པདྨ་རྣམ་གྲོལ།
སྲིད་ཀྱི་རྐུབ་སྟེགས་བགྲང་བྱ་ལྔ་ལ་བཟུང་།།
ལོ་ངོ་ལྔ་བཅུའི་གཟི་བརྗིད་ས་ལ་བརྡབ།།
འཐུས་ཤོར་ཨི་ཁུང་འགོག་པའི་ལྷན་པ་ཡང་།།
གཙབས་རལ་སོང་བར་འགྱོད་པ་ཨེ་འདུག་གམ།།
རྒན་གཞོན་ལས་བྱེད་མང་པོའི་ལྷག་བསམ་ལ།།
ཁྱད་གསོད་རྡོག་རྫིས་གཏོང་རྒྱུ་མང་དྲགས་ནས།།
བློ་ཕམ་ངང་ལ་རྩ་དགོངས་འགྲོ་བའི་གྲངས།།
འཕར་བཞིན་ཡོད་པར་སེམས་པ་འཚབ་ལགས་སམ།།
གཞུང་དོན་ཟུར་དུ་བཞག་ནས་འོས་ཤོག་ལ།།
འབད་པ་བརྒྱ་འགྱུར་བྱས་པའི་ལོ་ངོ་ལྔས།།
སྒེར་གྱི་མཚན་སྙན་སྲུང་སྐྱོབ་ཐུབ་ཙམ་འདིས།།
སྐུ་ངོའི་སེམས་ཀྱི་འདོད་པ་ཁེངས་ལགས་སམ།།
ཁྱབ་བསྒྲགས་ཁོ་ནའི་རྗེས་སུ་རྒྱུག་རྒྱུག་ནས།།
ལས་དོན་བྱས་རྗེས་སྟོན་རྒྱུ་མ་རྙེད་པས།།
བརྒྱ་ཆ་ལྔ་བཅུ་གསང་བ་ཡིན་ནོ་ཞེས།།
དམངས་ལ་མགོ་སྐོར་བཏང་བར་འགྱོད་ལགས་སམ།།
སྐྱོབ་གསོར་སྤྲད་པའི་ཨ་སྒོར་ས་ཡ་དྲུག།
བླ་མེད་བྱས་རྗེས་ཡིན་ཞེས་བགྲངས་བགྲངས་ནས།།
འཐུས་ཤོར་རྫབ་དོང་བཀབས་པའི་གནང་སྟངས་དེས།།
འོས་ཤོག་ཐོབ་ཙམ་བྱུང་བར་སྤྲོ་ལགས་སམ།།
རྫུན་དང་ཧམ་པས་དམངས་ཀྱི་མགོ་སྐོར་ནས།།
བདེན་པའི་ངོ་རིས་འཁྱོག་བཤད་བྱས་བྱས་ནས།།
བོད་མིའི་སྤྱི་ཚོགས་ཡར་མར་དཀྲུགས་དཀྲུགས་ནས།།
མཐུན་སྒྲིལ་གཏོར་བཤིག་བཏང་བར་འགྱོད་ལགས་སམ།།
ཕྱི་ཡི་ལྕགས་རི་ཕྱི་དྲིལ་བཀའ་བློན་གྱིས།།
མ་འོངས་སྲིད་སྐྱོང་ཆ་རྐྱེན་དགུ་བགྲངས་ནས།།
ཁྱོད་ལ་སྡོམ་ཚིག་རི་མོའི་རྒྱས་བཏབས་པར།།
རང་ཉིད་རང་ལ་ངོ་ཚ་ཨེ་བྱུང་ངམ།།
ནང་གི་ནོར་བུ་བདེ་སྲུང་བཀའ་བློན་གྱིས།།
བཟང་སྤྱོད་ལག་བསྟར་གནང་ནས་ཕེབས་པ་དེས།།
ལོ་ལྔའི་གཟི་བརྗིད་ཁོག་པ་སྟོང་པ་དེ།།
དམངས་ལ་བསྟན་པར་འགྱོད་པ་སྐྱེས་ལགས་སམ།།
རྒྱལ་གཅེས་དཔའ་བོ་གཉིས་ཀྱི་རོ་ཐོག་ནས།།
གཞས་བཏང་ཞབས་བྲོ་བརྒྱབ་པའི་བྱེད་སྟངས་དེར།།
གཞིས་ལུས་མི་མང་ཡིད་ཐང་ཆད་འདུག་པས།།
རང་མདོག་བསྟན་པར་འགྱོད་པ་ཨེ་བྱུང་ངམ།།
ལོ་ལྔའི་འཐུས་ཤོར་ཨི་ཁུང་ནག་པོ་དེས།།
