དགེ་འདུན་དཀོན་མཆོག་ལ་ཕྱག་འཚལ་ལོ།
དགེ་འདུན་དཀོན་མཆོག་ལ་ཕྱག་གསུམ་འཚལ་ནས་བོད་ཀྱི་རྩ་དོན་སྐོར་བསམ་ཚུལ་ཅུང་ཟད་ཞུ་ན་འདོད་བྱུང་། ང་ཚོས་ད་བར་བོད་ཀྱི་རྩ་དོན་སྐོར་མང་པོ་གླེང་ཞིང་རྒྱབ་འདྲེ་མང་པོ་བརྒྱབས་ཚར་བས་ངའི་བསམ་ཚུལ་དེ་ཁྱེད་ཚོས་ཤེས་ཀྱི་རེད་ལ་ཁྱེད་ཚོའི་བསམ་ཚུལ་ངས་ཀྱང་ཤེས་ཀྱི་འདུག ་ཀྱང་ད་དམིགས་བསལ་གྱི་བོད་དོན་ཚོགས་ཆེན་སླེབས་ལ་ཉེ་བས་ཡང་སྐྱར་རང་གི་བསམ་ཚུལ་ཁ་གསལ་གྱིས་ཞུ་དགོས་བསམ་བྱུང་།
རང་བཙན།
གལ་སྲིད་ང་ཚོས་རང་བཙན་བརྩད་པ་ཡིན་ན་ངས་དེར་ལམ་ཁ་གཉིས་མཐོང་གི་འདུག གཅིག་ང་ཚོར་དམག་ཤུགས་དང་དཔལ་འབྱོར་གྱི་སྟོབས་ཤུགས་རྒྱ་ནག་ལས་ཆེ་བ་ཡོད་ན་ང་ཚོས་དམག་བརྒྱབ་ཏེ་རང་ས་ལེན་ཆོག་ཀྱང་དེ་མེད་པ་མ་ཟད་སྐྱབས་བཅོལ་གྱི་གནས་སྟངས་སྐྱོ་བོ་རང་གི་རྐང་པའི་ཐོག་ལངས་མ་ཐུབ་པར་བསྡད་ཡོད་པ་རེད། ངས་རང་བཙན་དགོས་ཟེར་མཁན་རྣམས་ལ་དམིགས་བསལ་གྱི་སེམས་ཤུགས་ཚ་བོ་ཞིག་ཡོད་པ་མཐོང་གི་འདུག ཡིན་ན་ཡང་རང་བཙན་འདི་སེམས་ཤུགས་གཅིག་པོས་ཡོང་ཐབས་མེད་པ་དེའང་མཐོང་གི་འདུག
ད་ལམ་ཁ་གཞན་ཞིག་ནི་རྒྱལ་སྤྱིའི་ཐོག་ནས་བོད་རང་བཙན་ཡིན་པ་ངོས་ལེན་དང་དེ་ལ་རྒྱབ་སྐྱོར་ཐོབ་པ། རྒྱ་ནག་ལ་གནོན་ཤུགས་སྤྲད་ནས་རང་བཙན་མ་སྤྲད་རང་སྤྲད་བྱ་འཇུག་རྒྱུ་དེ་རེད། དེ་འདྲ་ཞིག་ཡོང་རྒྱུར་ཐོག་མར་བཙན་བྱོལ་བོད་གཞུང་འདི་བོད་མིའི་ཁྲིམས་མཐུན་གྱི་གཞུང་ཡིན་པ་རྒྱལ་སྤྱིའི་ཐོག་ངོས་ལེན་ཡོང་དགོས་པ་རེད། བོད་འདི་ལོ་རྒྱུས་ཐོག་རང་བཙན་ཡིན་པ་ངོས་ལེན་ཡོང་དགོས་པ་རེད། ང་ཚོས་བཙན་བྱོལ་བོད་གཞུང་བོད་མིའ་ཁྲིམས་མཐུན་གྱི་གཞུང་ཡིན། བོད་རང་བཙན་ཡིན་ཞེས་བཤད་རྒྱུ་དེ་ལས་སླ་པོ་ཞིག་རེད། ཡིན་ན་ཡང་། ཤེས་དགོས་པ་ཞིག་ལ་ང་ཚོ་ལ་ཁ་གཏད་ཅིག་ཡོད་པ་དང་ང་ཚོའི་ཁ་གཏད་དེས་བོད་རང་བཙན་མིན་པའི་ཁུངས་སྐྱེལ་དང་སྒྲུབ་བྱེད་བཀོད་རྒྱུ་ཡིན་པ་རེད། བཙན་བྱོལ་བོད་གཞུང་བོད་མིའི་ཁྲིམས་མཐུན་གྱི་གཞུང་མིན་པར་སྒྲུབ་བྱེད་བཀོད་རྒྱུ་ཡིན་པ་དང་། དེ་ཡང་བོད་ནང་གི་བོད་མི་དེ་འདྲ་མདུན་དུ་ཁྱེར་ཡོང་གི་རེད། བོད་མི་སྐོར་ཞིག་ལ་ས་རྟགས་རྒྱག་བཅུག་ནས་ངེད་ཚོར་རང་བཙན་དགོས་ཀྱི་མེད་ཅེས་བཤད་བཅུག་པ་ཡིན་ན་ད་ཁྲིམས་ཐོག་ནས་ང་ཚོར་ཐོབ་པའི་རེ་བ་ག་ཚོད་ཅིག་ཡོད་པ་རེད། རྒྱལ་སྤྱིའི་ཐོག་བཙན་བྱོལ་བོད་གཞུང་བོད་མིའི་ཁྲིམས་མཐུན་གྱི་གཞུང་ལ་ངོས་ལེན་བྱ་རྒྱུ་གཅིག་པོའི་ཐོག་ནས་ཁེག་འགྲོ་གི་རེད།
ད་གལ་སྲིད་རྒྱལ་སྤྱིའི་ཐོག་ནས་བོད་རང་བཙན་ལ་ངོས་ལེན་རྒྱབ་སྐྱོར་ཐོབ་པའི་དབང་དུ་བཏང་ནའང་མཐར་ཐུག་ས་དེ་རྒྱ་མི་ལ་ཐུག་པ་རེད། རྒྱ་མི་དང་མཉམ་སྐད་ཆ་བཤད་དགོས་པ་རེད། རྒྱ་མིས་བོད་རང་བཙན་སྤྲད་གི་རེད་དམ། དེ་མ་སྤྲད་ན་རྒྱལ་ཁབ་སུ་ཞིག་་གིས་བོད་ལ་རྒྱབ་རོགས་ཀྱིས་རྒྱ་ནག་ལ་དམག་རྒྱག་གི་རེད།
རང་བཙན་རྩོད་མཁན།
རང་བཙན་རྩོད་མཁན་ནི་གཙོ་བོ་ལྷ་བཟང་ཚེ་རིང་། འཇམ་དབྱངས་ནོར་བུ། གཞོན་ནུའི་ཚོགས་པ། བོད་ནས་གསར་དུ་འབྱོར་བའི་་ནང་ཨ་ཚོགས་ཀླུ་མཁར་བྱམས་སོགས་དང་ང་ཚོའི་དྲ་ཁང་འདིའི་ནང་ཡང་སྐོར་ཞིག་ཡོད་པ་རེད། ཁོ་ཚོས་རང་བཙན་གྱི་གཞི་འཛིན་ས་གཙོ་བོ་ནི་བོད་ལོ་རྒྱུས་ཐོག་རང་བཙནཡིན། རང་བཙན་དགོས་ཟེར་བ་ཙམ་རེད། རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཀྱང་རང་བཙན་གྱི་ཐོབ་ཐང་ཡོད་པ་ཞིག་མཐོང་གི་ཡོད་པ་རེད། དེ་ཙམ་གྱིས་རང་བཙན་ཐོབ་ཀྱི་ཡོད་མེད། ལོ་ག་ཚོད་ཅིག་དགོས་ཀྱི་ཡོད་མེད་ལ་ཞིབ་ཚགས་པོ་ཞིག་གང་ཡང་ཡོད་པ་མ་རེད། ཁོང་ཚོའི་རང་གཤིས་ལ་བསམ་བློ་ཞིག་བཏང་ན་ཡང་།
ལྷ་བཟང་ཚེ་རིང་ལ་མཚོན་ན་རྒྱ་ནག་ལ་སྡང་ཟུག་ཡོད་པ་དང་། བོད་དོན་ལ་སེམས་ཤུགས་ཚ་བོ་དང་ཞེན་ཕྱོགས་ཡོད་པ་རེད། ནམ་རྒྱུན་བོད་དོན་སྐོར་བསམ་བློ་འཁོར་བ་ཙམ་ནས་ཁོང་ཁྲོ་ཟ་བསྡད་ཡོད་པ་རེད། འདི་འདྲའི་སེམས་ཁམས་ཤིག་གི་ཐོག་ནས་བདེན་པའི་གནས་ཚུལ་དང་དངོས་ཡོད་གནས་ཚུལ་ཞིག་ཅི་ལྟར་རྙེད་ཐུབ།
འཇམ་དབྱངས་ལ་མཚོན་ན་ཡང་མ་གཞི་ནས་རྒྱ་ནག་ལ་དགའ་མ་དགའ་དེ་ཡོད་ཡོད་པ་རེད། སྔོན་མ་ཞིག་ལ་དམངས་གཙོ་ཚགས་པར་ཐོག་རྒྱ་མི་ཀླ་ཀློ་ཡིན་པའི་རྩོམ་ཞིག་ཀྱང་བྲིས་པ་དྲན་གྱི་འདུག ཁོའི་རྩོམ་ཡིག་གི་འབྲི་རྩལ་དེ་ཚད་མཐོན་པོར་སླེབས་ཡོད་ན་ཡང་བསམ་བློའི་གནས་སྟངས་དེ་རྒྱལ་སྤྱིའི་ཐོག་གི་མཁས་པ་ཚད་ལྡན་རྒྱལ་ཁབ་དང་མི་རིགས་ཀྱི་དབྱེ་འབྱེད་ལས་རྦད་དེ་གྲོལ་ཚར་བ་དག་དང་བསྡུར་ན་ད་རུང་ཕྱོགས་ཞེན་ཞིག་གི་ཁུག་པ་ན་ལྷུང་བསྡད་ཡོད་པར་འདོད། ད་རུང་དེའི་ཁོའི་འཆར་ཡན་གྱི་སྣང་བ་ཡངས་པོ་དེའི་ཐོག་ནས་རང་བཙན་ཤོད་ཀྱི་ཡོད་པ་རེད། ངས་ཁོ་ལ་དྲི་བ་དྲིས་མྱོང་། མཐར་དེད་ན་ཁོ་ལ་རྒྱུ་མཚན་གོ་རིམ་ཡོད་པ་ཞིག་བཤད་རྒྱུ་མི་འདུག བར་ར་ནས་སྒེའུ་ཁུང་འདྲ་པོ་དེ་འདྲ་གོ་སྐབས་རེག་མ་སྲིད་པ་མ་རེད་ཟེར་གྱི་འདུག
ད་ཚོགས་པ་ཞིག་གི་ངོས་ནས་བཤད་ན་གཞོན་ནུ་ཚོགས་པ་རེད། ཚང་མ་སེམས་ཤུགས་མེ་འབར་འབར་རེད། སེམས་ཁམས་ལྷོད་ལྷོད་དང་སྙོམས་པོ་མིན་པའི་སྐབས་གཏམ་སྤྱོད་གང་ལ་ཡང་ཐལ་ཆ་ཡོང་གི་ཡོད་པ་ནི་ཆོས་ཉིད་རེད། རང་བཙན་དེ་སྔོན་མ་ནས་གཞོན་ནུའི་དམིགས་ཡུལ་ཡིན་པས་ད་རུང་དེ་བཟུང་ཡོང་གི་ཡོད་པ་རེད། ཁོ་ཚོས་ད་བར་རང་བཙན་གླེང་ནས་ལོ་མང་པོ་ཕྱིན་པ་རེད། ད་དངོས་གནས་ཡིན་ན། རང་བཙན་ལེན་ཐབས་ཀྱི་འཆར་གཞི་ཞིབ་ཚགས་ཤིག་ཡོད་དགོས་ཚོད་རེད་དེ་དེ་འདྲ་གང་ཡང་མཐོང་མ་སོང་། དེས་ན་རང་བཙན་ཟེར་བ་འདི་ནི་གང་ཞིག་ལ་སླེབས་དང་གང་ཞིག་ཐོབ་ཡོང་མིན་ཚོད་དཔག་བྱེད་དཀའ་བ་ཞིག་རེད།
