པདྨ་ཆོས་སྒྲོན།(གངས་སྒྲོན)
མི་ཁག་ཅིག་གིས་ཀླུ་མཁར་བྱམས་ལ་དམར་སྲུང་དམག་ལབ་པ་བཞིན། ང་ལ་མཚོན་ནའང་རྒྱ་མིའི་རིག་གནས་གསར་བརྗེ་ཉེ་སར་ཡོད་པ་ལྟ་བུའི་དངངས་སྐྲག་འདུག དེ་ལྟར་སེམས་འཁྲལ་བྱེད་མཁན་ང་གཅིག་པུ་ག་ལ་ཡིན། ཡུ་རོབ་གནས་སྡོད་གྲོགས་མོ་ཞིག་གིས་སྐད་འཕྲིན་ནས“ ད་སྐབས་ཁྱེད་ཀྱིས་ག་རེ་བྱེད་ཀྱི་ཡོད། ཁོག་གི་ཕྲུ་གུར་བསམ་ནས་སེམས་སྡུག་མ་བྱེད་ཨཱ། སྐད་འཕྲིན་ཚོགས་པ་སོགས་སུ་ཀླུ་མཁར་བྱམས་ལ་འདྲ་མིན་བཤད་མཁན་ཧ་ཅང་མང་གི ངའི་སེམས་ན་ནི་ཞིག་རེད། མཚམས་རེར་ངའི་སེམས་སུ་ཁྱེད་ཀྱིས་བཟའ་ཟླ་འདེམས་པ་ནོར་འདུག་བསམ་པ་ཡང་བྱུང་གི ཡིན་ནའང་་་་” ཞེས་སྐད་བཞག་འདུག
ཡང་ཨ་རི་ནས་གྲོགས་མོ་གཞན་ཞིག་གིས་ “འུ་ཚོ་འདི་ལྟར་སྤྱི་ཚོགས་སྟེང་ནས་ཁེར་རྐྱང་དང་། རྒྱང་ཕུད་ལ་གཏོང་སྟངས་འདི་བསམ་ན། རྒྱ་མི་ལ་མགོ་བཏགས་བཏང་ནའང་འདི་ལས་སྡུག་ཅིག་བྱུང་ཡ་ག་རེ་ཡོད་རེད། ང་ངོ་མ་སེམས་པ་སྐྱོ་ཀི བཙན་བྱོལ་བོད་མི་འདི་ཚོར་ཞེ་མེར་ལངས་ཀི” ཟེར། བཟའ་ཟླ་ནོར་འདུག་ཟེར་བ་འདིས་ངའི་མིག་ཆུ་རང་དབང་མེད་པར་ཤོར་སོང་། ཁོ་བཟང་ན་ངན་ན་ངའི་བུ་ཕྲུག་ཤི་གསོན་གསུམ་གྱི་ཕ་རྒན་རེད།
ཡིན་ན་ཡང་། གྲོགས་མོར་སེམས་གསོའི་ཆེད་དུ། ཁོ་རང་འགྲན་རྩོད་ནང་ཞུགས་ཡོད་ཙང་ཡག་སྡུག་གཉིས་ཀ་བཤད་མཁན་མང་ནི་རེད། དེ་བས་ཁྱེད་ཀྱི་གྲོགས་མོ་ང་སྤྱི་འཐུས་ལ་ལངས་ཀི་ཡིན། བ་ན་(ཐུབ་ཚེ) ངའི་མཛད་འཕྲིན་དེ་ཚོ་བཀྲམ་རོགས་ཞེས། ཨམ་གཙིགས་བསྡམས་ནས་ལན་འདི་བཞག
ཡང་གྲོགས་མོ་ཕྱི་མ་དེར། ཨ་རོགས་སྐྱོན་ནི་མ་རེད། ཚང་མ་ལྔ་བཅུ་ལྔ་བཅུ་ཡིན་ནི་རེད། ང་དེ་ཚོར་སེམས་སྐྱོ་ཀི་མེད། སྣང་བ་གཏོང་གི་མེད། དེ་ལས་གོ་ཚོད་ལ་ཨ་རི་ནས་བུད་མེད་ལོ་གཞོན་མ་ཞིག་གིས། ཨ་མདོ་རྒྱ་བོ་དེ་སྣང་བར་འགྲོ་སོང་ཟེར་ནས། ཁོ་ལ་འོས་ལྡུག་ཆེད་ལོ་བཅུ་ལྷག་ལ་རང་བཙན་ལག་དེབ་ཀྱི་དཔྱ་དངུལ་ཆད་ཡོད་པ་སྡེབ་གཅིག་ལ་སྤྲོད་དགོས་ཐུག་ནས། ཨ་སྒོར་གཅིག་སྟོང་ལྷག་སྤྲད་ཡོད་པ་གོ་ཐོས་བྱུང་། དེར་བལྟས་ན་ངའི་རྒད་པོ་སྲིད་སྐྱོང་ལ་ཐོབ་མིན་གང་ལྟར་ངའི་ལག་ནས་ཤོར་ཉེན་འདུག ང་ལ་ཁྱེད་ཀྱི་སྡོངས་གྲོགས་དགོས་ངེས་རེད་ལབ་ནས། ཁོང་མོར་སེམས་གསོ་ཆེད་སྐད་ཆ་བསྐོར་ནས་སྣང་བ་འཁྲུལ་དུ་བཅུག
ཀླུ་མཁར་བྱམས་སྲིད་སྐྱོང་ལ་ལངས་བ་ནི། རང་བཙན་འཐབ་རྩོད་ཆེད་ཡིན་པར་ཁོ་བོས་བཤད་ལ། ངས་ཀྱང་དེ་རང་ཡིན་པར་སྨོན་ལམ་བཏབ། དེ་མིན་སྲིད་སྐྱོང་ལ་ལངས་བ་དེར་ལངས་བ་ཙམ་ལས་དམིགས་ཡུལ་མེད་ཚེ། དེ་ནི་སྤྱི་ཚོགས་འདིའི་ཁ་དམག་གི་གཡུལ་སར་ཁ་ཤོམ་འཐེན་དུ་ཕྱིན་པ་ལྟ་བུ། ངས་ཆབ་སྲིད་ཅང་མི་ཤེས་མོད། དེར་མི་རྒྱུ་གཉིས་ཀྱི་འགྲོ་གྲོན་བཏང་བ་ཆུད་ཟོས་ཡིན་པ་གསལ་བོ་རེད།
སྤྲེལ་ནག་པ་བློ་གྲོས་དཔལ་བཟང་གིས་”སྲིད་སྐྱོང་ལ་ལངས་མཁན་གཞན་པ་ཚོས་རང་ཉིད་མ་ཐོབ་པ་དེར་སོ་སོ་ཧང་སངས་ཀྱི་ཡོད་ན། ཀླུ་མཁར་བྱམས་གལ་སྲིད་ཐོབ་པའི་ཉིན་མོར་ཁོ་རང་ཐོབ་པ་དེར་ཧང་སངས་ཀྱི་རེད་”ཅེས་བསྡོམས་ཚིག་ཆོབ་ཚ་བོ་ཞིག་བཀོད་འདུག་ལ། དེ་ནི་ཆོབ་རང་ག་བ་ཞིག་མ་ཡིན་པར། ཁོའི་བསམ་སྤྱོད་ལ་ནང་རྒྱུས་ཅན་གྱི་གྲོགས་པོ་ཞིག་གི་སྐད་ཆ་རེད། གང་ལྟར་ཁོ་མ་ཐོབ་པ་དེ་ཁོ་རང་གི་ཁེ་སང་རེད་ཟེར་མཁན་ཡོད་ལ། ཁོས་ཀྱང་སྐྱོན་བརྗོད་མཁན་ཚོའི་ཁ་ནང་ལ་ལག་ཆ་གསོན་པོ་ཞིག་བཞག་པ་ནི་ “རྒྱལ་བཙོང་བའི་ཕྱོགས་སུ་འགྲོ་གི་རེད་” ཟེར་བའི་འགྲེལ་བརྗོད་དེ་རེད།
སྐབས་དེར་ཕྱི་ལོགས་སུ་ཁོ་ཐོབ་ས་རེད་ཟེར་ནས་རེ་ལྟོས་བྱེད་མཁན་རེ་འགའ་ཞིག་གིས། ད་རྦད་དེ་ཟགས་སོང་ལབ་ནས་ངོ་ཐང་ལ་ལྷུང་ཡོད། སྐད་ཆ་དེར“ཐང་གི་རྡོ་བླངས་ནས་རང་གི་རྐང་པ་བཅག་སོང”ཞེས་བརྒྱུད་ལམ་ཁག་ནས་དཔེ་འཇོག་བྱས། དེ་ལ་རང་བཙན་འཐབ་རྩོད་པ་བསྟན་རྡོར་དང་། ཚེ་དབང་ནོར་བུ་སོགས་ཀྱིས་རྩོམ་བྲིས་ནས་རང་རང་གི་ལངས་ཕྱོགས་གསལ་བཤད་བྱས་འདུག ཡིན་ཡང་དེ་ནི་ཅུང་རྗེས་ཀྱི་སྐད་ཆ་རེད།
གང་ལྟར་ཁོ་རང་སྲིད་སྐྱོང་འོས་གཞིར་ལངས་པའི་ཟླ་ངོ་དེ་དག་གི་ནང་། ངེད་ཚང་དམག་ས་ཆུང་ཆུང་ཞིག་གི་བཀོད་འདོམས་ཁང་ཆགས་སོང་། ང་ཡང་ངང་ངམ་ཤུགས་ཀྱིས་འཐབ་ར་དེའི་ནང་གི་རྐང་དམག་ཞིག་གམ། ཟུར་ཉན་པ་ཞིག་གོ་བབ་བཟུང་བ་མ་ཟད། ཐ་ན་ངའི་གཅེས་ཕྲུག་དྷོ་ལ་ཕྲུ་དཀར་ལ་བུ་བཅོལ་ཁང་གི་མ་མ་ཚོས་“སྲིད་སྐྱོང་ཕྲུ་གུ་”ཞེས་རྩེད་མཚར་བྱས་པ་རེད། དེ་ལྟར་ངེད་མ་བུ་ཚོའི་ཡིན་མིན་གོ་ཟློག་གི་སྤྱི་ཚོགས་ཀྱི་བརྙས་བཅོས་བཟེད་པ་མ་ཟད། ད་དུང་ཁོའི་ཁྱོ་དབང་རང་ལུགས་པའི་ངན་གཤིས་འཁུར་དགོས་ཐུག་ཡོད། མི་འདིའི་གྲོས་བསྡུར་ཅིག་གི་སར་ངས་ཁ་གྲགས་ན་མི་ཆོག་པའི་རྣམ་འགྱུར་སྟོན་ཤག་ཤག་ཡིན། ངས་ཀྱང་ཡན་པོར་གཏོང་གི་མེད། ད་ཨ་རོགས་ཁྱོད་སྤྱི་ཚོགས་ཀྱི་མཆུ་ཏོའི་མགོར་ལྕེབས་རྒྱུ་མང་དྲགས་སོང་། རང་བཙན་མི་ཁ་ཤས་ཀྱིས་སྤྱི་ཚོགས་ལ་ཆད་པའི་བུ་ལོན་མིན། ད་དུང་ཚོད་མི་འཛིན་ན། ཁྱོད་ལྟ་བུ་ནང་གི་ཕ་རྒན་མི་འཁྱོངས་མཁན་ཞིག་གིས། བོད་ཀྱི་སྲིད་སྐྱོང་ཡོང་གི་མ་རེད་ཅེས་སྤྱི་ཚོགས་ཐོག་དྲིལ་བསྒྲགས་བྱེད་རྒྱུ་ཡིན་ལབ་ནས་ངར་ངར་བྱས།
ཡང་སྐབས་དེ་ཤེད་ཅིག་ལ། ང་སྤྱི་འཐུས་ལ་ལངས་རྒྱུར་བསྐུལ་མ་བྱེད་མཁན་ཚོགས་སྒེར་རེ་གཉིས་ཤིག་བྱུང་བ་ལྟར། ཁོ་ལ་ག་འདྲ་ཡོང་མིན་དྲིས་པར། མ་ལངས་ན་ཡག་གི་རེད། ང་ལངས་ཐོག་ཁྱོད་ལངས་ན་མཐོང་བདེ་བོ་མེད་ཁར། ངའི་རྐྱེན་གྱིས་ཨ་མདོ་བ་མགོ་བདེ་ཚོས་ཁྱོད་སོར་མོ་གང་གཏོང་གི་མ་རེད་ཟེར། དེ་འདྲ་ཞིག་ཡིན་ན་ང་དེ་བས་ཀྱང་ལངས་ངེས་ཡིན། ང་ཁྱེད་ཀྱི་འདྲ་བཤུས་མིན། ཨ་མདོ་བ་ཚོས་དེ་ཙམ་ཤེས་མིན་ལ་ཚོད་ལྟའི་ཆེད་ཡིན་ལབ་པ་དང་། སྔོན་འགྲོའི་འོས་ཁོངས་ནས་ཕྱིར་འཐེན་མ་བྱས། མཐར་ང་འོས་གྲངས་བསྡུར་ནས་ཤོར་སོང་། ཁོ་དབང་ཤུགས་ཅན་ཚོས་ཕུད་སོང་། གང་ལྟར་ངེད་གཉིས་གཅིག་པ་ཆགས་སོང་།
སྔར་ལོ་ནིའུ་ཡོག་ཏུ་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐོག་ (2015_2016) ལོར་འོས་བསྡུའི་ནང་ལྷན་ཚོགས་ཀྱིས་ཆ་ཤས་ལེན་རྒྱུ་ཐག་གཅོད་བྱུང་འདུག དེའི་རྗེས་ལ་ལྡི་ལིར་འཚོགས་པའི་རྒྱལ་སྤྱིའི་རང་བཙན་ཚོགས་ཆེན་གྱི་ཟུར་ཚོགས་ཐོག ཁོ་རང་རང་བཙན་ཤོག་ཁག་གིས་སྲིད་སྐྱོང་འོས་འགྲན་ནང་ཞུགས་རྒྱུ་ཐག་གཅོད་བྱུང་བ་བཞིན། ཚོགས་འདུ་དེ་ཚོར་ཞུགས་རྗེས་ཁོས་ཀྱང་འོས་འགྲན་གྱི་ལས་གཞི་འགོ་བཙུགས་པ་རེད། དེ་བས་ངེད་ཚང་ནས་ཚོགས་འདུ་ཐེངས་མང་འཚོགས། མང་དུས་མི་བཅོ་ལྔ་ཉི་ཤུ་དང་ཉུང་ན་འབྲེལ་ཡོད་ལྔ་དྲུག་རེ་རྟག་པར་ཡོད། ངས་གནམ་ལྷ་ཁོག་ལ་ཁུར། ངྷོ་ལ་མཆན་ལ་བཟུང་ནས་འཛོམས་འཛོམས་ཚང་མར་ཞལ་ལག་བཟོ་རྒྱུ་སོགས་ནང་གི་ཨ་མའི་ཆེད་ལས་ཡིན་ཡིིན་པའི་ཁར། ད་དུང་འོས་བསྡུ་དང་འབྲེལ་བའི་ཆེད་རྩོམ་ཁག་ཕྱོགས་བསྡུས་དང་། འགའ་ཞིག་ཡིག་སྒྱུར་བྱས།
ཐོག་མར་རྒྱབ་སྐྱོར་ཚོགས་ཆུང་གི་དྲུང་རྩིས་སྡེ་ཚན་ནང་། བསྟན་འཛིན་ཆོས་སྐྱིད་དང་། ཕུན་ཚོགས་དབྱངས་ཅན། བསྟན་འཛིན་ཚེ་ལྷ་སོགས་གཏན་འཁེལ་བྱུང་མཚམས། དངུལ་ཁང་གི་འཛིན་བྱང་སྒོ་ཕྱེས་པ་རེད། ཁོ་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ནི་ཀླད་པ་ཕྱུག་པོ་དང་དངུལ་ཁུག་སྟོང་པ་ཅན་ཚོ (རྩོམ་པ་པོ་དང་། སྒྱུ་རྩལ་བ། ལས་འགུལ་བ) རྐྱང་རེད། རོགས་དངུལ་བསྡུ་རྒྱུའི་འགོ་བཙུགས་མ་ཐག ཤེས་རབ་འོད་གསལ་དང་། བློ་བཟང་ཡེ་ཤེས། ཆོས་ཉིད་འོད་ཟེར་བཅས་ཀྱིས་ཐོག་མར་རང་ངོས་ནས་བློས་བཅད་མ་དངུལ་བསྡུ། དེ་ནས་སྤྱི་ཚོགས་ཐོག་རོགས་དངུལ་བསྡུས་ན་ཡག་པོ་ཡོད་པའི་གྲོས་འགོ་བཏོན། ཀླུ་མཁར་བྱམས་ཀྱིས་ཚོགས་ཆུང་གི་ཚོགས་མིའི་ལག་ནས་དངུལ་བསྡུ་མ་དགོས་པ་ཞིག་ཡོང་མདོག་ཁ་བོ་རེད། དཀའ་ངལ་ལ་འཕྲད་ན་མ་གཏོགས་བསྡུ་རྒྱུ་མིན་ཞེས་ཁས་ལེན་བྱས་མ་སོང་། དེ་བས་ངས་ཕྲུ་གུ་བཙའ་ཆེད་ལ་ཟུར་འཇོག་བྱས་པའི་ཧིན་སྒོར་ཁྲི་ལྔ་བོ་བཏོན་ནས་ཐོག་མའི་ལག་དངུལ་ལ་སྤྲད། ཚང་མས་ངའི་གཏོང་ཕོད་ལ་བཀའ་དྲིན་ཞུས།
ངོ་མ་བཤད་ན། ལྡོག་ཕྱོགས་ནས་འགོ་འཛུགས་མཁན་ཚོགས་གཙོ་སྤེན་པ་ཚེ་རིང་ཡིན་མོད། དེ་ལ་བརྟེན་ནས་ཀླུ་མཁར་བྱམས་ཀྱི་རྒྱབ་སྐྱོར་ཚོགས་ཆུང་གི་མི་དེ་ཚོ་ཡང་གྲུང་རིག་རིག་བཟོས་སོང་། སྤེན་ཚེ་ནས་རྒྱལ་བ་རིན་པོ་ཆེར་མཚན་སྨད་ཞུ་མཁན་དམ་ཉམས་ (མི་དེ་འདྲ་བོ) མཉམ་པོར་སྡིངས་ཆ་གཅིག་ལ་མི་ལངས་ལབ་པ་མ་ཟད། ས་འོག་དར་ཐག་བརྒྱུད་ནས་གྲྭ་ས་ཁག་དང་། ཚོགས་སྐྱིད་རེ་གཉིས་ཀྱིས་ཁོ་རང་གི་གཏམ་བཤད་བཀག་འགོག་བྱས་ཤིང་། དེ་ཡང་གོང་རིམ་ཀྱི་བཀའ་འབྲེལ་གནད་འགག་ཅན་ཡིན་ལུགས་བརྗོད། དེ་ཡི་མཇུག་སྐྱོང་ལ་བློ་བཟང་སངྒེའི་བཀའ་ཤག་གིས་ཀླུ་མཁར་བྱམས་རིག་འཚོ་མ་ཟིན་པར་(སྨྱོ་བཤད་རྒྱགས་མཁན) ཞིག་རེད་ཅེས་གཞུང་འབྲེལ་གསལ་བསྒྲགས་ནང་སྤེལ།
རིམ་པས་འོས་བསྡུ་ལས་ཁང་གིས་བརྒྱ་ཆ་ཉི་ཤུ་བཟོས་ནས་ཁོ་རང་སྔོན་འགྲོར་ལངས་མ་བཅུག་པ་སོགས་ལ། <<ནིའུ་ཡོག་དུས་བབ།>>ཐོག (རུལ་དྲི་ཁ་བའི་བཙན་བྱོལ་བོད་མིའི་འོས་བསྡུ།) ཞེས་བསྡོམས་བརྒྱབས་ཚར་བས། ང་ལ་དེ་ལས་གཞན་ཞུ་ཡ་མེད། རྐྱེན་ངན་དེ་དག་གིས་དམངས་གཙོ་མཐོར་འདེགས་བྱས་པ་རེད་ཟེར་མཁན་ཡང་འདུག
དེ་མ་གཏོགས་ཀླུ་མཁར་བྱམས་དང་རྒྱབ་སྐྱོར་ཚོགས་ཆུང་གིས། [ཁོ་ཚོ་སྒོག་པ་བཙོང་མཁན་ཡིན་ན། ང་ཚོ་ཚྭ་བཙོང་མཁན་ཡིན] ཞེས། རང་གི་ཁྱད་ཆོས་བརྗོད་པ་ལས། གཞན་ལ་དམའ་འབེབ་བྱས་ནས་འགྲན་སློང་རྒྱུའི་སྦྱོར་བ་ཐོག་མ་ནས་བརྩམ་མ་སོང་། རྗེས་སུ་ཁོའི་སྐད་ཆ་ཡང་གང་ཟག་གི་ཐོག་མར་འབབ་ཀྱིན་འདུག ང་དེ་ལ་དགའ་བོ་མེད།
ཀླུ་མཁར་བྱམས་ལ་མཚོན་ན། བོད་རང་བཙན་ལེན་སྟངས་ཡིན་ན་རེད། བོད་པའི་སྤྱི་ཚོགས་འདིའི་བསམ་སྤྱོད་མཐོར་འདེགས་ཆེད་གཞི་རིམ་ཀྱི་སད་རྟོགས་ལས་འགུལ་ཞིག་སྔོན་ལ་འགྲོ་དགོས་པ་ནམ་རྒྱུན་བཤད་བསྡད་ཡོད། འོས་བསྡུའི་སྐབས་ཀྱང་ཁོའི་སྐད་ཆ་རྙིང་པ་དེ་རང་འཇགས་རེད། བསམ་ཚུལ་དེ་འདྲ་ཞིག་གི་ཐོག་གཞི་རྩའི་རྒྱབ་སྐྱོར་ཚོགས་ཆུང་ཡང་ཁ་འཆམ་པར་བརྟེན། འཆར་སྒོ་གཉིས་དང་ངོ་རྒོལ་གཉིས[སྲིད་དོན་བསྐྱར་ཞིབ་ཀྱི་འཆར་སྒོ། གཞུང་སྲིད་བར་གནས་ཀྱི་འཆར་སྒོ། དད་པ་ལོག་སྤྱོད་ལ་ངོ་རྒོལ། བྲན་གཡོག་གཤིེས་སྤྱོད་ལ་ངོ་རྒོལ] ཞེས་པའི་འབོད་ཚིག་འདི་ཚོ་བཟོས། དེ་ལའང་རྩོད་གཞི་མེད་པ་མ་རེད། དང་ཐོག་གྲོས་བསྡུར་སྐབས་བན་དེ་སྐྱབས་ལགས་ཀྱིས་མོས་མཐུན་མ་བྱས། ཁོས་ (གཞུང་སྲིད་དབར་གནས) ལས་གཞན་གསུམ་ནི་ཤེས་རིག་གི་སྣང་ཚུལ་ཞིག་ལ་འགྲེལ་བརྗོད་ཙམ་ལས། གཞུང་འཛིན་པའི་སྒྲུབ་བྱའི་ངོར་བཞག་ན་ལག་པ་འཆིང་ས་མི་འདུག་ཅེས་ཨུ་ཚུགས་ཞེ་དྲགས་བསྐྱོན་སོང་། བསྟན་འཛིན་ཉིན་བྱེད་ཀྱིས (དམངས་གཙོ་དངོས་སུ་ལག་བསྟར) ཞེས་པའི་འབོད་ཚིག་དགོས། དེའི་ནང་ང་ཚོའི་དཀའ་ངལ་ཚང་མ་འདུ་ཐུབ་ཟེར། འདི་དག་གཏན་འབེབས་ཆེད་དགོང་མ་མང་བོར་འཛོམས་དགོས་ཐུག
ཁོ་དང་ཁོའི་རྒྱབ་སྐྱོར་བ་ཚོ་མང་ཆེ་བ་གཅིག་པ་ཡིན། རྒྱས་འགྲེལ་གནང་དགོས་ཚེ་རིང་པོ་དང་སྙན་པོ་བཤད་ཡ་ཡོད་མོད། སྐད་ཆ་གཅིག་ཐོག་ལ་འབབ་རྒྱུ་ཧ་ཅང་ཁག ལས་དོན་དངོས་ནི་ཉི་མའི་རྒྱབ་ལ་ཟླ་བ་ལྷག་འགྲོ ཁོ་ལངས་རྒྱུར་ཐག་གཅོད་བྱུང་མཚམས། རྒྱབ་སྐྱོར་ཚོགས་ཆུང་ནང་བསྟན་འཛིན་ཆོས་སྐྱིད་དང་། རྣམ་རྒྱལ་སྒྲོལ་དཀར། ཕུན་ཚོགས་དབྱངས་ཅན་སོགས་བུད་མེད་འཇོན་ཐང་ཅན་འདི་དག་མེད་ན། (ཕྱི་རྒྱལ་བ་དྭང་བླངས་ཚོས་ཉིན་མཚན་དབྱེར་མེད་ལ་ལས་ཀ་བྱེད་ཐུབ་པ་འདུག) དུས་ཚོད་ཐུང་ཐུང་དེའི་ནང་ཕྱོགས་བསྐྱོད་དང་། ཁྱབ་བསྒྲགས། གསར་འགོད་གསལ་བསྒྲགས། རོགས་དངུལ་བསྡུ་རྒྱུ་དང་། ཆེད་དམིགས་དྲ་རྒྱ་བཟོ་རྒྱུ་སོགས་སྔོན་ལ་སྒྲུབ་དགོས་པའི་ལས་དོན་ཁག་འགོ་འཛུགས་ཐུབ་མེད་པ་གསལ་བོ་ཡིན། དེ་ནི་ཁ་བཤད་ལས་ལག་ལེན་དུ་ཞུགས་ཆེ་བའི་བུད་མེད་ཚོའི་བཀའ་དྲིན་ཡིན།