ལྷ་མི་གཉིས་ཀ་ཡིད་ཐང་ཆད་དུ་བཅུག།
ལྔ་བཅུ་ལོ་ངོའི་རྗེས་ཀྱི་འཐུས་ཤོར་འདིར།།
ངོ་ཚའི་འགྱོད་གདུང་སྙིང་ལ་གཟན་བྱུང་ངམ།།
གཞན་གྱི་བྱས་པའང་རང་གི་ཡིན་ནོ་ཞེས།།
ཧམ་རྫུན་ཉི་ཚེའི་གཏམ་གྱིས་མགོ་སྐོར་བཏང་།།
ཕྱིར་ལྟས་ཨེན་ཙམ་མེད་པའི་ཕེབས་སྟངས་དེར།།
ད་ལྟ་ཕྱིར་ལྟས་སློག་ན་འགྱོད་ལགས་སམ།།
སྔོན་ཚེ་ལྷ་ལྡན་རྒྱལ་སའི་བཀའ་བློན་ཚོས།།
ལས་དོན་འཐུས་ཤོར་བཏང་བའི་མཇུག་འབྲས་ལ།།
ཆོས་སྐྱོང་ཁྲོས་ནས་རྡོ་རྗེའི་མནའ་ཆུ་བླུད།།
ད་ལོར་ཁྱེད་ལ་བླུད་པར་འགྱོད་ལགས་སམ།།
སྤྱི་བའི་སྒྲིག་འཛུགས་སྲ་བརྟན་བཟོ་བ་ལས།།
སྒེར་གྱི་མཚན་སྙན་གལ་ཆེར་བཟུང་བཟུང་ནས།།
གངས་ཅན་བོད་ཀྱི་ལོ་རྒྱུས་གླེགས་བམ་ནང་།།
རང་ཉིད་ནག་པོ་ཆགས་པར་འགྱོད་ལགས་སམ།།
ཤེས་ཡོན་འཕྲོད་བསྟེན་གཞིས་ཆགས་ཡར་རྒྱས་སོགས།།
ག་ས་གང་ནས་འཐུས་ཤོར་བཏང་བཏང་ནས།།
བླ་མ་ལྷ་སྲུང་ཐུགས་ཕམ་བཟོས་པ་དང་།།
ཆོས་སྐྱོང་ཁྲོས་པའི་བཀའ་དེར་འཇིགས་ལགས་སམ།།
བཀའ་ཟུར་སྤྱི་ཟུར་རྣམ་པ་ལྷན་འཛོམས་ཀྱིས།།
ལོ་ལྔའི་གཟི་བརྗིད་ཁོག་པ་སྟོང་པའི་ནང་།།
དོན་ལྡན་གྲུབ་འབྲས་ལེན་ཐབས་དོན་ཚན་ལྔ།།
མ་སྐུལ་དང་བས་གནངས་པར་དགྱེས་ལགས་སམ།
ད་ནི་མ་འོངས་ལོ་ངོ་ལྔ་ཡི་ནང་།།
གྲུབ་འབྲས་ཐོན་པའི་བགྲོད་པ་དཀའ་ན་ཡང་།།
ད་ལྟའི་འཐུས་ཤོར་འདི་ལས་མི་ཟགས་པའི།།
ཞུ་བ་འཐེན་པའི་མཐེ་བོང་བསྒྲེངས་བཞིན་ཡོད།།
འདས་སོང་གནས་སྟངས་ངོ་མའི་ཟུ་ཟུར་ཙམ།།
ཡི་གེའི་རི་མོར་བཏབས་པ་འདི་ཙམ་ལ།།
སྐུ་ངོ་སྲིད་སྐྱོང་དགོངས་པ་མ་ཚོམས་ཨ།།
བདེན་པའི་ཐག་ཉེ་གླེང་ན་འདི་འདྲར་འདུག།
སྲིད་སྐྱོང་མཆོག་ལ་དྲི་བ་ཕུལ་བར་བཀའ་དྲིན་ཆེ།
གནད་ལ་འཁེལ་བའི་རྩོམ་བྲིས་འདུག བཀའ་དྲིན་ཆེ། ཉེ་འཆར་༧ གོང་ས་མཆོག་ཐུགས་ཕམ་པའི་གནས་་ཚུལ་རིགས་བྱུང་འདུག རྒྱ་རྐྱེན་གཙོ་བོ་སྲིད་སྐྱོང་གི་ཕྱག་ལས་གནང་སྟངས་ལ་ཡིན་པ་ཚང་མས་ཤེས་གསལ་རེད།