རང་ཐག་རང་གཅོད།
རང་ཐག་རང་གཅོད་ཟེར་བ་འདི་ང་ཚོའི་ཁྲིམས་མཐུན་གྱི་ཐོབ་ཐང་ངོ་མ་དེ་རེད་སྙམ། ཡིན་ན་ཡང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་འདི་ཅི་ལྟར་ལེན་དགོས་པ་རེད། བོད་མི་མང་ཚང་མས་འོས་འདེམས་ཀྱི་ལམ་ནས་རང་གི་མདུན་ལམ་ཐག་བཅད་པ་ཡིན་ན་དེ་ལ་རྒྱལ་སྤྱིའི་ཐོག་ནས་ངོས་ལེན་ཏན་ཏན་བྱ་རྒྱུ་ཡིན་པ་རེད། བཙན་བྱོལ་སྤྱི་ཚོསག་གཅིག་པོའི་ནང་འོས་འདེམས་བྱས་ནས་ལམ་ཁ་ཞིག་འདེམས་པ་ཡིན་ན་དེ་ལ་རྒྱལ་སྤྱིའི་ཐོག་ངོས་ལེན་བྱ་གི་མ་རེད་འདོད། བོད་ནང་དུ་འོས་འདེམས་བྱེད་དགོས་ན་ཡང་ཨ་ཕོ་རྒྱ་ནག་ལ་ཐུག་བསྡད་ཡོད་པ་རེད། མི་མང་གིས་འོས་འདེམས་ཀྱིས་རང་གི་མདུན་ལམ་ཐག་གཅོད་བྱ་རྒྱུ་དེ་རྒྱ་ནག་ལ་མཚོན་ན་དབུ་མའི་ལམ་ལས་ཀྱང་ཞེད་དགོས་པ་ཞིག་ཡིན་པ་དེ་བཤད་མ་དགོས་པ་རེད། དེ་ཡིན་ན་འདི་ཡང་ཁ་ཐག་རིང་པོ་རེད།
དབུ་མའི་ལམ།
དབུ་མའི་ལམ་འདི་བོད་དོན་གྱི་དཀའ་རྙོག་སེལ་ཐབས་ཀྱི་ཐབས་ལམ་ཡག་པོ་ཞིག་ཏུ་མཐོང་གི་འདུག འདི་ནི་རྒྱ་ནག་དང་གྲོས་མོལ་གྱིས་གཞིས་ལུས་ཀྱི་བོད་མི་རྣམས་འཇིགས་ཉེན་ལས་སྐྱོབས་ཐབས་ཀྱི་ཐབས་ཤེས་ཤིག་ཏུ་མཐོང་། མི་ཞིག་ཤི་གསོན་ལ་ཐུག་པའི་སྐབས་དེའི་སྲོག་སྐྱོབས་ཐབས་ལ་འབད་རྒྱུ་ནི་གོམ་པ་དང་པོ་དེ་ཡིན། འཆི་བ་ལ་ཉེ་བའི་སྐབས་སུ་དེ་སྐྱོབས་ཐབས་མི་བྱེད་པར་འབྱུང་འགྱུར་མི་དེའི་ཁྱིམ་གཞི་འཛིན་སྟངས་སོགས་ཀྱི་སྐོར་ལབ་བསྡད་ན་མི་དེ་ཤི་ལམ་ལ་བསྐྱལ་བ་མ་ཡིན་ནམ།
ད་དུང་དབུ་མའི་ལམ་འདིའི་ནང་བོད་མི་མང་གི་ཐོབ་ཐང་ལ་རྡོག་རོལ་དང་གཅིག་གཅོད་ཀྱི་དབང་དུ་མ་ཕྱིན་པར་བོད་མིའི་ཁྲིམས་མཐུན་གྱི་ཐོབ་ཐང་ལ་བརྩི་འཇོག་བྱས་ཡོད་པ་རེད། དེ་ནི་རྒྱལ་བ་རིན་པོ་ཆེས་མཐའ་མཇུག་གི་ཐག་གཅོད་བོད་མི་མང་ལ་ཡོད་ཅེས་གསུངས་པ་འདི་རེད། ཁྱེད་རང་ལ་རང་བཙན་དགོས་ན་རང་བཙན་འདིའི་ནང་ཡོད་པ་རེད་ལ། རང་སྐྱོང་དགོས་ན་རང་སྐྱོང་ཡང་འདིའི་ནང་ཡོད་པ་རེད། ད་རང་བཙན་ཟེར་བ་དང་རང་ཐག་རང་གཅོད་ཟེར་བ་འདི་ཚོ་ད་རུང་དུས་སུ་བབས་མེད་པ་གསལ་པོ་རེད་ལ་གཅིག་བྱས་ན་ང་ཚོའི་མི་ཐོག་འདིའི་སྐབས་སུ་བབ་པའི་ལས་འགན་མ་རེད་ཅེས་བརྗོད་ན་ཡང་མ་འགྲིགས་པ་མི་འདུ་ག་སྙམ།
ང་ཚོའི་ལས་འགན་ག་རེ་རེད་ཟེར་ན། པན་ཆེན་རིན་པོ་ཆེས་གསུངས་པ་ལྟར། འབྲེལ་བ་ཐེངས་བརྒྱར་ཆད་ན་ཐེངས་བརྒྱར་མཐུད་དེ། ད་ལྟ་རྒྱ་ནག་གིས་ཁྲིམས་འགལ་ཟེར་བའི་རང་བཙན་དང་རང་བཙན་ཕྱེད་ཀ རྣམ་པ་འགྱུར་བའི་རང་བཙན་ཟེར་བ་དེ་ཚོ་མ་གླེང་པར་མི་རིགས་ས་ཁོངས་རང་སྐྱོང་ནང་གི་ཁྲིམས་ཐོག་ཁོ་ན་ལས་ལག་ལེན་མེད་པ་དེ་ཚོ་ནས་ཁེ་ཅི་ལོན་བྱེད་རྒྱུ་ལས་གཞན་ཅི་ཞིག་ཡོད། ཚད་མཐོའི་རང་སྐྱོང་ཟེར་བ་དེ་ཚོའང་ཡོང་ན་ཡོང་བ་རེད་མ་ཡོང་ན་གཡུག་ཞོག བོད་ནང་གི་རང་སྐྱོང་ལྗོངས། རང་སྐྱོང་ཁུལ། རང་སྐྱོང་རྫོང་དེ་ཚོའི་ནང་བོད་ཡིག་གམ་ཡང་ན་སྐད་གཉིས་ལག་ལེན་ཡོང་བ་ཞིག་དང་རྒྱ་ནག་གི་མི་གྲངས་གནས་སྤོ་དེ་ཚོ་འགོག་ཐུབ་པ་ཞིག་བྱུང་ན་བོད་འདི་འཇིགས་ཉེན་ལས་བསྐྱབས་ཐུབ་པ་རེད། ལས་ཀ་བྱས་ནས་སྐྱབས་མ་ཐུབ་ན་ཐབས་ཤེས་ཡོད་མ་རེད། ལས་ཀ་མ་བྱས་ན་ང་ཚོའི་ནོར་འཁྲུལ་རེད།
རྒྱ་ནག་འདི་ཡང་འགྱུར་མེད་ཕ་བོང་ལྟ་བུ་ཞིག་མིན་པར་འགྱུར་བའི་རང་བཞིན་ཡིན་པས་ལོ་རེ་རེ་བཞིན་འགྱུར་བཞིན་ཡོད་པ་རེད། ང་ཚོས་ཐོབ་ཐང་ཆུང་ཙག་ནས་མགོ་བཙུགས་ཏེ་གོམ་པ་རེ་རེ་བཞིན་ཕྱིན་པ་ཡིན་ན། རྒྱ་གུང་ཁྲན་གྱི་འོག་ནས་ཀྱང་ད་ལྟའི་རང་སྐྱོང་གི་གནས་བབ་འདི་འཐུས་སྒོ་ཚང་བ་ཞིག་ཡོང་རྒྱུའི་རེ་བ་མེད་པ་མ་ཡོད། དེ་ནས་རིམ་པས་རྒྱ་ནག་ལ་དམངས་གཙོ་འདྲ་ཞིག་ཐོབ་པ་ཡིན་ན་ཚད་མཐོའི་རང་སྐྱོང་ཡང་རེག་རྒྱུ་ཡིན་པ་རེད།
དེ་ནས་མི་རབས་རྗེས་མ་རྣམས་ཀྱི་སྐབས། གཅིག་བྱས་ན་རྒྱལ་སྤྱིའི་གནས་བབ་ཀྱང་འགྱུར། མིའི་སྤྱི་ཚོགས་ཀྱི་བསམ་བློ་གཏོང་སྟངས་ཡང་འགྱུར་ཡོད་པ་རེད། དེའི་སྐབས་བོད་མི་རྗེས་རབས་པ་རྣམས་ལ་རང་བཙན་གྱི་འདོད་པ་ཡོད་སྲིད་ལ་མེད་ཀྱང་སྲིད། གལ་སྲིད་རང་བཙན་གྱི་འདོད་པ་ཡོད་ན་དེ་ཡང་ཐོབ་མ་སྲིད་པ་མ་རེད། ང་ཚོས་ང་ཚོའི་སྐབས་ཀྱི་དཀའ་ངལ་སེལ་ཐུབ་ན་དེས་འཐུས་སྙམ། མ་འོངས་པའི་དོན་སུས་ཤེས། གཅིག་བྱས་ན་འཛམ་བུ་གླིང་ཚང་མ་གཞུང་གཅིག་གི་འོག་ཏུ་འདུ་གི་རེད།
ད་དེ་ཙམ་ཡིན། ཀླད་པ་དཀྲུགས་དཀྲུགས་བཏང་ནས་བསམ་བློ་མང་པོ་གཏོང་མཁན་ཚང་མར་གུས་བརྩི་ཡོད། ང་རང་ཡང་རང་གི་འགན་ཁྱེར་ནས་བསམ་ཚུལ་ཞིག་ཞུས་པ་ཙམ་ཡིན། ཞུ་དག་གཏོང་རྒྱུ་མ་བྱུང་བས་ནོར་བ་ཡོད་ན་དགོངས་འགལ་མེད་པ་ཞུ། གཟིམས་འཇགས་གནང་གོ
མདའ་ཚན་པ་ཟེར་བ་འདིས་ཞབས་འདྲེན་ལུང་བ་གང་ཞུས་འདུག སྔོན་དགེ་འདུན་དཀོན་མཆོག་ཡག་པོ་མི་འདུག་ཟེར། ད་དགེ་འདུན་དཀོན་མཆོག་ལ་ཕྱག་འཚལ་གྱི་འདུག མི་འདི་འདྲ་ལ་རྒྱབ་སྐྱོར་ག་འདྲ་བྱས་ནས་ཞུ་དགོས་རེད། རྒྱབ་སྐྱོར་བྱེད་ས་ཡང་འགྲོ་གི་མི་འདུག
རང་ངོ་རང་གིས་ཐལ་བ་རྒྱབ་བྱུང་། ཁ་སྔོན་ཞིག་ལ་དགེ་འདུན་དཀོན་མཆོག་མིན། རང་ཉིད་དཀོན་མཆོག་ཡིན་ཟེར་ནས་ལུང་བ་གང་བཤད་བྱུང་། ཁ་བརྡ་འདི་མདའ་དཀྲུགས་མདུང་དཀྲུགས་ཀྱིས་ཕར་ཚུར་དམག་ལ་འགྲོ་གྲབས་བྱས་བ་ཁྱེད་ལ་གསལ། ད་འདི་འདྲ་ཞིག་བརྗོག་གིན་འདུག། ཁྱེད་བློ་ལོག་ཐལ།
Hi friends, it’s easy, simple but it’s great as well. This is a wonderful movement for preserve of our culture.