ཁོ་རང་ལངས་རྒྱུའི་ཐག་གཅོད་བྱུང་མཚམས། སྔོན་འགྲོ་སླེབས་རྒྱུར་ཟླ་བ་གསུམ་ལྷག་ལས་མེད། དུས་ཚོད་དེའི་ནང་ཁོ་རང་དགུ་བཅུ་གསུམ་ཀྱི་ཚོགས་གཙོར་བསྐྱར་འདེམས་བྱུང་ནས་ལས་འགུལ་ཆེད་ལྡི་ལིར་འགྲོ་དགོས་ཐུག ད་དུང་ཁོས་ལངས་རྒྱུའི་བསྒྲགས་གཏམ་དངོས་སུ་སྤེལ་སྐབས་ཕ་རྒན་གཤེགས་ནས་བདུན་ཚིགས་དང་པོ་རེད། བོད་ནས་ཁོའི་ནང་མིར་ཡང་དཀའ་ངལ་སྣ་ཚོགས་བྱུང་འདུག་ལ། དེའི་ཁར་ངའི་གྲོད་ཁོག་མཐོན་པོ་ཆགས་ཡོད། ཕྱི་ནང་གི་ལས་བྲེལ་གྱིས་ཁོས་གང་བཤད་པ་དང་བྱས་པ་ཚང་མ་མགོ་མཇུག་མེད་པ་ཞིག་རེད། ཁོ་རང་གིས་བསྒྲགས་གཏམ་ཐུང་ཐུང་དེ་གཅིག་པུ་ཡིག་ཐོག་ལ་འབེབས་རྒྱུར་ཟླ་བ་གཅིག་ལྷག་འགོར་སོང་། མ་ཡིག་བོད་ཡིག་ཐོག་བྲིས་ཚར་རྒྱབ། བསྟན་འཛིན་ཉིད་བྱེད་དང་། ཤེས་རབ་འོད་གསལ། བློ་བཟང་ཡེ་ཤེས་བཅས་(བུ་ཆུང་བསོད་ནམས་ཀྱིས་དབྱིན་འགྱུར་གྱི་མཐའ་མའི་ཞུ་དག་བྱས)ཀྱིས་ཚན་པ་བགོས་ནས། ཞག་མ་གཉིས་ནང་དབྱིན་བསྒྱུར་བྱས་གྲུབ་སོང་། ལྷ་སྡེ་གནམ་ལོ་ཡག་གིས་རྒྱ་ཡིག་ལ་བསྒྱུར། དུས་ཚོད་ཀྱི་དབང་གིས་བསྒྲགས་གཏམ་ཐོག་འཇམ་དབྱངས་ནོར་བུ་དང་། ཨ་མྱེས་རྨ་ཆེན་བཀྲ་ཤིས་ཚེ་རིང་། རྒན་ལྷ་བཟང་ཚེ་རིང་སོགས་ལ་གོ་བསྡུར་ཞིབ་ཚགས་མ་བྱུང་བར་ཚོགས་ཆུང་ནང་ཕངས་སེམས་འདུག
གཞན་ཡང་ཕར་ཕྱོགས་ནས་ཅི་བཤད་མིན་མ་ཡིན་པར། ཁོ་རང་གི་བཤད་སྟངས་ལ་ཟ་ཟུར་མང་པོ་ཡོད་པ་དེར་ང་རང་གཙོས་རྒྱབ་སྐྱོར་བ་ཚོར་སེམས་འཁྲལ་ཡོད། སྐབས་སྐབས་སུ་ནང་ཁུལ་ནས་བཤད་རེ་མང་བོ་ཡོང་གི་ཡོད། སྐུ་ཞབས་བློ་བཟང་ཡེ་ཤེས་ལགས་ཀྱིས། ང་ཚོས་གང་བཤད་རུང་མ་བཤད་རུང་། མཐའ་མར་ཀླུ་མཁར་བྱམས་ཀྱི་བསམ་ཚུལ་གཞིར་བཞག་ཐོག་ཚིག་ལ་སྣོན་འཕྲི་གང་དགོས་ལྟ་རྒྱུ་ཙམ་ལས། ཁོང་གིས་མ་དྲན་པ་ཞིག་བཤད་བསྡད་ན། མི་མང་ལ་འགྲེལ་བཤད་རྒྱག་མཁན་ཁོ་རང་ཡིན་སྟབས་ཡོང་ཡ་ཡོད་མ་རེད་བརྗོད། དེ་ནི་བསམ་ཤེས་ཀྱི་བཀའ་མོལ་ཞིག་ཆགས་སོང་། ཆོས་ཉིད་འོད་ཟེར་ནས་ཀྱང་དེར་མོས་མཐུན་བྱས།
ད་དུང་བློ་བཟང་ཡེ་ཤེས་ལགས་ཀྱིས་ཀླུ་མཁར་བྱམས་ལ་ཁྱོད་ཀྱིས་བློ་སེང་དང་སྤེན་ཚེ་སོགས་ལ་སྐྱོན་བརྗོད་རྒྱུ་ལས་རང་གི་འཆར་གཞི་དང་། རང་ཉིད་རྒྱ་འོག་ནས་བཙོན་ལ་ཕྱིན་དེ་མྱངས་པའི་བརྒྱུད་རིམ་བཤད་རྒྱུ་གལ་ཆེ། ཁོ་ཚོར་ཁྱེད་ནང་བཞིན་བློས་བཏང་དང་འཐབ་རྩོད་ལ་ཞུགས་པའི་ལོ་རྒྱུས་སྣེ་གཅིག་མེད། དེ་ནི་ང་ཚོའི་ཕྱོགས་ཀྱི་མ་རྩ་ཆེ་ཤོས་ཡིན་པར་བརྗོད། ཀླུ་མཁར་བྱམས་ཀྱིས་ང་སྒེར་གྱི་མི་ཚེ་ལོ་རྒྱུས་ཤེས་མཁན་ཚོས་ཤེས་ཡོད་པ་རེད། ད་རེབ་ང་སྲིད་སྐྱོང་ལ་ལངས་མཁན་རེད། ཆབ་སྲིད་བཙོན་པ་ཉམ་ཐག་ཚོས་སོ་སོས་ཅིག་བྱས་རབས་དང་ལྷན་དུ་མུག་ཤི་བགྲང་བཞིན་པ་ལྟར། ངའི་མི་ཚེའི་སྐོར་རིང་བོ་བཤད་ན་ཆོ་ཡོད་མ་རེད། གཙོ་བོ་བོད་དང་བོད་ཀྱི་ལོ་རྒྱུས་ལ་ངོས་འཛིན་ག་འདྲ་ཞིག་བྱེད་ཐུབ་མིན་དང་། དེ་ལ་བསྡོམས་བརྒྱབ་པའི་འཆར་སྣང་གསལ་འདོན་དགོས་པ་གལ་ཆེན་པོ་རེད་ཟེར་ནས། རང་ཉིད་ཀྱི་མི་ཚེ་སྐོར་ནས་མང་བོ་བཤད་རྒྱུར་མོས་མཐུན་བྱས་མ་སོང་། ཁོ་མ་གཞི་ནས་དེ་འདྲ་ཞིག་རེད། ཡིན་ཡང་བློ་བཟང་ཡེ་ཤེས་ལགས་ཀྱི་བསམ་ཚུལ་དེ་གལ་ཆེན་ཡིན་པར་ཚང་མས་རྒྱབ་སྐྱོར་བྱས་ཙང་། ཁོས་ཀྱང་རང་གི་ལོ་རྒྱུས་དང་སེམས་ཚོར་འདྲེས་མ་ཞིག་གང་དྲན་ཚོད་ལ་བཤད་པ་དང་། དེར་གཞི་བཅོལ་ནས་བརྙན་ཐུང་སྐར་མ་བཅུ་ཙམ་ཡོད་པ་དེ་བཟོས། དེའི་ནང་ལ་ཁོར་བཙོན་ཐག་བཅད་པའི་བཅད་ཁྲ་བཞག་ནས་ཚན་པ་ཞིག་བཟོ་དགོས་སྐོར་སྒྲིག་སྦྱོར་བས་རེ་སྐུལ་བྱས་ཀྱང་། ཁོས་དེར་ཡང་ངོས་ལེན་མ་བྱས་པར། ལེ་ཚན་དེའི་ཚབ་ལ་ “བོད་རང་བཙན་ངའི་ཚེ་སྲོག་ཡིན” ཞེས་པའི་ཡིག་ཕྲེང་དེ་བྲིས་པ་རེད།
ཁོས་ཁ་མ་གྲགས་སྔོན་ནས་གང་བཤད་རྒྱུ་ཡིན་པ་ངས་རོབ་ཙམ་ཤེས་ཀྱི་ཡོད། མི་འདི་འཛིན་སྐྱོང་འཇོན་མཁན་ཞིག་མིན་པ་གསལ་བོ་ཡིན། ཁོ་རང་གིས་ནམ་རྒྱུན་དོ་སྣང་སྤྲོད་ས་དང་། འགྲོ་ཞོར་འདུག་ཞོར་ལ་ཁ་བསྔོག་ཙམ་བསྔོག་ཙམ་བྱེད་བཞིན་པའི་དེབ་དག་ལ་མཚོན་ནའང་། ལོ་ངོ་བརྒྱ་ཕྲག་གོང་ཡོ་རོབ་ནང་བྱུང་བའི་བློ་འབྱེད་ལས་འགུལ་དང་། སྒྱུ་རྩལ་བསྐྱར་དར་སྐབས་ཀྱི་གནས་ཚུལ། ད་དུང་དེ་ལས་ཐག་རིང་བའི་སུའུ་གར་ཀྲིར་སི་དང་། པཱོ་ལ་ཐོའི་མཚན་ཉིད་སྐོར། བོད་བཙན་པོའི་དུས་ལ་དབུལ་ཕྱུག་བསྙམས་པའི་སྒྲུང་འདྲ་བོ། ས་སྐྱ་དང་ཕག་གྲུའི་དུས་ཀྱི་སྡེ་གཟར་བྱུང་བའི་རྒྱབ་ལྗོངས་སོགས་རེད། ཁོས་ལས་བྲེལ་ཆེ་བའི་བར་གསེང་དང་། ཕྱོགས་བསྐྱོད་སྐབས་ཁུར་ནས་འགྲོ་བཞིན་པའི་དེབ་ཡང་དེ་འདྲ་རྐྱང་རེད།
ད་དུང་ཁོ་ལ་ཞན་ཆ་ཞིག་གམ། ཡང་ན་བཟང་ཆ་ཞིག་དུ་བགྲངས་ཆོག་པའི་གཤིས་སྤྱོད་ཅིག་ཡོད་པ་ནི། མི་གཞན་གྱིས་ཁོ་རང་སྐོར་ལ་རྩོམ་ཡག་སྡུག་གང་བྲིས་ཀྱང་ཁོས་དེ་ཚོར་སྣང་བ་གཏོང་གི་མ་རེད། ང་ཚོས་ཁོ་ལ་བཙན་བྱོལ་བོད་གཞུང་གི་ཁྲིམས་སྒྲིག་ཁག་དང་། རྩིས་ཞིབ་ཀྱི་སྙན་ཐོ་རིམ་པ། བོད་རྒྱ་ཞི་མོལ་གྱི་བརྒྱུད་རིམ། གཞུང་གི་བསྒྲགས་གཏམ་ཁག་སོགས། ཁ་ཡོད་ལག་ཡོད་ཀྱི་ཡིག་ཆར་ལྟ་དགོས་པར་བསྐུལ་མ་བྱས་པ་དང་། དེ་འབྲེལ་གྱི་རྒྱུ་ཆ་བསྡུ་རུབ་བྱས་ཡོད་མོད། ཧ་ལམ་ཁོས་དེ་ཚོར་མིག་གཤེར་ཙམ་ལས་བྱས་མ་སོང་། བྱེད་བབས་དེར་ང་རླུང་ལངས་ནས། ཁྱོས་ཤི་ཚར་བའི་གནས་ཚུལ་དང་། ཤི་ཚར་བའི་མི་རྐྱང་གི་སྒྲུང་ཀློག་ནས་བོད་ཀྱི་ཛ་དྲག་གནས་སྟངས་ག་འདྲའི་ལམ་ནས་སེལ་ཐུབ་ཀྱི་རེད། སྲིད་སྐྱོང་ཕར་རིའི་སྤང་རྒྱན་རེད། མཐར་ཁྱོད་རང་ཡང་གནའ་མི་དེ་དག་གི་དུར་ས་ནས་གོ་མེད་ཚོར་མེད་ངང་ཤི་རྒྱུ་ཉག་གཅིག་རེད་ཅེས་ལབ་མྱོང་།
ཉིན་ཞིག་ཁོ་རང་ཨུ་ཐུག་འདུག རྣམ་འགྱུར་དེ་འདྲ་མཐོང་ཁག་ཚོད་ཡིན། ཅི་མ་ཉན་ཐལ་ཞེས་དྲིས་པར། སྐད་འཕྲིན་ནང་འདྲ་མི་འདྲ་འདུག་ཟེར། ཨ་ལེ་་སྐད་འཕྲིན་ཨེ་་་ངའི་སེམས་ལྷོད་ལ་བབས་སོང་། ཁྱོད་ཀྱི་ཁ་ལག་གཉིས་ཀ་སྡོད་ཚོད་མེད་པ། དཔའ་བོ་བཅའ་རྒྱུ་དང་སྲོག་ལ་འཛེམས་རྒྱུ་གཉིས་ཀ་ཡོང་གི་མ་རེད་ཅེས་སྡིགས་ཁུལ་བྱས། མ་གཞི་སྐབས་དེར་ངོ་དེབ་དང་། སྐད་འཕྲིན་སོགས་སུ་་་ཀླུ་མཁར་བྱམས་ལྷོ་ཕྱོགས་ལ་སླེབས་ན་མེ་འཁོར་འབབ་ཚིགས་ནས་རུབ་རྡུང་རྒྱག་གི་ཡིན། ཨ་རིར་ཡོང་ན་བཟོ་ལྟ་བཟོ་ཀི་ཡིན། ཁོ་འདྲ་བོ་སྲིད་སྐྱོང་ལ་ཐོབ་པ་ཡིན་ན། ཉི་མ་དེར་ང་གངས་སྐྱིད་ཀྱི་སྒོ་ཁ་ནས་མེར་བསྲེགས་གཏོང་གི་ཡིན། ཁོ་རྒྱལ་བ་རིན་པོ་ཆེའི་ཁ་གཏད་རེད། བོད་མིའི་སུམ་ཆའི་གཉིས་ཁོའི་དགྲ་བོ་རེད་ཟེར་བ་སོགས་འདྲ་མི་འདྲ་སྤེལ་བཞིན་ཡོད་མོད། ཁོས་དེ་ཚོ་གནད་དོན་ཞིག་ལ་བརྩི་གི་མེད་ཁར། ངས་ཀྱང་མཐོང་མཐོང་བའི་སྟབས་ཀྱིས་བྲེད་ཚར་འདུག
ཉིན་དེར་ཁོས་བཤད་ན། རྡ་སའི་ཐང་ཁྲོམ་སྟོན་མཁན་ཚོས་ཀླུ་བྱམས་ཀྱིས་མཚན་སྨད་ཞུས་པར་བརྟེན། ཕ་ཡུལ་གྱི་མི་རྣམས་ངར་ལངས་ནས་ནང་མི་ཚང་མ་རུབ་རྡུང་བྱས་པ་མ་ཟད། ཁོའི་ཕ་མ་གཉིས་སྒོ་ལ་དྲུད་འདུག་ཟེར་ནས་གཅིག་ཁ་གཉིས་བརྒྱུད་ཀྱིས་བཤད་བཞིན་པ་ཁོའི་ལས་རོགས་ཤིག་གི་སྐད་འཕྲིན་ནང་འདུག་ལ། ཁོས་དེ་ནི་ད་བར་བྱུང་བའི་དཀྲོགས་གཏམ་ནང་ཞེད་སྣང་ཚ་ཤོས་རེད་ཟེར། ངས་དཀྲོགས་གཏམ་ནི་དཀྲོགས་གཏམ་རེད། ཁྱེད་ཀྱི་ཕ་མ་གཉིས་ཀ་གཤེགས་ཚར་ཡོད་པས་སྒོ་ལ་འདྲུད་རྒྱུ་ཞིག་ག་བར་ཡོད་རེད་ཅེས་པར། ཁོས་མ་རེད། ངན་བསྐུལ་དེར་དོ་སྣང་སྤྲོད་དགོས་རེད། དེའི་རྒྱབ་ན་རྒྱ་མི་ཡོད་སྲིད་ལ། མདོ་དོན་ཕར་ནས་ནང་མིར་ཅིག་བཅའ་དགོས་རེད་ལབ་ནས། ཐད་ཀར་ངན་སྐུལ་བྱས་པ་དང་གཅིག་པ་རེད་ཟེར། གང་ལྟར་ཁོས་བསམ་བློ་དེ་འདྲ་ཞིག་གཏོང་གི་འདུག
ངས་ཁོ་རང་གི་སྐད་ཆ་དེའི་རྔ་མར་འཇུས་ནས་གོ་སྐབས་ཤིག་ཏུ་བཟུང་སྟེ། ད་ངས་བལྟས་ན་ཁྱོད་འོས་འགྲན་ནས་ཕྱིར་འཐེན་བྱ་རན་འདུག མི་ཐོབ་པ་ཐག་གཅོད་རེད། ད་དུང་གཏུམ་སྤྱོད་ཅན་འདི་ཚོས་ཁྱེད་སྡིངས་ཆ་ཞིག་ལ་མི་སླེབས་རྒྱུའི་ཆེད་དུ་ཐབས་ཤེས་ཡོད་རྒུ་བྱེད་ཀྱིན་པར་བལྟས་ན། ཁྱོད་ཀྱིས་དོན་དངོས་ཐོག་ཁོ་ཚོའི་ཁེ་ཕན་ལ་ཉེན་ཁ་ཡོད་པ་མཐོང་ཉིན། ཁོ་ཚོས་ཁྱེད་འདྲ་བོ་རྩ་མེད་བཟོ་སྲིད། བཙན་བྱོལ་ནང་འདི་འདྲ་བྱུང་མྱོང་བ་རེད་པ་ཅེས་དང་། ངས་ད་དུང་ཁོ་ལ་ནན་བཤད་བྱས་པ་ནི། ངའི་ཕྲུ་གུ་དང་པོ་མ་འཚམས་པའང་སྤྱི་ཚོགས་ཀྱི་ཁ་རྡུང་གིས་ཡིན་སྲིད་ཅེས་དྲན་བསྐུལ་བྱས། (སྐབས་དེར་མདོ་སྨད་སྤྱི་འཐུས་ཤིག་གིས་ཀླུ་མཁར་བྱམས་ཀྱི་ཕྲུ་གུ་ཤི་བ་ནི་ཁོས་མཚན་སྨད་ཞུས་པའི་རྣམ་སྨིན་རེད་ཅེས་བཤད་པ་མིའི་ཁ་ནས་གོ་སོང་། ངས་དེ་རིང་མི་དེའི་བཟའ་ཟླ་དང་ཕྲུ་གུར་བསམ་བློ་བཏང་ནས་མིང་འདིར་འབྲི་རྒྱུ་མིན། ཡིན་ན་ཡང་། ཉིན་དེ་ནས་བཟུང་ངས་གྲོས་ཚོགས་ཀྱི་བརྙན་འཕྲིན་ལ་ཐེངས་གཅིག་ཀྱང་ལྟ་མ་མྱོང་། མི་དེའི་གདོང་པ་མཐོང་ན་ང་ཅིག་ཆགས་འགྲོ་གི )
ད་དུང་སྐབས་དེར་བོད་ཕྱི་ནང་གི་གྲོགས་པོ་གང་མང་གིས་ངེད་ཚང་གི་བདེ་འཇགས་ལ་སེམས་ཁྲལ་ཇེ་ཆེར་སོང་བ་དང་བསྟུན། ངས་ཁོ་ལ་རྒྱ་གར་སྐོར་སྲུང་བར་ལན་བསྐྱལ་ན་ལབ་ཀྱང་། ཁོས་བོད་ནང་གི་སྤུན་མཆེད་ཚོར་དཀའ་ངལ་མ་བྱུང་ན། འདི་གར་སྐྱོན་ཡོད་མདོག་ཁ་བོ་མ་རེད། གནད་དོན་ཆུང་ཆུང་ཆེན་པོ་བཟོ་དགོས་པ་མ་རེད་ཅེས་ངའི་ཁ་བཀག་སོང་། མདོ་དོན་ཁོ་རང་འོས་འགྲན་ནས་ཕྱིར་འཐེན་བྱ་རྒྱུ་ཕར་ཞོག་སུ་ཞིག་ལ་བཅག་བཅག་ཡིན་པ་འདྲ་བོ། གསར་འགོད་གསལ་བསྒྲགས་སྐབས“རང་བཙན་འཐབ་རྩོད་ཆེད། བླ་མ་དང་དད་པ། སྐྱེས་དམན་དང་ཕྲུ་གུ་ཚང་མ་བློས་གཏོང་དགོས་ཀྱང་གཏོང་གི་ཡིན” ཟེར་ནས་འུར་ཤོམ་འཐེན་འདུག སྐད་ཆ་དེ་ཚོ་མཐོང་འཕྲལ་ངས་ཁོ་ལ་སླར་ཡང་ཁ་རྩོད་བརྒྱབས། ངས་ནི་རང་བཙན་མ་བཙན་མི་ཤེས། མི་ཁྱོད་ཅན་པོས་རྡ་སའི་ཆབ་སྲིད་ཆུང་ཆུང་འདི་ཁྱི་ལྟོགས་པའི་ཁ་ནང་ལ་རུས་གོག་ཤོར་བ་བཞིན་བྲོ་བ་ཡན་གར་བ་ཞིག་རྙེད་འདུག ང་དེར་སུན་སྣང་སྐྱེས་ཀྱིན་འདུག་ལབ་པ་ཡིན།
ང་ལ་མཚོན་ན་སྤྱི་ཚོགས་འདི་རྩ་ཚང་བ་ཞིག་ལ་མཐོང་གི་མེད། ལོ་ལྔའི་གོང་མདོ་སྨད་སྤྱི་འཐུས་ཀྱི་ཁོངས་སུ་ཁོ་རང་གི་མིང་སླེབས་མ་ཐག་ནས་གསལ་བོ་ཆགས་ཡོད། དེ་དུས་གཙོ་བོ་ཨ་མདོ་བ་ཚོའི་ནང་རྒྱ་དང་བོད་ཐུག་པ་ལས་ཀྱང་ལྷག་པའི་ཟིང་ཆ་ལངས་སོང་། ཀླུ་མཁར་བྱམས་ཁྲིམས་ཁར་སྐྱེལ་དགོས་ཡོད། དགུ་བཅུ་གསུམ་ནས་འཕུད་དགོས་ཡོད་ཟེར་བ་སོགས་ཀྱི་གཏུགས་བཤེར་ཡི་གེ་བཏང་བ། ཚོགས་པའི་སྒོ་ལ་སྦྱར་ཡིག་སྦྱར་བ་སོགས་བྱུང་བ་དང་། ཁོ་རང་སྤྱི་འཐུས་ཀྱི་སྒུག་ཐོར་སླེབས་མ་ཐག་གཞུང་ཕྱོགས་ནས་ཡར་འགྲོ་མ་བཅུག་པར་ཁྲིམས་སྒྲིག་ལ་མ་གསལ་བའི་བར་མའི་འོས་བསྡུ་བྱས་ནས་ད་ལོའི་བརྒྱ་ཆ་ཉི་ཤུ་དང་གཅིག་མཚུངས་བྱུང་ཡོད་ལ། སྐབས་དེ་ཤེད་ཅིག་ལ་ཁོ་རང་དང་ནོར་ཝེ་རླུང་འཕྲིན་ཁང་གི་སྐལ་བཟང་གཉིས་དགོང་མོ་ནང་དུ་ལོག་སྐབས། ལམ་བར་ནས་ཅིག་གིས་རྡོ་གཞུས་པ་ཁོར་མ་ཕོག་པར། སྐལ་བཟང་གི་ལག་པར་ཕོག་པའི་གནས་ཚུལ་ལྷག་པ་དང་། མ་ཟད་དགོང་མོ་དེ་འདྲར་ “མཚན་སྨད་ཞུ་མཁན་ཁྱོད་སྒོ་ལ་ཐོན་ཤོག་ཟེར་” ནས་སྐད་གཏོང་མཁན་སོགས་ཀྱང་ང་ཡོད་ས་ནས་བྱུང་མྱོང་ཡོད། ད་དུང་སྐབས་དེར་ལྷ་སྡེ་གནམ་ལོ་ཡག་གིས་སྤེལ་བའི་རྩོམ་ཡིག་ནང་། ཁོང་ལ་ཁྱེད་ངྷ་རམ་སཱ་ལར་ཀླུ་མཁར་བྱམས་ཀྱི་རོ་ལ་བདག་པོ་རྒྱག་ཏུ་འགྲོ་བའི་གྲ་སྒྲིག་དགོས་ཚུལ་གྱི་ཉེན་བརྡ་འབྱོར་བ་གསལ་ཡོད།
