ཨེ་མ་ཧོ།
ན་མོ་གུ་རུ་པདྨ་ཀ་ར་ཡེ།།
འཇའ་ལུས་འཕོ་ཆེན་བཞེངས་པའི་རྒྱལ་བའི་སྐུ།།
སྐུ་གསུམ་དགོངས་པའི་བདག་ཉིད་བཅོམ་ལྡན་འདས།།
འདས་ད་མ་འོངས་སྐྱོབ་པའི་པདྨ་འབྱུང་།།
གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ།།
གངས་ལྗོངས་ཕྱུག་མོའི་སྣོད་བཅུད་ཁྲག་མདངས་རྒྱས།།
ཀུན་གཟིགས་ཟླ་བ་གློ་བུར་གཟའ་ཡིས་བཟུང་།།
ཆོས་རྗེ་ཉི་མ་དབང་ཆེན་དུ་བས་བསྒྲིབས།།
ལྷག་བསམ་སྐར་ཚོགས་རྡུལ་ནག་དྲི་མས་ཁྱབ།།
གནམ་རྒན་ཚང་ལ་ཡིད་ཆེས་སྣ་གཅིག་མེད།།
ཀུན་མཁྱེན་པདྨ་སྟོན་མཇུག་བ་མོ་གཡོགས།།
སློབ་བཟང་སངས་རྒྱས་ལྷས་བྱིན་ཁྲིམས་རས་གཙུར།།
ལྷ་སྲུང་བབས་ལུགས་དཔྱིད་ལུག་གཡག་རྒོད་རྩེད།།
སྒྲིག་འཛུགས་གསར་བ་ཡིད་གཉིས་ཐེ་ཚོམ་གནས།།
ཀླ་ཀློ་ཤན་པའི་གནས་འདྲེན་ཆོ་འཕྲུལ་རིགས།།
ཛ་དྲག་ལྟར་སྣང་ཆོས་ལ་མི་རེ་བར།།
གྱ་གཅིག་སྐུ་སྐེག་བདུད་བཞིའི་མི་མཐུན་ཕྱོགས།།
ཀུན་བསལ་ཆོས་ཀྱི་རྒྱ་མཚན་སྒྲེང་གྱུར་ཅིག།
མཚན་དཔེ་སྐུ་གཟུགས་ལང་ཚོ་རྟག་གྱུར་ཅིག།
ཚངས་དབྱངས་ཟབ་རྒྱས་སྒྲ་སྙན་བརྟན་གྱུར་ཅིག།
སྟོབས་བཅུ་མི་འཇིགས་ཕྲིན་ལས་རྒྱས་གྱུར་ཅིག།
རྒྱལ་ཀུན་དགྱེས་པའི་འགྲོ་དོན་འབྱུང་གྱུར་ཅིག།
ཅེས་པ་འདི་ཡང་རབ་གནས་མེས་སྤྲེལ་ཟླ་ཚེས་ལ་རྐྱེན་ཞིག་གིས་གང་ཤར་དུ་དཔལ་རིའི་རྒྱལ་མཁར་ནས་ཤྲྰིས་བགྱིས་པའོ།། །།
གཞིང་གཞུང་གཞེང་གཞོང་མ་ནོར་གཅེས།།
ན་མོ་གུ་རུ་བྷྱཿ
གཞིངས་ཤིག་ཆོས་ཀྱི་དབྱིངས་ནས་གཞིངས།།
གཞུང་ལུགས་མཁས་པའི་དོན་གཅོད་གཞུང་།།
གཞེང་ཁ་རིང་ཐུང་ཞེང་ཚད་གཞེང་།།
གཞོང་ཚོང་མ་དང་རྒྱོ་ཁང་གཞོང་།
གོ་བ་མ་ནོར་ཕ་ཡི་བུ།།
གཞི་མེད་སྒྲོ་བཀུར་འདེབས་པ་དང་།།