བོད་ལ་ཤ་ཞེན་ཡོད་ན། བོད་སྐད་
གཙང་མ་བསྐྱོན་རོགས།
ངོ་སྤྲོད།
སྤྱིར་སྐད་ཡིག་ཅེས་པ་ནི་མི་རིགས་གི་བླ་སྲོག་ཡིན་ལ། མི་རིགས་དེའི་རིག་གཞུང་དང་གོམས་གཤིས། ཆོས་དང་ཆབ་སྲིད་སོགས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འཛིན་སྐྱོང་གི་ལག་ཆ་གཙོ་བོ་ཡང་ཡིན། དེས་ན་ད་ལྟའི་བོད་གངས་ཅན་གྱི་ཛ་དྲག་གི་གནས་སྟངས་དང་ཆག་འཇིག་གི་རླུང་འཚུབ་འོག་ང་ཚོས་འཇོན་ཐང་དང་ནུས་པ་གང་ཡོད་ཀྱིས་རིག་པ་བསྒྲིམས་ཏེ་བོད་མི་རིགས་འདིའི་ལས་དོན་ཆེད་མི་རེ་རེའི་ངོས་ནས་གཞི་རྒྱ་ཆེ་ཆུང་ལ་མ་བལྟོས་པར་ལས་འགུལ་གང་ཐུབ་སྤེལ་རྒྱུ་ནི་ང་ཚོའི་མི་རབས་འདིའི་ཕྲག་པར་བབས་པའི་ལས་འགན་ཞིག་ཡིན་པ་སྨོས་ཅི་དགོས།
དམིགས་ཡུལ།
རྒྱ་དམར་བཙན་རྒྱལ་རིང་ལུགས་ཀྱིས་དམིགས་ཡུལ་ལྡན་པའི་སྒོ་ནས་ཐབས་བརྒྱ་ཇུས་སྟོང་གིས་བོད་ཀྱི་སྐད་ཡིག་རྩ་མེད་དུ་བཏང་དང་གཏོང་བཞིན་པ་དང་བསྟུན། གོ་ལ་ཟླུམ་པོ་འདིའི་ཡུལ་ཕྱོགས་གང་སར་གནས་པའི་བཙན་བྱོལ་བོད་མི་དག་ལ་ཡང་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་སའི་ཁོར་ཡུག་ཆུང་བ་བཅས་ཀྱིས་བོད་མི་རིགས་ཀྱི་སྐད་ཡིག་འདི་བཙོན་པ་ལྟ་བུ་ཆགས་ཡོད། འོན་ཀྱང༌། ང་ཚོས་སྡུག་སྐད་ཤོར་བ་དང་འཁང་ར་བྱས་པ་ཙམ་མ་ཡིན་པར་བོད་པ་རང་ཉིད་ཀྱིས་ངོས་ནས་མ་བསྐུལ་དང་བླང་ཐོག་སེམས་ཐག་གཙང་བཅད་དང་ལྷག་བསམ་རྣམ་དག་གིས་རང་གིས་རང་ལ་དམ་བཅའ་བཞག་སྟེ་ཡུལ་གྲུ་གང་དུ་སླེབས་ཀྱང་བོད་ཀྱི་སྤྱི་ཚོགས་ཁྲོད་བོད་སྐད་གཙང་མ་བཤད་སའི་ཁོར་ཡུག་གསར་པ་ཞིག་བསྐྲུན་ཐབས་ལ་འབད་བརྩོན་བྱེད་རྒྱུ་དེ་དམིགས་ཡུལ་གཙོ་བོ་ཡིན།
ལས་འགུལ་སྤེལ་སྟངས།
༡༽རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་མི་རིགས་ལ་བཅིངས་བའི་བརྩེ་སེམས་དང་ཤ་ཞེན། སེམས་ཤུགས་སོགས་ཀྱིས་བོད་ཀྱི་རྩ་དོན་ཆེད་དམིགས་ཏེ་བོད་རིགས་གྲོགས་པོ་དང༌། ནང་མི། བོད་མི་སུ་འདྲ་ཞིག་དང་འཕྲད་སྐབས་རང་ངོས་ནས་བོད་སྐད་གཙང་མ་ཞིག་བཤད་རྒྱུ།
༢༽ཕ་མ་བུ་ཕྲུག་ཅན་ཡིན་ཚེ་རང་ཉིད་ཀྱིས་ལས་འགན་ཅི་ལྕོགས་ཀྱིས་ཕྲུ་གུའི་མདུན་དུ་བོད་སྐད་གཙང་མ་བསྐྱོན་ནས་ཕྲུ་གུའི་རྒྱུད་ལ་བག་ཆགས་བཞག་སྟེ་བོད་སྐད་དེའང་ཁྱིམ་སྤྱོད་སྐད་ཡིག་ལ་བསྒྱུར་ཐུབ་པ་བྱེད་རྒྱུ།
༣༽བླ་མ་དང་མཁན་པོ། སློབ་དཔོན་དང་དགེ་བཤེས། བཙུན་པ་དང་བཙུན་མ། སྐུ་ངོ་དང་ལས་བྱེད། མཁས་དབང་དང་སློབ་དགེ། མཐོ་སློབ་དང་འབྲིང་སློབ་སོགས་ཡིན་ཚེ་རང་ཉིད་བོད་ཀྱི་སྤྱི་ཚོགས་ཁྲོད་མིག་དཔེ་ལྟ་ཡུལ་ཞིག་དང་གཞན་ལ་ལམ་སྟོན་དང་སྣེ་ཁྲིད་བྱས་ཏེ་བོད་སྐད་གཙང་མ་བསྐྱོན་པའི་ཁོར་ཡུག་བསྐྲུན་ཐབས་ཐད་ཕྱོགས་ཡོངས་ནས་འབད་བརྩོན་བྱ་རྒྱུ་བཅས་སོ།
ལག་ལེན།
ཉིན་རེའི་འཚོ་བའི་ཁྲོད་ཀྱི་རྒྱུན་སྤྱོད་ཀྱི་ཐ་སྙད་རྣམས་རྨང་གཞིར་བཞག་སྟེ་དེང་རབས་འཕྲུལ་རིགས་གསར་པའི་བརྡ་ཆད་དང་ཚིག་གསར་རྣམས་བོད་ཕྱི་ནང་གཉིས་སུ་ཐོན་དང་ཐོན་བཞིན་པའི་བརྡ་ཆད་གསར་པའི་ཚིག་མཛོད་ཀྱི་ཚིག་གསར་རྣམས་བེད་སྤྱོད་ཐུབ་ཐབས་བྱེད་པ་དང་ཆབས་ཅིག་བོད་ཀྱི་སྐད་ཡིག་ཉམས་རྒུད་ཀྱི་འགག་རྩར་གདོང་ལེན་བྱ་རྒྱུ།
གྲུབ་འབྲས།
གོ་ལ་ཟླུམ་པོའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འཕོ་འགྱུར་ཁྲོད་བོད་མི་རིགས་རང་ཉིད་ཀྱིས་འགན་རང་གིས་ཁུར་ནས་དཀའ་སྡུག་ལ་གདོང་ལེན་བྱས་ཏེ་སྐད་ཡིག་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་ཐུབ་པ་བྱ་རྒྱུ་དང༌། བོད་མི་གཅིག་གིས་གཅིག་ལ་བསྐུལ་མ་བྱས་ཏེ། གཅིག་གིས་གཉིས། གཉིས་ཀྱིས་བཞི་དང༌། བཞི་ཡིས་བརྒྱད་སོགས་གོམ་པ་རིམ་འཛེགས་ཀྱི་ཀུན་ལ་ཁྱབ་ཐུབ་པའི་གྲུབ་འབྲས་ཐོབ་པར་འབད་བརྩོན་རྡོག་རྩ་གཅིག་ཏུ་སྒྲིལ་ཐུབ་པ་བྱ་དགོས། ལོ་གཅིག་དང་གཉིས་ཀྱི་ནང་ཚུད་བོད་མི་བརྒྱ་ཕྲག་དང་སྟོང་ཕྲག ཡང་ན། ཁྲི་ཕྲག་སོགས་ཀྱིས་བོད་སྐད་གཙང་མ་བསྐྱོན་ཐུབ་པའི་གྲུབ་འབྲས་ཐོབ་པར་རེ་བ་བྱེད་བཞིན་ཡོད།
ལས་ཞུགས།
བོད་མི་སུ་ཡིན་ཡང་ལས་འགུལ་འདིའི་ནང་ཞུགས་རྒྱུར་རང་དབང་གི་སྒོ་ཆེན་ཡང་བོར་ཕྱེས་ཡོད་ལ། བོད་སྐད་གཙང་མ་བསྐྱོན་པའི་དམ་བཅའ་བཞག་པ་དང་ལས་འགུལ་འདིའི་ཁྲོད་དུ་ཞུགས་ཟིན་པས་རང་ཉིད་ཀྱི་མིང་དང་ཁ་བྱང༌། རྒྱལ་ཁབ། གློག་འཕྲིན་ཁ་བྱང༌། ཁ་པར་ཨང་བཅས་གཤམ་གྱི་གློག་འཕྲིན་ཁ་བྱང་ཐོག་ལས་འགུལ་གྱི་འགོ་འཛུགས་པར་བསྐུར་ཐུབ་པ་གནང་དགོས། དེ་ལྟར་ཁྱེད་ཉིད་ཐོ་འགོད་བྱས་རྗེས་བོད་སྐད་གཙང་མ་བསྐྱོན་མཁན་མི་གྲངས་ཇི་ཡོད་ལོ་ཕྱེད་རེའི་ནང་ཡར་སྙན་ཞུ་ཐེངས་གཅིག་རེ་འབུལ་རྒྱུ་ཡིན།
ལས་འགུལ་འགོ་འཛུགས་པའི་གློག་འཕྲིན། dhamchoec@yahoo.com
ལག་ཐོགས་ཁ་པར། ༠༠༣༢-༤༩༦༣༡༣༡༢༦
ཁྱིམ་སྤྱོད་ཁ་པར། ༠༠༣༢-༣༣༢༦༨༡༢༢
མཇུག་བསྡོམས།
བོད་སྐད་གཙང་མ་བསྐྱོན་པའི་ལས་འགུལ་ཆེད་ཚོགས་པ་བཙུགས་ཏེ་རྒྱུ་ནོར་དཔལ་འབྱོར་གྱི་འགྲོ་གྲོན་གཏོང་མི་དགོས་ལ། རིན་ཆེན་གསེར་ལས་ལྷག་པའི་ཤེས་ཡོན་དང་ཆུ་ཚོད་ཀྱིས་ཞལ་འདེབས་ཀྱང་སྤྲོད་མི་དགོས། ཁྲག་དང་ལུས་སྲོག་གིས་མཆོད་པ་དེ་བས་ཀྱང་ག་ལ་ཕུལ་དགོས། དེས་ན་བརྒྱ་བཤད་ཚིག་གི་རྩ་བ་སྟེ་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག་འདི་ཉིད་མི་རིགས་གཞན་ལ་མེད་པའི་རིན་པོ་ཆེ་ཞིག་ཡིན་པའི་ངོས་ཟིན་འོག་མི་རིགས་རིང་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་དང་སྐད་ཡིག་གཞན་གྱི་རྒྱུག་ཁྱི་མི་བྱེད་པར་མདུན་བསྐྱོད་བྱེད་པར་ཆོད་སེམས་བརྟན་པོས་ལ་རྒྱའི་རལ་གྲི་དགུང་ལ་འཕྱར་ཐུབ་པའི་ཡིད་ཆེས་དང་རེ་བའོ། ཁ་བྲོ། བཀྲ་ཤིས།། །།