ཁོ་ཙམ་མ་ཟད་ང་རང་ལ་མཚོན་ནའང་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པ་དེ་འགྲིག་མེད་ན་དགོངས་དག ཡིན་ཡང་། ངའི་ཕྲུ་གུ་བསམ་མེད་གཉིས་ཀྱིས་བོད་ལ་ནག་ཉེས་རྐང་གཅིག་བསགས་མེད། འོན་ཀྱང་། མི་ཁག་ཅིག་གིས་ཁོ་བོར་ཁ་རྡུང་བཏང་ནས་སྙིང་ནད་མ་སངས་པར། ངའི་ངོ་དེབ་ནང་གི་པར་རྙིང་པ་དེ་ཚོའི་གཤམ་འོག་དང་། སྒེར་འབྲེལ་ཐོག་ལན་བཞག་སྟེ། ཨ་གསོན་འདྲེ་མ་ད་ཁྱོད་ཀྱིས་འདུག་ཚོད་ཟུངས་ཟེར་བ་དང་། ངའི་ཕྲུ་གུའི་པར་གྱི་འོག་ལ་འདི་ཚང་གི་འདྲེ་ཕྲུག་གན། སྤྱི་ཚོགས་ཀྱི་གད་སྙིགས་ཟེར་བ་འདྲ་བོ། ཁྱེད་ཀྱི་ཁྱོ་ཀ་ངའི་དགྲ་བོ་ཡིན། ཁྱོད་འདྲ་བོ་མདོ་སྨད་སྤྱི་འཐུས་ལ་ལངས་ན་འོས་མི་ལྡུག་སེམས་ཐག་ཡིན་ཟེར་བ་དང་། མོ་རང་ཀླུ་མཁར་བྱམས་ཀྱི་སྐྱེས་དམན་རེད་འོས་མ་ལྡུག་ལ་སོགས་ག་ཚོད་བྲིས་ཡོད་པ་རྒྱ་སྡེའི་མིག་ཁར་བཤམས་ཡོད་ལ། ཧུར་བརྩོན་ཅན་ཚོས་དེ་འབྲེལ་གྱི་ལས་འགུལ་ཡང་གང་འཚམ་ཞིག་སྤེལ་སོང་།
དམོད་མོ་དང་ཁ་རྡུང་འདི་དག་ལས་ཀྱང་། ངའི་སེམས་སུ་ཟུག་གཟེར་སློང་བྱེད་ནི་འདི་ལྟར་བཤད་མཁན་མང་ཆེ་བ་མིང་རྫུན་འོག་ཡིབ་ནས་སྐད་འཕྲིན་དང་ངོ་དེབ་ཀྱི་གདོང་པར་ལ་རྒྱལ་བ་རིན་པོ་ཆེའི་སྐུ་པར་དང་། ཡང་ན་སངས་རྒྱས་ཀྱི་སྐུ་བརྙན་བཞག་ཡོད། དེ་བས་ངས་ངོ་དེབ་ནང་གི་ནང་པ་དད་པ་ཅན་འདི་དག་གང་ཐུབ་ཅིག་གཏན་འགོག་(block ) བྱས་པ་མ་ཟད། ཀླུ་མཁར་བྱམས་ཀྱི་ངོ་དེབ་ནས་ཀྱང་སྐོར་ཞིག་ནག་བསུབ་བཏང་། ངས་ཅིག་བྱེད་ཐུབ་པ་ནི་དེ་ཙམ་རེད།
དྲང་མོར་བཤད་ན། ངོ་དེབ་དང་སྐད་འཕྲིན་སོགས་སུ་བློ་བཟང་སེངྒེ་དང་། སྤེན་པ་ཚེ་རིང་། ད་དུང་བཀྲིས་དབང་འདུས་སོགས་སྲིད་སྐྱོང་ལ་ལངས་མཁན་ཚང་མར་སྡུག་རིགས་ངན་ཚད་བཤད་པ་མཐོང་རྒྱུ་འདུག ཡིན་ཡང་། ཁོང་རྣམ་པའི་སྐུ་ལྕམ་དང་ཕྲུ་གུར་ངེད་མ་བུ་ཚོ་ནང་བཞིན་ཁ་རྡུང་རེག་མེད་ཚོད་ཡིན། གལ་སྲིད་ཡོད་པ་ཡིན་ན་ང་ཁྱེད་ཅག་གི་རྒྱབ་རྩར་ཀ་ལངས་ལངས་ཡིན་ཟེར་ན་སྐད་ཆ་ཆེ་དྲགས་ཡོད་མོད། ལྷན་རྒྱས་ལ་གདུང་སེམས་མཉམ་སྐྱེད་ཡོད་དང་ཡོད། ཚོགས་གཙོ་སྤེན་ཚེ་ནས་ངའི་རྒད་པོ་༸གོང་ས་མཆོག་ལ་ཁ་གཏོང་མཁན་གྱི་དམ་ཉམས་ཤིག་རེད་ལབ་ན་ཆོག སྲིད་སྐྱོང་བློ་སེང་གིས་ངའི་རྒད་པོ་སྨྱོ་བཤད་རྒྱག་མཁན་གྱི་སྨྱོན་པ་རེད་ལབ་ཡོད་ན་འདྲ། ཁྱོ་ག་ཚོས་ཁ་ཕོ་རུས་རྩོད་སར་སྨན་ཅོ་ཐོགས་རྣམས་ལ་ཇུས་གཏོགས་མེད་ན་རེད། སྒོས་སུ་ཕྲུ་གུ་བསམ་མེད་རྣམས་ལ་འབྲེལ་བ་རྐང་གཅིག་ཆགས་མེད།
ཡིན་ནའང་། ཁོ་ལ་ཁ་ནས་བཤད་པ་ཙམ་མ་ཡིན་པར་གོང་ནས་ཞུས་པ་བཞིན། ལག་ལེན་དངོས་ཀྱི་ཐོག་ཚུལ་མིན་གྱི་སྦྱོར་བ་རྩོམ་རྒྱུར་གྲབས་ཤོམ་མཁན་ཡོད་ཁར། ཁོའི་འགྲོ་རོགས་འདུག་རོགས་ཚོས་ཀྱང་དོན་དག་མེད་སར་ཁ་རྡུང་བཟེད་ཡོད། དེའི་ནང་ཚེ་རིང་གཡུ་སྒྲོན་གྱི་ནང་མིས་ཁོ་ལ་རྒྱབ་སྐྱོར་བྱས་པར་བསྙོན་ནས། སྔར་ལོ་ལྷོ་ཕྱོགས་རྒྱུད་སྨད་གྲྭ་ཚང་ནས༸གོང་ས་མཆོག་གི་གསུང་ཆོས་སྐབས། དགོན་པའི་མགོ་བ་ཚོས་ཚེ་རིང་གཡུ་སྒྲོན་གྱི་ནང་མི་ཆོས་ཞུ་སར་ཡོང་མི་ཆོག་ལབ་པ་མ་ཟད། ཁོང་ཚང་གི་ཚོང་ཁང་ནང་ནས་ཅ་ལག་ཉོ་མི་ཆོག་སྐོར་ཧོང་སོར་ནས་ཡིག་འཁྱམས་བཀྲམ་པ་སོགས་བྱས་འདུག གཞན་ཡང་ཁོ་བོར་རྒྱབ་སྐྱོར་བྱེད་མཁན་གྱི་གྲས་སུ་བཟའ་ཚང་ཁ་ཁར་ཕྱིན་པ་དང་། ཕ་བུའི་འབྲེལ་ལམ་བཅད་པ་དེ་འདྲ་ཡང་དངོས་སུ་གོ་རྒྱུ་འདུག
རེད་དེ། ང་རང་ངོ་མ་ཨུ་ཐུག་ཏུ་འཇུག་མཁན་གཞི་རིམ་མང་ཚོགས་མིན། ཁོ་ཚོར་ཁ་སྟབས་དེ་ལས་ཡོད་པ་མ་རེད་ལ། འོས་འགྲན་ནང་ཞུགས་མཁན་ཚོས་ཅིག་གི་ཁ་དང་ཅིག་གི་སྣ་རྩོད་བཞིན་པའང་རྒྱུན་ལྡན་ཡིན་སྲིད། གཙོ་བོ་འོས་སང་ཉིན་ལྡུག་པའི་དེ་རིང་། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༧ ཉིན། (ཉིན་གཉིས་གོང་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་མི་ཆོག་པ་སྒྲིག་གཞིར་འཁོད་ཡོད) སུད་སི་གྲོང་ཁྱེར་ཧོར་ངྒན་དུ་ཚོགས་འདུ་ཞིག་གི་སར། ཨ་མ་རྗེ་བཙུན་པདྨ་ལགས་ཀྱིས་ཀླུ་མཁར་བྱམས་ལ་གཤེ་གཤེ་བཏང་བ་དང་། (ཚོགས་ཐོག་དེར་ཡབ་གཞིས་བསྟན་པ་ཚེ་རིང་གིས་དེ་བས་ཁ་གསལ་ནས་བཤད་འདུག) བརྙན་ཐུང་དེ་མཐོང་འཕྲལ་ང་རང་ཞེ་མེར་ལངས་སོང་། དགོང་མོ་དེར་ངའི་ངོ་དེབ་ཐོག “་བཟའ་ཟླ་ལགས། ཁྱེད་ཀྱིས་གང་བཤད་དང་གང་བྱས་ཐམས་ཅད་ལ་ངས་རྒྱབ་སྐྱོར་ཡོད་མེད་ལ་མ་ལྟོས་པར། མདོར་ན་བོད་ཀྱི་ཆེད་དུ། བོད་སྤྱི་ཚོགས་ཧྲིལ་བོ་ཁྱེད་ཀྱི་དགྲ་རུ་ལངས་སྲིད་ནའང་། ཉི་མ་དེར་ང་ཁྱེད་ཀྱི་རྒྱབ་ན་ཡོད། འདི་ནི་གནས་ལུགས་ལས་འགོངས་པའི་འོས་འགན་དུའང་བརྩིས་ཆོག”ཅེས་སྡུག་གཏམ་འདི་ཤར་མར་བྲིས་ནས་བཏང་བ་ཡིན། དེ་ནི་ང་བུད་མེད་ཅིག་གིས་ཕྱུ་པའི་ཐུ་བ་སྐེད་པར་དཀྲིས་ནས་རྐང་དམག་གི་སྐྱེ་བ་བླངས་པའི་དོན་གོ་ཡིན།
ཨ་མ་རྗེ་བཙུན་པདྨ་ནི་སྐུའི་གཅུང་མོ་ཡིན་པའི་རྒྱུ་མཚན་གྱིས་སྤྱི་མི་ཞིག་ལ་གཙུག་གིས་བཀུར་ཡོད། ལོས་ཡིན། ང་རང་ཡང་དེའི་ནང་གི་གཅིག་ཡིན། གནས་ཚུལ་དེ་ཚོ་མ་བཤད་ཀྱང་ཆོག མོ་རང་མ་མཐར་ཡང་ཕྲུ་གུ་ཤི་གསོན་འགའི་ཨ་མ་ཀྲོང་ཀྲོང་ཞིག་རེད་ལ། ཁྱོ་བོའི་ཤུལ་ལ་ལྷག་པའི་སྐྱེས་མ་ལས་ངན་མ་ཞིག་ཀྱང་རེད། འཇིག་རྟེན་གྱི་སྐྱིད་སྡུག་གང་འཚམས་ཤིག་རང་སྟེང་ལ་དཔེ་བླངས་ནས་བསམ་བློ་གཏོང་ཐུབ་དགོས་ཚོད་ཡིན། ཚོགས་ཐོག་དེར་ཁོང་བཟའ་མི་གཉིས་ཀ་དུས་གཅིག་ལ་ཡར་ལངས་ནས་ངར་སྟངས་ལ་བལྟས་ན། (ཀླུ་མཁར་བྱམས་ཀྱི་ཁ་གཏད་ལ་བོད་སྤྱི་ཚོགས་ཀྱི་སུམ་ཆ་གཉིས་དགྲ་རུ་ལངས་ནས) ངེད་བཟའ་མི་གང་བོ་གསོན་པོར་དུར་འཇུག་བྱས་ཀྱང་རུང་། བོད་གངས་ཅན་གྱི་ཨ་མ་ཟེར་ནས་བསྟོད་གླུ་འབུལ་སྐབས། ཞལ་འཛུམ་བག་ཁྲོལ་ལེར་བཞུགས་ཐུབ་མཁན་གྱི་སྙིང་རྗེ་བདག་མོས། ཕྱོགས་དེར་སྤྱན་ཟུར་གཡོ་ཙམ་ཡང་གནང་ས་རེད་མི་འདུག
ཨ་མ་རྗེ་བཙུན་པདྨ་ལགས་ཀྱི་གསུངས་བབ་ནི། ཁོ་རང་ཙམ་མ་ཡིན་པར་བཙན་བྱོལ་ནང་གི་ཤེས་ཡོན་ཡོད་ཟེར་མཁན་ཚང་མ་དང་། ནང་སྒོས་སུ་བོད་ཕྲུག་ཁྱིམ་སྡེ་ནས་སློབ་སྦྱོང་རག་མཁན་ཞིག་དང་། མདོར་ན་དེར་ལྟོ་ཟ་མྱོང་མཁན་ཞིག་ཡིན་ཕྱིན། རྒྱལ་བ་རིན་པོ་ཆེར་སྐྱོན་འཛུགས་བྱེད་མཁན་ཞིག་ལ་འོས་བླུགས་པ་ཡིན་ན། ད་ཁྱེད་ཚོ་ཚད་ག་བར་སླེབས་པ་རེད་ཟེར་ནས་ངར་བཞིན་པ་འདི་རེད། ང་ཚོར་ཁྲིམས་ཤིག་ཡོད་པ་ཡིན་ན། (འོས་བསྡུའི་སྒྲིག་གཞིའི་ནང་འོས་མི་གང་ཞིག་ལ་རྒྱབ་སྐྱོར་བྱེད་ཞོར། དེའི་ཁ་གཏད་འོས་མིར་འོས་ལྡུག་མི་ཆོག་པར་མང་ཚོགས་ལ་གནོན་ཤུགས་སྤྲོད་པ་དང་། ཡང་ན་བརྒྱུད་སྐུལ་མི་ཆོག་པ་གསལ་བོ་འཁོད་ཡོད) དེ་བས་རྒྱལ་བ་རིན་པོ་ཆེའི་མཚན་གནས་ཁུར་ཡོང་ནས་གནོན་ཤུགས་སྤྲད་པ་ལས་ལྷག་པའི་བཙན་བྱོལ་ནང་གནོན་ཤུགས་གཞན་ཞིག་མེད་པ་གསལ་བོ་ཡིན། དམངས་གཙོར་འདི་ལྟ་བུའི་ལོག་འགྲེལ་ཞིག་དང་། ཤེས་ཡོན་ཅན་ལ་འདི་ལྟ་བུའི་མཐོང་ཆུང་ཞིག་ངས་ད་བར་གོ་མྱོང་མེད། ཉིན་གཅིག་༸གོང་ས་ལྷ་མིའི་རྣམ་འདྲེན་མཆོག་གིས་གནས་ཚུལ་འདི་དག་མཁྱེན་ན། གང་གི་གཅུང་མོ་བཀའ་འགུགས་ཐོག་གཤེ་གཤེ་ཚ་ཐག་ཆོད་ཅིག་གཏོང་གི་རེད་བསམ་ཡོད། ངས་དེར་རེ་བ་བཅིངས་ཡོད།
མཐའ་དོན། ཁོ་རང་སྲིད་སྐྱོང་གི་འོས་འགྲན་ནང་ལངས་པ་དེར་ཁོ་རང་མི་སྒེར་ལ་ཁ་རྡུང་གཏོང་མཁན་ཡོད་པ་ཙམ་དུ་མ་ཟད། གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཚོགས་མི་ཁྲི་ལྷག་ཡོད་ཟེར་མཁན་ཚོར། ཁྱེད་ཚོ་རང་བཙན་རྩོད་མཁན་ཡིན་ན་ད་ལོ་ག་པར་ཕྱིན་པ་རེད་ཟེར་ནས་ཚ་འདེད་གཏོང་མཁན་བྱུང་འདུག་ལ། ཁོ་ལངས་པ་དེར་གདེངས་འཇོག་བྱེད་མཁན་ཡང་བོད་ཕྱི་ནང་གཉིས་(ལས་འགུལ་ཆེད་ཞལ་འདེབས་ཀྱང་ཧིན་སྒོར་འབུམ་བཅུ་ལྷག་རག་ཡོད)བྱུང་པ་མ་ཟད། རྒྱབ་སྐྱོར་དེ་ཡང་མི་རིགས་དབྱེར་མེད་དང་རྒྱལ་མཚམས་རུས་མེད་ཞིག་རེད་ལ། ཐ་ན་རྒྱ་རིགས་ཤེས་ལྡན་པའི་ཁྲོད་ནས་ཀྱང་རྒྱབ་སྐྱོར་བྱེད་མཁན་མི་ཉུང་བ་ཞིག་བྱུང་སོང་།
དེ་བས་ཀྱང་དགའ་འོས་པ་ཞིག་ལ། སྔོན་འགྲོའི་སྐབས་ཁོ་རང་ལ་ཁ་ཆག་སྣ་རལ་མ་བྱུང་བ་མ་ཟད། སྲིད་སྐྱོང་གི་ཨང་རིམ་གསུམ་པར་སླེབས་པ་དང་། ང་ཡང་སྤྱི་འཐུས་ཀྱི་དངོས་གཞིའི་ནང་སླེབས་འདུག་ན། འོས་ཐོབ་མིན་ལ་མ་ལྟོས་པར། སྤྱི་ཚོགས་ཀྱི་སྣང་ཚུལ་དངོས་ནི་བརྒྱ་ཡིས་འདོད་པ་སྟོང་གིས་མི་འདོད་པ་གསལ་བཤད་བྱས་ཡོད། དེ་བས་ང་སྒེར་ལ་མཚོན་ན་བློ་ཁ་ཡོངས་སུ་ཚིམས་ཡོད། རེད་དེ་ང་ནི་ད་དུང་མུ་མཐུད་ནས་ཨུ་ཐུག་དོན་ག་རེ་ཡིན་ཟེར་ན། དྲ་ལམ་ཁག་ན་ ༢༠༢༡ ལོར་ཁོ་རང་སླར་ཡང་སྲིད་སྐྱོང་ལ་ལངས་དགོས་རེད་ཟེར་ནས་རླུང་ཞིག་རྒྱག་བཞིན་འདུག
རླུང་དེ་རྒྱུན་ལྡན་ཞིག་མ་རེད། ངའི་མཐོང་ས་དང་གོ་ས་ནས་དེ་འདྲ་བཤད་མཁན་བྱུང་། མ་གཞི་ངའི་ཁྱོ་གས་བོད་མི་རིགས་ཀྱི་ཆེད་དུ་ཁོ་ལ་འཚམས་པའི་ཕུགས་བསམ་ཞིག་འདེམས་པ་དེ་ནོར་མེད་ན། ངས་ཀྱང་གྲོགས་མོས་བཤད་པ་ལྟར་ཁྱོ་ག་འདེམས་པ་ནོར་མེད་པ་བདེན་དོན་གྱི་ཆེད་དུ་ཡིན་ཟེར་ཆོག་མོད། སྐད་ཆ་དམར་དམར་པོ་བཤད་ན། ང་ལ་བཙན་བྱོལ་ནང་གི་འཐབ་རྩོད་ཀྱིས་འགྲིག་སོང་། ད་ནས་བཟུང་ང་ལ་རྐང་དམག་གི་གོ་གནས་འདི་མི་དགོས། ཟུར་ཉན་པའི་སེམས་ཁྲལ་འདི་མི་དགོས། སྐུ་ལྕམ་དང་པོའི་རྨི་ལམ་ (Dream of being a First lady) ནི་དེ་བས་ཀྱང་མི་དགོས།
ངའི་བརྩེ་བའི་ཁྱོ་གས་ངེད་མ་བུ་ཚོ་བཙན་བྱོལ་ནས་ཡང་བྱོལ་གྱི་ལམ་དུ་རྫོངས་ཀྱི་མ་རེད་བསམ་ཡོད། ངས་ཕྲུ་གུ་གཉིས་ཀྱི་སྐྱེ་འཚར་ལ་ངང་སྒུག་གིས། སྤྱི་ཚོགས་འདི་ལ་ཨམ་ཅོག་ལྟེབས་བརྩེགས་བརྒྱབ་ནས་འདུག་གི་ཡིན། ད་ལོའི་འོས་འདེམས་ཆེན་མོ་ནས་ངེད་ཚང་གི་ཚེ་སྲོག་ལ་འཇིགས་སྐུལ་བྱས་པ་མཐའ་མ་ཡིན་ཆོག་ལ། དེ་བཞིན་ཕྱི་ལོ་ ༢༠༢༡ པ་དེ་ཡང་ངེད་མ་བུ་ཚོའི་སེམས་ཁུངས་ཀྱི་ཁུར་བོར་མི་འགྱུར་ཆེད། ངས་དེ་རིང་ནས་དཀོན་ཅོག་ལ་སྨོན་ལམ་འདེབས་བཞིན་ཡོད། ངས་དེ་རིང་ནས་ཁྱོ་ག་དང་སྤྱི་ཚོགས་གཉིས་ཀར་རེ་སྐུལ་ཞུ་བཞིན་ཡོད།།
བཞུགས་སྒར་རྡ་ས་ནས་ ཕྱི་ལོ ༢༠༡༦ ཟླ ༥ཚེས ༡༥ ལ་བསྐྱར་བཅོས་ཀྱིས་སྤེལ།
མི་རིགས་ཀྱི་འཐབ་རྩོད་མ་གཞི་ནས་འདི་ལྟར་དུ་འགོ་བཙུགས་པ་རེད ། ང་ཚོ་ལ་ཁྱེད་ཚང་ལྟ་བུའི་ཁྱིམ་ཚང་འགའ་ཡོད་ན་ཅུང་ཟད་རེ་བ་ཡོད །
རང་ཚུགས་བརྟན་པོ་དང་སྒལ་ཚིགས་དྲང་བའི་བུད་མེད་ཤེས་ཡོན་ཅན་འདིའི་སེམས་གཏམ་ལ་ཡིད་སྐྱོ་བཞིན་བཀླགས་ཟིན་ཡོད། རྫུན་མ་བྲིན་ཆེ་བའི་དེང་གི་སྤྱི་ཚོགས་ཀྱི་ངོ་གདོང་ནི་ཇི་འདྲའི་འཇིགས་ཡེར་བ་ཞིག་རེད་ཨང་།
བཀླགས་ཟིན་པ་མ་ཟད། གནད་དོན་འགའ་བསྐྱར་དུ་ཀློག་ནས་བསམ་གཞིགས་བཏང་ཡོད། ངེད་ཅག་ལ་ད་དུང་རུས་རྐང་ཅན་འདི་ལྟ་བུ་དུས་གཏན་དུ་སྐྱེས་བར་སྨོན་ལམ་བཏབས་ཡོད།
ཆབ་སྲིད་ནང་ཀླུ་གར་བྱམས་ལགས་སུ་སྐྱོན་བརྗོད་བྱས་པ་ནི་དེང་དུས་ཆབ་སྲིད་ཀྱི་འགྲོ་ལུགས་ནང་ fair game ཡིན་པར་ངོས་བཟུང་ཆོག་ཀྱང་ དམངས་གཙོའི་འགྲོ་ལུགས་མི་ཤེས་པའི་བསམ་མེད་མང་པོས་སྐུ་ཉིད་དང་ན་ཆུང་བུ་ཕྲུག་ལ་དམའ་འབེབས་བྱས་པར་བློ་ཕམ་གྱི་རང་བཞིན་ཞིག་ཡིན་པས་བཟོད་གསོལ་ཞུ་།
ནུ་མོ་གངས་སྒྲོན་ལགས་ཀྱིས་སྦྱངས་རྡུང་བྱས་པའི་རྩོམ་ཡིག་འདིར་རིན་ཐང་ཆེ་ཆེར་ལྡན་ཞིང་། བཙན་བྱོལ་ཆབ་སྲིད་ཀྱི་ཡོ་འཁྱོམ་ཁྲོད་ཀྱི་གདོང་རུས་མང་བོ་གསལ་སྟོན་གནང་འདུག་པར་རྟེན་འབྲེལ་ཞུ།
ཅི་མ་བདེན། བཟང་ཚང་ཡིན་ཡང་རིགས་འདྲ་འཁེལ་ཟེར་བ། ཆུང་ཆུང་ཞིག་ཆེ་རུ་བཏང་། ཡོད་ནི་ཟིག་མེད་པར་བཏང་ནས་བསམ་བློ་གཏོང་བ་དང་འགྲེལ་བཤད་བྱེད་པ་ནི་རང་ཉིད་ཀྱིས་རང་ཉིད་མྱི་གྲལ་ནས་ཕུད་གོ་ནོ་དེ་རེད། མྱིས་མྱི་རྫོབ་ལ་ཟེར་བའི་གཏམ་དེ་འདི་གཉིས་ལ་ད་མཛའ་སེ་ཡོད་ཁུ་་་་་ ཧཧཧཧཧ