སྲིད་སྐྱོང་བློ་སེང་ལགས་ཀྱི་སྣེ་འཁྲིད་པའི་བཀའ་ཤག་ནས་ལས་དོན་འཐུས་ཤོར་དང་ལྷག་པར་དུ་འོས་ཤོག་སྐབས་ཕྱོགས་ཞེན་འཐེན་འཁྱེར་རྣམ་པ་ཤུགས་ཆེ་བྱུང་ཡོད་སྟབས་༧གོང་ས་མཆོག་ཐུགས་ཕམ་བྱུང་ཡོད་པ་ཀུན་གྱི་མཁྱེན་གསལ་ཡིན། གནས་ཚུལ་ཚར་ཟིན་པ་ཚར་བ་རེད། བསྐྱར་ཟློས་བྱེད་ན་ཕན་ཐོག་གང་ཡང་མེད། དེ་ལས་སྔོན་བྱས་ནོར་འཁྲུལ་བྱུང་བ་རྣམས་ཐུགས་ལ་བཞག་ནས་མ་འོངས་པར་མི་ཡོང་བར་ཡིད་གཟབ་གནང་རོགས་འབོད་སྐུལ་ཞུ་བཞིན་ཡོད།
བྱས་རྗེས་ཐམས་ཅད་རང་གིས་བྱེད་ཡོད་ཟེར།
མ་འཇོན་ཐམས་ཅད་གཞན་གྱི་བྱུས་ཉེས་ཟེར།
བྱུང་བ་ཐམས་ཅད་ལྷ་ཡིས་གནང་བར་བསྒྲགས།
བཙན་པོ་བོད་འདིའི་ལས་དབང་གཟིགས་རོགས་གནང་།
བྱས་རྗེས་ཐམས་ཅད་སྲིད་སྐྱོང་ང་ཡིན་ཟེར། མ་འཇོན་ཐམས་ཅདམི་རབས་རྒན་པ་ཟེར། ། ལྷ་མིའི་མངོན་སུམ་སྐྱོན་རྣམས་སྟོན་བཞིན་དུ། ད་དུང་ཀླད་འཁྲེགས་འདི་ནི་ཕན་མེད་ཡིན།
དབུ་མའི་ལམ་ལ་བློ་བཟང་སེངྒེ་མཁས།
རང་བཙན་རྩོད་ལ་ཨ་ཚོགས་ཀླུ་མཁར་བྱམས།
དེ་མིན་སྔ་ཕྱི་གཉིས་ཀྱི་བྱུང་རིམ་ནང་།
བཀའ་ཚོགས་ཟུང་གི་གྲུབ་འབྲས་སྟོང་པ་རེད།
སྟོང་པས་སྟོང་སྐད་མཐའ་གྲུ་ཀུན་ཏུ་བརྒྱབས།
རིན་བྲལ་བོད་འདི་མཐའ་མེད་ཡུལ་དུ་བསྐྱུར།
ད་དུང་ཁྲེལ་འདས་ལྷ་ལུང་ལ་བསྙེས་ནས།
མང་པོས་བཀུར་བའི་སྲིད་སྐྱོད་བསྙད་ལ་བརྩོན།
པདྨ་རྣམ་གྲོལ་་་་་ཁྱོད་ཀྱིས་ད་བར་དུ་ས་ཡ་དྲུག་གི་ཆེད་དུ་ག་རེ་བྱས་བཞག་ཡོད་དམ། ཅིག་བགྲང་དང་། མཛུབ་མོ་ཚང་མ་མིར་བཙུགས་མ་སྡོད། ཚུར་རང་གི་གདོང་ལ་ཅིག་ཚུགས་དང་ད་བཟོད་ནག་ནོག་མང་པོ་མཐོང་རྒྱུ་ཡོད་རེད་གདའ། ད་ཁ་ཁར་བཞུགས་ན་ཡག་རེད། མཐུན་ལམ་ལ་གས་ཆགས་གཏོང་ན་ཕན་ཐོག་ཅི་ཨེ་ཡོད་དྲན།
དངོས་ཡོད་གནས་སྟངས་རང་བྲིས་འདུག དེ་ག་རང་རེད། དངོས་ཡོད་གནས་སྟངས་བཤད་དགོས་རེད། བཤད་པ་ཙམ་མ་ཟད། ལོ་རྒྱུས་དེབ་ཐེར་ནང་ལ་འགོད་དགོས་པ་རེད། སྲིད་སྐྱོང་གིས་ལོ་ལྔའི་རིང་བཏང་བའི་འཐུས་ཤོར་དེ་ཡང་ལོ་རྒྱུས་ཀྱི་དུམ་བུ་གཅིག་ཆགས་ཚར་བ་རེད། དེར་འགྱུར་བ་གཏོང་ས་ཡོད་པ་མ་རེད། མ་འོངས་འཐུས་ཤོར་མི་གཏོང་བ་གལ་ཆེན་པོ་རེད། མི་མང་ལ་མགོ་སྐོར་མི་གཏོང་བ་གལ་ཆེན་པོ་རེད། བྱས་རྗེས་འཇོག་པའི་རེ་བ་ནི་མེད། མ་འོངས་ལོ་ལྔ་དེ་འཐུས་ཤོར་འདི་ནས་མར་མ་ཟགས་པ་ཞིག་གནང་ཐུབ་ན་དེ་ཙམ་གྱིས་འདོད་པ་ཚིམ་པ་ཡིན།