མདའ་ཚན་པ་གང་ཞིག་ལ་སྐྱབས་སུ་འགྲོ་དང་མི་འགྲོ་དེ་ཁོ་རང་སྒེར་གྱི་ཆོས་ལུགས་ཀྱི་དད་མོས་ལྟ་ཚུལ་ཞིག་རེད། གལ་སྲིད་དེའི་སྐོར་ལ་དོགས་པས་སྡོད་མི་ཚུགས་ན་ཁོ་རང་ལ་དྲིས་ན་གསལ་བཤད་བྱེད་ངེས་རེད། གཙོ་བོ་དེ་འདིར་ཁ་ཚ་དགོས་གཏུག་གིས་བོད་ཀྱི་སྐྱིད་སྡུག་མདུན་ལམ་གྱི་སྐོར་རེད།
དེ་རིང་མདའ་ཚན་པ་རང་བཙན་རྩོད་མཁན་དང་གླེང་མཁན་ཁ་ཤས་ཀྱི་མིང་བཏོན་ཡོད་པའི་གྲས་ཀྱི་ཨ་ཚོགས་ྐླུ་མཁར་བྱམས་ཀྱི་སྐོར་ཞིག་ཟུར་ཙམ་ཁར་སང་ངས་གླེང་བ་ཡིན། ང་ཚོའི་དྲྭ་གྲོགས་རིག་པའི་རྡོ་རྗེ་དང་ལྷ་བཟང་ཚེ་རིང་གཉིས་དང་བསྡུར་ན་ཨ་ཚོགས་ྐླུ་མཁར་བྱམས་ནི་རིགས་ལྡན་དྲག་པོ་ལྕགས་འཁོར་ཅན་རེད་ཅེས་ལབ་ནས་རབ་རྟོག་གི་རྒྱན་སྦྱར་ཆོག་ཆོག་ཡིན། ཁོས་དངོས་སུ་རྒྱ་ནག་ལ་གདོང་གཏུག་ཏེ་ངོ་རྒོལ་བརྒྱབ་ནས་བཙོན་འཇུག་མནར་གཅོད་མྱང་བ་རེད། དེ་ནས་ཁོས་རང་སྒེར་གྱི་ཁེ་ཕན་ལས་གནས་བློས་བཏང་ནས་མི་མང་གི་ཆེད་དུ་བཙན་བྱོལ་གཞུང་ལ་སྐྱོན་བརྗོད་བྱས་པ་རེད། ལྷག་པར་ཡང་མངོན་པར་བསྟོད་འོས་པ་ཞིག་ལ་དེང་དུས་སུ་ཕལ་མོ་ཆེས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མི་ཁོངས་སུ་ཞུགས་པའི་ཆེད་དུ་ཕའི་མགོ་བོ་གཅོད་དགོས་ཀྱང་ཐོགས་པ་མེད་པའི་དུས་འདིར་ཨ་ཚོགས་ྐླུ་མཁར་བྱམས་ཀྱིས་ངས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མི་སེར་བཟོ་བར་འཚངས་ཁ་མི་རྒྱག་གསུངས་ནས་རྒྱན་ཤོག་གི་ཁོངས་ནས་ཕྱིར་འཐེན་གནང་བ་ཡོངས་གྲགས་རེད། དེ་ཚོ་བསྔགས་པར་འོས་པ་ཞིག་ཏུ་ཡང་མཐོང་།
ད་བཤད་ན་འཇམ་དབྱངས་ནོར་བུ་ལ་ཡང་རང་བཙན་གྱི་གོ་རིམས་ཡག་པོ་ཞིག་བཤད་རྒྱུ་ཡང་མི་འདུག་ཟེར། དེ་ཡིན་ན་རིག་པའི་རྡོ་རྗེ་ལྟ་བུ་ཚོས་མི་ཆུང་ཆུང་གིས་གཏམ་ཆེན་པོ་དེ་འདྲ་ཞིག་ག་འདྲ་བྱས་ནས་གླེང་ཕོད་པ་ཡིན་ནམ། དྲྭ་གྲོགས་འདོད་ལྷའི་བུས་བཤད་ན་ལྷ་བཟང་ཚེ་རིང་འདི་མི་འཁྱོག་ཅིག་རེད་ཟེར། ཕལ་ཆེར་རྒྱལབ་རིན་པོ་ཆེའི་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་རང་བཙན་གཙང་མའི་ཕྱོགས་སུ་ཡོད་ན་ལྷ་བཟང་ཚེ་རིང་གིས་ང་རྒྱ་མིའི་འོག་ཏུ་སྡོད་རྒྱུ་ཡིན་ཟེར་ནས་འཁྱོག་གཏམ་བཤད་རྒྱུ་རེད། མི་འཁྱོག་དེ་ཚོའི་བྱེད་སྟངས་དེ་འདྲ་རེད།
མདའ་ཚན་པ་ཟེར་བ་འདིས་སུ་ཞིག་གི་ཁ་སྔོག་གི་ཡོད་པའམ། ཡང་ན་དགེ་འདུན་དཀོན་མཆོག་གིས་ཁོང་གི་ཁ་རྗེ་དབང་ཐང་ཆ་ཚང་འཕྲོག་སོང་བ་ཡིན་པ་འདྲ། ཁོང་གིས་ཆོས་སྲིད་གང་གི་སྐོར་གླེང་དུས་ཞར་ཞོར་དུ་དགེ་འདུན་དཀོན་མཆོག་ལ་ཁབ་བཙུག་འབིག་བཙུག་རེ་བྱེད་ཨེ་ཐུབ་ལྟ་ཞིང༌། ཐ་ན་དགེ་འདུན་དཀོན་མཆོག་ཟེར་བ་དེ་བོད་རང་བཙན་འཕྲོག་མཁན་ཡིན་པ་ལྟར་དེ་ལ་འཚིག་ཟ་གཏིང་ནས་བྱེད་བཞིན་འདུག དགེ་འདུན་དཀོན་མཆོག་ནི་སྤྱི་མིང་ཞིག་ཡིན་པས་ཁྱེད་རང་དགེ་འདུན་དཀོན་མཆོག་སྤྱི་ལ་དེ་ལྟའི་འཚིག་པ་ཟ་ན། ༧སྐྱབས་མགོན་ཡིད་བཞིན་ནོར་བུ་ཡང་དགེ་འདུན་དཀོན་མཆོག་གྲས་ནས་ཕུད་ཐབས་མེད་པ་ཤེས་དགོས། བདག་གི་རེ་བར་ཁྱེད་ཀྱིས་ཉ་ཉུང་མཉམ་བསྲེ་མ་བྱས་ན་ལེགས་པར་སེམས།
ཨ་རོགས་ཚོ། ངའི་གྲོགས་པོ་ཨ་ཚོགས་མྱི་ལྡང་གི་སྐོར་ནས་དྲི་བ་ཞིག་དྲིས་པ་ཡིན་ཏེ་ལན་གསལ་བོ་ཞིག་ད་དུང་རེག་མ་སོང་། ཁོ་དངོས་གནས་ལས་གནས་ནས་སྤྱུགས་པ་རེད་དམ། རྒྱུ་རྐྱེན་ངོ་མ་ཅི་ཞིག་རེད། ངས་བསམས་ནས་རང་བཙན་ལབ་ནས་ལས་ཁུངས་ནས་སྤྱུགས་ཟེར་བ་འདི་ནི་ངོ་མ་ཁ་གཡར་ས་ཞིག་ཡིན་རྒྱུ་རེད། ཁོས་ཁ་དེ་བཙུམས་ནས་སྡོད་མ་ཐུབ་པར་མཐོན་པོ་དཔོན་པོ་ཚོའི་རྩོད་གཞི་སྟེ་དོལ་གླིང་གཡུལ་འགྱེད་ཀྱི་སྒྲུང་དེབ་དེའི་ནང་གི་དམག་རྒྱག་སྟངས་ཐད་ཅིག་ཅིག་མུག་མུག་ཟེར་ནས་ལུང་བ་གང་བཤད་འདུག་པ་དེས་ཡིན་རྒྱུ་རེད་བསམས། དམངས་གཙོ་ཡིན་ན་དེའི་རོ་དེ་རྡ་རམ་ས་ལ་ན་བཤད་ས་ཞིག་མེད་པ་དེ་མྱི་ལྡང་ལས་ངན་དེས་དེ་རུ་ལོ་དེ་སྙེད་ཅིག་ལ་བསྡད་ནས་ད་དུང་མ་ཤེས་པ་ནི་ཡིན་རྒྱུ་མ་རེད། སྙིང་རྗེ། བོད་ནང་ནས་རྒྱ་བོད་གཡུལ་འགྱེད་ཀྱི་བར་དུ་ཚུད་ནས་བཙོན་སྡུག་མྱང་ས། བོད་ཕྱི་ནས་དོལ་གླིང་གཡུལ་འགྱེད་ཀྱི་དཀྱིལ་དུ་ལྷུང་ནས་ལས་ཀ་ཤོར།
མདའ་ཚན་པའི་ཀླད་པའི་ཤོངས་ཚད་གསལ་བོ་རེད། ད་དུང་༧རྒྱ་བ་རིན་པོ་ཆེའི་བཀའ་སློབ་ཀྱི་དྲི་མ་ཙམ་ཡང་མི་འདིའི་བསམ་ལ་འཛུལ་མེད་ཚོད་འདུག ལམ་དབུ་མ་ལས་ལྷག་ཅིག་མི་སྲིད་པའི་རྒྱུའི་རྒྱུ་མཚན་ཉོག་བཤད་མང་པོ་བརྒྱབ་ཏེ་རྩ་འགོག་བྱས་འདུག ཤེས་དགོས་པ་ཤིག་ལ་༧རྒྱལ་བ་ཆེན་པོ་ཆེའི་གཉིས་ཕན་གྱི་རྩ་དོན་འདི་སྙིང་བོ་བྱས་ནས་དབུ་མའི་ལམ་ལ་ཕེབས་པ་དང་། མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་ཐབས་རྡུགས་ཀྱི་ལམ་ཁར་འགྲོ་མ་དགོས་པར་བོད་རྒྱའི་གནད་དོན་ཞི་བའི་སྒོ་ནས་སེལ་ཐུབ་པའི་ཐུགས་རེ་བྱས་པ་ལས། བོད་ལ་རེ་བ་རྩ་ནས་མི་འདུག་པས་དབུ་མའི་ལམ་ནས་འགྲིག་ན་འགྲིག་རེད། དེ་མིན་ན་བོད་ཚར་ཚར་བ་རེད་གསུངས་མི་འདུག