རྒྱལ་གཅེས་པ་ཀླུ་མཁར་བྱམས་ཀྱི་དམིགས་ཡུལ་གཙོ་བོ། བོད་རང་བཙན་ལེན་སྟངས་ཡིན་ན་རེད། བོད་པའི་སྤྱི་ཚོགས་འདིའི་བསམ་སྤྱོད་མཐོར་འདེགས་ཆེད་གཞི་རིམ་ཀྱི་སད་རྟོགས་ལས་འགུལ་ཞིག་སྔོན་ལ་འགྲོ་དགོས་པ་ཐུགས་དགོངས་བཞིན། བོད་སྤྱི་ཚོགས་ཧྲིལ་པོ་ལ་རྟོགས་སད་གང་ལེགས་འགྲུབ་སོང་བས། ངས་ཁྱེད་བཟའ་མི་གཉིས་ལ་གུས་འདུད་ཞུ།
རྒྱལ་གཅེས་དཔའ་བོ་ཨ་ཚོགས་ཚང་གི་སྙིང་སྟོབས་ལྕགས་རི་ལྟ་བུ་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་དང་། ལྷག་པར་བཟའ་ཟླ་པད་མ་ཆོས་སྒྲོན་གྱི་རྩོམ་འདི་འདྲ་ཡག་པ་ཞིག་བྲིས་པར་སྙིང་ཁུང་རུས་པའི་གཏིང་ནས་ཡི་རངས་ཞུ། ང་ཚོ་ལ་བདེན་པའི་རང་རྟགས་གསལ་བའི་ཉི་མ་ཡོད་ངེས་ཡིན།
ཀླུ་མཁར་འབྱམས་རང་བཙན་ཆེད་དུ། སྲིད་སྐྱོང་གི་འོས་མིར་ལངས་པ་སུ་ཞིག་གིས་ཀྱང་། འཕྱ་སྨོད་དང་ངན་སྨྲས་བྱེད་མཁན་ཡོད་ཀྱི་མ་རེད། འོན་ཀྱང་། སྐྱོན་བརྗོད་མེད་པ་མ་རེད། ཡོད་ཆོག་གི་རེད། དེ་ནི་མང་གཙོའི་ཁྱད་ཆོས་གཙོ་བོ་དེ་རེད། མི་རེར་བསམ་ཚུལ་རེ་ཡོད་ཙང་། བཤད་ཆོག་གི་རེད། འོན་ཀྱང་། ཀླུ་མཁར་འབྱམས་སྲིད་སྐྱོང་འོས་མིར་མ་ལངས་གོང་ནས། ༧གོང་ས་མཆོག་ལ་སྐྱོན་བརྗོད་འདྲ་མིན་བྱས་ཡོད། དེ་བས་ཀྱང་། བོད་མི་ཚོའི་བསམ་ཡུལ་ལ་ཤོངས་དཀའ་བ་ནི། སྲིད་སྐྱོང་འོས་མིར་ལངས་སྐབས། ཁོ་པས་རྒྱུད་ལམ་ཁག་རྒྱུད་ནས། ༧གོང་ས་མཆོག་རྒྱལ་འཚོང་བ་ཡིན་ལུགས་བརྗོད་པ་རེད། དེ་ནི་སྲིད་སྐྱོང་འོས་མི་ཞིག་གི་གཞི་རྩའི་སྐྱོན་ཆ་དེ་རེད་ལ། མི་མང་ཚོའི་སེམས་ལ་ཕོག་ཐུག་ཕྱིན་པའི་རྒྱུ་མཚན་ཡང་དེ་རེད། གང་ལྟར། ཀླུ་མཁར་འབྱམས་ག་རེ་ཡིན་ཀྱང་། ཡིན་ཏུ་ཆུགས། ཁྱད་པར་མེད། མིང་མང་གི་ལྡིང་ཆ་སྤྱད་ནས། སྨྱོ་ལབ་རྒྱབ་ན། རྒྱབ་སྐྱོར་རྩ་བ་ནས་མེད།
ཟླ་བ་ཁ་ཤས་ཀྱིས་སྔོན་ལ་ཆོས་རྒྱུད་སྤྱི་འཐུས་རྣམས་ལ་ཨེ་རླུང་ཚང་གིས་དྲི་བ་དྲི་ལན་ཀྱིས་སྐབས་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ནས་རྒྱལ་བ་རིན་པོ་ཆེ་ནས་དབུ་མའི་ལམ་ནོར་འཁྲུལ་ཡིན་པ་དང་ཁེ་དང་རྒྱལ་ཁབ་གཞན་ལ་སྤྲོད་གྱོང་དང་ཕམ་ཁ་རང་གིས་ཁུར་བ་རེད་ཟེར་བ་དེ་སུ་གང་གིས་དགག་པ་མེད་པ་དེ་ཅི་ཞིག་ཡིན་ནམ། བསྟན་པ་ཡར་འཕེལ་ལ་བློ་སེང་དང་འཇུ་ཆེན་ཚང་རྒྱབ་སྐྱོར་མང་པའི་རྐྱེན་གྱི་ཡིན་ནམ་ཡང་ན་དམིགས་གསལ་གྱིས་ཁོང་ལ་སྨྲ་བརྗོད་རང་དབང་ཞིག་ཡོད་པ་འདྲ་། ཨ་ཚོགས་ཀླུ་མཁའ་བྱམས་གཅིག་པོ་ལ་འདི་འདྲ་དམའ་འབོད་དང་བྱེད་དགོས་དོན་ཅི་ཞིག་རེད་།
ང་ཚོ་ལ་ལས་དང་རླུང་རྟ་མེད་པ་རེད་ལ། དྲན་ཤེས་གསལ་པོ་ཞེ་དྲག་མེད་པའི་འཁོར་ཡུག་ཡིན་པ་གསལ་པོ་རེད། ཁྱེད་རང་འདྲ་བ་སྤྱི་འཐུས་ལ་མ་ཐོབ་པ་དེས། གང་ལྟར་ཡིད་མུག་མུག་པོར་བཟོས་སོང་ལ་གང་མི་ཚད་སྙན་པོ་བྱུང་། ད་བར་མཁས་དབང་དང་སྙན་ངག་མཁན་རྩོམ་པ་པོ་ཟེར་བ་མང་པོའི་ཡིག་ཉོག་དེ་ཚོ་དང་བསྡུར་ཐབས་མི་འདུག ཁྱེད་རང་སྐུ་ལྕམ་དང་པོ་མིན་ཡང་བུད་མེད་རྩོམ་པ་པོ་དང་པོ་དེ་རེད་ཟེར་ངས་བསྟོད་པ་འཐེན།
ནམ་རྒྱུན་ང་རང་ཁ་བརྡའི་རྩོམ་ཡིག་དག་ལ་མིག་ཟུང་འཕེན་པ་ཙམ་ལས་རྩོམ་ཐུང་རེ་ཡང་ཞིབ་ཀྱིས་ཀློག་པར་མི་སྤྲོ་བ་ཞིག་ཡིན་མོད།
དེ་རིང་པདྨ་ཆོས་སྒྲོན་གྱི་རྩོམ་རིང་འདི་མཇུག་ཇི་ལྟར་ཕུད་པ་ཡང་ང་རང་གིས་མ་ཤེས། ངས་ཤེས་པ་ནི་སྐབས་དུས་ངའི་སེམས་པ་སྟོང་སང་སང་། སྐྱོ་ལྷང་ལྷང་ཡིན་པ་དེ་རེད།
ད་དུང་ཕྱི་ལོགས་ན་ཆར་བ་ཟམ་ཟིམ་ཞིག་ཀྱང་འབབ་ཀྱིན་འདུག
ཀླུ་མཁར་བྱམས་གྱི་རང་བཙན་ལེན་ཟེར་མཁན་ཚོར། གཏམ་དཔེ་ཞིག་ང་ལ་ཡོད། དེ་ནི། མི་འཇོན་རྒད་མོའི་ལངས་གཅིན་ཟེར་བ་དེ་རེད།
བུད་མེད་ལུས་ལ་ཕོ་ཡི་བློ་རྒྱ་ཅན་རྒྱལ་གཅེས་དཔའ་བོ་ཀླུ་མཁར་བྱམས་ལགས་ཀྱི་བཟའ་ཟླ་པདྨ་ཆོས་སྒྲོན་ལགས་ནས་དངོས་ཡོད་གནས་ཚུལ་ཇི་བྱུང་ཁ་གསལ་གོ་བདེ་དང་ཚིག་སྦྱོར་གོ་རིམ་སོགས་ཆ་ཡོངས་ནས་བཀླག་ན་ཀློག་རིན་ཆོག་པ་ཞིག་བྲིས་འདུག་པས་རྩོམ་བྲིས་རིང་ཀྱང་དབུ་མཁྱུད་དུ་ཀླུ་མཁར་བྱམས་ཞེས་བྲིས་པ་དང་ངས་གཟབ་ནན་གྱིས་ཡིག་འབྲུ་གཅིག་ཀྱང་མ་ལུས་པར་ལས་བྲེལ་གྱི་གསེང་ནས་ཡོངས་སུ་རྫོགས་པར་བཀླགས་ཡིན་པས། དངོས་གནས་ང་ཚོའི་སྤྱི་ཚོགས་འདིའི་གནས་སྟངས་གང་འདྲ་ཡོད་མེད་ཤེལ་དཀར་གྱི་མེ་ལོང་དུ་བལྟས་པ་བཞིན་གསལ་པོར་མཐོང་བྱུང། ང་ནི་ཁྱེད་ཀྱི་བཟའ་ཟླས་སྲིད་སྐྱོང་བཞེངས་སྐབས་སུ་བཤད་པའི་གཏམ་བཤད་ལ་སེམས་གཏིང་ནས་ཡིད་དབང་འཕྲོགས་ཡོད། ང་ནི་ཁོང་དང་ཕ་ཡུལ་གཅིག་པ་མིན་ལ་ཆོལ་ཁ་ཡང་གཅིག་པ་མིན། ཆོས་ལུགས་ཀྱང་དེ་བས་གཅིག་པ་མིན། ཤ་རུས་ཀྱི་འབྲེལ་བ་ནི་དེ་བས་ཀྱང་མིན། འོན་ཀྱང་ཁོང་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་མཁན་བློ་བརྟན་འགྱུར་མེད་ཅིག་ཡིན། ཁྱེད་ཀྱིས་བྲིས་པའི་རྩོམ་དེ་ཀློག་དུས་ངོ་མ་སེམས་གཏིང་ནས་བློ་ཕམ་དང་ཁོང་ཁྲོ་ལངས་འོང། ངས་ཁོང་ལ་རྒྱབ་སྐྱོར་བྱེད་རྒྱུར་ད་དུང་ཡང་བརྟན་དུ་བརྟན་དུ་བཏང་སོང། ཁྱེད་དང་ཁྱེདནཀྱི་ནང་མིར་ཐུགས་ཁྲལ་རྩ་བ་ཉིད་ནས་མི་དགོས། ཀླུ་མཁར་བྱམས་ནི་ཨ་མ་ཚ་ནའང་ཚ་གོ་ཆོད་པའི་མི་བུ་ཞིག་ཡིན། ཁོ་ཡིས་བཤད་པའི་ཆབ་སྲིད་ཀྱི་སྐད་ཆ་དང་ཁོ་ཡི་དམིགས་ཡུལ་རྣམས་མི་རིང་བར་འགྲུབ་ངེས་རེད། དེང་དུས་རབས་ཉེར་གཅིག་པའི་སྐབས་འདིར་དབང་ཆ་གཅིག་བསྡུད་དང་དད་པ་ལོག་སྤྱོད་བྱེད་མཁན་སོགས་རིམ་གྱིས་འཛམ་གླིང་འདི་ནས་ཡལ་འགྲོ་བཞིན་ཡོད། སྔ་ཕྱི་མེད་པར་ནམ་མཁའི་འཇའ་ལྟར་ཡལ་ངེས་རེད་སེམས་ཁྲལ་མི་དགོས། འདས་པའི་ལོ་རྒྱུས་ལ་སོམ་དང་ལྔ་བཅུ་ང་དགུའི་སྐབས་སུ་བོད་པའི་དཔོན་རིགས་དེ་ཚོར་སྐུ་ངོ་ལགས་ལྕམ་ལགས་ཟེར་ནས་མིག་གྱེན་ལ་བལྟ་ཡང་བཟོད་ཀྱི་མེད། དེ་རྗེས་བཙན་བྱོལ་གྱི་དཔོན་རིགས་རྣམས་ལ་མིག་ཡར་བལྟ་ཕོད་ཀྱང་སྐྱོན་ལ་སྐྱོན་བརྗོད་བྱེད་ས་མེད། དེ་རྗེས་དཔོན་རིགས་འགའ་ལ་སྐྱོན་བརྗོད་བྱེད་ཆོག་ཀྱང་འགའ་ཞིག་ལ་ནམ་ཡང་བྱེད་ཆོག་གི་མེད། དེ་རྗེས་ཁ་བརྡ་དྲ་རྒྱ་གཙོས་པའི་དྲ་རྒྱའི་ནང་དུའང་མཐོ་རིགས་ལ་ངན་བཤད་བྱེད་ས་མེད། ད་ཆ་ནི་རྦད་དེ་འགྱུར་བ་གནམ་ས་བླ་འོག་བརྗེས་པ་ལྟར་མཐོན་པོར་སྐྱོན་བརྗོད་བྱེད་ས་ཡོད། དཔེར་ན་ཁ་བརྡའི་དྲ་བ་བཞིན། འཛམ་གླིང་འདིར་རང་དབང་དང་དམངས་གཙོ་དང་རྒྱལ་ཁབ་ཀྱི་དོན་དུ་ལུས་སྲོག་ཡན་ཆད་བློས་བཏང་བྱས་པ་ལ་བརྟེན་ནས་མཐར་ཁོང་ཚོའི་དམིགས་ཡུལ་དེ་གྲུབ་ཡོད། དེ་བཞིན་ཁྱེད་ཀྱི་བཟའ་ཟླའི་དམིགས་ཡུལ་ཀྱང་མི་རིང་བར་འགྲུབ་ངེས་ཡིན་པས་བློ་བདེ་བག་ཕེབས་བྱས་ནས་བཞུགས་རོགས།
ངས་བསམ་པར་བོད་རང་བཙན་འཐབ་རྩོད་ཀྱི་ཆེད་དང་། ཉམ་ཐག་པའི་བོད་མི་དམངས་ཀྱི་ཆེད་དུ་འཐབ་རྩོད་བྱེད་མཁན་ཞིག་གིས་ངོས་ནས་བྱས་ན་བློས་གཏོང་གང་མང་ཞིག་བྱེད་ལུས་དགོས། བཟའ་ཚེ་རོགས་བློས་གཏོང་དགོས་ནའང་རེད། མཆུན་བུ་རྒྱུད་བློས་གཏོང་དགོས་ནའང་རེད། དྲིན་ཕ་མ་བློས་གཏོང་དགོས་ནའང་རེད། རྒྱུ་དཔལ་འབྱོར་བློས་བློས་གཏོང་ནའང་རེད། མཚན་སྙན་གྲགས་བློས་གཏོང་ནའང་རེད། ལྷ་གྲལ་ནས་འདྲེའི་གྲལ་དང་མྱི་གྲལ་ནས་ཁྱིའི་གྲལ་བསྡད་དགོས་ནའང་བློས་གཏོང་རྐྱང་ཐུབ་མཁན་གྱི་བུ་དེ་ལ་ངེད་གངས་ཅན་པའི་ཕོ་རྒོད་ཟེར་ཆོག་གི་རེད་འདོད།
པདྨ་ཆོས་སྒྲོན་གྱི་རྩོམ་ཡིག་ཆ་ཚང་བཀླགས་པ་ཡིན། དགའ་པོ་བྱུང་། ཀླུ་བྱམས་ལ་བཟའ་ཚེ་རོགས་དེ་འདྲ་ཞིག་ཡོད་པར་དགའ་པོ་བྱུང་། ང་ལྟ་བུ་ཡིན་ན་ལས་དབང་དང་བསམ་ཚུལ་གཅིག་པའི་ཀླུ་བྱམས་ཀྱི་རྒྱབ་སྐྱོར་བ་ཞིག་ཡིན། སྔར་ཡང་ཡིན་ལ་ད་ཡང་ཡིན། མུ་མཐུད་ནས་ཡིན།
དུས་ནམ་ཡང་སྲིད་དབང་སྒེར་འཛིན་པ་དང་སྤྱིའི་རྒྱུ་སྒེར་བདག་པ། རྒྱལ་བཙོང་བ་ལྐོག་ཟ་རུལ་སུངས་ཚོ་ལ་མགོ་སྒུག་གྱི་མིན། མི་ཚེ་ལྷག་མ་འདིའི་ནང་དུ་ཡོད་ཚོད་བརླག་པ་ཡིན་ནའང་བློ་འགྱེད་རྩ་བ་ནས་མེད། ནམ་ཤི་ནམ་རྒད་བར་དུ་འཐབ་རྩོད་བྱ་ངེས་ཡིན།
ཁ་བརྡ་ཚང་ལ་རྙིང་ཞེན་པ་ཚོས་གནོད་ཤུགས་ཡོད་མིན་ལ་མ་ལྟོས་བ་གནས་ཚུལ་འདི་བཀོད་པ་ནི། བཙན་བྱོལ་གྱི་ནང་དུ་སྨྲ་བརྗོད་ཀྱི་རང་དབང་། ལྟ་གྲུབ་ཀྱི་ེརང་དབང་། གསར་འགྱུར་གྱི་རང་དབང་སོགས་ཅུང་ཡར་རྒྱས་སུ་འགྲོ་བའི་མཚོན་དོན་དུ་ཁུམས་པས་དགའ་བོ་བྱུང་། མུ་མཐུད་དུ་དེང་རབས་པ་ལ་རྒྱལ་ཁ་ཐོབ་ནས་རྙིང་ཞེན་པ་རྣམས་རྨོངས་གཉིད་ལས་དཀྲོགས་ཏེ། བོད་འདི་དུས་དང་མཐུན་པ་སྐྱོད་ཐུབ་པ་སྨོན།
“ངའི་རྐྱེན་གྱིས་ཨ་མདོ་བ་མགོ་བདེ་ཚོས་ཁྱོད་སོར་མོ་གང་གཏོང་གི་མ་རེད་ཟེར།” སྐད་ཆ་འདི་སྣང་བ་ལ་འགྲོ་སོང་། ཀླུ་བྱམས་ལ་ཁ་ཆག་སྣ་རལ་མ་བྱུང་བར་བཀྲིས་བདེ་ལེགས་ཞུ། དེ་མིན་ཁོང་ཞལ་ལ་བདག་པོ་ཡག་པོ་བསྐྱོན་ཤེས་མཁན་ཞིག་ད་རེད་མི་འདུག རང་བཙན་རྩོད་ཆོག་ཀྱང་དེའི་འགག་རྡོ་༸རྒྱལ་བ་རིན་པོ་ཆེ་རེད་མདོག་མདོག་བྱས་ན་གནས་ལུགས་དང་མི་མཐུན་པའི་སྐད་ཆ་ཞིག་རེད། མི་མང་ཕལ་མོ་ཆེ་སྣང་བར་མི་འགྲོ་སའང་དེ་རེད།
པདྨ་ཆོས་སྒྲོན་ལགས།ནང་མི་ཚང་མ་ཁམས་བདེ།ཁྱེད་ཀྱིས་དངོས་བྱུང་རྩོམ་ཡིག་འདི་་ཞིག་བྲིས་པར་ངོ་མ་རིན་ཐང་ལྡན་གི་ སེམས་འགུལ་ཐེབས་ཞིག་བྲིས་འདུག
ཚང་མ་བཀླགས་ཟིན། སྤྱི་ཚོགས་ཀྱི་འཚོ་བ་དངོས་རེད། ཡིན་ཡང་དུས་ནམ་ཡང་བློ་མ་ཕམ། རྒྱུ་མཚན་མི་རིགས་ཤིག་གི་རྩ་དོན་ཡིན་ཙང་། དེའི་ཡང་སྙིང་སེམས་ལ་ཆོངས། བདེན་པའི་ཉི་མ་ཞིག་ཤར་རྒྱུ་ཡོད། སྤྱི་ཚོགས་ནང་དུ་ཁ་ཡག་མགོ་བདེ་འཁྲབ་སྟོན་པའང་མང་། གང་ལྟར་སྤྱི་ཚོགས་ཧྲིལ་བོ་ཞིག་ལ་ཁྱེད་བཟའ་མི་ཚང་མས་ཁ་གཏད་དུ་ལངས་ཐུབ་པ་བྱུང་བ་དེ་བཟང་རུང་ངན་རུང་དཔའ་ངར་སྐྱེས་ཆོག
དེ་འདྲ་ཡག་པོ་བྲིས་འདུག
ཁྱེད་གཟའ་མི་གཉིས་ཀྱི་ཡན་ན་བཙན་བྱོས་ནང་བོད་མི་རིགས་ལ་བསམ་བློ་གཏོང་མཁན་ཅ་ཧ་ཉུང་ངུ་རེད། ང་ནི་ནམ་ཡང་བདེན་དོན་གྱི་རྒྱབ་ན་ཡོད། ཁྱེད་ཀྱི་ནང་མི་ལ་བར་ཆད་མེད་པའི་སྨོན།
རྩོམ་ཡིག་ཆ་ཚང་ཀློག་པ་ཡིན། སེམས་པ་སྐྱོང་བཞིན་མིག་ཟུང་མཆི་མས་གང་། ང་ཚོ་བོད་པ་ཚང་ལ་ལྟ་གྲུབ་མི་མཐུན་པའི་མི་ཡོང་མི་ཆོག་པའི་སྲོལ་རྒྱུན་ཞིག་ལས་དེ་ལྟར་བྱུང་བ་རེད། དེ་སྔོན་ཀུན་གཟིགས་པཎ་ཆེན་བཅུ་པ་ཆེན་པོར་ཚོང་པ་རྒྱག་པ་ཞེས་མཚན་དམོད་དང་། ཁོང་ལྷ་སར་ཕེབས་སྐབས་མཇལ་དར་ནང་དུ་རྡོ་སྒྲིལ་ནས་ཞུས་པ་དང་། བལ་ཡུལ་དུ་ཕེབས་སྐབས་བཙན་བྱོལ་བས་དར་ཆ་ནག་པོ་ཕྱར་བ་སོགས་ཀྱི་གནས་ཚུལ་བྱུང་དུས་གུས་པ་ལ་ཡང་བསམ་ཚུལ་དེ་རང་བྱུང་ཡོད།
ཁ་བརྡ་ཚང་ན་ལེགས་ཉེས་ཅི་ཡོད་ཤར་མར་གཏོང་མཁན་གྱི་རྒྱུད་ལམ་གལ་ཆེ་ཞིག་རེད། ཉེ་ཆར་བོད་ཀྱི་དུས་བབ་ཚང་གི་དོན་གྲུབ་བཀྲ་ཤིས་ཟེར་བ་དེས་སྤྱི་དོན་རུས་ལ་བོར་ནས་སྒེར་དོན་གོ་ས་སྙེགས་ནས་བོད་ཀྱི་དུས་བབ་དེ་ཁོ་རང་དུས་བབ་འདྲ་ཞིག་བཟོས་སོང་། ལྷག་པར་ངས་བརྒྱུད་ལམ་ཡག་པོ་ཞིག་གི་ཐོག་ནས་ཁྲམ་པ་ཁོའི་འཁྲབ་སྟོན་དང་དུས་བ་ནང་གི་མི་ཚོར་གནོད་ཤུགས་རྒྱ་མི་ལས་སྡུག་པ་སྤྲད་དང་། དེ་མིན་བོད་ཟེར་བ་རྩ་ནས་བོར་ཏེ་སྒེར་དོན་ཁོ་ན་བསམ་པའི་བྱས་ལས་འགའ་བཤད་བསམ་ཡོད།
དེ་སྔ་ཀླུ་མཁར་བྱམས་རྟ་རྒྱུགས་སར་བོང་བུ་རྒྱུག་གི་ཡིན་ཞེས་པའི་མགོ་བཙུགས་མ་ཐག་པ་དེར། ཤར་ཕྱོགས་ཁུག་རྟས་བོད་ཀྱི་གཏམ་དཔེ་ཞིག་བོད་ཀྱི་དུས་བབ་ནང་བྲིས་པ་རེད། བརྒྱ་བཤད་སྟོང་བཤད་ཀྱང་། གཡས་གཡོན་མདུན་རྒྱབ་གང་ནས་བསམས་ཀྱང་དེ་ག་རང་དངོས་གནས་ཡིན་པ་འདྲ།
དེ་ནི།
ཞོན་ནི་མེད་མཁན་ཚང་གི་རྟ་རྒན་སྨྱོ།།
བཤད་ནི་མེད་མཁན་ཚང་གི་རྒན་མོ་སྨྱོ།།