དབུ་མའི་ལམ་གྱི་དངོས་སློབ་སྤེན་ཚེ་ལགས།
རང་བཙན་རྩོད་ལ་ཨ་ཚོགས་ཀླུ་མཁར་བྱམས།
དབུ་མ་རང་བཙན་གསལ་ལ་མ་གསལ་བ།
ཧ་ཝརཌ་སློབ་ཐོན་སློབ་བཟང་སངས་རྒྱས་ཡིན།
ཏྲེ་ཧོར་བྱམས་པ་རིན་ཆེན། པདྨ་རྣམ་གྲོལ་མ་སོགས་པའི་དྲྭ་གྲོགས་རྣམས་ཀྱིས་སྲིད་སྐྱོང་དང་ཚོགས་གཙོ། འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་རྣམས་ལ། གཞི་ཡོད་པའི་སྐྱོན་འཛུགས་སུ་ལའང་བྱེད་ཆོག དེ་མང་གཙོའི་འགྲོ་སྟངས་རེད། སྒེར་སོ་སོའི་ངོས་ནས་བོད་མི་ས་ཡ་དྲུག་གི་ཆེད་དུ་བྱ་བ་གང་བྱེད་མིན་ལྟ་རྒྱུ་མ་རེད། དཔེར་ན་ཨ་རིར་ལྟ་བུ་མི་སེར་དཀྱུས་མ་ཞིག་གིས་སྲིད་འཛིན་མཆོག་ལ་སྐྱོན་བརྗོད་བྱེད་ཆོག་པའི་ཐོབ་ཐང་ཡོད། ཡིན་ནའང་གང་ཟག་དེས་ཨ་རི་མི་འབོར་གསུམ་བརྒྱ་ལྷག་གི་ཆེད་དུ་ཞབས་ཕྱི་ཞུས་ཡོད་མིན་དེ་མ་རེད། ཧ་གོ་ཨེ་སོང་།
དངོས་གནད་ལ་ཁེལ་བའི་རྩོམ་ཡིག་ཟེར་ནོ་རེད། ཡི་རང་བསྔགས་བརྗོད་ཡོད། མུ་མཐུད་ནས་ཡིན་ད།
@ ཏྲེ་ཧོར་བྱམས་པ་རིན་ཆེན་ཟེར་བ་འདི་ལ་ལྟོས་དང། ལམ་སེང་ཆོལ་ཁའི་འཐེན་འཁྱེར་གྱི་སྐད་ཆ་ཁོ་ན་ཤོད་མཁན་ཞིག་འདུག ད་འོས་བསྡུའི་ཚར་ནའང་དེ་འདྲ་ཤོད་ནས་ཡོད་དུས་དོགས་པ་མ་ཟ་ཐབས་མེད་ཅིག་ཆགས་སོང། དེར་བརྟེན་ཁ་བརྡའི་དྲ་འབུ་རྣམས་ཀྱིས་མི་ངན་དེ་ལྟ་བུའི་རིགས་ལ་དོགས་ཟོན་དགོས་པ་རེད།
དེང་སང་སྲིད་སྐྱོང་ལ་སྐྱོན་བརྗོད་ཀྱི་རྩོམ་ཞིག་ཐོན་ལམ་སེང་ཆོལ་ཁའི་དར་ཆ་འཕྱར་གྱི་འདུག སྲིད་སྐྱོང་སེང་གེ་ནི་སྐྱོན་མེད་ཅིང་ཡོན་ཏན་ཕུན་སུམ་ཚོགས་པའི་སྐྱེ་བུ་ཞིག་ག་ལ་ཡིན། དང་པོ་བོད་ཡིག་དང་བོད་སྐད་དེ་ཡག་པོ་ཤེས་ཀྱི་མེད་། དེ་འདྲ་ཡིན་དུས་ནོར་འཁྲུལ་ལ་ནོར་འཁྲུལ་དུ་ལྟ་དགོས་པ་ལས། ཆོལ་ཁའི་འཐེན་འཁྱེར་གྱི་མིག་སྒྲིབ་ཡོད་ན། ནག་ཁུང་ནང་དུ་ཁབ་བཙལ་བ་ལྟར་རེད། ཉིན་ཞིག་སྲིད་སྐྱོང་སེང་གེའི་བོད་མིའི་སྒྲིག་འཛུགས་དང་བཅས་པ་བཙོང་ནའང་ཡག་པོ་རེད་ཟེར་ས་རེད། ད་ཆོལ་ཁའི་འཐེན་འཁྱེར་གྱི་སྐད་ཆ་དེ་ཚོ་མ་གླེང་ན་ཡག་གི་རེད། ད་བར་དུ་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས། གྲོས་ཚོགས་རྭ་བ་བཅས་སུ་དཀའ་ངལ་ག་ཚོད་ཅིག་བཟོས་ཡོད་པ་རྣམས་དྲངས་ནས་བསྡད་ན་རྫོགས་རྒྱུ་ཡོད་མ་རེད།
སྲིད་སྐྱོང་གིས་ལོ་ལྔའི་རིང་འཐུས་ཤོར་བཏང་བ་དེ་གླེང་མི་ཆོག་པ་ཨེ་རེད། དེ་དངོས་ཡོད་གནས་སྟངས་རེད་ད། ཡིན་ནའང་། དངོས་ཡོད་གནས་སྟངས་དེ་མི་མང་གིས་ཧ་གོ་རྒྱུ་ཅུང་འཕྱིས་སོང་བ་རེད། དེར་བརྟེན། ཉེ་ཆར་བཀའ་ཟུར་དང་ཚོགས་ཟུར་ཚོ་མཉམ་དུ་འཛོམས་ནས། ལས་ཀ་གྲུབ་འབྲས་ཐོན་པ་བྱེད་ལུགས་བྱེད་སྟངས་ངོ་སྤྲོད་བྱེད་དགོས་བྱུང་བ་རེད། འདས་པའི་ལོ་ལྔ་དེས་བསྟན་པ་ནི། བློ་སེང་ཁོང་སྒྲིག་འཛུགས་དང་སྤྱི་དོན་ཐད་ལ་ཧུར་ཐག་བྱེད་མཁན་ཞིག་མིན་པར། སྒེར་གྱི་མཚན་མཐོང་ཐད་ལ་ཧུར་ཐག་བྱེད་མཁན་ཞིག་ཡིན་པ་དེ་རེད། འོས་བསྡུའི་ལས་རིམ་སྐབས་སྲིད་སྐྱོང་གི་སྐྱོན་དང་ཡོན་ཏན་གླེང་བའི་རྩོམ་ཧ་ཅང་མང་པོ་ཐོན་ཡོད་པ་རེད། དེ་ཚོ་ཕྱོགས་བསྒྲིགས་བྱས་ནས་ལོ་རྒྱུས་ཡིག་ཚགས་ནང་བཞག་པ་ཡིན་ན། དེ་དངོས་ཡོད་གནས་སྟངས་འཚོལ་ཞིབ་བྱེད་མཁན་ཚོར་ཕན་གྱི་རེད། འདི་འདྲ་ལ་ལོ་རྒྱུས་སུ་འཁོད་པ་ཟེར་གི་རེད། གང་འདྲ་འདུག་ཨ། དེ་འདྲ་ཡིན་ཙང་། སྲིད་སྐྱོང་གི་བྱས་རྗེས་ཧ་གོ་མཁན་ཚོས། ཁོང་གི་བྱས་རྗེས་ཡིག་ཐོག་ལ་སྤེལ་ན་ལོ་རྒྱུས་ནང་གཟི་བརྗིད་ཀྱིས་གནས་ཀྱི་རེད། ཨེ་རེད། འབོད་སྐུལ་ཞིག་ཞུ་འདོད་སོང་། ཉེ་ལམ་སྲིད་སྐྱོང་གི་གྲུབ་འབྲས་ཆེན་པོ་བཅུ་ཟེར་བ་ཞིག་སྤེལ་སོང་བ་དེས་ཁུངས་འཁྱོལ་མ་སོང་། གཞན་པ་ཁུངས་འཁྱོལ་བ་ཡི་བྱས་རྗེས་འདྲ་བགྲངས་རྒྱུ་ཡོད་ན་སྤེལ་ནས་མང་ཚོགས་ལ་ཧ་གོ་བཅུག་ན་སྲིད་སྐྱོང་ལ་ཕན་གྱི་རེད།
༅༅།པད་མ་རྣམ་གྲོལ་ཨ་རོ།