མདའ་ཚན་པས་ཧ་ལམ་༧རྒྱལ་བ་རིན་པོ་ཆེའི་བཀའ་སྒྲོག་ཞོར་ལ་བོད་ལ་རེ་བ་མེད་པ་དང་། ཧ་ལམ་ཚར་བ་འདྲ་བོ་ཞིག་སྒྲུབ་ཁུལ་བྱེད་ཀྱི་འདུག་ཀྱང་བཤད་མ་ཤེས་པ་དང་ཉན་མ་ཤེས་པ་ཡིན་རྒྱུ་རེད། ཁོང་རིག་གིས་མི་དང་མའི་བར་གྱི་དཀའ་རྙོག་དེ་ཚོ་མིའི་རྣམ་དཔྱོད་སྤྱད་དེ་སྐད་ཆ་བཤད་ནས་གཉིས་ཕན་གྱི་ལམ་ནས་སེལ་རྒྱུའི་ཐུགས་བརྩོན་གནང་བ་ལས། དགག་པ་བརྒྱབ་ནས་རེ་བ་དང་ལམ་ཁ་གཞན་པ་རྩ་བ་ནས་ཡོད་པ་མ་རེད་གསུངས་གི་མི་འདུག་ད། ད་དུང་ཁོང་གིས་ངའི་རེ་བ་བརྒྱབ་པ་ལྟར་བོད་རྒྱའི་དཀའ་རྙོག་ཞི་བའི་ལམ་ནས་སེལ་རྒྱུའི་རེ་བ་ཆུང་དུ་འགྲོ་གི་འདུག་གསུངས་པ་ལས། བོད་ལ་ད་རེ་བ་ཡོད་པ་མ་རེད་གསུངས་གི་མི་འདུག ཁོང་བཞུགས་ཐོག་ལ་བོད་དོན་སེལ་མ་ཐུབ་ན་ཡག་པོ་ཡིན་པ་དང། དེ་མིན་ན་རྗེས་སུ་རྒྱ་བོད་གཉིས་ཀར་དཀའ་རྙོག་སྔར་ལྷག་འཕྲད་རྒྱུ་ཡིན་པའི་ལུང་བསྟན་གྱང་གནང་གི་ཡོད་པ་རེད། སྙིང་རྗེ་མི་འདི་འདྲས་གླེན་བཤད་བརྒྱག་སྟངས་ལ་ལྟོས་ན་དམངས་གཙོ་ཟེར་བ་འདི་སྐབས་རེ་ངོ་ཚ་མི་དགོས་ཟེར་བ་ལྟ་བུ་ཞིག་ལ་གོ་ལེན་གི་ཡོད་ས་རེད། བྲེལ་ཚབས་བྲིས་པས་་་་་་་་་་་་་་་་་་་་་་་་་་་་་་་་་རྗེས་སུ།
ནོར་བཅོས། ཁོང་བཞུགས་ཐོག་ལ་བོད་དོན་སེལ་ཐུབ་ན་ཡག་པོ་ཡིན་པ་དང།
མདའ་ཚན་པ། མི་དམངས་དང་དབུ་ཁྲིད་ཀྱི་ལས་འགན་གཅིག་པ་མ་རེད། མི་དམངས་ནི་གྲ་སྒྲིག་སྡུག་ས་ནས་བྱས་ཏེ་འུ་ཐུག་ན་སྲོག་ཀྱང་གཏོང་ཕོད་པའི་སེམས་ཐག་གཅོད་བཞིན་དབུ་ཁྲིད་ཀྱི་མཉམ་དུ་ལངས་ནས་རྒྱུགས་ཆོག་ཆོག་བྱས་ཏེ་འདུག་དགོས་པ་དང་། ༧རྒྱལ་བ་རིན་པོ་ཆེའི་མདུན་ནས་ལངས་ཏེ་རྒྱ་ནག་ལ་ཁྱེད་ཚོས་དངོས་ཡོད་གནས་ཚུལ་ལ་ངོས་འཛིན་མ་ནོར་བ་བྱས་ཏེ་གཉིས་ཕན་གྱི་ཐག་གཅོད་བྱས་ན་མ་གཏོགས། བོད་མི་ཚོས་བོད་དོན་ལས་སླ་བོ་མི་འཇོག་ཐག་གཅོད་རེད་གསུངས་བཞིན་རེ་བ་ཡག་ནས་གནང་དགོས་པ་རེད། འོན་ཀྱང་གཏམ་ཨ་ཕས་བཤད་རྒྱུའི་མནའ་མས་བཤད་ཟེར་བའི་དཔེ་ལྟར། ཁྱེད་ཀྱིས་མགོ་མ་ཚོས་བཞིན་དུ་༧རྒྱལ་བ་རིན་པོ་ཆེ་དང་འདྲ་བར་ལམ་དབུ་མའི་སྐོར་བཤད་བསྡད་ན་དེ་ནས་ངོ་མ་བོད་ལ་རེ་བ་མེད་པ་ཆགས་པ་རེད། མ་ཤེས་ད་དུང་ཞིབ་འབྲི་བྱེད་ཆོག
ངའི་རེ་བ་༧གོང་ས་མཆོག་གི་ཐུགས་དགོངས་བཞིན་བོད་རྒྱའི་གནད་དོན་ཞི་བའི་ལམ་ནས་སེལ་ན་རབ་རེད། དེ་མིན་ན་རྒྱ་ནག་ལ་ང་ཚོ་རང་གི་ཐོབ་ཐང་ལས་འགན་གྱི་ཆེད་དུ་སྲོག་གཏོང་རྒྱུར་ཡང་ཐོགས་པ་མེད་པ་ལག་ལེན་གྱི་ཐོག་ནས་བདེན་དཔང་བྱེད་འདོད་པ་ལས། དབུ་ཁྲིད་ཅིག་དང་འདྲ་བར་རིང་པོ་རིང་པོ་བྲིས་ནས་འདུག་མི་འདོད། མི་ཚེ་འདི་ན་ནས་ཤི་ན་འཕྲོ་བརླག་རེད་བསམ་གི་འདུག ངའི་སྲོག་འདི་བོད་དོན་ཆེད་དུ་གཏོང་ཐུབ་པ་ཤོག ཉལ་ས་ནང་ནས་ལོ་མང་པོ་ན་ནས་ཤི་མ་དགོས་པ་ཤོག་བསམ་གི་ཡོད། དེ་ལས་རྒྱ་ནག་གི་མདེའུ་བྲང་ལ་བཟེད་ནས་སྐར་ཆ་ཁ་ཤས་ནང་བྱས་འཇོག་བཞིན་ཤི་ཐུབ་པ་ཤོག་བསམ་གི་ཡོད།
ཨ་སྟག་སྨྱོན། ཁྱོད་སྟག་ཞ་ར་ཞིག་ཡིན་པ་འདྲ། ཁྱོད་ཀྱིས་ངས་བོད་ལ་རེ་བ་མེད་པ་དང་། ཧ་ལམ་ཚར་བ་འདྲ་བོ་ཞིག་སྒྲུབ་ཁུལ་བྱེད་ཀྱི་འདུག་ཟེར། ཁྱེད་རང་གིས་ངོ་མ་བལྟ་ཤེས་མི་འདུག ཁོང་ཁྲོ་ཟ་ནས་ཕལ་ཆེར་མིག་གཉིས་དམར་པོར་ཆགས་ཡོད་པ་འདྲ། ངས་འདི་ལྟར་བྱསི་ཡོད། ་་རྒྱལ་བ་རིན་པོ་ཆེས་མཐའ་མཇུག་གི་ཐག་གཅོད་བོད་མི་མང་ལ་ཡོད་ཅེས་གསུངས་པ་འདི་རེད། ཁྱེད་རང་ལ་རང་བཙན་དགོས་ན་རང་བཙན་འདིའི་ནང་ཡོད་པ་རེད་ལ། རང་སྐྱོང་དགོས་ན་རང་སྐྱོང་ཡང་འདིའི་ནང་ཡོད་པ་རེད།་་ཅེས་བྲིས་ཡོད།
ད་དུང་མཇུག་ཏུ། ་་དེའི་སྐབས་བོད་མི་རྗེས་རབས་པ་རྣམས་ལ་རང་བཙན་གྱི་འདོད་པ་ཡོད་སྲིད་ལ་མེད་ཀྱང་སྲིད། གལ་སྲིད་རང་བཙན་གྱི་འདོད་པ་ཡོད་ན་དེ་ཡང་ཐོབ་མ་སྲིད་པ་མ་རེད།་་ ཅེས་བྲིས་ཡོད།
མ་གཞི་ངས་ང་རང་མི་གཅིག་གི་བསམ་ཚུལ་ཙམ་ཞུས་པ་ཡིན་དེ་ལ་ཁྱེད་རང་ཁོང་ཁྲོ་ཟ་དགོས་པ་མི་འདུག ངས་ཁ་སང་སྔོན་མ་ནས་བཤད་པ་བཞིན་གལ་སྲིད་བོད་མི་མང་གིས་རང་བཙན་འདེམས་པ་ཡིན་ན། ག་རེ་འདེམས་པ་ཡིན་ན་དེ་ལ་རྒྱབ་སྐྱོར་ཡོད། རྒྱལ་གཅེས་མ་དངུལ་ཡང་སྤྲད་གི་ཡིན།
ཁྱོད་འདི་ཡང་མི་ལྐུགས་པ་ལྐུགས་ནག་ཅིག་རེད་མི་འདུག་པས་ད་ཐེངས་དབུ་མའི་ལམ་ལ་འགྱུར་བ་འགྲོ་རྒྱུ་མིན་པ་སྔོན་ཚུད་ནས་ཤེས་ཀྱི་ཡོད་པ་རེད། ཡིན་ན་ཡང་སེམས་ཤུགས་ཁ་ལ་ཁྱེར་ནས་རྒྱལ་སྤྱིའི་མ་དངུལ་སྤྲད་མ་དགོས་པའི་གོ་སྐབས་ཤིག་འཚོལ་གྱི་ཡོད་པ་གསལ་པོ་རེད།
ཁྱོད་ཀྱི་སྲོག་དེ་བོད་དོན་ཆེད་གཏོང་འདོད་ཡོད་ན་བོད་ནང་དུ་མི་གཏོང་བར་ཕྱི་ལོགས་སུ་སྐྱག་པ་ཟ་གི་ཡོང་པས། ཁྱོད་ག་དུས་ཡིན་ན་བོད་ནང་ལ་འགྲོ་ཆོག་ཆོག་རེད། སུ་གང་གིས་འགོག་གི་མ་རེད།
མདའ་ཚན་པ་ཁྱེད་ཀྱིས་ངས་རང་གི་རྩོམ་ཡིག་གི་གནད་འགག་ཁ་ཤས་ཀློག་མི་འདུག་ཟེར་བ་བདེན་སྲིད། ངས་ཆ་ཚང་ཀློག་ཐུབ་མ་སོང་ལ་ཡང་བསྐྱར་ཞིབ་ཀློག་བྱེད་རྒྱུའི་སེམས་ཤུགས་མི་འདུག གལ་སྲིད་ཡང་དག་པ་ཞིག་བྲིས་ཡོད་ན་དགའ་བསུ་ཡོད། དེ་མིན་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཁུལ་གྱིས་རྒྱལ་སྤྱིའི་ཚོང་འབྲེལ་དང་རྒྱ་ནག་གི་སྟོབས་ཤུགས་བཤད་ནས་བོད་མིའི་སེམས་ནང་གི་རང་བཙན་གྱི་ས་བོན་རྩ་མེད་བཟོ་ཨེ་ཐུབ་ལྟ་མཁན་དེ་ཚོའི་དམིགས་ཡུལ་མི་ཤེས། འོན་ཀྱང་གྲུབ་འབྲས་གསལ་བོ་རེད། དང་པོ་བོད་རང་བཙན་ལ་རེ་བ་མེད་པ་ང་ཚོས་ཕྱོགས་ནས་གསལ་བོ་ཐག་ཆོད་སོང་ན། དེ་ནས་དབུ་མའི་ལམ་ལ་རེ་བ་མེད་པ་རྒྱ་ནག་གི་ཕྱོགས་ནས་ཐག་བཅད་ཡོང་གི་རེད། རྒྱུ་མཚན་ནི་བོད་འདི་རང་བཙན་ཐོབ་ནས་རྒྱ་ནག་དང་གཏན་དུ་ཁ་བྲལ་དུ་འགྲོ་སྲིད་པའི་ཉེན་ཁ་མེད་པ་གསལ་བོ་ཡིན་ན། རྒྱ་ནག་གི་བློ་བདེ་བོ་ཡིན་པས་དབུ་མ་ལ་ཡ་ལན་བྱེད་དགོས་དོན་ཡོད་པ་མ་རེད།
