གཞུང་པ་ཚེ་དབང་བསོན་ནམས།
ཀ་བ་གདུང་མ་ཁང་པའི་ཤིང་།།
ཁ་ཤ་མཁུར་ཤ་མཇིན་ཤ་གསུམ།།
ག་ནས་འཐེན་ཀྱང་རང་ཤ་རེད།།
ང་ཚོ་ཁོང་ཚོ་མིང་ཚིག་རེད།།
ཅ་ལག་མང་པོ་ཁྲོམས་ལ་འདུག།
ཆ་ཤས་ཙམ་ལས་ཉོ་མ་ཐུབ།།
ཇ་ཆང་ཞིམ་པོ་དཔོན་གྱི་འཐུང་།།
ཉ་ཤ་ཕག་ཤ་སྡིག་པའི་ཟས།།
རྟ་བོང་བདག་ཉར་གཡོག་གིས་འགན།།
ཐབས་ཤེས་བཟང་པོ་མི་ལ་ཡོད།།
ད་ལྟ་དུས་རབས་འཕོ་འགྱུར་འོག།
ནོར་ལ་བདག་ཉར་བྱ་མཁན་དཀོན།།
པ་ཕ་ཨ་མའི་བཀའ་དྲིན་འོག།
ཕ་བཟང་བུ་ཕྲུག་ཤེས་ཡོན་འཛོམས།།
བོད་ཀྱིས་སྐད་ཡིག་བོད་མིར་རན།།
མ་ཕྱུགས་མ་ནོར་མ་འོངས་སོན།།
ཙ་ཟ་ཆུ་འཐུང་དུད་འགྲོའི་ལས།།
ཚ་གྲང་སྡུག་བསྔལ་ལས་ཀྱིས་སྦྱིན།།
ཛ་དྲག་མེད་ན་སྐྱིད་ཉལ་རྒྱོབས།།
ཝ་ལེར་སོམས་དང་བོད་མིའི་ལས།།
ཞྭ་མོ་འཐོམ་ཞྭ་གྱོན་མི་ཉན།།
ཟ་མ་རྙིང་པ་ཟ་མི་ཉན།།
འུར་གཏམ་འཆལ་གཏམ་ཉུང་ན་དགའ།།
ཡ་རབས་བཟང་སྤྱོད་སྲུང་ན་དགའ།།
ར་ལུག་གསོ་སྐྱོང་འབྲོག་པའི་ལས།།
ལ་ལུང་བགྲོད་ནས་ཙ་ཆུར་འཚོ།།
ཤ་ཚའི་གཏམ་ལ་སྙན་ཆ་མེད།།
ས་ཕྱོགས་འདི་རུ་ཉན་མཁན་དཀོན།།
ཧ་ཅང་དཀོན་པའི་ཀ་བཤད་སྤེལ།།
ཨ་ཀྱང་སྐུ་རྩེད་ཞུས་པ་ཡིན།།
སྟེང་གི་ལྷ་ལ་མ་ཕོག་ཤིག།
འོག་གི་ཀླུ་ལ་མ་གནོད་ཤིག།
བར་གྱི་ཙན་ལ་མ་ཐུག་ཤིག།
ས་སྟེང་མི་དང་མཐུན་པ་ཤོག།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོན་ནམས།
གཞུང་པ་ཚེ་དབང་བསོད་ནམས་ལགས།
སྐུ་ཉིད་སྟོད་ཕྱོགས་ཀྱི་ཡུལ་མིང་ཞུང་པའམ་གཞུང་པ་ཞེས་པའི་ཡུལ་ལུང་དེ་ནས་ཡིན་ནམ། གལ་སྲིད་ཡིན་ན་ཞུང་པའི་ཡུལ་དང་མི་རིགས་རིག་གནས་བཅས་ཀྱི་སྐོར་ནས་ལོ་རྒྱུས་དང་གནས་ཚུལ་འདྲ་གསུང་རྒྱུ་ཡོད་དམ་ལགས། །