང་གིས་རང་ལ་མིང་བཏགས། དཔྱ་ཁྲལ་ལག་དེབ་ཐོག་ཡི་གེ་འབྲི་མཁན་གྱིས་བསམ་མནོ་མ་བཏང་བར་སློབ་བཟང་སངས་རྒྱས་ཞེས་བྲིས། ད་མ་འགྲིགས་པར་གྱུར་དུས་ཕ་མ་གཉིས་ལ་ངན་ཁག་གཡོགས་རྒྱུའི་འཆར་གཞི་ཡོད་པ་འདྲ། ཕ་མ་གཉིས་སྙིང་རྗེ། བུ་རུལ་སྐྱེས་པའི་མྱ་ངན་ལ་བསངས་དུས་མེད་ཟེར་བ་ཅིས་མི་བདེན།
ཕ་མས་བློ་བཟང་སངས་རྒྱས་ཞེས་མིང་བཏགས་པར། སངས་རྒྱས་ལས་སེངྒེ་རྫིག་གི་རེད་བསམས་ཏེ། བློ་བཟང་སེངྒེ་ཞེས་རང་གིས་རང་ལ་མིང་བཏགས། དཔྱ་ཁྲལ་ལག་དེབ་ཐོག་ཡི་གེ་འབྲི་མཁན་གྱིས་བསམ་མནོ་མ་བཏང་བར་སློབ་བཟང་སངས་རྒྱས་ཞེས་བྲིས། ད་ཆ་མ་འགྲིགས་པར་གྱུར་དུས་ཕ་མ་གཉིས་ལ་ངན་ཁག་གཡོགས་རྒྱུའི་འཆར་གཞི་ཡོད་པ་འདྲ། ཕ་མ་གཉིས་སྙིང་རྗེ། བུ་རུལ་སྐྱེས་པའི་མྱ་ངན་ལ་བསངས་དུས་མེད་ཟེར་བ་ཅིས་མི་བདེན།
༄༅། ཨ་ཁུ་འབྲོག་པ་འབྲོག་པ་རང་རེད་འདུག དཔྱ་ཁྲལ་ལག་དེབ་ནང་ཡིག་ནོར་སོང་བ་སྲིད་སྐྱོང་གཅིག་པོ་མ་རེད་བོད་མི་མང་དག་ཞིག་གི་དཔྱ་ཁྲལ་ལག་དེབ་ནང་ཡིག་ནོར་མང་ཐག་གཅོད་ཡོད་པ་ཁྱེད་རང་གིས་མཁྱེན་གྱི་མི་འདུག ཡིག་ནོར་འདི་དག་ནི་དེ་སྔོན་དཔྱ་ཁྲལ་ལག་དེབ་རྙིང་པ་རྣམས་ཕྱིར་བསྡུས་ཀྱི་གསར་བཟོ་མགོ་དེ་བཀའ་ཤག་སྐབས་བཅུ་གཉིས་པ་ནས་མགོ་གཙུགས་ཀྱིས་བོད་ནས་གསར་དུ་ཕེབས་པའི་བོད་མི་མང་དག་ཞིག་ལ་ལག་དེབ་ནང་དོ་བདག་གི་མིང་སྐྱེས་ཚེས་ཕ་མིང་འཚོ་ཐབས་སོགས་བྲིས་རྒྱུ་འབོ་མར་སྤྲད་དེ་བྲི་བཅུག་པར་ཡིག་གཟུགས་ཐེབས་ཅག་དག་ཆ་ནོར་བ་མང་ཐག་གཅོད་བྱུང་བ་ལས་ཕ་མ་ལ་རྣམས་ལ་ངན་ཁག་གང་ནས་ཡོད། ཁྱེད་རང་གི་བུ་རུལ་གསུངས་པ་སུ་ལ་གསུང་གི་ཡོད། སྲིད་སྐྱོང་ལ་ཡིན་ན་བོད་མི་བརྒྱ་ཆ་ ༥༧་༠༨ རྣམས་ཚང་མ་རུལ་པ་རེད་དམ།་སོང་ཙང་ཨ་ཁུ་འབྲོག་པ་ལགས་ཁྱེད་རང་རྩ་བཟང་ས་དང་ཆུ་བཟང་ས་གཟིགས་ནས་རང་གི་ར་ལུག་རྣམས་འཚོ་བ་གནང་ན་གང་ལེགས་རེད།