ཞེས་པ་འདི་རེད། ཀླུ་གི་སྐྱེད་དམན་གྱི་བཟོ་ལྟ་བལྟས་དུས་ཀྱང་དེ་ལྟར་རེད་ལ། ཀླུའི་རྒྱབ་སྐྱོར་བ་ཚོའི་ཁ་སྟབས་ལ་བལྟས་ནའང་དེ་ག་རང་རེད། ཀླུ་གི་རྒྱབ་སྐྱོར་བ་ཚོའི་ནང་གི་བློ་བཟང་ཡེ་ཤེས་ཀྱི་ཡི་གེའི་དག་ཆ་ཙམ་མ་གཏོགས་་ཇུས་གཏོགས་གནང་མེད་པ་དེ་ཀླུ་ལ་བརྡ་ལན་ཡག་པོ་ཞིག་སྤྲད་འདུག
དེ་བཞིན་དགོད་བྲོ་བ་ཞིག་ལ། བོད་བཙན་པོའི་གདུང་རྒྱུད་ཡིན་ཟེར་བའི། རྣམ་རྒྱལ་སྒྲོལ་དཀར་ཟེར་བའི་བུ་མོ་མདོག་ངན་དེའི་ཨ་མ་ཡིན་ན། ཨ་ཅག་ཡིན་ན། ཁ་ལ་བལྟས་ན་རྒྱོ་ལ་དགའ་ནས་ཤི་འགྲོ་མཁན་ཞིག་ལོས་ཡིན་བསམས་བསམ་དེས། རྣམ་རྒྱལ་སྒྲོལ་དཀར་ཀླུ་མཁར་བྱམས་ཀི་རྒྱབ་ན་མེད་ལབ་པ་རེད། ད་ནི་ཀླུ་མཁར་གི་སྐྱེད་དམན་ནས་ཡོད་པ་མ་ཟད་གཙོ་བོ་ཡིན་པའི་བདེན་དཔང་བྱས་འདུག བྱས་ཙང་། ཉི་མ་དེ་རིང་ནས་བཟུང་སྟེ། དབུས་གཙང་མི་མང་གིས་གདུང་རྒྱུད་ཡིན་ན་ཅིག་ཡིན་ཟེར་བཞིན་༧གོང་ས་ཆེན་པོར་མཚན་སྨོད་ཞུ་མཁན་གྱི་རྒྱབ་ཏུ་ལངས་པའི་ལོ་རྒྱུས་འདི་མ་བརྗེད་པར། ད་ནས་བཟུང་། ལྷ་རྒྱ་རི་བ་ཚང་གི་ལོ་རྒྱུས་ནང་ནག་ཐིག་ཕབ་ཟིན་པའང་ཤེས་བར་གྱིས་ལ། མ་འོངས་པར་རུས་ཞེན་མེད་པ། མགོ་མཇུག་མེད་པ། བླང་དོར་གྱི་གནས་མི་ཤེས་པའི་བཙན་པོའི་གདུང་རྒྱུད་ཟེར་བ་འདི་ཚོ་ཐལ་དོང་དུ་གཡུག་ཅིག་ཅེས་དབུས་གཙང་མི་མང་ལ་ཞུ་རྒྱུ་ཡིན།
ཀླུ་མཁར་བྱམས་སྲིད་སྐྱོང་ལ་ལངས་པའི་གཏམ་རྒྱུད་འདིས། བོད་ཀྱི་བྱུང་རབས་དེབ་ཐེར་ནང་མི་རྣམས་ལ་བསླབ་བྱ་ཉམས་མྱོང་ག་རེ་ཐོབ་ཡོད་པ་ཟེར་ན།
༼འཇིག་རྟེན་གྱི་ཁམས་ཆེན་པོ་འདིར་མི་ཞིག་གི་སྐྱེ་ཕྱིན། སེམས་ཁམས་དྭངས་ཤིང་རྩ་ཚང་བ་ཞིག་ཅི་ནས་ཀྱང་ཡིན་པར་ཤོག་༽ཅེས་སྨོན་ལམ་རྒྱག་ངེས་པ་དེ་རེད།
པདྨ་ཆོས་སྒྲོན་ལགས།ནང་མི་ཚང་མ་ཁམས་བདེ།ཁྱེད་ཀྱིས་དངོས་བྱུང་རྩོམ་ཡིག་འདི་་ཞིག་བྲིས་པར་ངོ་མ་རིན་ཐང་ལྡན་ལ་བོད་ཕྱི་རེབ་པའི་ལོ་རྒྱུས་ལ་ཡང་གསལ་བོ་ཡོད། སྐུ་ཞབས་གླུ་བྷེའི་སྲིད་ལངས་ཀྱི་སྐྱོ་གར་འདི་ཡང་བོད་པའི་ལོ་རྒྱུས་ནང་ཕྱི་རེབ་པའི་འགྱོད་གདུང་དང་ཁྲོ་སེམས་སུ་གྱུར་རྒྱུ་རེད།
༅༅། མ་གཞི་དམར་པོའི་ལྕེ་ལ་བདག་པོ་མ་རྒྱབ་ན།། རིལ་རིལ་དབུ་ལ་འོ་རྒྱལ་བཟོས་ཡོང་ཟེར་བ་བོད་ཀྱི་གཏམ་དཔེར་ཡོད་པ་དངོས་འབྲེལ་རེད།
མི་འཇོན་པར་འཇོན་མདོག་བྱས་ནས་། གཤོག་པ་མེད་པར་འཕུར་གྱི་ཡིན་བརྗོད་པར་བརྟེན་།
འཕུར་ཐུབ་ཀྱི་མེད་པ་། ལོང་བའི་བལྟས་ཀྱང་ཁམས་གསུམ་མཐོང་ཞེས་པ་འདི་རེད།
ཀླུ་མཁར་བྱམས་ཀྱི་དང་པོ་༧སྐྱབས་མགོན་ཆེན་པོར་མཚན་སྨད་ཞུས། གཉིས་པ་མཁས་དབང་བཀའ་ཁྲི་ཟུར་པ་། གསུམ་པ་སྲིད་སྐྱོང་དང། བཞི་པ་སྤྱི་འཐུས་ཚོགས་གཙོ་བཅས་པར་ཟུར་ཟ་དང་མཚན་སྨད་ཞུས་པར་བརྟེན་མང་ཚོགས་ནས་ཀླུ་མཁར་བྱམས་ཀླད་སྟོང་རེད་འདུག་བཤད་ནས་སྐྱོན་བརྗོད་བྱས་པ་རེད། རང་བཙན་སྐད་ཆ་བཤད་པར་། དང་པོ་ཚོང་བརྒྱབ་ཏུ་འགྲོ་བར་སྦ་ཁུག་ནང་མ་རྩ་དངུལ་འདང་ངེས་ཡོད་མེད་བལྟ་དགོས།
མ་རྕ་མེད་ན་ཚོང་ག་རེ་རྒྱག་ ཁ་སྟོང་ཀླད་སྟོང་ལྐུགས་སྟོང་གསུམ། ག་ཚོད་བཤད་ཀྱང་དོན་འབྲས་མེད།
ཤེས་ཡོན་ཅན་གྱི་ལྟ་བ་མིན། མི་ལ་བཟང་སྤྱོད་མེད་པའི་རྟགས། ལས་དོན་གང་བྱས་མི་འགྲུབ་མི་སྲིད།།
༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ལ་ཚོ་ ཚེ་འདི་ཕར་བཞག་ མི་རབས་ནས་མི་རབས།་ཚེ་རབས་ནས་ཚེ་རབས་བར་ལས་དོན་མི་འགྲུབ། རྒྱབ་བསྐྱོར་མི་རག་པ་ཁོ་ཐག་རེད་དོ།།
མི་འཁྱམ་ཟེར་བ་དེ་སུ་རེད། ལྷ་རྒྱ་རིའི་བུ་མོ་དེ་ཤ་ཚ་མོ་འདུག མོ་རང་སྤྱི་འཐུས་ལངས་སྐབས་རང་བཙན་ལྟ་བ་ཡོད་པ་གསལ་བོ་བཟོས་སོང་། མགོ་བདེ་རྩ་ནས་འཁྲབ་མ་སོང་། དེ་བས་མོས་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་ཡིན་ན་ཆོག་ལ། རང་གི་ལྟ་བ་གཞིར་བཞགས་ཐོག བོད་རང་བཙན་གྱི་ལྟ་ཡོད་མཁན་སྲིད་སྐྱོང་འོས་མི་ཞིག་ལ་རྒྱབ་སྐྱོར་བྱས་པ་ནི་བྱེད་འོས་པ་ཞིག་རེད། དེ་ལ་དབུས་གཙང་མི་མང་ཁྱོད་ནང་བཞིན་ཧང་སངས་ས་མ་རེད། ང་ཚོ་ཧང་སངས་དགོས་པ་ནི་ཁྱོད་འདྲོ་བོ་ཞིག་གིས། དོན་དག་མེད་སར་སྡེ་ཚང་གི་ནང་མི་ལ་ཁ་མིང་སྣ་མིང་འདོགས་བཞིན་པ་དེ་རེད། ཀུན་སློང་དེ་འདྲ་ཞིག་ཁུར་ནས་སྐད་ཆ་བཤད་ན་ཁྱེད་རང་ཚད་ག་པར་ཡོད་པ་ངས་གསལ་བོ་མཐོང་སོང་། ད་དུང་ཁྱོད་ཀྱིས་ཤར་ཁུག་གིས་བདེན་པ་བཤད་འདུག་ཟེར། ཤར་ཁུག་བདེན་པ་ཡིན་སྟངས་དང་། ཁྱེད་ཀྱི་བཤད་སྟངས་གཉིས་ཀ་འདྲ་བ་ལ།
ང་ལ་སྐྱོ་སྣང་དེ་འདྲ་ཅང་མེད། ཡི་མ་རངས་པ་གཅིག་ཡོད་པ་ནི་བསྟན་འཛིན་བརྩོན་འགྲུས་ཀྱིས་ཀུན་དགའ་བཀྲ་ཤིས་ཀྱི་མདུན་ནས་ཀླུ་མཁར་བྱམས་བཙོང་པ་དང་། རང་ཉིད་རང་བཙན་ཐབས་རྩོད་པ་དཀར་པོ་ཡིན་མདོག་བྱས་པ་དེ་རེད། དེ་ནས་བཙང་ངས་བསྟན་འཛིན་བརྩོན་འགྲུས་ལ་མིག་ལྟ་གི་མེད། ཁོ་དུས་རྒྱུན་ཀླུ་བྱམས་ལ་གཅིག་བྱེད་དགོས་རེད། གཉིས་ལས་དགོས་རེད། ཁྱོད་ཀྱི་རྒྱབ་ལ་ང་ཚོ་ཡོད་ཟེར་མཁན་ཞིག་རེད།
རང་བཙན་ང་ཚོའི་ཐོབ་ཐང་རེད་ལ་དེར་རྩོད་ཀྱང་མི་འགྲིག་པ་སུས་ཀྱང་བརྗོད་ཀྱི་མེད། ཀླུ་བྱམས་ཀྱིས་རང་བཙན་ཐབ་རྩོད་བྱེད་པར་སུས་ཀྱང་འགགས་པ་བྱེད་ཀྱི་མེད་ལ་ཁོང་གི་སྙིང་སྟོབས་ལ་ཡིད་རངས་ཞུས་བཞིན་ཡོད། ཡིན་ཡང་ཁོ་རང་གི་རང་བཙན་ཐབ་རྩོད་ཀྱི་ཁ་ཕྱོགས་འདི་དགྲ་རྒྱ་མིར་དགོས་པའི་ལས་དེ་བྱེད་བཞིན་ཡོད་པ་དེ་ནོར་བ་རེད། ༸རྒྱལ་བ་རིན་པོ་ཆེ་རྒྱལ་ཚོང་པ་རེད་སོགས་པ་བརྗོད་པ་ནི་མདོར་ན་བོད་ཀྱི་སྲིད་དོན་རྒྱལ་རབས་མི་ཤེས་པའི་རྟགས་ཡིན་མོད། བཀའ་དྲིན་བསམ་ཤེས་མེད་པ་གསལ་པོ་རེད། ཁོ་རང་ཉིད་ཀྱང་ཐོག་མར་རྒྱ་གར་ལ་བསླེབས་དུས་ངོ་ཤེས་གནམ་ས་གཉིས་ལས་མེད། རྒྱལ་བའི་བཀའ་དྲིན་ཉག་ཅིག་འོག་རིམ་པས་འཚར་ལོངས་བྱུང་ནས་ད་ཆ་ཏོག་ཙམ་རྒྱག་པ་ཆགས་ཡོངས་དུས་ཧ་ལམ་རྒྱལ་བས་ནོར་འདུག་ལྟ་བུ་བརྗོད་པ་ནི་སྙིང་རྗེའི་ཡུལ་ལས་མ་འདས། ཆོས་ཁས་ལེན་ཀྱང་རུང་མ་ལེན་ཀྱང་རུང་། རྒྱལ་བར་ཡིད་ཆེས་དད་པ་ཡོད་ཀྱང་རུང་མེད་ཀྱང་རུང་། ཁོ་རང་ཉིད་ཀྱི་ཆོས་དད་རེད། སུས་ཀྱང་བཙན་དབང་གཏོང་མི་ཐུབ། ཡིན་ཡང་དྲི་ལན་ལོག་འཇལ་བྱེད་པ་ནི་ཤ་ཚ་བའི་གནས་རེད། གུ་རུའི་ལུང་བསྟན་བཀའ་ཐང་བསྡུས་པའི་ནང་དུ། བོད་ཀྱི་ཡུལ་དུ་དྲིན་ཆེར་བྱེད་ཀྱང་དྲིན་མི་ཚོར། ཞེས་པ་དང་འདྲ་བོ་ཆགས་བཞིན་འདུག ཐུགས་རྗེ་ཆེ།
ཕྱི་ཚུལ་དུ་དུས་རྒྱུན་༸རྒྱལ་བ་རིན་པོ་ཆེར་སྐྱབས་སུ་མཆི་ཅེས་དད་པ་ཡོད་མདོག་བྱེད་པ་དང་། ནང་ཚུལ་དོན་དངོས་ཐོག་༸རྒྱལ་བར་མཚན་སྨད་བྱེད་མཁན་གང་ཟག་ལ་རྒྱབ་བསྐྱོར་བྱེད་པ་དེ་ཡིས་རྣམ་པ་ག་རེ་མཚོན་གྱི་ཡོད་དམ། ང་ཚོ་སྡོད་ས་སྤྲལ་བའི་སྟེང་དུ་སྡོད་ནས་མིག་ལ་ཐལ་བ་བྱུག་ན་ཕན་ཐོག་གང་ཡང་མེད། བཙན་པོའི་གདུང་རྒྱུད་ཡིན་ཡང་ཧང་སངས་དགོས་དོན་གང་ཡང་མེད། ཆོས་རྒྱལ་སྲོང་བཙན་གྱི་གདུང་རྒྱུད་ཡིན་བརྗོད་ཀྱང་གླང་དར་མའི་བུ་རྒྱུད་ཡིན་པ་མ་བརྗེད་པ་བྱེད་དགོས།
གཡུ་ཐོག་པ། བཙན་པོའི་གདུང་རྒྱུད་ལ་ཁྱེད་ཧང་སངས་གི་མེད་པ་བཞིན། ང་ཚོ་ཡང་ཁྱེད་འདྲ་བོའི་ལྟར་སྣང་གི་དད་པ་དེར་ཧང་སངས་མ་སོང་། དད་པ་དད་པའི་སར་བཞགས་ཞོག ཆབ་སྲིད་ཆབ་སྲིད་སར་བཞགས་ཞོག ད་དུང་བཀའ་དྲིན་བཤད་དགོས་ན་བོད་ཀྱི་སྲིད་པ་ཆགས་པ་ནས་ཆོས་རྒྱུད་བཀའ་དྲིན་ཅན་ཚོ་ལས་ལྷགས་པ་སུ་གང་བྱུང་མེད། ང་ལ་བསམ་ཚུལ་འདི་འདྲ་ཞིག་ཡོད།
སྤྱིར་ན་བཙན་པོའི་ཁྱིམ་རྒྱུད་འདི་བྱས་རྗེས་ཅན་ཡིན། སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཀྱང་། ཆོས་རྒྱལ་གདུང་རྒྱུད་མཐའ་ལ་མ་སྟོང་བར།།དུས་གསུམ་རྒྱུན་ཆད་མེད་པར་ཐུགས་རྗེས་གཟིགས་།།ཞེས་ཞལ་གྱིས་བཞེས་འདུག ཡིན་ན་ཡང་། མི་དྲགས་བླ་དྲགས་ཚོས་གཟབ་དགོས་མ་གཏོགས་བཙན་པོའི་གདུང་རྒྱུད་ཀྱི་ནང་ན་ལྷ་སྲས་དར་མ་ལྟ་བུ་བླ་མ་ལ་ངོ་རྒོལ་རྒྱག་མཁན་ཡོད། བླ་རྒན་ཚོ་རི་དྭགས་རྔོན་པ་དང་ཉ་འཛིན་དུ་གཏང་ཡོང་། དེ་ཡིན་དུས་གཟབ་དགོས་ཡ།
རྩོམ་འདི་མེ་ལོང་ཞིག་རེད། མེ་ལོང་འདིའི་ནང་དུ་བཙན་བྱོལ་ནང་གི་མི་སྡུག་པ་ཆ་ཚང་གསལ་འདུག འདི་ནི་བཙན་བྱོལ་ནང་གི་རིག་གསར་ལས་འགུལ་ཞིག་དང་། དེ་ཡི་ཕྱི་ཚུལ་གྱི་ཁ་ལོ་བ་ནི་རྟེན་པ་ཚེ་རིང་(མིང་ནོར་ཐོན་སྟངས)དང་དོན་ངོ་མ་ཡབ་གཞིས་ཚང་ཡིན། ཡིན་ནའི། སྤེན་པ་ཚེ་རིང་གིས་ཚད་མ་ཐུག་པར་གོང་ས་མཆོག་གིས་དགོས་དབང་གི་སྐད་ཆ་གསུངས་སོང་བློ་སེང་ངམ་སློབ་བཟང་ལ་བསྐྱོན་འཛུགས་བྱས་པས་གོང་ས་མཆོག་གི་རྫུན་གསུང་ཚུལ་ཆགས་པ་རེད། དེ་ལ་སྐུ་རྟེན་བརྒྱུད་ནས་བཀའ་བཀྱོན་དང་། ཟམ་གདོང་རིན་པོ་ཆེ་བརྒྱུད་ནས་ཨ་རིའི་དོན་གཅོད་ལ་བསྐོ་དགོས་ཐུག་པ་རེད།
ད་དུང་ཁག་ཅིག་གིས་ལྷ་རྒྱལ་རི་སྲས་མོར་འདྲ་མིན་ལབ་ཀྱི་འདུག་མོད། བཙན་བྱོལ་ནང་བོད་རང་བཙན་མ་རེད་ཅེས་བཤད་མཁན་སུ་ཡང་བྱུང་ཆོག་མོད། ལྷ་རྒྱལ་རི་ནང་ཚང་ལ་དེའི་ཐོབ་ཐང་ཡོག་མ་རེད། དེ་ལྟར་ལབ་ཀྱིན་སྲོང་བཙན་སྒམ་པོའང་བཙོང་ཚར་བ་རེད། དེ་བས། བོད་རང་བཙན་རྩོད་མཁན་ཚང་མར་ཁོང་ཚང་གིས་རྒྱབ་བསྐྱོར་རྒྱག་དགོས་ཐུག་ཡོད་རེད་ལ། སྔར་དབུས་གཙང་ནང་ནས་ཆུ་བཞི་སྒང་དྲུག་ནང་འཛུལ་མཁན་ཡང་ལྷ་རྒྱལ་རི་ཆགས་ཡོད། ལྷ་རྒྱལ་རི་ནང་ཚང་ལ་མཚོན་ན། ལྷ་ལུང་དཔལ་རྡོར་ནི་ལག་དམར་རེད་ལ། ཉེས་ཅན་པའང་རེད།
དྲ་གྲོགས་ཉི་མའི་བུ་རྒྱུད་ལགས་ཀྱི་བསམ་ཚུལ་རྣམས་བདེན་པ་རེད། ཡིན་ཡང་། ད་ཆ་ང་ཚོ་སྐྱབས་བཅོལ་དུ་བསླེབས་ནས་མི་ལོ་ ༥༥ ལྷག་འགྲོ་བཞིན་ཡོད་ལ་བོད་སྲིད་པ་ཆགས་པའི་གནས་ཚུལ་གླེང་ཀྱང་དོན་འབྲས་ཡང་གང་མེད། ད་དུང་ཡང་ཇི་ཙམ་མི་ཡུལ་ལྷག་ཡོང་སུས་ཀྱང་ཚོད་དཀའ། བོད་མི་རིགས་ཤི་གསོན་གྱི་མཚམས་དེར་བསླེབས་ཡོད་ལ་ཛ་དྲག་གྱི་གནས་སྟངས་འདི་ལས་གྲོལ་ཆེད་དུང་བརྒྱུད་རིགས་རུས་ཀྱི་རྗེས་འབྲང་ཡིན་པས་བླ་མེད་ཡིན་པ་ཁྱབ་པ་མེད། དད་པ་དད་པའི་སར་བཞགས་ཞོག ཆབ་སྲིད་ཆབ་སྲིད་སར་བཞགས་ཞོག ༸རྒྱལ་བའི་བཀའ་དྲིན་བསམ་ཤེས་བྱེད་པ་དེ་དད་པ་ཡིན་པ་ཐལ། དེ་ཡིན་ན། བཙན་པོའི་གདུང་བརྒྱུད་དང་བཙན་འབྱོལ་ཆབ་སྲིད་གཉིས་འབྲེལ་བ་མིན་འདུག བཀའ་དྲིན་བསམ་ཤེས་བྱེད་པར་དད་པ་ཡིན་ཅིག་དགོས་མེད། ༸རྒྱལ་བའི་བཀའ་དྲིན་བསམ་ཤེས་བྱེད་པར་ཁོང་ལ་དད་པ་ཡིན་ཅིག་དགོས་མེད། དད་པ་དགོས་རེད་བཤད་མཁན་སུ་ཡང་མེད། ཆོས་དད་རང་དབང་རེད། མདོར་ན། དད་པ་དད་པའི་སར་བཞགས་ཞོག ཆབ་སྲིད་ཆབ་སྲིད་སར་བཞགས་ཞོག གདུང་རྒྱུད་གདུང་རྒྱུད་སར་བཞགས་ཞོག གང་ལྟར། བོད་ཀྱི་ཁ་དཔེར། ཉི་མ་རིང་དུ་རིང་དུ། རྩམ་པ་ཞིམ་དུ་ཞིམ་དུ།
ཨ་མ་རྗེ་བཙུན་པདྨ་ཨི་མིན་སུ་ཤེས། ཨ་ཨམ་མོ་པདྨ་ལགས་ཞུས་ན་འགྲིག་འདུག་་་ཡིན་ནའང་ཨ་མ་ཨམ་མོ་པདྨ་ལགས་སྐུ་གཟུགས་བདེ
ཙར་སྨོན།
ཨམ་མོ་པདྨ་ཆོས་སྒྲོན་ལགས་རྩོམ་ཆ་ཚང་བཀླགས་ཡིན། དཔེ་ཡག་པོ་བྲིས་འདུག་བཀྲིས་བདེ་ལེགས་ཡོད། ང་ནི་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་འོས་བླུག་མེད། འོན་ཀྱང་ཁོང་གིས་སྙིང་སྟོབས་དང་བོད་དོན་ལ་སེམས་ཤུག་ལ་བསྔགས་བརྗོད་ཡོད། མ་ཟད་ཁྱེད་གཟའ་མི་གཉིས་ལ་དོན་མེད་མ་ཉེས་ཁ་གཡོག་དང་སྲོག་ལ་རྒོལ་རྡུང་གི་གཤེ་གཤེ་བྱུང་བ་ངོ་མ་བློ་ཕམ་བྱུང་། དེ་ཚོ་ངོ་མ་ཅན་ཐབས་སྡུག་པོ་རེད། ཡིན་ནའང་ཁྱེད་གཟའ་ནི་གཉིས་༧ གོང་ས་མཆོག་ལ་དད་གུས་ཡོད་པ་ངས་ཡིད་ཆེས་ཡོད་ཉིན་གཅིག་སྐུ་མདུན་ལ་གནས་དེ་ཆ་ཚང་ཡིག་ཐོག་ཕུལ་ཐཐབས་བྱོས་ཨ།