ཁྱོད་ནི་ཁ་རྒྱག་ཁྱོད་ནི་སྟོང་པ་རེད། བོད་མིའི་སྒྲིག་འརྗུགས་དང།སྲིད་སྤྱི་གཉིས་ལ་ཟུར་ཟ་དང་དམན་པའི་
ཚིག་ཤ་སྟག་བྲིས་པ་དེ་ཁྱོད་ཁུངས་དེ་ག་ནས་ཡིན་ནམ། རྒྱ་དམར་པོའི་ལྟོ་ཟ་གི་མེད་དམ།
དེ་མིན་ན་སོ་སོ་རང་ཉིད་ནས་བོད་མི་རིགས་དང།་རྒྱལ་ཁབ་ལ་ཕན་པའི་ལས་དོན་གང་བྱེད་ཡོད་དམ།
སྣེ་གཅིག་བྱས་ཡོད་ཀྱི་མ་རེད།
ཁ་སྟོང་པ་རྗིགས་མདོག་མ་སྟོན་མར་ཕྱི་ཚོགས་ནང་ཐོན་ནས་རྒྱལ་ཁབ་ལ་ཕན་པའི་ལས་དོན་འདྲ་བྱེད་དང་།
དེ་མིན་སྟོང་བཤད་རྒྱག་མི་དགོས།
བོད་རྒྱ་ཆེ་མི་མང་གི་འོས་འཕངས་ནས་སྲིད་སྐྱོང་དུ་སླར་རྒྱལ་ཁ་ཐོབ་པར་ཁྱོད་མིག་མ་ཚ།
རྟ་རྒྱུགས་ནས་བུད་ཡལ་ཚར་བ་རེད་ད་མང་པོ་བཤད་པ་འདིའི་གོང་ས་མཆོག་གི་དགེང་པ་དཀྲུགས་རྒྱུ་དང་བོད་མི་ནང་ཁུལ་ལ་བསམ་ཚུལ་འདྲ་མིན་བཟོ་རྒྱུ་ཙམ་ལས་གཞན་ཕན་གནོད་འདྲེས་པའི་སྐད་ཆ་ཞིག་ཡིན་པར་ངོས་འཛིན་ཐུབ་མ་སོང་རྒྱ་དགའ་བོད་སྡུག་གི་གནས་ཚུལ་རིགས་གླེང་མ་དགོས་པ་གལ་ཆེ་ལ་ལྷག་བསམ་འགན་འཁུར་སྤྱི་སེམས་རྣམ་དག་ཡིན་ན་རང་མིང་བཀོད་ནས་འབྲེལ་ཡོད་ལ་ཐད་ཀར་ཡིག་གེ་ཕུལ་དགོས་ནི་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ཟེར་བ་དེ་མ་རེད་དམ་།
བྱས་རྗེས་ཐམས་ཅད་སྲིད་སྐྱོང་ང་ཡིན་ཟེར། མ་འཇོན་ཐམས་ཅདམི་རབས་རྒན་པ་ཟེར། ། ལྷ་མིའི་མངོན་སུམ་སྐྱོན་རྣམས་སྟོན་བཞིན་དུ། ད་དུང་ཀླད་འཁྲེགས་འདི་ནི་ཕན་མེད་ཡིན། སློབ་བཟང་སངས་རྒྱས་ལྟད་མོ་རྗེས་ལ་ཡོད།
འོ་ཡི་གེ་བྲིས་དུས་པདྨ་འཕྲིན་ལས་ཀྱི་བྲིས་པ་ནང་བཞིན་འདྲི་རྒྱུ་མ་བརྗེད་པ་གནང་ཨ་དངོས་གནས་སྙེམ་བྱ་དང་ནང་དོན་གཉིས་ཀ་ཚང་བའི་རྩོ་ཐུང་རེད་འདུག་ཐུགས་རྗེ་ཆེ་ལོ།
མི་རིགས་གཅིག་ལ་ལེགས་ཉེས་འབྱེད་པའི་བློ་གྲོས་ཀྱི་མཐུ་མེད་སྟབས་གང་བྲིས་ཐམས་ཅད་སྐྱོན་དུ་སྣང་མཁན་དེ་ཚོར་ལན་འདེབས་དང་གསལ་བཤད་མེད་ན་བཟང་ངོ་།
དྲ་བདག་ལ་དགོངས་འགལ་མེད་པ་གཅིག་ གནས་ཚུལ་འདི། ཀློག་གིན་ཀློག་གིན། བསམ་གྱིན་བསམ་གྱིན་མ་སྐྱིད་པ་དང་མ་བདེ་བའི་ཚོར་སྣང་ཞིག་ངང་ངམ་ཤུགས་ཀྱིས་བྱུང་སོང་།