མདོ་དོན་རྒྱ་ནག་གིས་བོད་ཀྱི་ས་ཆའི་ཆེད་དུ་བོད་མི་ཚང་མ་གསོད་དགོས་ནའང་གསོད་གི་ཟེར་ནས་འཇིགས་བསྐུལ་བྱེད་ཀྱི་ཡོད་པ་རེད། དེ་ལ་ང་ཚོས་ཀྱང་རང་གི་ས་ཆའི་ཆེད་དུ་བོད་མི་ཚང་མའི་སྲོག་འཇོག་ནའང་འཇོག་གི་ཡིན་པའི་སེམས་ཐག་བཅད་པ་ཡིན་ན། རྒྱ་ནག་གིས་དབུ་མའི་ལམ་གྱི་དགེ་ཕན་དེ་ངོས་འཛིན་ཐུབ་སྲིད་རེད།
༧རྒྱལ་རིན་པོ་ཆེའི་བོད་དོན་འཚེ་མེད་ཞི་དང་གཉིས་ཕན་གྱི་ལམ་ནས་སེལ་རྒྱུའི་ཐུགས་རེ་ཆུང་ཆུང་ཡིན་སྐོར་གསུངས་པ་ལས། བོད་ལ་ལམ་ཁ་གཞན་པ་ལྷག་མེད་པ་དང་ཡང་ན་རེ་བ་རྦད་དེ་མེད་པ་ཆགས་ཚུལ་གསུངས་གི་མེད་པ་ཉན་རྒྱུ་གལ་ཆེན་པོ་རེད།
མ་ཟད་མི་དམངས་དང་དབུ་ཁྲིད་ཀྱི་ལས་འགན་གཅིག་པ་མ་ཡིན་པ་ཤེས་དགོས་པ་རེད། མང་པོ་ཞིག་གིས་༧རྒྱལ་བ་རིན་པོ་ཆེའི་ཤུལ་བསྡད་ནས་དབུ་མ་བཤད་ཁུལ་གྱིས་རང་བཙན་ནི་རྩ་བ་ནས་རེ་བ་མེད་པའི་རྨི་ལམ་ཞིག་ཡིན་ཚུལ་བཤད་མཁན་འདུག་པས་དེ་ཚོ་ཚབས་ཆེན་རེད།
རང་གིས་ང་ལ་མང་པོ་ཞིག་བྲིས་འདུག་པས་དེས་ཁྱེད་རང་གི་འདོད་པར་ཕན་ཐོགས་ན་འགྲིག་གི་རེད། ལན་འདེབས་མི་བྱེད། ང་ཆུ་ནང་ལ་དྲུད་གི་གཡའ་བོ་དང། ་རྡོ་ནང་ལ་དྲུད་པའི་ཟད་པོ་ཞིག་ཡིན་པས་སྐྱོན་མེད།
རང་སྐྱོང་སྤྲོད་མཁན་རྒྱ་ནག་རེད།
ཚད་མཐོའི་རང་སྐྱོང་སྤྲོད་མཁན་རྒྱ་ནག་རེད།
རང་ཐག་རང་གཅོད་སྤྲོད་མཁན་རྒྱ་ནག་རེད།
རང་བཙན་གཙང་མ་སྤྲོད་མཁན་རྒྱ་ནག་རེད།
ཡིན་ན་ཡང་རྒྱ་ནག་གིས་ཡ་བྱེད་ཀྱི་མེད་པ་དེ་བདེན་པ་རེད།
ད་ང་ཚོའི་བོད་དོན་ལས་འགུལ་གྱི་ནུས་པ་ཆེ་རུ་གཏོང་དགོས་པ་དང་། རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་གནོན་ཤུགས་སྔར་ལས་ཆེ་བ་སླེབས་ཐབས་ལ་འབད་དགོས་པ་ལས་གཞན་མཆོངས་རྒྱག་བྱས་འགྲོ་ས་ཞིག་ཡོད་པ་མ་རེད། དེ་མིན་རང་བཙན་ཤུགས་ཆེན་པོ་གླེང་བཞིན་པ་འདི་ཡང་རྒྱ་ནག་ལ་དབུ་མའི་ལམ་ལ་བསམ་བློ་གཏོང་དགོས་པའི་གོ་བརྡ་ཙམ་ཞིག་སྤྲོད་ཀྱི་ཡོད་པ་རེད།
ངེད་ཚོས་གོམ་པ་རིམ་བགྲོད་ཀྱིས་རང་བཙན་ལ་སླེབས་དང་ཁྱེད་ཚོས་རང་བཙན་ཁོ་ན་སྐད་བརྒྱབ་བསྡད་ནས་རང་བཙན་ལ་སླེབས་པ་གཉིས་རྒྱལ་སྤྱི་དང་རྒྱ་ནག་གི་གནས་སྟངས་ཤིག་ལ་ལྟ་དགོས་པས་དུས་ཚོད་ཕལ་ཆེར་གཅིག་པ་འདྲ་ཞིག་ཡིན་སྲིད་ཀྱང་དེ་ལ་ཁྱད་པར་གནམ་དང་ས་ཡོད་པ་རེད། ངེད་ཚོར་དེའི་སྐབས་རྨང་གཞི་བརྟན་པོ་ཆགས་ཡོད་པ་རེད། ཁྱེད་ཚོ་དེའི་སྐབས་རྨང་གཞི་ཕར་ཞོག ཐ་ན་རང་བཙན་ཟེར་ནས་ལག་པ་འཆང་ས་ཞིག་ཡོད་ན་ཡག་པོ་རེད། གཅིག་བྱས་ན་བོད་ཟེར་བ་ཞིག་རྩ་ནས་མེད་པ་ཆགས་ཡོད་པ་རེད།
ད་རུང་ཁྱེད་ཚོའི་ལམ་དེར་ཕྱིན་པ་ཡིན་ན་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་རང་བཙན་ཞིག་རེག་གི་ཡོད་མེད་དེ་ལའང་བསམ་བློ་གཏོང་དགོས་ཀྱི་འདུག
སྦལ་བའི་མཆོངས་ཐག་རིང་ན་ཧོ་པེ་ (གྲོད་ཁོག) ཚེར་མགོར་ཁོན་ཡོང་།
ད་བར་དུ་རང་བཙན་དང་དབུ་མའི་ལམ་ལ་རྩོད་པ་བརྒྱབས་པ་རེད། ལོ་ཉི་ཤུའི་རྗེས་ལ་ད་རུང་རང་བཙན་དང་དབུ་མའི་ལམ་རྩོད་བསྡད་མེད་ན་ཡག་པོ་རེད།
སྟག་སྨྱོན། ཁྱོད་ཀྱིས་ངས་མ་བཤད་པ་རྐྱང་རྐྱང་བཤད་སོང་ཟེར་ནས་མི་དཀར་པོ་ལ་ཞྭ་ནག་པོ་གཡོགས་མ་ཡོང་། ངས་རྒྱལ་སྤྱིའི་ཚོང་འབྲེལ་དང་རྒྱ་ནག་གི་སྟོབས་ཤུགས་བཤད་ནས་བོད་ཀྱི་རེ་བ་མེད་ཐབས་བཟོ་བ་དེ་འདྲ་གང་ན་བཤད་འདུག འདི་ངའི་བསམ་ཚུལ་ཞིག་མ་རེད། ངས་རྟག་པར་རྒྱལ་སྤྱིའི་ཚོང་འབྲེལ་དང་རྒྱ་ནག་གི་སྟོབས་ཤུགས་དེ་བོད་ཀྱི་རེ་བ་ཞིག་ཡིན་པར་མཐོང་གི་ཡོད། ག་རེ་རེད་ཟེར་ན། རྒྱ་ནག་ནང་འགྲོ་བམིའི་ཐོབ་ཐང་ཡར་རྒྱས་མ་བཏང་བར་སྟོབས་ཤུགས་ཆེན་པོ་ཆགས་ཐབས་ཡོད་པ་མ་རེད། ད་ལྟའི་རྒྱ་ནག་གི་སྟོབས་ཤུགས་དེ་སྟོབས་ཤུགས་ངོ་མ་ཞིག་ཏུ་ངས་མཐོང་གི་མེད། སྟོབས་ཤུགས་ངོ་མ་དེ་གཞི་ནས་རྒྱ་ནག་དམངས་གཙོའི་སྐབས་ཡོང་གི་རེད།
ཡང་བསྐྱར་ཁྱེད་རང་གི་བྲིས་པ་ཐེངས་གཅིག་ཀློག རྒྱ་གཞུང་ལ་སུན་སྣང་གཅིག་དང་ཞེད་སྣང་གཅིག་ཡོད་པ་རེད། དང་པོ་ཕྱི་ལོག་གི་བོད་མི་ཚོ་སྐད་ཚ་བོ་ཡོད་པས་རྒྱ་ནག་སུན་གི་ཡོད་པ་རེད། གཉིས་པ་བོད་ནང་གི་བོད་མི་ཚོའི་སྙིང་སྟོབས་ཆེན་པོ་ཡོད་པས་རྒྱ་ནག་ཞེད་ཀྱི་ཡོད་པ་རེད། བོད་ནང་གི་བོད་མི་ཚོ་དད་པ་གཏན་པ་དང་སེམས་ཤུགས་ཆེ་བ། དྲན་ཕོད་པ་དང་བཤད་ཕོད་པ། སྒྲུབ་ཕོད་པ་བཅས་རང་བཙན་རྩོད་མཁན་གྱི་མི་རིགས་ཤིག་ལ་ཚང་དགོས་པའི་ཆ་རྐྱེན་ཡོངས་སུ་ཚང་ཡོད། དེའི་ཕྱིར་ཕྱི་ལོག་ནས་ཁོ་ཚོའི་འགུལ་སྟངས་ལ་ལྟ་བཞིན་བཤད་དགོས་པ་ལས་འདི་ཡོང་གི་རེད་དང་དེ་ཡོང་གི་མ་རེད་ཅེས་འུར་བརྒྱག་སྤྱད་ཀྱི་ཆ་རྐྱེན་ལྡན་ཡོད་པ་མ་རེད། སྷ་ཚེ་དང་འཇམ་ནོར་ལྟ་བུ་ཁ་བདེ་ཁ་ཤས་ལ་ཁུངས་བཅོལ་ནས་ཆེན་པོ་ཆེན་པོ་ཐོག་ལ་ཚོད་དཔག་བྱས་ན་ཡང་དག་པ་ཞིག་ཡོང་ཐབས་མེད་པ་རེད། ཡང་བཙན་བྱོལ་སྤྱི་ཚོགས་ནང་རྩོམ་པ་པོ་དང་རྩོམ་སྒྲིག་པ་ཡིན་ཟེར་མཁན་མང་བས། ཁོ་ཚོས་ཤོག་བུ་སྟོང་བ་པར་སྐྲུན་བྱེད་ཤེས་ཀྱི་མེད་ཕྱིར། ངེས་པར་དུ་བརྗོད་གཞི་ཞིག་བཙལ་ནས་ཡིན་ལ་མིན་ལའི་རྒྱུ་མཚན་མང་པོ་ཞིག་སྒྲིག་ནས་འདོན་དགོས་གྱི་ཡོད་སྟབས། ཡང་དག་མིན་དང་གྲུབ་འབྲས་ཡོད་མེད་རྩོམ་མཁན་ཚོའི་ངོས་ནས་བཤད་ན་སེམས་ཁུར་དང་འགན་ཁུར་མི་དགོས་པའི་དོན་དག་གཞན་ཞིག་ཏུ་བརྩི་གི་ཡོད་པ་རེད། ཁྱེད་རང་གིས་ཀྱང་རྩོམ་ཡིག་གི་མིང་འབྲི་སྟངས་གཅིག་པོའི་ཐོག་ནས་སེམས་ཁུར་གྱི་ཐོག་ནས་གལ་ཆེན་ཞིག་འབྲི་རྒྱུ་མིན་པར། འགན་མེད་ཁྱེད་གསོད་ཀྱི་ཀུན་སློང་ཞིག་གིས་བྲིས་པ་འདྲ་བས་དེ་ཙམ་གྱིས་གཟབ་ནན་ཀློག་མ་ཐུབ་སོང་བས། ཁྱེད་ཀྱི་སྐད་ཆ་གནད་འགག་ཅན་མང་པོ་མ་མཐོང་སྲིད་པ་རེད། ཡག་པོ་བྲིས་ཡོད་ན་ཡག་པོ་ཀློག་མཁན་ཚོར་ཕན་ཡོད་ངེས་པས་རྗེས་སུ་ཡི་རང་ཡོད།