པདྨ་ཆོས་སྒྲོན་གྱི་རྩོམ་འདི་བཀླགས་པ་དང་། ང་ལ་མྱོང་ཚོར་འདི་ལྟ་བུ་ཞིག་བྱུང་། དེ་སྔོན་བླ་མའི་མིང་འཁུར་འགས་ལ་ཕུག་སོགས་སྐྱེ་དངོས་ཀྱི་དཀའ་བ་མྱངས་པའི་ལོ་རྒྱུས་བཤད་དེ། སློབ་སྦྱོང་མེད་པའི་རྨོངས་དད་དང་ཚོར་སྣང་གཅིག་པུའི་དབང་དུ་སོང་བའི་མང་ཚོགས་རྣམས་མིག་ཆུ་ཕྲུམ་ཕྲུམ་ལྷུང་བཅུག་གི་ཡོད་པའི་ལོ་རྒྱུས་ཐོས་མྱོང་བ་བཞིན། ད་ལྟའི་རྩོམ་འདིའི་མཆན་འགོད་པ་རྣམས་ཀྱང་ཚོར་སྣང་གཅིག་པུའི་དབང་དུ་སོང་སྟེ་གདུང་སེམས་མཉམ་སྐྱེད་གྲངས་མེད་གནང་འདུག མ་ཟད། ལྡོག་ཕྱོགས་འགར་གོ་སྐབས་དཔེ་མེད་ཐོབ་སྟེ། ལམ་དྲང་པོར་ཞུགས་པའི་གང་ཟག་རྣམས་ལ་ཟུར་ཟ་བྱས་འདུག རྩོམ་འདིའི་ནང་བོད་ཀྱི་རྩ་དོན་ཆེད་གནམ་འོག་གི་སྡུག་བསྔལ་ཚང་མ་ཁོང་ཕ་མ་བུ་ཕྲུག་གིས་མྱངས་པའི་སྐོར་བྲིས་འདུག དྲང་པོར་བཤད་ན། གནས་ཚུལ་ཧ་ཅང་སྟབས་བདེ་པོ་རེད། ཀླུ་གར་བྱམས་ལས་ལྷག་པའི་གནམ་འོག་ན་བོད་ཀྱི་རྩ་དོན་ཐོག་ལས་ཀ་བྱེད་མཁན་མེད་ན་མ་གཏོགས། དེ་མིན་ཀླུ་གར་བྱམས་ཁྱོད་མི་གཞན་བཞིན་བོད་དོན་ཐོག་ལས་འགུལ་རྩོམས་དང་། ཁྱོད་ལ་གནས་ཚུལ་སྡུག་པ་མི་ཡོང་བ་ངས་ཁག་ཐེག
ད་དུང་ཁྱོད་ཆོས་ལ་དད་པ་མེད་ཀྱང་དེ་ང་ཚོས་བསམས་གཞིགས་བྱེད་ཐུབ། ༸རང་ཉིད་ཀྱི་ལྟོ་ཚེ་ཕྱིད་པར་དཀའ་ངལ་ཡོད་པའི་མི་ཞིག་གིས་༸གོང་ས་མཆོག་ལ་གཞི་མེད་བཀུར་འདེབས་ཞུས་པ་དེ་ང་ཚོས་དུས་དང་གནས་སྐབས་གང་འདྲ་ཞིག་གི་སྐབས་ལ་ཡང་ནམ་ཡང་ཁས་ལེན་ཐབས་མེད།
འདི་ལོ་དབུས་གཙང་གི་སྤྱི་འཐུས་ཀྱི་འོས་ཐོབ་པའི་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ཟེར་བའི་བུད་མེད་དེ་ཡང་ཀླུ་གར་བྱམས་ཀྱི་རྒྱབ་སྐྱོར་བ་ཡིན་པ་དབུས་གཙང་བ་ཕལ་ཆེ་བའི་ཤེས་མེད།
བཙན་པོའི་གདུང་རྒྱུད་ཅེས་པའི་བཤད་ཡམ་གྱི་གཏམ་རྒྱུད་ཅིག་མཇུག་སྐྱོང་འདོད་ཙམ་ཡིན་ན་གང་ཡང་ཤོད་ཡག་མེད། དན་རྟགས་མིང་སྟོན་གྱི་ལོ་རྒྱུས་ཚན་རིག་ཅིག་ཤོད་དགོས་ན་ཁག་གི་ཡཱ། ད་དུང་མ་རྒན་ཁྲུག་མོ་ཞིག་གི་བུ་མོ་འདི་ཚོ་འགྲེལ་དཀའ་གི་ཡཱ།
ཨ་ཚོགས་ཀླུ་མཁར་བྱམས་པོ་དང་།
ཨ་མཆོག་འཇམ་དཔལ་ཚུལ་ཁྲིམས་ཀྱིས།
བློ་སེང་བཀའ་ཁྲིར་ལངས་སྐབས་སུ།
རྒྱབ་སྐྱོར་ཀ་བ་ལངས་ལངས་བྱས།།
བོན་རྒྱལ་བསྟན་འཛིན་རབ་རྒྱས་དང།
རྟ་ནག་སྐལ་བཟང་ལུང་རིགས་ཀྱིས།
བློ་སེང་བཀའ་ཁྲིར་ལངས་སྐབས་སུ།
བསྟོད་རྩོམ་ཆར་པ་འབབ་འབབ་བྱས།
མི་ནག་ལུང་རིག་རྒྱལ་པོ་དང་།
དུས་བབ་དོན་འགྲུབ་བཀྲ་ཤིས་དང།
དུས་བབ་ཚེ་རིང་སྐྱིད་པོ་དང་།
དུས་བབ་པདྨ་མཚོ་ལ་སོགས།
ཆབ་སྲིད་ཁྱོན་ནས་མི་ཤེས་མགོ་སྟོང་འདི་རྣམས་ཀྱིས།
བློ་སེང་བཀའ་ཁྲིར་ལངས་སྐབས་སུ།
གསར་འགྱུར་སྙན་ངག་འགོད་འགོད་བྱས།
ཨ་མདོའི་སྐྲ་རིང་བློ་ཐུང་དང་།
སྙན་ངག་ཐར་ཐོར་འབྲི་མཁན་ཚོས།
བློ་སེང་བཀའ་ཁྲིར་ལངས་སྐབས་སུ།
སྙན་ངག་ཆུ་ལོག་རྒྱུགས་རྒྱུགས་བྲིས།
།བློ་སེང་བསྟོད་གླུ་ལེན་མཁན་དང་།
ཁྲི་ལ་བཀོད་མཁན་ཨ་མདོ་མགོ་སྟོང་འདི་རྣམས་ཡིན།
མཇུག་མཐར།
ཨ་མདོ་རྒན་རབས་རྣམས་ཀྱིས་དཀའ་ལས་རྒྱབ་ཏེ་བཙུགས་གནང་པའི།
བཙན་བྱོལ་ཁྲོད་ཀྱི་ཚགས་ཤོག་དང་པོ་སྟེ།
བོད་ཀྱི་དུས་བབ་འཕྲོ་བརླག་མ་གཏོང་གནང་།
བཀླགས་ཟིན
རྨི་ལམ་གྱི་སྲིད་སྐྱོང་གི་རྨི་ལམ་གྱི་ལྕམ་མོ་ལགས། ཁྱོད་ཀྱི་སེམས་ནང་གི་སྐད་ཆ་འགའ་ཕྱིར་བཏོན་ཡི་གེར་བཀོད་པ་ལེགས་པར་བཀླགས་པ་ཡིན། ཚིག་བརྗོད་འབྲི་སྟངས་ཀྱི་ཆ་ནས་སྙན་པོ་ཚོད་མེད་བྱུང་ལ། དེའི་ནང་དགའ་འོས་པ་དང་སྐྱོ་དགོས་པ་ཡང་འདུག དེ་ཚོ་ནི་ཚང་མ་རྟེན་འབྲེལ་ལྟོས་གྲུབ་རེད། སྟོང་པའི་རང་བཞིན་དུ་བསམ་སྟེ་སེམས་ལྷོད་བདེར་བཞུགས། ལར་ནས་ཨམ་ཅོག་ལྟེབས་བརྩེགས་བརྒྱབ་སྟེ་མ་འདུག་པར་ཕྲུག་གུ་གཉིས་ལ་པ་ཕའི་རྨི་ལམ་མངོན་གྱུར་ཡོང་བའི་སེམས་ཤུགས་སྤོར་རོགས།
རྨོངས་སྟུག་་གྱི་སྤྱི་ཚོགས་ནང་ནས་དྲང་བདེན་གྱི་སྐད་བཤད་ན་ཉེན་ཀ་ཆེ།
རྨི་ལམ་གྱི་སྲིད་སྐྱོང་གི་རྨི་ལམ་གྱི་ལྕམ་མོ་ལགས། ཁྱོད་ཀྱི་སེམས་ནང་གི་སྐད་ཆ་འགའ་ཕྱིར་བཏོན་ཡི་གེར་བཀོད་པ་ལེགས་པར་བཀླགས་པ་ཡིན། ཚིག་བརྗོད་འབྲི་སྟངས་ཀྱི་ཆ་ནས་སྙན་པོ་ཚོད་མེད་བྱུང་ལ། དེའི་ནང་དགའ་འོས་པ་དང་སྐྱོ་དགོས་པ་ཡང་འདུག དེ་ཚོ་ནི་ཚང་མ་རྟེན་འབྲེལ་ལྟོས་གྲུབ་རེད། སྟོང་པའི་རང་བཞིན་དུ་བསམ་སྟེ་སེམས་ལྷོད་བདེར་བཞུགས། ལར་ནས་ཨམ་ཅོག་ལྟེབས་བརྩེགས་བརྒྱབ་སྟེ་མ་འདུག་པར་ཕྲུག་གུ་གཉིས་ལ་པ་ཕའི་བྱ་སྤྱོད་ལ་སྙིགས་དོར་བཅུད་ལེན་བྱས་ཏེ་པ་ཕའི་རྨི་ལམ་མངོན་གྱུར་ཡོང་བའི་བསླབ་བྱ་རྒྱག་རོགས།
གངས་སྒྲོན་ལགས། བདེ་མོ།
ཆབ་སྲིད་ཀྱི་ལྟ་སྟངས་མི་གཅིག་ནའང་ཁྱོད་ཀྱི་ཁྱོ་ཀ་ལ་ཁྱོའི་ཀའི་ལྟ་སྟངས་དང་བུ་ཕྲུག་ལ་བུ་ཕྲུག་གི་ལྟ་སྟངས་བཟུང་ཡོད། ཁྱོད་ཀྱི་སྨྱུག་རྩལ་ལ་སྔ་མོ་ནས་ཡིད་སྨོན་ཤོར་ཡོད་ལ་ད་དུང་ཡང་དེ་བཞིན་ཡིན།
རྩོམ་ཡིག་འདིའི་འོག་ལ་རྩོམ་མཆན་བཞི་བཅུ་འདུག་ནའང་ཚང་མས་གོ་བརྡ་འཕྲོད་ཨེ་ཡོང་ངམ་བསམ་པ་ཙམ་ལས་མི་འདུག མི་འདི་དག་ནི་ཆབ་སྲིད་བཤད་མཁན་དག་རེད། ཡིག་ལམ་ནས་གོ་བརྡ་མི་འཕྲོད་པའི་ཆབ་སྲིད་པ་དེ་དག་གི་ཆབ་སྲིད་བསམ་བློ་དེ་ཕལ་ཆེར་སྲིང་ལམ་ནས་བཏུས་བ་འདྲ། འོས་བསྡུའི་མགོ་མཇུག་ལ་རུལ་དྲི་ཁ་དོན་ཡང་དེ་རེད། ཕྲུ་གུ་མ་འབྱར་ཞིག་གི་པར་ལ་བལྟས་ཏེ་་འདྲེ་ཕྲུག་་ཅེས་བྲིས་འདུག་ཟེར། སྨྱུག་རྩལ་གྱིས་འབུར་དུ་ཐོན་པའི་སྒྱུ་རྩལ་གྱི་ཨ་མ་ཞིག་ལ་་འདྲེ་མོ་་ཞེས་བྲིས་འདུག་ཟེར། ལོས་ཟེར། ཁོ་ཚོས་འདི་ཙམ་ལས་མ་ཤེས་ན་དེ་ཙམ་ལས་ཅི་ཟེར། རྩོམ་ཡིག་དང་རྩོམ་མཆན་གྱི་བར་ཁྱད་ལ་བལྟས་ན་ཁོས་ཚོས་དེ་ལོས་ཟེར་འདོད་གི གང་ལྟར་སྒྱུ་རྩལ་རྩོམ་རིག་གི་ཞིང་ཁམས་ནས་ཁྱོད་རང་ནམ་ཡང་རྒས་མི་སྲིད་པས། མེ་མདའ་ལྟ་བུའི་སྨྱུ་གུ་ཟུངས་དང་ང་ཚོ་དགའ་བཞིན་སྤྲོ་བཞིན་ད་དུང་མདུན་དུ་འགྲོ། བཟའ་ཚང་དང་བུ་ཕྲུག་ཁྲིད་ནས་མདུན་དུ་འགྲོ།
ཡང་སྙིང་༧གོང་ས་མཆཽག་ལ་གཞི་མེད་སྐྱོན་བརྗོད་བྱེད་མཁན་གྱི་མི་དེ་ཚོར་མངོན་ལྐོག་ཅི་རིགས་ནས་རྒྱབ་སྐྱོར་བྱེད་མཁན་གྱི་ཇག་ཚོགས་གཅིག་ཡོད། དེ་ནི་རིགས་ནི། ན་ཚ་རྙིང་པ་དང་། ཆོས་ལུགས་ཕྱོགས་ཞེན་གྱིས་དབང་གིས་ཡིན་པ་བཤད་ག་ལ་དགོས།
ད་དུང་དེའི་རྒྱབ་ལོགས་སྔོགས་ན། ཐུག་ས་དེ། ལི་ཐང་ཨ་མཐར་ཁོ་ཡིན་པ་གསལ་པོ་རེད། ཁོ་སྡུག་ཤི་རྒྱབ་ཚར་ཀྱང་། ཁོས་བཞག་པའི་ནད་གཞཱི་དེ། གྲ་རྫུན་ཨོ་རྒྱན་སྟོབས་རྒྱལ་ཟེར་བའི་ཁྱི་རྒན་དེ་དང་། ཁོའི་རྗེས་འབྲངས་བ་བོང་བུ་དེ་ཚཽ་རེད་ཏ། ཀླད་མེད་ལྐུག་པ་ཁྱོད་ཚོ།
རྩོམ་ཡིག་འདི་ལ་རིན་ཐང་ཆེར་ལྡན། སྙིང་ནས་ཐུགས་རྗེ་ཆེ་ཞུ། ང་ཚོའི་འཆན་འདེབས་པ་པོ་རྣམས་ལ་གཅིག་ལྟོས་དང་། ང་ཚོའི་མི་གཞི་དང་ཀུན་སྤྱོད། དེ་བཞིན་ཆབ་སྲིད་དང་ཆོས་ལུགས་སོགས་ལ་ཅི་ཙམ་གསལ་རྟོགས་པ་ཡོད་ད་གཟོད་གཞི་ནས་ཤེས་རྟོགས་ཐུབ་ངེས། ད་ལོའི་བློ་སེང་དང་སྤན་ཚེ་སོགས་ཀྱི་འོས་འགྲན་གྱི་ལམ་བུ་དེ་ལ་གཅིག་ལྟོས་དང་ཨ་ཚོགས་ཀླུ་མཁར་བྱམས་སྲིད་སྐྱོང་འོས་མིའི་ལོང་སྟངས་དེ་ཆེས་རིན་ཐང་ལྡན་པ་ཞིག་རེད།
དུས་ནམ་ཡང་བློ་མ་ཕམ། ལོ་རྒྱུས་ཀྱིས་བདེན་དཔང་བྱེད་རེད།
ཨ་ཁ་ཡང་ཁ་བརྡས་ཀྱང་མཆན་བུ་ཚང་མ་བསུབ་ཟིན་འདུག
མྱོང་ཚོར་འདི་ཀློག་སྐབས་སྐྱོ་གདུང་དྲག་པོ་ཞིག་སྐྱེས། པད་མ་ཆོས་སྒྲོན་སེམས་སྡུག་མ་བྱེད། བོད་ཀྱི་ལོ་རྒྱུས་ནང་རླབས་ཆེན་ཞིག་ཡིན་པས་ལམ་བུ་ཀྱོག་ཀྱག་འདྲ་མིན་གྱི་ཚད་ལྡན་སྤུད་ཚད་ཞིག་ཡོང་དགོས་སྟབས་ཀླུ་གར་འཇམ་ནི་ཕོ་རབས་ཞིག་ཡིན། རང གི མི རིགས་དང རྒྱལ་ཁབ་ལ་བརྟེན་ནས་ལས་འགུལ་སྤེལ་བ་ལས་མི་གཞན་གྱི་ངོ་བཟུང་སྒོ་ནས་མིན། དེ་ལྟ་བུ་བཙན་བྱོལ་སྤྱི་ཚོགས་ནང་ཉིན་མོའི་སྐར་མ་ལྟར་ཡིན།
ཨ་མདོའི་སྐད་དུ་བྱས་ན། གློའུ་མོ་པད་མ་ཆོས་སྒྲོན་གྱིས་རང་གཟུགས་ཕྱིར་མངོན་པ་འདི་རྩོམ་ཡིག་ཅིག་མ་རེད། འདི་ལ་སྙིང་རྗེ་དགོས་པ་ལས། སེམས་པ་བཞག་དགོས་པའི་རིན་ཐང་སྤུ་ཙམ་མེད་པ་ཤེས་བར་གྱིས། ལྷ་རྒྱ་རི་མདོག་ངན་པ་རྣམ་རྒྱལ་སྒྲོལ་དཀར་ངོ་ལོག་པའི་གྲས་སུ་ཞུགས་འདུག་པ་འདི་པད་མ་ཆོས་སྒྲོན་གྱིས་བདེན་དཔང་བྱས་པ། ཨ་རིར་བཞུགས་མོའི་ཨ་མ་ཁ་ཆེ་མ་དེས་མཁྱེན་པར་མཛོད། ཧཧཧ ད་ཝུ་བ་ཆབ་ཆབ་ག་རེ་གསུང་ཡ་ཡོད་ན། ཧཧཧ
དྲྭ་གྲོགས་ཁྱུང་སེ་ལགས།
༼ཨ་ཁ་ཡང་ཁ་བརྡས་ཀྱང་མཆན་བུ་ཚང་མ་བསུབ་ཟིན་འདུག༽ དཔལ་ལྡན་ཁ་བརྡ་ཚང་གིས་མཆན་བུ་ཚང་མ་བསུབ་པ་མ་རེད། མཆན་གྲངས་ལྔ་བཅུ་ཁ་ལོན་སོང་ན་ཡང་སྐྱར་མཆན་གྲངས་གཅིག་ནས་མགོ་བཙུགས་ཡོང་གི་འདུག དེ་འདྲ་ཡིན་དུས་མཆན་གྲངས་ལྔ་བཅུ་ཁ་ལོན་པ་དང་མཆན་བུ་མ་བྲིས་ན་དགའ་ས་རེད། ཅིའི་ཕྱིར་ན་མཆན་གྲངས་ལྔ་བཅུའི་རྗེས་སུ་མཆན་བུ་བྲིས་པ་ཁག་རྗེས་མ་བལྟ་ཀློག་གི་ཡུལ་དུ་བརྙེད་པར་དཀའ་བས་སོ། །
སྐུ་ཉིད་ལ་ཞུ་རྒྱུར། ཁམས་ཁྱུང་པོའི་ཕྱོགས་ལ་ས་འགུལ་ཆེན་པོ་བརྒྱབ་ནས་མི་ཤི་རྐྱེན་ཆག་དང་ཁང་ཁྱིམ་ཞིག་པ་དང་འགྲོ་ལམ་འགག་པ་ཟམ་པ་རྡིབ་པ་སོགས་གོད་ཆག་ཆེན་པོ་བྱུང་ཡོད་པའི་སྐད་ཆ་རེད། དེའི་སྐོར་ནས་ཁ་གསལ་གཏིང་གསལ་མཁྱེན་གྱི་ཡོད་ན་འདིར་གསུངས་རོགས་གནོངས། ། བཀའ་དྲིན་ཆེ་ཞུ། །
རྩོམ་རིང་འདི་འདྲ་ཧྲིལ་གྱིས་ཀློག་པ་ལོ་རེའི་ནང་དུ་ལན་རེ་ལས་ཡོང་སྲིད་ད་ལན་འདི་ཡོངས་སུ་བཀླགས། ང་ཡ་མཚན་པ་ཞིག་ལ་འོག་ཏུ་མཆན་འགོད་མཁན་དག་ལས་མང་ཆེ་བ་རྒྱབ་སྐྱོར་བྱེད་མཁན་རེད་འདུག་པ་ནི་སེམས་པ་དགའ་བྱུང་།
རྩོམ་རིང་འདི་འདྲ་ཧྲིལ་གྱིས་ཀློག་པ་ལོ་རེའི་ནང་དུ་ལན་རེ་ལས་ཡོང་སྲིད་ཀྱང་། ད་ལན་འདི་ཡོངས་སུ་བཀླགས། ང་ཡ་མཚན་པ་ཞིག་ལ་འོག་ཏུ་མཆན་འགོད་མཁན་དག་ལས་མང་ཆེ་བ་རྒྱབ་སྐྱོར་བྱེད་མཁན་རེད་འདུག་པ་ནི་སེམས་པ་དགའ་བའི་དོན་དག་བྱུང་།
ཨ་ཚོགས་ཀླུ་ལྕམ་ལགས་ཐུགས་ཤུགས་མ་ཆག །ངེད་ཚོ་བོད་པའི་སྤྱི་ཚོགས་འདི་སྔར་ནས་ད་བར་འདི་འདྲ་ཞེ་ཅིག་བྱས་པའི་དྲིན་གྱིས་མི་ཡུལ་དུ་བསླེབས་པ་རེད། ད་དུང་ཡང་འཛམ་གླིང་ཟླ་བའི་དབུས་སུ་འཕུར་ལྡིང་དང་། མཚན་རྩལ་གྱི་མཆོངས་སྐྱོད་བྱེད་པའི་དུས་རབས་འདི་འདྲ་ཞིག་གི་ནང་དད་པ་ལོག་སྤྱོད་དང་འབྲེལ་བའི་བརྙས་འཚོལ། གཞུང་སྲིད་འཇོལ་ཉོག་ཏུ་སྤྱོད་པའི་བཙན་བཤེད་མུ་མཐུད་བྱེད་པ་ཡིན་ན་༧སྐྱབས་མགོན་རིན་པོ་ཆེའི་ཐུགས་སྤོབ་ཆེན་པོས་གསར་འགོད་པ་རྣམས་ལ་ང་ཚོ་ནི་རྒྱ་དམར་གྱི་གཞུང་དང་མི་འདྲ་བའི་ཕྱི་གསལ་ནང་གསལ་གྱི་སྒྲིག་འཛུགས་ཤིག་ཡིན་པའི་སྐོར་ཡང་ཡང་གསུངས་དང་གསུང་བཞིན་པ་འདི་ལ་འགྲེལ་བཤད་ཇི་འདྲ་ཞིག་རྒྱག་རྩིས་ཡིན།
དྲ་གྲོགས་བོན་པོ་ལགས་ནས་ཁ་བརྡའི་མཆན་གྱི་སྐོར་ལ་གསལ་བཤད་གནང་བར་བཀའ་དྲིན་ཆེ། ཁྱུང་པོ་སྟེང་ཆེན་རྫོང་དང་ག་ཐ་སོགས་ཀྱི་ཕྱོགས་སུ་ས་འགུལ་བརྒྱབ་པ་བདེན་པ་རེད་ཡིན་ནའང་ད་བར་དུ་མི་ཤི་རྐྱེན་ཆག་ཆེན་པོ་བྱུང་མི་འདུག དེར་ཕྱོགས་ཀྱི་རི་འདབ་ཏུ་ཡོད་པའི་ཁང་པ་དང་གྲྭ་ཤག་སོགས་འགའ་ཞིག་ལ་རི་འགོ་ནས་རྡོ་སླེབས་ནས་ཞིག་རལ་ཅུང་ཙམ་བྱུང་བ་ལས་མི་ལ་འཆི་སྐྱོན་བྱུང་བའི་སྐད་ཆ་མི་འདུག འོན་ཀྱང་རྨས་སྐྱོན་བྱུང་བ་འགའ་ཤས་བྱུང་མོད་དེ་དག་ལ་རྒྱ
ནག་གཞུང་དང་རྫོང་རིམས་པས་མྱུར་སྐྱོབས་བྱེད་པའི་ཚུལ་སྣང་བརྙན་མང་པོ་འདུག ཉེན་སྐྱོབས་པ་ཚོས་ཧུར་ཐག་གིས་མང་ཚོགས་ལ་སྡོད་གུར་དང་ཟ་ཆས་སྨན་སོགས་རོགས་པ་བྱེད་པའི་པར་སོགས་ལ་བལྟས་ན་ཡག་ཐག་ཆོད་བྱེད་ཀྱི་ཡོད་ས་རེད་བསམ་བསམ་ཞིག་མཐོང།
ངའི་མཆན་བསུབ་འདུག རྗེ་བཙུན་པདྨས་བོད་ཕྲུག་ཁྱིམ་སྡེ་ཁྱབ་ཁོངས་ནས་སློབ་མཐར་ཕྱིན་པ་ཆ་ཚང་གིས་ཀླུ་མཁར་བྱམས་ལ་འོས་ཤོག་འཕེན་མི་ཆོག་ཅེས་བཀའ་ཕབ་པ་འདི་ངོ་ཚ་མེད་པ་དང་མི་གཞི་ཐང་པོ་མེད་པའི་རྟགས་མ་རེད་དམ། བོད་ཕྲུག་ཁྱིམ་སྡེ་ཡི་རོགས་དངུལ་ཡོང་ཁུངས་འཛམ་གླིང་མི་མང་རེད། ག་རེ་བྱས་ནས་ཡབ་གཞིས་ཀྱི་སྒེར་ནོར་དུ་འགྱུར་དགོས་རེད་དམ།