གཞུ་མོ་འཐེབ་རྩལ་སྦྱོང་བ་དང་།།
གཞེ་གནང་ཁྱོད་ཀྱི་བསྟོད་པ་དང་།།
གཞོ་བ་འབྲི་མོའི་འོ་མ་སོགས།།
དག་ཆ་མ་ནོར་ཕ་བཟང་བུ།།
ཨོ་རྒྱན་དངོས་ལ་བདོ་བ་དང་།།
ཨོ་རྒྱན་ཆོས་ལ་སྨོད་པ་དང་།།
ཨོ་རྒྱན་མིང་ལ་བེད་སྤྱོད་འཁན།།
ཨོ་རྒྱན་འཛིན་ན་ཤིན་ཏུ་རྨོངས།།
བཟང་ངན་མ་ནོར་རིག་པ་འཛིན།།
ཞེས་པ་འདི་ཡང་རབ་གནས་མེ་སྤྲེལ་ཟླ་ཚེས་ལ་Khenchen Lama ཨ་བུ་རིན་པོ་ཆེ་ཀླུ་དབང་ཚང་ལ་ཡུ་རོབ་ཀྱི་ལྗོངས་རྒྱུའི་སྦྱིན་བདག་རེག་ཚར་འདུག་དགའ་བསུ་ཡོད། ངོས་ཀྱིས་བྲིས་པ་དག་ནི་བྱ་བ་རང་བཞིན་བརྗོད་པ་ཡིན་པས་ཚང་མས་ཐུགས་ལ་ཟུངས། ཁྱད་པར་ནམ་མཁའ་རིན་པོ་ཆེས་གོ་ནོར་ཆེན་པོ་འཐེབ་འདུག་པས་བླ་མ་ཆེན་པོ་ཚོ་ཀོ་ལོང་མང་དྲག་ན་ཡག་རྒྱུ་མེད། བོད་ཡིག་གི་དག་ཆ་རྒྱུ་མཚན་མ་ཤེས་ན་སྐྱལ་སྒྲོག་མ་གནང་ན་བཟང་། མང་པོ་མི་ཞུ། མདོར་བསྡུས་ན་གཞིངཾ་ལ་གོ་བ་དེ་ཙམ་དབེན།། གཞུང་ནི་ལས་ཁང་རིགས་ལ་གོ། གཞེང་ནི་གསར་དུ་བསྐྲུན་ལ་གོ གཞོང་ནི་རྒྱོ་ཚོང་གཉེར་བར་གོ།།གོ་བ་མ་ནོར་ཕ་ཡི་བུ།། ངས་བརྗོད་པའི་དོན་དངོས་དེ་ནམ་མཁའ་རིན་པོ་ཆེའི་རྫོང་སོགས་ནི་ཆེན་པོ་༧རྒྱལ་བ་རིན་པོ་ཆེ་དང་། མཐོན་པོ་༧ས་སྐྱ་གོང་མ་སོགས་ཀྱི་གཞུང་ལས་ཁང་ངམ་བཀོད་སྒྲིག་ཚོགས་པའི་སྔ་འགྱུར་རྒྱལ་ཡོངས་ཀྱི་གཞུང་ལས་ཁང་ཆེན་པོ་ཞིག་ཡིན་པས་གཞན་བལྟད་མོ་བ་དང་ལྗོངས་རྒྱུའི་རིགས་ལ་རོགས་དན་བྱེད་པ་ནི་ཤིན་ཏུ་དཀོན་ཞེས་པ་ལས་གཞན་གང་ཡང་མིན། སྔོན་ཡིན་ན་ནམ་མཁའ་ཚང་ལ་ཞབས་བརྟན་དང་ནམ་མཁའ་རྫོང་ལ་བསྔགས་པ་ཡང་བརྗོད་མྱོང་བས་ཐུགས་བརྗེད་ཁུར་སོང་ཡོད་པ་འདྲ། གང་ལྟར་རེ་དོགས་གང་མེད་པར་བདེན་པའི་སྐད་ཆ་བཤད་པར་སུ་ཞིག་ལ་ཕོག་ན་དགོངས་གསོལ་