~~~~~~ ད་ནས་བཟུང་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་བོད་མིའི་སྒྲིག་འཛུགས་ལ། ༸གོང་ས་མཆོག་ཆིབས་བསྒྱུར་གནང་སྐབས། སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་སུ་ཡང་། ཕེབས་བསུ་དང་ཕེབས་སྐྱེལ་གཉིས་ཀར་བཅར་མི་དགོས་པའི་བཀའ་ནན་ཡིག་ཐོག་ཏུ་གནང་ཡོད་པའི་གནས་ཚུལ་ཞིག་རེད། http://www.tribuneindia.com/mobi/news/himachal/dalai-lama-annoyed-with-sikyong-candidates/222821.html
པདྨ་འཕྲིན་ལས་ཀྱི་བདེན་གཏམ་གླེང་བར་མི་འདོད་པའི་རྣམ་འགྱུར་སྟོན་མཁན་ཚོས་གཤམ་གྱི་དྲ་ཐག་འདི་བརྒྱུད་དེ་གཅིག་གཟིགས་དང་ཁྱེད་རྣམ་པར་མཀོ་བའི་སྨན་རིགས་ཁག་གཅིག་འདུག་པ་དེ་རྣམས་བགྱེས་བཤེས་ཡོད་པ་ཞུ།
གནས་ཚུལ་འདི། ཀློག་གིན་ཀློག་གིན། བསམ་གྱིན་བསམ་གྱིན་མ་སྐྱིད་པ་དང་མ་བདེ་བའི་ཚོར་སྣང་ཞིག་ངང་ངམ་ཤུགས་ཀྱིས་བྱུང་སོང་།
~~~~~~ ད་ནས་བཟུང་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་བོད་མིའི་སྒྲིག་འཛུགས་ལ། ༸གོང་ས་མཆོག་ཆིབས་བསྒྱུར་གནང་སྐབས། སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་སུ་ཡང་། ཕེབས་བསུ་དང་ཕེབས་སྐྱེལ་གཉིས་ཀར་བཅར་མི་དགོས་པའི་བཀའ་ནན་ཡིག་ཐོག་ཏུ་གནང་ཡོད་པའི་གནས་ཚུལ་ཞིག་རེད། http://www.tribuneindia.com/mobi/news/himachal/dalai-lama-annoyed-with-sikyong-candidates/222821.html
Chat Conversation End
མཀོ་དེ་མཁོ་ལ་བཅོས། བཤེས་དེ་བཞེས་ལ་བཅོས།
དཔྱད་དཔྱོད་གང་ལེགས་ཤིག་གནང་འདུག བཀའ་དྲིན་ཆེ།
མི་ལ་ངོ་ཚ་མེད་ན་ཁྱི་དང་འདྲ། ཁྱི་ལ་མཇུག་མ་མེད་ན་འདྲེ་དང་འདྲ་གསུངས་བ་ལྟར་རེད།
ཁྲིམས་སྒྲིག་ཡོད་ཚད་རྐང་འོག་ཏུ་མནན། ཧམ་བཤད་ལོག་བཤད་ཀྱིས་རི་ཀླུང་བརྒྱངས། ཡོད་ཚད་མངོན་སུམ་ལ་སྨྱོན་ནུས་ནས་མེད་པར་ད་ཅི་ཞིག་ལ་རེ། རྦིད་པ་ལ་དབང་བྱུང་ན་གོ་ཁ་ཐལ་ཚུབ་སྔར་ཞིན་བརྒྱངས་རྒྱུ་ཡིན་པར་ཐེ་ཚོམ་དགོས་མི་འདུག ད་ཡིན་ན་འང་གུའི་རྐུབ་ནས་ཨ་ལོང་ཟག་པའིརེ་བ་མེད་དོ། །