ཀླུ་མཁར་བྱམས་ནི། མཆུ་ཏོ་གཅིག་པུའི་སྲིད་སྐྱོང་དང་། པདྨ་ཆོས་སྒྲོན་ནི་ཤོག་བུ་གཅིག་པུའི་སྤྱི་འཐུས་རེད། དེ་མིན་བཟའ་ཚོ་འདི་གཉིས་ལ་ངོམ་རྒྱུ་སྣེ་གཅིག་མེད། ཀླུ་མཁར་བྱམས་ཀྱི་མཆུ་ཏོ་དེ་ཡང་། ཕྱི་ལས་ནང་ལ་ཟུག་རྒྱུ་མང་དྲག་སོང་ལ། པདྨ་ཆོས་སྒྲོན་གྱི་རྩོམ་ཡང་དེ་བཞིན་ནོ།
སྤྱིར་ཀླུ་མཁར་བྱམས་ནང་མིར་འོས་བསྡུའི་སྐབས་འཇིགས་སྐུལ་དང་། ངན་སྨྲས་བྱུང་ཡོད་པ་གཏན་ཁེལ་རེད། འོས་བསྡུའི་སྐབས་རྒྱབ་སྐྱོར་བ་ནང་ཁུལ་ལ་ཡང་འཇིགས་སྐུལ་སོགས་དྲག་རྩུབ་ཀྱི་ལས་དོན་མང་པོ་བྱུང་ཡོད་པ་ངས་ཤེས་ཀྱི་ཡོད། དེ་དག་ནི་ང་ཚོ་ཚང་མས་མ་འོངས་བསམ་བློ་གཏོང་དགོས་པ་ཞིག་དང་། གནོད་འཚེ་ཕོག་ཡུལ་ལ་གདུང་སེམས་མཉམ་སྐྱེད་བྱེད་དགོས། འོན་ཀྱང་སྣེ་ཟུར་རེའི་བྱེད་བབ་ཀྱི་ང་ཚོའི་སྤྱི་ཚོགས་འདི་མུན་ནག་གི་སྤྱི་ཚོགས་སུ་སྒྲུབ་མི་རུང་། བོད་ཀྱི་རྩ་དོན་ཆེད་དུ་ཁྱོད་ཁྱིམ་ཚང་མུན་ནག་ནང་འཚོ་བཞིན་ཡོད་པ་ལྟ་བུའི་རྟོག་སྒྲུང་ཞིག་གིས་མི་སེམས་མ་དཀྲུག རང་བཙན་རྩོད་ལེན་པ་མང་པོའི་ནང་ནས་ཀླུ་གར་གཅིག་པུར་གནོན་ཤུགས་དེ་ལྟ་བུ་ཡོད་པ་ཁ་ནང་དུ་བསྐོར་ནས་ཀྱང་བསམ་བློ་གཏོང་དགོས།
ད་ཤེས་སོང་། ཁ་ཞི་བ་དང་ཁོག་དྲག་པོ་ནི་སངས་རྒྱས་བསྟན་པའི་དགྲ་གཅིག་པུ་དང་། དགེ་བཅུའི་ཁྲིམས་ལ་འགལ་ཡོད་པས། ནང་བསྟན་པའི་གྲས་སུ་ཚུད་མེད། ཡིད་སྐྱོ་བ་ཞིག་ལ་མི་འདི་དག་དབུ་མའི་ལམ་ལ་ཞུགས་མཁན་ཡིན་ཞེས་པ་དེ་ཡོངས་གྲགས་ཆགས་ཡོད།
བཙན་བྱོལ་དུ་དུས་རབས་ཕྱེད་ལྷག་ཙམ་ལ་དཀའ་སྡུག་གི་ལོ་ཟླ་སྐྱུར་མོ་བསྐྱལ་ན་ཡང་། སོ་སོ་སུ་ཡིན་པ་ད་དུང་ངོ་མ་ཟིན་པ་དང་། གལ་ཏེ་རང་མི་རིགས་སྤྱིའི་ཐབས་སྐྱོ་བའི་གནས་སྟངས་དེ་ངོ་འཛིན་གསལ་པོ་བྱུང་ཡོད་པའི་དབང་དུ་བཏང་ན་ཡང་། ཡོད་ཚད་སྒེར་དོན་གྱི་ཕྱིར་དུ། དཔེར་ན། དབང་ཆ། ཤོག་ཁག ལུང་ཚན། གསར་རྙིང་། གཉའ་གནོན་སོགས། ནང་ཁུལ་འཐབ་རྩོད་ཀྱི་འཁྲབ་སྟོན་གསལ་བའི་རང་རེའི་སྤྱི་ཚོགས་ཆུང་ཆུང་འདི་འགྲེལ་བརྗོད་ཡང་དག་བྱེད་པའི་ལེགས་རྩོམ་ཞིག རྩོམ་པ་མོའམ། མཁྱེན་ལྡན་མ། པདྨ་ཆོས་སྒྲོན་མཆོག་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ།།
གཡུ་ཐོག་རྒྱལ་བོ་ཚང་ཐམས་ཅད་མཁྱེན་པ་རེད་འདུག་
༼ཁོ་ལ་ཞན་ཆ་ཞིག་གམ། ཡང་ན་བཟང་ཆ་ཞིག་དུ་བགྲངས་ཆོག་པའི་གཤིས་སྤྱོད་ཅིག་ཡོད་པ་ནི། མི་གཞན་གྱིས་ཁོ་རང་སྐོར་ལ་རྩོམ་ཡག་སྡུག་གང་བྲིས་ཀྱང་ཁོས་དེ་ཚོར་སྣང་བ་གཏོང་གི་མ་རེད། ང་ཚོས་ཁོ་ལ་བཙན་བྱོལ་བོད་གཞུང་གི་ཁྲིམས་སྒྲིག་ཁག་དང་། རྩིས་ཞིབ་ཀྱི་སྙན་ཐོ་རིམ་པ། བོད་རྒྱ་ཞི་མོལ་གྱི་བརྒྱུད་རིམ། གཞུང་གི་བསྒྲགས་གཏམ་ཁག་སོགས། ཁ་ཡོད་ལག་ཡོད་ཀྱི་ཡིག་ཆར་ལྟ་དགོས་པར་བསྐུལ་མ་བྱས་པ་དང་། དེ་འབྲེལ་གྱི་རྒྱུ་ཆ་བསྡུ་རུབ་བྱས་ཡོད་མོད། ཧ་ལམ་ཁོས་དེ་ཚོར་མིག་གཤེར་ཙམ་ལས་བྱས་མ་སོང་། བྱེད་བབས་དེར་ང་རླུང་ལངས་ནས། ཁྱོས་ཤི་ཚར་བའི་གནས་ཚུལ་དང་། ཤི་ཚར་བའི་མི་རྐྱང་གི་སྒྲུང་ཀློག་ནས་བོད་ཀྱི་ཛ་དྲག་གནས་སྟངས་ག་འདྲའི་ལམ་ནས་སེལ་ཐུབ་ཀྱི་རེད། སྲིད་སྐྱོང་ཕར་རིའི་སྤང་རྒྱན་རེད། མཐར་ཁྱོད་རང་ཡང་གནའ་མི་དེ་དག་གི་དུར་ས་ནས་གོ་མེད་ཚོར་མེད་ངང་ཤི་རྒྱུ་ཉག་གཅིག་རེད་ཅེས་ལབ་མྱོང་།༽ ང་འདི་ལ་དེ་ཙམ་མོས་མཐུན་མེད། འདས་སོང་གི་ལོ་རྒྱུས་མ་ཤེས་ན་ད་ལྟའི་འགྱུར་འགྲོས་དང་། མ་འོངས་བར་ཚོད་དཔགས་ཡག་པོ་ཞིག་བྱེད་མི་ཐུབ་པས། ད་ལྟའི་གནས་སྟངས་དང་། མ་འོངས་བར་ཚོད་དཔགས་ཡག་པོ་ཞིག་བྱེད་ཐུབ་ཆེད་དང་། འཆར་གཞི་ཡག་པོ་ཞིག་བསྒྲིགས་ཐུབ་ཆེད་དུ་ངེས་བར་དུ་གནད་འགག་ཆེ་བའི་རྒྱལ་སྤྱིའི་འཕོ་འགྱུར་དང་བྱུང་བ་དག་ཀློག་དགོས། ལྷག་པར་དུ་ཁ་སང་དེ་རིང་གི་བོད་ཀྱི་གནས་སྟངས་འདི་ལོ་ངོ་བརྒྱ་ཕྲག་གོང་གི་ཡོ་རོབ་ཀྱི་གནས་སྟངས་དང་ཧ་ཅང་མཚུངས་བས། དེ་དག་ཀློག་པ་ཧ་ཅང་གི་ཡག་པོ་རེད།
བློ་སྤེན་གཉིས་ཀྱིས་དེ་དག་ལ་དེ་ཙམ་དོ་སྣང་མ་བྱས་ཤིང་། གཙོ་བོའི་སྤྱི་ཚོགས་ཆུང་ཆུང་འདིའི་མི་ཡི་སེམས་ཁམས་དང་སྟུན་པས། ལྷ་དབང་རིང་ལུགས་སྐྱར་གསོ་བྱེད་འཕྲོ་བྱས་ཁར། འདས་བའི་བོད་ཀྱི་ན་ཚ་རྙིང་བ་མང་པོ་ཞིག་འོས་བསྡུ་ཡི་སྐབས་སྐྱར་ལངས་བྱས་བ་མ་ཟད་གནས་བབ་ཀྱི་ཆ་ནས་ཁོ་གཉིས་ཀྱིས་བོད་པ་སླར་ཡང་རྨོངས་སུ་བཅུག་ཡོད། ཀླུ་བྱམས་དེ་ལས་ལྡོག་སྟེ་བོད་པ་མང་པོ་ཞིག་སད་དུ་བཅུག་པས། དུས་ཚོད་ཀྱིས་མ་འོངས་བར་ཀླུ་བྱམས་ལ་རྒྱལ་ཁ་སྤྲད་ངེས་རེད།
ཀླུ་བྱམས་ཀྱི་ལས་འགུལ་ཁྲོད་ནོར་འཁྲུལ་ཞིག་བྱུད་བ་ནི་གཞི་ཆགས་ཁག་གི་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་དང་། སྲུང་སྐྱོར་བྱེད་པའི་ལས་འཆར་མ་སྒྲིག་པ་དེ་རེད།
ཁྱུང་པོའི་ས་ཆར་ས་འགུལ་བརྒྱབ་ནས་གོད་ཆག་ཆེན་པོ་བྱུང་བ་ལ་གཟིགས་སྐྱོང་དང་ལྟ་རྟོགས་གནང་མཁན་ཞིག་ཡོད་ན་དངོས་གནས་བཀའ་དྲིན་ཆེན་པོ་ལོས་ཡིན། གཞན་ཕྱི་ལོགས་ཀྱི་གཞུང་སྒེར་སུས་ཀྱང་ཁྱུང་པོའི་ཡུལ་གྱི་མི་རྒྱུ་གཉིས་ལ་ས་འགུལ་གྱི་གོད་ཆག་གེ་རེ་བྱུང་ནའང་དོ་སྣང་ཆེན་པོ་རང་གནང་གི་ཡོད་ས་མ་རེད། མཐོང་ནའང་མ་མཐོང་མདོག་མདོག གོ་ནའང་མ་གོ་མདོག་མདོག ཤེས་ནའང་མ་ཤེས་མདོག་མདོག་གནང་ནས་གཡོལ་འགྲོ་གི་མེད་དམ་སྙམ་པའི་ཚོར་སྣང་བྱུང་། ཁྱུང་པོའི་མི་ལ་ཤི་རྨས་ཀྱི་རྐྱེན་ཆག་བྱུང་ནའང་བྱུང་། ཁྱུང་པོའི་མི་ཡི་ཁང་ཁྱིམ་འཁྲ་གནས་ཞིག་ནའང་ཞིག། འགྲོ་ལམ་ཟམ་པ་སོགས་འགག་ནའང་འགག བྱིས་པ་དང་རྒན་གོག་ཚོ་སྐྱབས་མེད་མགོན་མེད་ལ་ལུས་ནའང་ལུས། འདི་ཚོའི་སྐོར་ལ་ཚིག་གཅིག་ཤོད་མཁན་དང་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་སུ་ཡང་མེད་ལུགས་ལ་བལྟས་པ་ཡིན་ན། ཁྱུང་པོའི་མི་མངས་ཚོ་ཀྱེ་མ་ཀྱེ་ཧུད་མགོན་མེད་སྙིང་རེ་རྗེ། །
༅༅། དེང་སང་བསྟན་འཛིན་བརྩོན་འགྲུས་ཀྱང་གོ་རྒྱུ་མཐོང་རྒྱུ་ཅང་མི་འདུག་
ཕྱི་རྒྱལ་ཞིག་ཏུ་བདེ་སྐྱིད་འཚོལ་དུ་ཕྱིན་པ་མིན་འགྲོ།
ཀླུ་མཁར་བྱམས་སྲིད་སྐྱོང་འོས་མིའི་འགྲན་ཞུགས་ནང་དུ་ཕམ་པ་དེ་འོས་བསྡུ་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་ལ་དྲང་བདེན་ཡིན་མིན་གྱི་རྩོད་གླེང་བྱེད་ཀྱིན་པ་རེད། དེ་མི་འོས་པ་ཞིག་རེད། རྩོད་པ་བྱེད་ཀྱི་ཡིན་ན་འོས་བསྡུའི་སྒྲིག་བཞིའི་ནང་གི་དངོས་གཞིའི་འོས་མི་གཏན་འབེབ་བྱེ་ཕྱོགས་ལ་འགྱུར་བ་བཏང་ནས་མི་གསུམ་དངོས་གཞིའི་འོས་མིར་གཏོང་དགོས་ཞེས་གཏན་འབེབ་བྱ་དགོས། ཧ་ཧ་ཧ
ཀླུ་མཁར་བྱམས་ཀྱིས་འོས་བསྡུའི་གཏམ་བཤད་སྐབས་བོད་ལ་སད་རྟོགས་ཅི་ཙམ་སྤྲད་ཡོད་མེད་ཀྱི་གནད་དོན་རེད། ཀླུ་མཁར་བྱམས་ཁོང་གི་སྐད་ཆ་དེ་རྣམས་རྒྱ་ནག་ལ་ཉི་ཧོང་གི་བཙན་འཛུལ་སྐབས་ཀྱི་ལོ་རྒྱུས་སྟོན་པའི་གློག་བརྙན་ནང་དུ་ཧ་ཅང་མང་། ཡིད་མི་ཆེས་ན་གཟིགས་དང་ར་འཕྲོད་ཡོང་གི་རེད། ཀྲུང་གོའི་རིག་གསར་ལས་འགུལ་གྱིས་རྨང་གཞི་བྱས་པའི་བསམ་བློའི་ནང་དུ་རྒྱལ་ཁ་ཞེས་པ་ནི་སྲིད་དབང་ཐོབ་པ་གཅིག་པུར་གོ་བ་ལེན་གི་རེད། འོན་ཀྱང་། དེ་ཙམ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་འགན་འཁྲི་ཡོད་མཁན་རྣམས་ཀྱིས་༼རྒྱལ་ཁ་༽ལ་ངོས་ལེན་བྱེད་ཐབས་མེད་པ་རེད།
རྩོམ་ཡིག་འདིར་བསྟན་པ་ལྟར་ན་འོས་བསྡུའི་བརྒྱུད་རིམ་ནང་དུ་ཀླུ་མཁར་བྱམས་ཚང་ཅུང་མིན་ཚེ་ཚར་འདུག སྒྲུང་བཟོ་སྟངས་འདི་ཞེད་སྣང་ཚ་བོ་འདུག ཀླུ་མཁར་བྱམས་ནང་མིར་དེ་ལྟ་བུའི་གནོད་ཤུགས་སྤྲོད་དོན་བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་ཕྱོགས་གཉིས་ཀྱི་རྒྱབ་སྐྱོར་བ་ཚོས་ཀླུ་མཁར་བྱམས་ལ་འོས་ཐོབ་མི་ཡོང་ངམ་སྙམ་པའི་ཞེད་སྣང་དབང་གིས་འཇིགས་སྐུལ་གྱི་གནོད་ཤུགས་སྤྲད་པ་རེད་དམ། ཧ་ཧ་ཧ་ཧ་་་་་རྒྱུ་མཚན་འདི་ལྟ་བུ་ནི་གད་མོ་རྐུབ་ནས་ཤོར་དགོས་པ་རང་རེད།
འོ་ན་ཅིའི་ཕྱིར་ཀླུ་མཁར་བྱམས་ནང་མི་ལ་འཇིགས་སྐུལ་བྱུང་བ་རེད། ག་རེ་མ་འགྲིག་པ་རེད། རང་བཙན་བཤད་པས་རེད་དམ། འོ་ན་གཞོན་ནུ་ཚོགས་པ་དང་། སློབ་ཕྲུག་རང་བཙན་ཚོགས་པ། མདོ་སྟོད་ཆུ་སྒང་རྙིང་པ་སོགས་ཀྱི་ཚོགས་མི་ལ་ཅིའི་ཕྱིར་འཇིགས་སྐུལ་མ་སླེབས་པ་རེད། ཁོ་ཚོའི་ནང་མིར་ཅིའི་ཕྱིར་བདེ་འཇགས་ཡོད་ལ་ཀླུ་བྱམས་ནང་མིར་བདེ་འཇགས་མེད་པ་རེད་དམ།
གང་ལྟར་རྩོམ་ཡིག་འདིའི་གཞིས་བཞུགས་རྒྱ་ཆེའི་མི་མང་གི་སྣང་ངོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བསྐྱངས་པའི་ལོ་ངོ་ལྔ་བཅུའི་རིང་གི་བཙན་བྱོལ་སྤྱི་ཚོགས་དེ་རྒྱ་ནག་གུང་ཁྲན་ཏང་གཞུང་གིས་བཤད་པ་ལྟར་གྱི་གདུག་རྩུབ་དང་སྤྱོད་ངན་ཅན་ཞིག་ཏུ་རྒྱབ་གཉེར་བྱས་འདུག དེར་བརྟེན་རྩོམ་ཡིག་འདིའི་བསྟན་དོན་བདེན་པ་ཡིན་མིན་དེ་བཙན་བྱོལ་བོད་མི་ཡོངས་ལ་ར་སྤྲོད་ཀྱི་འགན་ཁུར་ཡོད་པ་ཞིག་རེད།
ཡག་པོ་དཔེ་བྲིས་འདུག་ཡོངས་སུ་རྫོགས་པ་བཀླགས་ཚར་ཡིན་ཐུགས་རྗེ་ཆེ།
དཔལ་ཆེན་དོན་གྲུབ། གད་མོ་རྐུབ་ནས་ཤོར་ཟེར་བ། ཚིག་འདི་སྙན་པོ་འདུག ཁྱེད་ཀྱི་ཁ་དང་རྐུབ་གཅིག་པ་ཡིན་པའི་དོན་ཨེ་རེད།
དེ་ནས་ཁྱོད་ཀྱིས་བཤད་པ་ལྟར་རེད། འོས་བསྡུ་སྒྲིག་གཞིའི་ནང་སྲིད་སྐྱོང་གི་དངོས་གཞིར་མི་འགྲོ་གསུམ་དགོས་པ་སྒྲིག་གཞིར་ཡོད་མ་རེད། གཉིས་ལས་མ་ཉུང་དགོས་པ་འཁོད་ཡོད་འདུག ཡིན་ནའང་། སྐབས་སྔོན་མར་གསུམ་བཞགས་ཡོད་པ་རེད། ད་ལོ་གཉིས་ལས་མང་མི་ཆོག་པའི་རྒྱུ་མཚན་ག་པར་ཐུག་པ་རེད། གཉིས་ནས་ད་ལོ་བརྒྱ་ཉི་ཤུ་བཟོས་པ་རེད། དེ་བཟོ་སྟངས་ནི་སྔོན་འགྲོའི་འོས་ཤོག་ཁ་སང་བླུག་ཚར་བ་དང་།
ས་གནས་གང་འཚམས་ནས་འོས་ཤོག་གྲགས་བཤེར་བྱས་པའི་སྙན་ཐོ་དབུས་འོས་བསྡུ་ལས་ཁང་ལ་འབྱོར་བཞིན་པའི་ཁ་མཚམས་ལ་འོས་བསྡུ་ལས་ཁང་གིས་གཞི་ནས་བརྒྱ་ཆ་ཉི་ཤུ་དེ་བཟོས་པ་མཐོང་སོང་ངམ། ད་དུང་རྒྱ་ཆ་ཉི་ཤུ་དེ་གང་ཟག་བྱེ་བྲག་ལ་དམིགས་ནས་བཟོ་པ་ཞིག་ཡིན་མོད། བརྒྱ་ཆ་ཉི་ཤུས་རྐྱེན་པས་དངོས་གཞིའི་ནང་མི་འགྲོ་གཉིས་ལས་ཡོང་རྒྱུ་མེད་པ་གཏན་འཁེལ་བར་སོང་། འོ་ན་བློ་སེང་དང་སྤེན་ཚེ་གང་རུང་ཞིག་ལ་འོས་འགྲོ་བཞིན་པའི་སྐབས་རྐྱེན་ངན་བྱུང་བ་དང་། གནས་ཚུལ་གཞན་ལྷགས་པ། དོ་བདག་ཛ་དྲགས་ཐོག་འོས་གཞི་ནས་ཕྱིར་འཐེན་དགོས་པ་སོགས་ཀྱི་གནས་ཚུལ་བྱུང་བ་ཡིན་ན་ག་རེ་བྱ་དགོས་པ་རེད། ད་དུང་སྐབས་དེར་འོས་ཤོག་ཁྱོན་ཡོངས་ནས་གྲངས་གཤེར་བྱས་མེད་སྟབས། གོང་གི་མི་འགྲོ་གཉིས་ཀའི་གང་རུང་ལ་༼ཁ་གཏད་མེད་པའི་སྲིད་སྐྱོང་ལ་སྔོན་འགྲོའི་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་༥༡ལས་མི་ཉུང་བ༽དགོས་སྐོར་སྒྲིག་གཞིར་འཁོད་ཡོད་སྟབས། གྲགས་ཚད་དེ་གོང་གི་མི་འགྲོ་གཉིས་གར་ལོང་མེད་པ་ཡིན་ན། འོས་བསྡུ་རྩིས་མེད་བཏང་ནས་འགོ་ནས་འགྲོ་དགོས་པ་རེད་དམ། གནད་དོན་འདི་དག་ལ་ཁྱེད་རང་མོ་རྐུབ་ནས་ཤོར་དང་ང་ཚོ་ཅིག་ལྟ་འདོད་འདུག
ད་དུང་ཁྱེད་ཀྱི་སྐད་ཆར་པདྨ་ཆོས་སྒྲོན་གྱི་རྩོམ་ཡིག་དེར་བཙན་བྱོལ་བོད་མི་ཡོངས་ཀྱིས་ར་སྤྲོད་ཀྱི་འགན་འཁུར་དགོས་རེད་ཟེར། རིག་གནས་གསར་བརྗེ་ཟེར་བ་ཧ་ལམ་དེ་འདྲ་ཞོན་མིན་འགྲོ སེམས་ཤུགས་དང་འཇིགས་སྐུལ་གང་ཡིན་གསལ་ཁ་མེད་པ་ཞིག་བཤད་སྟངས་འདིར་ཁྱོད་རང་གད་མོ་རྐུབ་ནས་ཅིག་དགོད་དང་། གཞན་ཀླུ་མཁར་བྱམས་ཀྱི་ལྟ་བའི་རྒྱབ་ལྗོངས་ན་རིག་གསར་བསམ་བློ་ཡོད་མེད་དེ་ཁྱེད་གལ་ཆེ་ན་ཐང་མོད། ང་ལ་འབྲེལ་བ་རྐང་གཅིག་མེད། སུ་ལ་བདེན་པ་ཡོད་ན་ང་ལ་དེ་ལས་གཞན་མི་དགོས།