ཁྱེད་རང་གིས་རྒྱ་ནག་ཞེད་ས་མང་པོ་ཞིག་བྲིས་འདུག་པ་དེ་དེ་བཞིན་དུ་བདེན་པར་འུག་སྙམ། དེ་རེས་དམིགས་བསལ་གྱི་ཚོགས་འདུ་ལའང་ཁོ་ཚོ་ཞེད་ཀྱི་ཡོད་པའི་རྣམ་པ་མཐོང་གི་འདུག རང་ཐག་རང་གཅོད་ཀྱི་ཆེད་ཐོབ་ཐང་རྩོད་ལེན་བྱས་ན་རྒྱ་ནག་ལྷག་ཏུ་ནས་ཀྱང་ཞེད་རྒྱུ་ཡིན་པ་རེད། ཡིན་ན་ཡང་། ངས་ང་ཚོས་རྒྱ་ནག་ལ་ཞེད་སྣང་ཞིག་སྐུལ་ཐུབ་པ་ཙམ་རྒྱལ་ཁར་བརྩི་གི་མེད། ང་ཚོ་ལ་རྒྱ་ནག་གི་ལག་ནས་ཁེ་བཟང་ཆུང་ངུ་ཞིག་རེག་ན་དེ་རྒྱལ་ཁ་ཐེངས་གཅིག་ལ་བརྩི་གི་ཡོད།
ངའི་རྩོམ་མིང་ལ། བོད་ཀྱི་རྩ་དོན་ཆེད་རང་གི་བསམ་ཚུལ་ཞེས་བྲིས་ཡོད། ཁྱེད་རང་གི་སེམས་ལ ་་ངས་སེམས་ཁུར་གྱི་ཐོག་ནས་གལ་ཆེན་ཞིག་འབྲི་རྒྱུ་མིན་པར། འགན་མེད་ཁྱད་གསོད་ཀྱི་ཀུན་སློང་ཞིག་གིས་བྲིས་པ་་ ཇི་ལྟར་ཤར་བ་ཡིན་མིན་ང་ཡོངས་སུ་རྨོངས་སོ། ངའི་སེམས་སུ་རང་གིས་འགན་ཁྱེར་ནས་བྲིས་པ་ཡིན་བསམ་གྱི་ཡོད། ཁྱོད་ཀྱིས་དེའི་ལྡོག་ཕྱོགས་ནས་གོ་བ་ལེན་གྱི་འདུག ཡིན་ན་ཡང་དེ་ལ་ང་ཁྱད་པར་མི་འདུག ང་རང་གིོི་བསམ་ཚུལ་བརྗོད་ཚར་ཡོད་པ་དེ་རེད། དེ་ལ་མི་མཐུན་པའི་རྒྱུ་མཚན་བགྲང་རྒྱུ་ཡོད་ན་ངས་དགའ་བོའི་ཐོག་ནས་ཉན་རྒྱུ་ཡིན་པ་མ་ཟད། ང་རང་གི་བསམ་ཚུལ་ནོར་བ་དེ་ཚོ་ལམ་སང་འགྱུར་བ་གཏོང་གི་ཡིན། ང་ཚོས་ལས་ཀ་གང་ཞིག་མགོ་མ་བརྩམས་སྔོན་བགྲོ་གླེང་ཡག་པོ་བྱེད་རྒྱུ་དེ་གལ་ཆེན་པོར་མཐོང་གི་འདུག
དྲ་གྲོགས་མདའ་ཚན་གྱི་བསམ་བློའི་ནང་འདི་འདྲ་ཞིག་དྲན་གྱི་ཡོད་པ་འདྲ། དཔེར་ན། ང་ཚོ་གཅར་བུ་དང་བཅས་ཏེ་ཁ་ཆར་དང་བུ་ཡུག་གི་ཁྲོད་དུ་ཡོད་པ་རེད། གྱོན་གོས་ཤིག་ཅིས་ཀྱང་དགོས་པ་རེད། དྲོན་པོ་ཡིན་མིན་རྗེས་སུ་བརྟག་ཆོག་གི་རེད་ཟེར་གྱི་ཡོད་ཚོད། ཡིན་ནའང་། ང་ཚོས་བོད་རྒྱ་གཉིས་ཕན་གྱི་སྲིད་བྱུས་ཤིག་དང་འཚེ་བ་མེད་པའི་ལྟ་གྲུབ་ཅིག་གླེང་གི་ཡོད་པ་རེད། རྒྱུ་མཚན་གཅིག་ནི་མ་འོངས་པར་བོད་རྒྱ་གཉིས་གཡས་འཚོ་གཡོན་འཚོ་དང་རྒྱབ་འཚོ་མདུན་འཚོ་བྱེད་དགོས་པའི་སྟབས་ཀྱིས་རེད།
ཡིན་ནའང་དེང་སང་བོད་རྒྱ་གཉིས་ཀྱི་གཞོན་སྐྱེས་ཚོར་མི་རིགས་རང་ལུགས་ཀྱི་ལྟ་བ་ནི་ཤུགས་ཆེན་པོ་རེད། གལ་ཏེ་རྒྱ་གཞུང་གིས་བོད་ལ་རང་སྐྱོང་ལྟ་བུ་ཞིག་སྤྲད་དེ་བོད་རྒྱ་གཉིས་མཉམ་དུ་སྡོད་དགོས་ཆགས་ན། མཐུན་སྒྲིལ་ཟེར་བ་འདི་ཡོང་ཐབས་ཡོད་ཀྱི་མ་རེད་ལ། ད་དུང་མི་གསོད་ཁྲག་སྦྱོར་གྱི་ལས་འགུལ་ཇེ་ཆེ་དང་། ལར་ཞེན་གྱི་རྒྱབ་ཏུ་སྦེད་པའི་མི་རིགས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེན་པོར་འགྱུར་ངེས། འདི་ནི་གཅིག་ཕམ་གཅིག་རྒྱལ་གྱི་ལྟ་གྲུབ་བར་ནས་ཀྱང་འབྱུང་སྲིད།
མདའ་ཚན་པ། རྗེས་སུ་བོད་ཀྱི་འོངས་པའི་སྐོར་བཤད་འདོད་ན་གཙོ་བོ་སྐུ་མདུན་གྱི་དགོངས་པ་མ་ནོར་བ་དང་ཡང་དག་པ་དང་བོད་ནང་གི་མི་དམངས་ཀྱི་ཆིག་སྒྲིལ་དང་སྙིང་སྟོབས་ལྟེ་བར་བཞག་བཤད་རྒྱུ་མ་བརྗེད། ལྷ་ཚེ་དང་འཇམ་ནོར་དང་ཡང་ན་དབུ་མ་ཟེར་ནས་རང་བཙན་མི་སྲིད་པ་ཞིག་ཏུ་བརྩི་མཁན་ཚོའི་སྐད་ཆ་དཔྱད་གཞི་བཞག་ནས་གང་བྱུང་མང་བྱུང་བཤད་ན་ཆོ་ཡོད་པ་མ་རེད། ཁོ་ཚོས་སྐད་ཆ་གཞི་རྩར་བཞག་ནས་བཤད་བསྡད་ན་མི་ཚོས་དོ་སྣང་མ་བྱས་ན་མ་འགྲིག དམིགས་བསལ་དོ་སྣང་བྱས་ནས་ལེན་རྒྱུ་དང་ལག་ལེན་གྱིས་ཐོག་ནས་བོད་ལ་ཕན་སྟངས་ཡོད་པ་མ་རེད། དེ་ཙམ་ཡིན་མང་མང་པོ་འབྲི་མ་ཤེས།
ནོར། མཆན་༡༧ ནང་གི་ཁེ་བཟང་ཆུང་ངུ་ཞིག་རེག་ན་ཞེས་པ་དེ་ཁེ་བཟང་ཆུང་ངུ་རེ་རེག་ན་ཡང་རེད།
ཚེ་རིང་གི་བུས་ངའི་ཇི་བསམ་ལ་ཚོད་དཔག་བྱས་པ་དེ་རྦད་དེ་ནོར་འདུག ངའི་སྐད་ཆ་དེ་ཚོར་ངོ་གདོང་རང་ནས་གོ་བ་ལེན་རྒྱུ་ཞིག་མ་གཏོགས་དེའི་རྒྱབ་ལོགས་ནས་གོ་བ་ལེན་དགོས་པ་གཅིག་ཀྱང་མེད། གལ་སྲིད་འབྲི་རྩལ་གྱིས་མ་འདང་བར་གོ་བ་མི་ལོན་པ་ཡོད་ན་སྐད་ཆ་ཐད་ཀར་དྲིས་རོགས་གནང་།
དགོངས་དག ཡང་བསྐྱར་ཁྱེད་ཀྱི་རྩོམ་ཡིག་དེ་ྐློག་པར་སེམས་ཤུགས་མི་འདུག ང་ནོར་བ་ཡིན་རྒྱུ་རེད།
ངས་ཁྱོད་ལ་ཡང་སྐྱར་ཀློག་ཅང་ཟེར་གྱི་མེད། ཁྱོད་འདྲ་བས་མ་ཀློག་ན་ཡག་མ་གཏོགས་ངའི་རྩོམ་ལ་ཆམས་ནད་ཕོགས་ཡོང་བསམ་ནས་ང་ཞེད་ཀྱི་འདུག ཁྱེད་རང་འདི་རྩོམ་རིག་བཤད་ཁ་བྱེད་ཀྱང་རྩོམ་རིག་མི་ཤེས་མཁན། ལོ་རྒྱུས་བཤད་ཁ་བྱེད་ཀྱང་ལོ་རྒྱུས་ཀྱང་མི་ཤེས་མཁན་ཞིག་རེད།