པདྨས་བཤད་ཆོག་ན། བྱམས་པས་འབྲི་ལོས་ཆོག ཧ་ཧ། དམངས་གཙོ་ཚང་མ་ལ་རེད་ད།
དངོས་བྱུང་གནས་ཚུལ་རང་བྲིས་འདུག དེ་ག་རང་རེད། ཡིན་ནའང་། དྲང་པོར་བཤད་ན་མི་མི་དགའ།། དབྱུག་པ་བསྟན་ན་ཁྱི་མི་དགའ།། ཟེར་བ་རེད།
པད་མ་རྣམ་གྲོལ་ལགས་ནས་བྲིས་པ་དེ་ནི་སྔ་ཕྱིའི་བྱུང་རབས་ལ་རྒྱུས་མངའ་ཡོད་པ་ བོད་སྤྱིའི་སེམས་ཤུགས་ཡོད་པ་ བདེན་དོན་ཁོ་ན་བྲིས་འདུག་པས་སེམས་གཏིང་ནས་བཀའ་དྲིན་ཆེ་ ཆོལ་ཁའི་འཐེན་འཁྱེར་གྱི་མིག་སྒྲིབ་པའམ་གང་ཟག་རིང་ལུགས་ཀྱི་དགའ་མིན་དགའ་མདོག་དང་ཀླད་མེད་ཧོལ་རྒྱུགས་བྱེད་མཁན་གྱི་སྐད་ཆར་ཉན་ནས་བྲོ་བ་ཡང་མི་འདུག་ལ་དེ་དག་ཡོད་དང་མེད་ཀྱི་ཁྱད་པར་ཡང་ཡོང་མི་སྲིད་ ཁའི་ནང་གི་རྨ་ཁ་དེ་ཁའི་ནང་གསོ་དགོས་དུས་༧རྒྱལ་བ་དོན་གྱི་བདག་པོའི་དགོངས་པ་དཀྲུགས་མཁན་དང་བོད་གཞུང་ལ་ཁ་གཏད་བྱེད་མཁན་ རྒྱ་ཐོབ་ན་རྒྱ་མགོ་བཏགས་མཁན་དང་བོད་ཐོབ་ན་བོད་མགོ་བཏགས་མཁན་ཁྱོད་ཚོར་དུས་ནམ་ཡང་ཁ་གཏད་གཅོག་རྒྱུ་ཡིན་
བློ་བཟང་སངས་རྒྱས་རྩག་སྒྲའི་སྒམ་ཆུང་རེད་།
རྣོ་བསམ་མེད་པས་ཁང་པ་མེར་སྲེག་སྲིད་།
བློ་བཟང་སངས་རྒྱས་རྙོག་ཁྲའི་སྒམ་ཆུང་རེད་།
རྙོག་ཁྲ་མ་བཟོས་པ་ལ་སྡོད་མཁན་མིན་།
སྲིད་སྐྱོང་བློ་བཟང་སངས་རྒྱས་ཀྱི་བཀའ་བློན་དེ་ལྟར་བསྐོ་དགོས་།
ཆོས་རིག་བཀའ་བློན་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་དྲོ་།
བདེ་སྲུང་བཀའ་བློན་ནེའུ་ཡོག་གྲྭ་ལོག་ཐོག་མེད་།
ནང་སྲིད་བཀའ་བློན་སྤྱི་ཟུར་བསོད་ནམས་སྟོབས་རྒྱལ་སྐྲ་ཅན་པ་།
ཕྱི་འབྲེལ་དང་རྒྱ་རི་འབྲེལ་འཐུད་བཀའ་བློན་ཨེ་རླུང་གི་གྲྭ་ལོག་སྐལྡན་བློ་གྲོས་།
དཔལ་འབྱོར་བཀའ་བློན་ནེའུ་ཡོག་གི་འཕྲིན་ལས་སྐལ་བཟང་།
འཕྲོད་བསྟེན་བཀའ་བློན་ཨོ་ཀ་ཚང་སྐལ་རྡོར་།
ཤེས་རིག་བཀའ་བློན་ལ་མཛངས་མའི་བློ་བཟང་དབང་རྒྱལ་།