གངས་བཙན་པོ།
འདས་པའི་ལོ་ཟླ་རིམ་གྱིས་ཡལ་སོང་།།
མ་འོངས་འཚོལ་བསྙེག་རེ་བའི་བཅིངས་བཞིན།།
མུན་ནག་ཞིག་གིས་ལམ་ཁར་བརྫངས་སོང་།།
ཆུང་སྲིད་ཁྱེད་ཀྱིས་སྨོན་ལམ་ཨེ་ཡིན།།
དཔྱིད་ཟླ་སྐྱ་བོའི་ས་གཞིར་གཡོགས་ཐལ།།
དབྱར་ཟླའི་ངོ་བོ་ཡར་ལ་མ་བཅགས།།
སྟོན་ཟླ་འབྲས་བཟང་སྨིན་པའི་མྱུ་གུ།
དགུན་དང་འཁྱམས་རོམ་བར་ནས་ཕེབས་སོང་།།
སྤོབས་པའི་སྙིང་སྟོབས་བར་སྣང་འབར་མྱོང་།།
བྱམས་བརྩེས་འོད་ཀྱི་འགྲོ་ཀུན་བསྐྱངས་མྱོང་།།
སྟོང་གསུམ་འཆར་གཞིའི་མི་རིགས་སྒྲིལ་མྱོང་།།
པཎ་ཆེན་ཁྱེད་ཉིད་ལ་རྒྱའི་མགོན་ཡིན།།
རྣམ་རྟོག་རིག་པའི་གྲོང་ཁྱེར་འདི་ནས།།
བཙན་རྒྱལ་ཁོ་ནས་རང་ལུགས་ཡོད་ཚོད།།
མདོ་མེད་འཕྱོར་མོ་ཞིག་དང་མཚུངས་པས།།
འཇིག་རྟེན་འདི་ན་བཙན་ཁ་རྒོལ་ཐལ།།
མཁྲེགས་འཛིན་ལྟ་བའི་ཨུ་ཚུགས་རྒོད་པོ།།
གཡམ་དུ་རྒྱུགས་པའི་གསར་ཞེན་ལྟ་བ།།
གནས་ལུགས་ཤིག་གི་བར་མཚམས་མ་རྟོགས།།
མགོན་པོ་ཁྱེད་ཉིད་གང་དུ་བཞུགས་ཡོད།།
ཨ་ཐང་དགུ་ཆད་སྒེར་གཅོད་ལྟ་བ།།
འཇིགས་རུང་མནར་གཅོད་སྒེར་སེམས་དེ་ཡིས།།
ཀུན་པ་ཕན་པའི་སྣང་བརྙན་གསོན་པོ།།
ཟད་པར་ཉེ་བའི་ང་དང་ཁྱོད་ཚོ།།
མེས་པོས་བྲིས་པའི་ལོ་རྒྱུས་དྲང་ཐིག།
ཁྲག་དང་རྔུལ་ཆུའི་སྡོམ་ཚིག་རྒྱབ་ཡོད།།
ལྐོག་ཏུ་གྱུར་བའི་གསང་ཚིག་དེ་དག
ཆུང་སྲིད་ཁྱེད་ཉིད་བདེན་པའི་རྒྱལ་ལོ།།
༢༠༡༦/༤/༢༥