ངས་ཤེས་ཀྱི་ཡོད་ཅེས་བཤད་མེད། ང་ནི་ཅི་ཡང་མི་ཤེས་པའི་ྐླད་སྟོང་ཞིག་ཡིན་ཞེས་ཁ་བརྡ་དྲ་ངོས་སུ་བཤད་ཟིན་པ་ཡིན། ངས་ཁྱོད་མདའ་ཚན་ཡིན་པ་ཤེས་ཀྱི་ཡོད་ལ། མགོན་པོ་ཕྱག་གཉིས་ཡིན་པའང་ཤེས་ཀྱི་ཡོད། ཁྱེད་རང་གིས་བྲིས་པའི་རྩོམ་ལ་ཁྱེད་རང་གིས་མཆན་བཏབ་པ་ཁ་བརྡའི་ནང་ཁྱོད་མ་གཏོགས་སུ་ཡོད་དམ། དྲང་མོར་བཤད་ན། ཁྱེད་ཀྱིས་བྲིས་པའི་རྩོམ་འདིའི་མགོ་དང་བར་དང་མཇུག་ཙམ་མ་གཏོགས་བྐླགས་མེད། དུས་ཚོད་འཕྲོ་བརླག་རེད། ཡིན་ནའང་། རང་གིས་བྲིས་པའི་རྩོམ་ལ་རང་གིས་མཆན་བཏབ་པ་དེར་བལྟས་རྗེས། སྙིང་རྗེ། མི་འདིར་མཆན་བུ་ཞིག་ཅིས་ཀྱང་དགོས་ཀྱི་ཡོད་པ་འདྲ་སྙམ་ནས་མཆན་ཞིག་བཏབ་པ་ཡིན། དེ་འདྲ་ཡིན།
ངས་ང་རང་གི་རྩོམ་ལ་འགན་འཁུར་ནས་གླེང་མོལ་བྱེད་ཀྱི་ཡོད། རང་གི་རྩོམ་ལ་རང་གིས་མཆན་འདེབས་མཁན་མང་ཤོས་ཀླུ་སྨྱོན་རེད། གཞན་མང་པོ་ཞིག་གིས་ཀློག་མཁན་ཚོའི་མཆན་ལ་ལན་འདེབས་བྱེད་ཀྱི་འདུག་ག དེ་ཡག་པོ་མ་རེད་དམ།
ཁྱེད་རང་འདྲ་པོ་གནས་ལུགས་རྒྱུ་མཚན་གང་ཡང་བཤད་རྒྱུ་མེད་པ་དེ་ཚོ་མ་ཡོང་ན་བཟང་། ཀླད་སྟོང་ཡིན་ན་ལྷག་ཏུ་མ་ཡོང་རོགས། ཕར་རྒྱུགས། ངའི་མཐོང་ས་ཡོང་མི་དགོས།
ཁྱེད་རང་གིས་ང་སུ་རེད་ལབ་ཀྱང་ཆོག ང་སུ་ཡིན་མིན་ང་ཁོ་ནས་ཤེས།
ྐླུ་སྨྱོན་ལ་ཁག་མ་འཇོག ྐླུ་སྨྱོན་ནི་ཁྱོད་ལྟ་བུ་དུག་སྦྲུལ་ལྕེ་གཉིས་མ་ལྟ་བུ་མ་རེད། ཁྱོད་ལ་ངས་ཤེས་མི་ཤེས་ཀྱི་འགན་ངན་དེ་སུས་སྤྲད་པ་རེད། ཁྱོད་ཀྱིས་ག་རེ་ཤེས་ཀྱི་ཡོད་དམ། ཚིག་གྲུབ་ཐུང་ཐུང་རེ་ནི་སློབ་ཆུང་གི་བྱིས་པ་ཚོས་ཀྱང་འབྲི་ཤེས། མཆན་བུ་ཞིག་གིས་སེམས་ལ་གནོད་ན་ཁ་བརྡ་ནང་དུXXX་ཟ་རུ་ཡོང་བ་ཡིན་ནམ། XXXའདོད་ཚེ་སྤྱོད་ཁང་ནང་རྒྱུགས། ཁ་བརྡའི་ནང་སྐྱུགས་དྲི་ཞིག་ཀྱང་མི་བྲོ། ཁྱེད་ལྟ་བུས XXXའང་དྲི་མ་ཞིག་མི་བྲོ་ཟེར་མདོག་ཁ་བོ་རེད། དྲི་མ་ཡོད་པ་ལ་དྲི་མ་མེད་པར་འདོད་ན་ནི། ཁྱོད་ཀྱི་ཁ་ལ་གཤེད་བབས་པ་ལས་སུ་ཞིག་གིས་ཁྱོད་ལ་འགྲམ་ལྕག་མི་གཞུ།
ྐླུ་སྨྱོན་ལ་ཁག་མ་འཇོག ྐླུ་སྨྱོན་ནི་ཁྱོད་ལྟ་བུ་དུག་སྦྲུལ་ལྕེ་གཉིས་མ་ལྟ་བུ་མ་རེད། ཁྱོད་ལ་ངས་ཤེས་མི་ཤེས་ཀྱི་འགན་ངན་དེ་སུས་སྤྲད་པ་རེད། ཁྱོད་ཀྱིས་ག་རེ་ཤེས་ཀྱི་ཡོད་དམ། ཚིག་གྲུབ་ཐུང་ཐུང་རེ་ནི་སློབ་ཆུང་གི་བྱིས་པ་ཚོས་ཀྱང་འབྲི་ཤེས། མཆན་བུ་ཞིག་གིས་སེམས་ལ་གནོད་ན་ཁ་བརྡ་ནང་དུ་སྐྱག་པ་ཟ་རུ་ཡོང་བ་ཡིན་ནམ། སྐྱག་པ་འདོད་ཚེ་སྤྱོད་ཁང་ནང་རྒྱུགས། ཁ་བརྡའི་ནང་སྐྱུགས་དྲི་ཞིག་ཀྱང་མི་བྲོ། ཁྱེད་ལྟ་བུས་སྐྱག་པའང་དྲི་མ་ཞིག་མི་བྲོ་ཟེར་མདོག་ཁ་བོ་རེད། དྲི་མ་ཡོད་པ་ལ་དྲི་མ་མེད་པར་འདོད་ན་ནི། ཁྱོད་ཀྱི་ཁ་ལ་གཤེད་བབས་པ་ལས་སུ་ཞིག་གིས་ཁྱོད་ལ་འགྲམ་ལྕག་མི་གཞུ།
འཚེ་རུང་གི་བུ། ཁྱོད་ལ་མངོན་མཁྱེན་འདུག་ག ངའི་སེམས་ལ་གནོད་པ་ཧ་གོ་འདུག
མ་གཞི་ནས་ཁྱོད་ཀྱིས་སྐད་ཆ་བཤད་སྟངས་དེ་འདྲ་རེད། དེ་འདྲ་ཞིག་མིན་འགྲོ། འདི་འདྲ་ཞིག་མིན་འགྲོ་བསམ་ནས་ཤོད་ཀྱི་འདུག ཁྱོད་ཀྱིས་ངའི་སེམས་ལ་གནོད་ཡོད་མེད་ག་འདྲ་ཤེས། གནོད་མེད་འགྲོ་བསམ་གི་ཡོད་པ་རེད།
ང་ལ་བྱིས་པ་བསམ་མེད་འགའ་རེར་ཁ་གཙེ་ས་ལོན་ན་དེ་ལས་སྐྱིད་པ་མི་འདུག ཆུང་དུས་ངས་ཐང་ཆེན་པོ་ནས་རྟ་རྒྱུགས་འཐེན། སྡེ་ཆེན་པོ་ནས་ཁྱི་རྒྱུགས་འཐེན་ནས་ཁྱི་ཁ་གཙེ་རྒྱུར་དགའ་བོ་ཡོད། ད་འདིར་ཁྱེད་རང་འདྲ་བོ་རེའི་ཁ་གཙེ་རྒྱུ་མིན་ན་གཞན་ཐབས་ཤེས་མི་འདུག ངས་ཁྱོད་ལ་ཁ་གཙེས་ནས་ཁྱོད་ཀྱི་ཁ་ནས་སྡུག་སྐད་རེ་ཤོར་དུས་ང་ཁེ་རུར་ཡོད་ཀྱང་གད་མོ་ཐག་ཐག མཚམས་རེར་ང་བགད་ནས་མིག་ཆུ་ཚོགས་ཀྱི་མི་འདུག
གསར་བུ་ཚོ། གཅིག་གཅིག་གི་སྙིང་རྩ་ལ་མ་སྙོབས། བོད་ཁ་བའི་དོན་རྩ་ལ་སྙོབས།
ཁ་བརྡ་དྲ་རྒྱའི་ནང་གསར་བུ་ང་འདྲ་དག་ལ་ཁ་རྩེ་རུ་ཡོང་བ་ནི་ཁྱེད་རང་གི་དམིགས་ཡུལ་རེད། ཡག་པོ་རེད། འོན་ཀྱང་ཚིག་རྡོག་གཅིག་གི་སེམས་ལ་གནོད་པ་འདིས་ཁྱེད་རང་རྒད་པོ་བསམ་ཤེས་ཅན་ཞིག་མིན་པ་ར་སྤྲོད་བྱས་པ་རེད། ང་ལ་ཁྱད་མེད། མདོར་བསྡུས་ན་ཁྱེད་རང་ངའི་མཆན་འབྲི་སྟངས་དང་རྩོམ་སྟངས་ལ་དགའ་བོ་མེད་པ་འདྲ། དྲང་མོར་བཤད་ན་མི་སོ་སོར་བསམ་སྟངས་ཤིག་དང་འབྲི་སྟངས་ཤིག་ཡོད་པ་རེད། དེ་བསྒྱུར་བཅོས་ཐོངས་ཟེར་ན་དཀའ་མོ་རེད། ཁྱོད་ལ་དེའི་དབང་ཆའང་མེད་པ་ཤེས་ཀྱི་ཡོད་ཚོད། རྒད་པོ་ཁྱོད་འདིས་རྒྱལ་པོའི་བཀའ་ལས་དབྱིག་པ་བཙན་པོའི་བྱེད་སྟངས་བཀོལ་རྒྱུ་འདུག
ངས་བཏབ་པའི་མཆན་བུའམ་རྩོམ་ཡིག་གི་ནང་དོན་འགྲིགས་མ་འགྲིགས་བྱུང་ན་དེ་ནི་གནས་སྟངས་གཞན་པ་རེད། དེ་མིན་མ་ཎི་རང་གིས་མི་འདོན། ཕྲེང་བ་གཞན་ལ་མི་སྤྲོད་ན་དེ་ནི་ཅོལ་ཆུང་གི་བྱེད་སྟངས་རེད། ངས་ཕྱོགས་གང་དང་གང་གི་ཕྱོགས་ནས་ཤེས་ཀྱི་མེད་ཚེ། དེ་དང་འདིའི་ཕྱོགས་ནས་ཤེས་ཀྱི་མེད་པའི་བསམ་ཚུལ་ཤོད་དང་། ངེད་གཉིས་ཀྱིས་རྩོད་པ་བྱེད་ཆོག བགྲོ་གླེང་བྱེད་ཆོག རྩོད་པའི་རྔ་མ་སྐྱོང་། རྒྱལ་ཕམ་གྱི་ཕུ་ཐག་གཅོད་ཆོག རོང་ཕྲུག་ང་ཁ་དཀར་རྐྱང་ལ་ཁ་ལོ་བཏུལ་ཅིང་། བྲེ་སེར་འབྲོང་ལ་རྣ་ལོ་བཏུལ་མཁན་ཞིག་ཡིན་པར་མ་ཟད། ཕོ་གྱོད་ཕ་བོང་བཤིག་རྒྱུ་མེད། མོ་གྱོད་ཤུག་པ་རུལ་རྒྱུ་མེད། ཨ་འབྲོག་རྒན། སྦྲང་མ་ཐིག་ལེ་ཅན་ལ་སྟག་མི་ཟེར། འབུ་ནག་རྭ་ཅོ་ཅན་ལ་འབྲོང་མི་ཟེར་བ་ཨེ་ཤེས། ང་ཤཱཀྱ་ཐུབ་པ་རིག་ན་ཞྭ་མི་འཕུད། གླང་ཆེན་སྨྱོན་པ་རིག་ན་ལམ་མི་གཟུར་བའི་མི་ཞིག་ཡིན། ཁྱོད་འབྲོག་རྒན་ཤྭ་བོ་དུང་རྭ་ཅན་ལ་འགྲོ་ལུགས་བཅོ་བརྒྱད་ཡོད་ན། ང་རོང་ཕྲུག་རྔོན་པ་དུག་མདའ་ཅན་ལ་སྒུག་ལུགས་ཉི་ཤུ་ཡོད། ཤུ་རེ་ཁོ། རྦབ་རྡོ་འཆད་སའི་བྲག་དང་སྨུག་པ་ལང་སའི་མཚོ་དེ་ཁྱོད་ཡིན། རྒད་པོ་ཞེ་གྱོང་ཁྱོད་ཡིན།