མེད། མདོ་དོན་ནམ་མཁས་སྤོ་རྒྱག་ལ་དུང་ལེན་མེད་པར་མ་ཟད་གཞོང་ཁང་དུ་ཉིད་ཀྱིས་བཙན་འགྲེལ་གནང་བར་ངོས་ལེན་མེད་པས་ཐུགས་ལ་ཟུངས། སྙིང་དོན་ཀླུ་དབང་ནུབ་ཕྱོགས་ཕེབས་འདོད་དང་།།རྒྱལ་དབང་རྒྱ་ནག་གནས་སྐོར་ཕེབས་འདོད་སོགས།གནས་སྐབས་ཞི་བདེའི་བལྟད་མོ་བལྟ་འདོད་རིགས།།མཁས་གྲུབ་ཚིག་ཀྱང་རང་འདོད་མ་སོང་ངམ།། དེ་མིན་སྔགས་པ་སྡང་བའི་དགེ་སྦྱོང་དང་།།གསང་ཆེན་ཐེག་པ་སྤོང་བའི་རིགས་ལམ་འཁན།།སློབ་དཔོན་པད་འབྱུང་སྡང་བའི་སྙིགས་དུས་སུ།།དྲང་བདེན་ཁ་རོགས་སྡོད་པའི་དུས་མ་ཡིན།།དྲ་གྲོགས་ཤིག་གིས་ནམ་མཁའ་བླ་མས་ཁྱོད་ལ་Namkha Lama མཁན་ཆེན་ཁྱོད་ད་བདེ་བར་བཞུགས་རོགས། ཕར་ལ་གང་ཡང་བཟང་ངན་གཉིས་ཞུ་མྱོང་མེད། ག་དུས་ཡིན་ན་དེ་འདྲ་ཞིག་ག་རེ་རེད། ངའི་ཆོས་ཚོགས་གཞུང་ཁང་རེད་གསུང་མཁན་ཁྱེད་ལ་སྐུ་གཅེས་ད་ཞལ་ཙུམ་རོགས། ཁྱེད་བྱ་བ་ལམ་འགྲོ་དང་སྐུ་ཚེ་རིང་ཞུ་ཡ་ཡིན། སོ་སོའི་ལམ་ནས་སོ་སོ་འདུག་ན་ཡག་གི་རེད། ངོ་མ་སུན་གི་ལགས། དགོངས་འགལ་མེད་པར་ཞུ།
སློབ་བཟང་སངས་རྒྱས་ལྷས་བྱིན་ཁྲིམས་རས་གཙུར།།
གཞུང་བསྟེན་སྲུང་མ་ཁྲོས་ཏེ་མནའ་ཆུ་བླུད།།
གོ་སྐབས་གཉིས་པ་ཐོབ་ཚུལ་བསྒྲགས་མོད་ཀྱང་།།
འདས་པའི་ལོ་ལྔར་འཁྲབ་རྫུན་སྣ་ཚོགས་པས།།
འབངས་རྣམས་ཁོང་ལ་ཡིད་ཆེས་མེད་པར་གྱུར།།
ཧཧཧཧཧ་་་་་ཨེ་མ་ཧོ་་་་་་ཁོག་རྒྱ་ཆེ་ཙམ་ཡོད་དྲན་ཡང་ད་མི་འདུག་གདའ། ཆོས་བཤད་ལས་ལག་ལེན་མེད་པ་འདྲ། ཚིག་ངན་གཅིག་བཟེད་ཐུབ་མི་འདུག་་་་་ཧཧཧཧ་་་་་་སྒྱུ་མ་དང་རྨི་ལམ་་་་བྲག་ཅ་་་་་་ཁ་ཙམ་རེད་འདུག་གོ།
སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས་།
བསམ་གཏན་ཤེས་རབ་ཕར་ཕྱིན་དྲུག་།