རེད། ངོ་མ་རེད། གཞན་དག་ལྟ་ཅི། ཕ་མས་བཏགས་པའི་རང་ཉིད་ཀྱི་མིང་ལ་ཡང་བཟོ་བཅོས་རྒྱག་དགོས་དྲན། དཀོན་མཆོག་གསུམ་གྱི་ཡ་གྱལ་སངས་རྒྱས་ཞེས་པའི་ཚིག་དེ་ཡང་དུད་འགྲོ་གཅན་གཟན་སེངྒེ་ཞེས་ལ་བཅོས། ཆུང་དུས་ཀྱི་ཕ་མ་དང་ཆུང་དུས་ཀྱི་དགེ་རྒན། ཆུང་དུས་ཀྱི་རྩེད་གྲོགས་དང་ཆུང་དུས་ཀྱི་སློབ་གྲོགས་མང་པོ་ཞིག་ད་དུང་ཡང་བསྡད་ཡོད་སྟབས་ཁོང་ཚོའི་སེམས་ནང་ལ་ཅི་འདྲ་ཞིག་བསམ་བཞིན་ཡོད། དངོས་ནས་མི་ཟེར་པ་འདི་ལ་མི་དྲན་དགུ་དྲན།
དགུ་ཚིགས་ཀྱི་གསུངས་པ་བདེན་པ་མགུ ༢༠༡༡ལོར་མི་མང་ནས་ཁོ་རང་བཀའ་ཁྲི་ལ་འོས་འདེམ་བྱས་ནའང་། མི་དྲན་དགུ་དྲན་བྱས་ཏེ་མིང་དེ་སྲིད་སྐྱོང་བཟོ་རོགས་ཞེས་གྲོས་ཚོགས་ལ་སྙན་ཞུ་བརྒྱབ། ཁམས་ཆོས་འཐུས་མི་ཚོས་དེར་རྒྱབ་སྐྱོར་བྱས་ཏེ་མིང་དེ་སྲིད་སྐྱོང་བཟོས། ད་ཡང་ཚོགས་ཆུང་གཉིས་དང་ཟིན་བྲིས་གཅིག་ཟེར་བ་སོགས་བསྒྲགས་ཏེ་དམངས་ལ་མགོ་བསྐོར་བཏང་། གྲཱ་རྐྱང་འཇིག་རྟེན་འཁོར་བའི་སྐྱིད་སྡུག་ཉིན་མ་གཅིག་ལའང་མྱངས་མ་མྱོང་མཁན་ཞིག་ཉམས་ཐག་ཚོགས་ཆུང་གི་ཚོགས་གཙོར་བསྐོས། ད་འདིས་ག་རེ་བྱེད་རྩིས་ཡོད་ན།
ངག་ནོར་ལགས། ཐུགས་སེམས་བཟང་ངམ། བོད་ནས་གསར་དུ་ཕེབས་པའི་ཡིག་གཟུགས་ཐབས་ཆག དག་ཆ་ནོར་བ་ཞེས་གཤེ་ཡང་སྐུ་ཉིད་ཀྱིས་བྲིས་པའི་ཡི་གེའི་དག་བྱ་དང་། བརྗོད་ཚིག་འདི་ཚོ་ཅི་ལས་ཀྱང་བཙོག་སྣང་འཆར། ང་ལྟ་ད་ལྟའང་ར་ལུག་འཚོ་བཞིན་ཡོད་ཀྱང་། ཁྱེད་རྩྭ་བཟང་ས་དང་། ཆུ་བཟང་སར་སྔ་མོ་ནས་སླེབས་ཟིན་ཐལ། སྤྱང་པོ་བྱུང་། ལྷོ་མོན་གྱི་མི་རྒྱུད་ཟེར་བ་དེ་འདྲ་རྒྱུ་མི་འདུག། རེ་རིང་དེ་ཙམ་ཡིན། ཡི་གེའི་དག་སྡེབ་འདྲ་འདྲི་རྒྱུ་ཡོད་ན་རྗེས་སུ་འབྲེལ་བ་བྱོས། དེ་མ་ཡིན་པའི་ལབ་ཉོག་གསུང་མ་ཡོང་།གསུང་ནའང་ལན་མེད།