ཉི་མའི་བུ་རྒྱུད། ཁྱོད་ཀྱིས་བོད་སྐད་ཡག་པོ་ཤེས་ཀྱི་ཡོད་ས་མ་རེད། དེ་གཅིག་ཡིན།
གཉིས་ནས་ཁྱོད་རང་གིས་ཁྲིམས་སྒྲིག་གི་འགྱུར་བ་ལ་དོ་སྣང་བྱེད་མེད་པ་འདྲ།
གསུམ་ནས་འོས་བསྡུ་ལས་ཁུངས་གི་བྱེད་སྟངས་ལ་འགྲིག་མ་འགྲིག་གི་རྩོད་པ་ཡོད་ན་དེ་ལ་བསམ་ཚུལ་བཤད་ནས་ཆོད་ཡོད་པ་མ་རེད། ཁྲིམས་སྒྲིག་གི་གནད་དོན་ཡིན་པས་ཁྲིམས་གཏུགས་བྱེད་དགོས་པ་རེད། འདོད་བློ་ཁེངས་དང་མ་ཁེངས་ཚང་མར་ཡོང་གི་རེད།
བཞི་ནས་རྩོམ་ཡིག་འདིའི་རྒྱབ་ལྗོངས་དངོས་གནས་མི་ཚང་གཅིག་འཆི་བར་གཏུགས་མཚམས་སུ་བསྐྱལ་བའི་སྤྱི་ཚོགས་ཤིག་ཡིན་མིན་དེ་བོད་མི་བཙན་བྱོལ་བའི་ཁུངས་མ་སྐྱེལ་བ་ཡིན་ན་སུས་ཀྱང་ཁུངས་སྐྱེལ་ཐུབ་ཀི་མ་རེད།
ལྔ་ནས་སྲིད་སྐྱོང་འོས་མི་ལ་རྐྱེན་ངན་བྱུང་མ་བྱུང་གི་གནད་དོན་དེ་དང་དེའི་རྗེས་ཅི་བྱེད་ཟེར་བ་སོགས་ནི་འོས་བསྡུ་ལས་ཁུངས་ཀྱི་ལས་ཀ་ཞིག་ཡིན་པ་ལས་འོས་མི་དང་དེའི་རྒྱབ་སྐྱོར་བའི་བཤད་རྒྱུའི་ལས་ཀ་ཞིག་མ་རེད།
དྲུག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་དོན་འཐབ་རྩོད་ཀྱི་དམིགས་ཡུལ་དབང་ཆ་དང་སྲིད་དབང་གི་འཐབ་རྩོད་མ་རེད། དེ་ཁ་གསལ་བོ་བྱས་ནས་དབུ་མའི་ལམ་གྱི་ཡིག་ཆ་རིམ་པར་ཡོད་པས་དེ་ལ་གཟིགས་གལ། རང་བཙན་ཀྱི་དགོས་འདོད་བཟུང་ཆོག་ཀྱང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་མང་གཙོའི་ལམ་ལུགས་ཀྱིས་སྐྱོང་བཞིན་ཡོད་པས་ཁྲིམས་སྒྲིག་ལ་བལྟས་ཏེ་རྩ་བའི་ལངས་ཕྱོགས་མི་མང་གི་དབང་ཚད་མ་ཐོབ་པར་དུ་འགྱུར་བ་སོང་ཆོག་གི་མ་རེད། མི་མང་ཟེར་བ་ཁྱོད་དང་ཁྱོད་ལྟ་བུ་རེ་གཉིས་ལ་ཟེར་གྱི་ཡོད་པ་མ་རེད། མང་པོ་ཞིག་ལ་ཟེར་གྱི་ཡོད་པ་རེད།
ད་དེ་ཙམ་བྱོས། ཧ་ཧ
དཔའ་ཆེན་
ཁྱོད་ཀྱིས་རྩོམ་ཀློག་སྐབས་སྤྱི་ཁོག་དང་བྱེ་བྲག་གི་དབྱེ་བ་འབྱེད་ཤེས་གི་མེད་ཁར། དང་པོ་ནས་རྩོམ་པ་པོས་ཀུན་སློངས་ཉེས་འདོག་གིས། རྒྱ་མིས་བཤད་པར་རམ་འདེམས་བྱས་རབ་དེ་རེད། ངས་ཁྱོད་སྙིང་རྗེ་གི བཙན་བྱོལ་བོད་མི་ཚོས་ཅིག་ལ་ཁུངས་སྐྱེལ་དགོས་ན། ཡང་ན་ཁྱོད་ཀྱིས་སྐྱེལ་བསམ་ན་མ་རྩོམ་ནང་གནད་དོན་དང་། བྱུང་རིམ། ད་དུང་དོན་སྐྱེན་དེ་དག་དང་འབྲེལ་བའི་མི་སྣ་སོགས་གཅིག་གཅིག་གཉིས་གཉིས་བྱས་ནས་མིང་འཁོད་འདུག ད་ཁྱེད་ཅག་གིས་དེ་ཚོ་ཁུངས་སྐྱེལ་རོགས། གསལ་བོ་མ་བྱུང་ན་པདྨ་ཆོས་སྒྲོན་པ་ཞིབ་འདྲི་བྱས་ཆོག མོ་ལ་ད་དུང་བྱེ་གཏེ་སྐོར་ཞིག་བཤད་རྒྱུ་ཡོད་བཟོ་འདུག
དེ་ནས་འོས་བསྡུ་དང་ཁྲིམས་གཏུག་གི་སྐོར། དབུ་མ་དང་རང་བཙན་ཟེར་བ་སོགས་ལ་ཧ་ཅང་ཐག་རིང་རེད།
གད་མོ་རྐུབ་ནས་ཤོར་ཟེར་བའི་ཚིག་འདི་མདོ་སྨད་དམར་ཤོག་ཚོགས་པའི་སྤྱི་འཐུས་བློ་བཟང་ཆོས་འབྱོར་རམ། ཤར་ཕྱོགས་ཁུག་རྟ་དར་དམར་ཅན་གྱི་ཚིག་རེད། འབྱུང་འགྱུར་གྲོས་ཚོགས་ནང་དུའང་ཚིག་འདི་བེད་སྤྱོད་གཏོང་ངེས་ཡིན།
ད་གང་ལྟར་ཅི་བཤད་ཀྱང་རྡ་སར་རེ་བ་བརྒྱབ་མཁན་མེད་པ་ད་ལོ་སྲིད་འགྲན་དངོས་གཞི་སྐབས་དང་སྤྱི་འཐུས་སླེབས་སྟངས་ནས་ཧ་གོ་སོང་། དབུས་གཙང་གིས་སྟོད་མོ་ཤར་ཟླ་སྒྲོན་ཨང་དང་བོ་བསྐྱལ་བ་དང་། མདོ་སྨད་ཀྱིས་དར་དམར་བ་ཤར་ཁུགས་བདམས་པ་འདིའི་རིགས་ཐོག་ནས་ར་འཕྲོད་སོང་།
ཁྱིམ་ཚང་ཁྱེད་ཁའི་སྡུག་སྐད་ལ་ཉན་པའི་དུས་ཚོད་མི་འདུག། དམངས་གཙོ་འགྲོ་ལུགས་ཡག་པོ་ཤེས་ན། ཁ་ཡོད་ཡོད་པོ་གདང་ཆོག་པ་ཞིག་དང་ལག་ཡོད་ཡོད་པས་བྲིས་བཞག་ན་འགྲིག་པ་ཞིག་གང་ལ་ཡིན།
དམངས་གཙོའི་ཡབ་ཡུམ་ལྟ་བུའི་ཨ་རི་དང་རྒྱ་གར་ལ་ཆགས་བཞག་ན། རྒན་ངྷེ་རྒན་པོ་སྐེ་ལ་མེ་ཏོག་གཡོག་བཞིན་བསད་པ་རེད། ལྗོན་ཨེ་ཧྥུ་ཁན་ན་སྒྲུ་འབེན་མྱིག་ལ་བླངས་ནས་བསད་པ་རེད། དེ་འདྲ་ཡིན་དུས། ད་ཁྱེད་ཁའི་སྒོ་ཁར་རྡོ་ཞིག་འཕངས་བ་ནི་ཅི་གང་མ་རེད། ཁྱེད་བཟའ་ལུ་གཉིས་ལ་༼རང་སེམས་མ་འཁྲུལ། གཞན་སེམས་མ་དཀྲུག་༽ཙམ་ཟེར་སྤྱད་ཀྱི་བརྡ་བསྟན་པ་རེད། གོ་བར་བྱོས། རྡ་ས་བདེ་འཇགས་རེད། ཨ་མདོ་ཚོ་དྲང་པོ་རེད། ཅིག་ཅིག་མུག་མུག་གིས་ཅི་བྱ། རྟ་རྒྱུག་རེད། རྡུལ་གཙུབ་ཚར་རེད། སེམས་བདེ་མོ་བྱོས། མི་གིས་བཟའ་ཚང་ལ་ལྟོས།
མཆན་འདེབས་པ་ཁྱོད་རྣམས་གང་ཞིག་གི་འདོད་དོན་སྒྲུབ་མཁན་ཡིན་ནམ། ༸རྒྱལ་དབང་རིན་པོ་ཆེ་གོང་དུ་བཞུགས་པའི་ང་ཚོའི་སྤྱི་ཚོགས་འདི་མུན་ནག་གི་སྤྱི་ཚོགས་སུ་སྒྲུབ་མཁན་པདྨ་ཆོས་སྒྲོན་གྱི་ལོག་རྩོམ་འདིར་གདུང་སེམས་མཉམ་སྐྱེད་བྱེད་དགོས་ཨེ་འདུག ༸རྒྱལ་དབང་རིན་པོ་ཆེས་ང་ཚོ་བཙན་བྱོལ་བའི་གནས་སྐབས་ནས་མང་གཙོ་ཡང་དག་པ་ཡོད་ཅེས་འཛམ་གླིང་གང་སར་མགྲིན་པ་གཟེངས་སུ་བཏེགས་ཏེ་སྒྲོག་གནང་གི་ཡོད་པ། ཚང་མས་བསམ་བློ་གཏོང་དགོས།
གནམ་ཟེར་བ་ཞིག་གི་ དམངས་གཙོ་ལ་ལྟ་སྟངས་གསར་བ་ཞིག་འདུག ཨ་ལ་ལ་མྱི་ཤེས་ཡོན་ཅན་ཟེར་ན་ཁྱོད་ནང་བཞིན་དགོས་རེད། དེ་ནི་གཞན་གྱིས་མི་བསད་ཆོག་ན་ང་ཚོས་བསད་ཀྱང་ཧང་སངས་ཡ་མེད་ཟེར་བའི་དོན་ཡིན་པ་འདྲ། གཉིས་པ་དེ་ཁྱིམ་ཚང་གཅིག་གི་སྡུག་སྐད་ལ་ཉན་ཁོམ་མེད་ཟེར། སྤྱི་ཚོགས་ནི་ཁྱིམ་ཚང་རེ་རེ་བྱས་ནས་གྲུབ་པ་རེད། ཁྱེད་ལ་ཁྱིམ་ཚང་ཞིག་གི་སྡུག་སྐད་ལ་ཉན་ཁོམ་མེད་ན་རྗེས་མར་སྤྱི་ཚོགས་དང་འབྲེལ་བའི་གནད་དོན་ཐོག་སྐད་ཆ་མ་བཤད་རོགས། མ་གཞི་པདྨ་ཆོས་སྒྲོན་གྱི་རྩོམ་དེ་ཁྱིམ་ཚང་གཅིག་གི་སྡུག་སྐད་ཁོ་ན་ཞིག་མ་རེད། དེ་ནི་ཁྱིམ་ཚང་ཞིག་དང་འབྲེལ་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་དངོས་ཡོད་རྐྱང་རེད། ཁྱེད་ཅག་གི་བཤད་སྟངས་བྱས་ན། པདྨ་མ་ཆོས་སྒྲོན་གྱིས་རྩོམ་བྲིས་པ་མ་འགྲིག་པ་མ་གཏོགས། འུ་ཚང་གི་སྤྱི་ཚོགས་འདི་ཕྱོགས་གང་ཐད་ནས་འགྲིག་བསྡད་ཡོད་པ་དང་། གསོལ་རས་སྩལ་བའི་དམངས་གཙོ་འདི་ཡངས་དག་པ་ཞིག་རེད་ཟེར་བའི་དོན་ཡིན་པ་འདྲ། སྐད་ཆ་འདི་ལྟར་བཤད་པ་ལས་ད་ནས་བཟུང་པདྨ་ཆོས་སྒྲོན་ནང་བཞིན་སྤྱི་ཚོགས་འདི་དང་ཨམ་ཅོག་བལྟེབས་བརྩགས་རྒྱབ་ནས་འདུག་ཐུབ་ན་དེ་རང་ཡག་གི་རེད། གྲོགས་པོ་སེམས་གཏམ་ཡིན།
སེམས་གཏམ་དེ་འདྲ་ཞིག་དགོས་མདོག་མེད། ཁྱོའི་སེམས་གཏམ་ལ་ཉན་ནས་བསྡད་ན། ཞི་མི་མེད་ས་ནས་ཙི་ཙི་རྒྱལ་པོར་ཆགས་པའི་ལྟས་ངན་ཤར་རྒྱུ་རེད་ཡ།
ངས་ཀྱང་རང་ཉིད་རྒྱལ་པོ་ཡིན་བསམ་པའི་ཙི་ཙི་མང་པོ་འདུག་ཟེར་གི་ཡིད།
ཀླུ་འབྱམས་ལ་མི་དགའ་བའི་ཕྱོགས་ནས་ཉེན་བརྡ་འདྲ་མིན་བྱུང་བ་བདེན་པ་ཡིན་མོད་ཀྱང་བློ་སེང་གི་རྒྱབ་བསྐྱོར་བས་རྨོངས་གཉིད་འོག་སྤེན་ཚེའི་རྒྱབ་བསྐྱོར་བ་དངོས་སུ་ཉེས་བརྡུང་བཏང་ཡོད། ད་སུ་ལ་ཆ་བཞག་དགོས་རེད་དམ།
རྩོམ་ཡིག་འདི་དངོས་ཡོད་གནས་ཚུལ་རྗེན་པ་སྟོན་པའི་རྩོམ་ཡིག་གྲག་གྲས་ཤིག་རེད། རྩོམ་རིང་འདི་འདྲ་ཧྲིལ་བཀླགས་བྱས་པ་ལོ་རེའི་ནང་དུ་རེ་རེ་ཉུང་ཉུང་ཡིན་ཀྱང་། འདི་ཧྲིལ་གྱིས་བཀླགས་ཡོད། དེ་རྒྱབ་སྐྱོར་མཚོན་ཆེད་དུ་ཡིན། དེ་ཙམ་ཞིག་མ་གཏོགས་ནུས་པ་མི་འདུག
བློ་བདེ་བ་ཞིག་ལ་མཆན་བཀོད་མཁན་མང་ཆེ་བ་རྒྱབ་སྐྱོར་བ་ཡིན་པའི་སྣང་ཚུལ་བྱུང་བ་འདི་ད་ལྟའི་ཁོར་ཡུག་འདིར་ཡ་མཚར་མཚར་ཞིག་དང་བློ་བདེ་བདེ་ཞིག་བྱུང་། དེ་ལས་ལྷག་པ་ཅི་ཡང་འབྲི་དགོས་པ་མི་འདུག་སྙམ།
ཀླུ་བྱམས་ལ་དོན་དངོས་མ་རུང་བའི་ཉེན་བརྡ་འདྲ་མིན་གཏོང་བ་གོང་དུ་བརྗོད་པ་བཞིན་བྱས་ཡོད་མོད་ཡིན་ཡང་། འོས་བསྡུའི་བརྒྱུད་རིམ་ཁྲོད་དེ་ལས་ཐབས་སྡུག་བླེ་སེང་གིས་རྒྱབ་བསྐྱོར་བས་སྤེན་ཚེའི་རྒྱབ་བསྐྱོར་རྒས་པོར་ཉེས་བརྡུང་དངོས་སུ་གཏོང་བ་རྣམས་ནམ་གཡེང་དོར་མི་རུང་། དེ་བཞིན་ཨ་མ་རྗེ་བཙུན་པདྨ་མཆོག་ནས་ཀླུ་བྱམས་ལ་འོས་མི་བླུགས་ཞེས་བརྗོད་ཀྱང་སྒེར་གྱི་སྨྲ་བརྗོད་རང་དབང་རེད། དེ་ཁྲིམས་འགལ་གང་ཡང་མ་མཐོང་། ཡིན་ཡང་། ལས་ཐོག་བཀའ་བློན་རྒྱག་མོ་རྒྱ་རི་སྒྲོལ་མ་དང་དོན་གཅོད་སྐལ་རྡོར་སོགས་ཀྱིས་འོས་བསྡུའི་བརྒྱུད་རིམ་ཁྲོད་ཁྲིམས་འགལ་གྱིས་བློ་སེང་ལ་རྒྱབ་བསྐྱོར་གྱི་གཏམ་ལས་སྤེལ་བ་ནི་དེ་བས་མ་རུང་བ་དང་ཁྲིམས་འགལ་ནག་ཉེས་ཡིན་པ་ཤེས་དགོས།
གཡུ་ཐོག་་་་བློ་སངས་ཀྱི་རྒྱབ་སྐྱོར་བ་ཚོས་སྤེན་ཚེའི་རྒྱབ་སྐྱོར་བ་ཉེས་རྡུང་བཏངས་སོང་ཨེ་་་་སྡིག་གྱོང་རེད་ད། སྤེན་ཚེའི་རྒྱབ་སྐྱོར་བ་ལ་ཁ་ཐབས་དེ་ལས་མེད་པར་ཨེ་རེད། ཁ་ཐབས་དེ་འདྲ་ཞིག་མ་གཏོགས་མེད་པའི་རྒྱུ་མཚན་གྱིས་ཉེས་རྡུང་བཟའ་དགོས་པ་དང་འོས་ཤོར་དགོས་པ་གཉིས་ཀ་བྱུང་བ་རེད། མ་ཚད་སྤེན་ཚེས་སྲིད་སྐྱོང་བློ་སངས་ཀྱི་རྐུབ་བལྡགས་ནས་དོན་གཅོད་ཀྱི་གོ་གནས་རག་ཙམ་བྱུང་སོང་་བ།
རྒྱ་རི་སྒྲོལ་མ་ལ་ག་རེ་བཤད་ཀྱི་ཡོད་དམ། ངོ་གདོང་སྟོན་ནས་བཤད་ཕོད་ས་རེད་པེ། ཕོད་ན་ཤོག་དང་རྒྱ་རི་ཚང་ཕྱིར་ནུབ་བྱེད་ཀྱི་མ་རེད། སྤེན་ཚེའི་རྒྱབ་སྐྱོར་བ་ཁྱོད་ཚོའི་གྲལ་མིང་ལྷག་ཞིག་གི་འོག་ནས་ལྐོག་མདའ་འཕེན་པ་མ་གཏོགས་གདོང་དངོས་སུ་སྟོན་ནས་བཤད་ཕོད་མཁན་མེད་པ་འདིས་ཁྱོད་རང་ཚོའི་ཁ་སྟོབས་འདི་རེད་ཅེས་འགྲེལ་བཤད་རྒྱབ་ཀྱི་ཡོད་རེད་་་ད
དྲ་གྲོགས་ཅོ་རི་ཉི་མ་ལགས། དངོས་གནས་དཔའ་མཛངས་ཅན་གྱི་ཕོ་རྒོད་ཞིག་ཡིན་སྙམ་འདུག ཡག་པོ་རེད། ངའི་གོང་དུ་བརྗོད་པ་རྣམས་དམངས་གཙོའི་འགྲོ་ལུགས་དང་མི་མཐུན་པ་རྣམས་བརྗོད་པ་ལས་དེ་མིན་ང་བློ་སེང་ལ་མི་དགའ་བ་དང་སྤེན་ཚེ་རྒྱབ་བསྐྱོར་བ་ཡང་མིན། རྣ་བ་འོན་པ་ལྟར་བྱ་མི་རུང་ཞེས་༸རྒྱལ་བས་བཀའ་སློབ་ཕེབས་ཡོད། རྒྱ་རི་ཚང་ཕྱིར་ནུབ་དང་མི་ནུབ་ཁྱད་པར་གང་ཡང་མིན་འདུག ཡིན་ཡང་བཙན་འབྱོལ་བོད་མིའི་སྒྲིག་འཛུགས་འདི་ཚུགས་ཚུད་ཡོང་ཆེད་ཚང་མར་རྒན་ཡོད། དེར་ཁྲིམས་འགལ་དང་འཐུས་ཤོར་སུས་གཏོང་རུང་སྡིག་པ་མིག་འཚུམ་ལྟར་བྱེད་ཚེ་ང་ཚོ་ཚང་མ་མཐའ་མ་ཕུང་རྒྱུ་རེད་མ་ཏོག་གཞན་གང་ཡང་མེད། གོ་ས་དབང་ཐང་ཅན་རྣམས་མཐའ་མ་རྐུབ་བརྡབ་ནས་འགྲོ་ངེས་རེད། དེ་དུས་ཁྱེད་དང་ང་འདྲ་བའི་ཀླད་མེད་རྣམས་ལྷག་ངེས་རེད། དེ་དུས་ཕོ་རྒོད་དཔའ་མཛངས་ལྡན་པས་ཅང་ཕན་གྱི་མ་རེད། ཁྲིམས་སྒྲིག་ཀྱི་རྒྱབ་ལངས་བྱེད་དགོས་པ་ལས་གང་ཟག་གི་རྒྱབ་ལངས་བྱེད་ན་བཅའ་ཁྲིམས་རིན་པོ་ཆེ་གཟི་བརྗོད་ཁོག་སྟོང་མིན་འགྲོ ཐུགས་རྗེ་ཆེ།
གཡུ་ཐོག་ལགས་་་ཁྱོད་སྤེན་ཚེའི་རྒྱབ་སྐྱོར་བ་མིན་ཨེ་་་་་ངོ་གདོང་མིང་ལྷག་ཞིག་གི་འོག་ཏུ་བསྐུངས་ཡོད་ནའང་ངོ་ཚ་ཏོག་ཙམ་དགོས་ཀྱི་རེད་ད། ཁ་བརྡའི་ཐོག་གི་དྲ་གྲོགས་ཡོངས་ཤེས་ཀིན་རེད་ད། ཧཧ
ཁྲིམས་སྒྲིག་གི་རྒྱབ་ལངས་བྱེད་དགོས་ཨེ། དགོས་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔྱ་ཁྲལ་བཏངས་ཟིན་པའི་སྤྱིའི་རྒྱུ་སྒེར་བདག་པ་ཡོངས་གླིང་ཟླ་བ་ཚེ་རིང་གིས་བརྩི་སྲུང་བྱས་སོང་ངམ་མ་སོང་། ཁྲིམས་སྒྲིག་གི་རྒྱབ་ལངས་བྱས་ཀྱི་འདུག་གམ་་་་ཁྲིམས་འགལ་བའི་རྒྱབ་ལངས་བྱེད་ཀྱི་འདུག བོད་མི་ཡོངས་རྫོགས་ལོང་བ་མ་རེད་ད།
རྐུབ་རྒྱབ་ཇག་ལངས་དང་ཆོལ་ཁའི་ཕྱོགས་ཞེན་བསླངས་ནས་འོས་བསྡུའི་སྐབས་སུ་དཀྲུགས་ཤིང་སྡུག་སྐྱ་ག་ཚོད་བརྒྱབ་མེད་དམ། ལོ་མང་རིང་མི་དམངས་ཀྱི་སེམས་སུ་རྨ་ཁ་གསོ་ཐབས་མེད་པ་བཟོས་ཡོད་པ།
ཨོ་རེད་་་རྒྱལ་བས་བཀའ་ཕབ་སོང་ཨེ་་་་ཧཧ་་་རྒྱལ་བའི་བཀའ་སྟ་གྲི་འཕྱར་འཕྱར་བྱས་ནས་དད་པ་ལོག་སྤྱོད་པ་ཁྱོད་ཚོས་བོད་མི་རྣམས་ལ་གཉའ་གནོན་ལོ་ག་ཚོད་བྱ་ཐུབ་བམ། དད་པ་ལོག་སྤྱོད་པ་ཁྱོད་རང་ཚོ་རྒྱལ་བའི་བཀའ་སྒྲུབ་མཁན་དེ་མ་རེད། བཀའི་འོག་ཏུ་སྤྱིའི་རྒྱུ་བཟའ་མཁན་དང་གོ་གནས་ཧམ་ཐོབ་རྒྱབ་མཁན་རེད་ད།
ཅོ་རི་ཉི་མ་ལགས་དངོས་ནས་སེམས་ནང་སྙིང་ནད་དང་འཁོན་འཛིན་ཏོག་ཅམ་མང་པོ་ཡོད་པའི་རྣམ་པ་སྟོན་བཞིན་འདུག ཡག་པོ་རེད། གང་བྲིས་པ་རྣམས་ལག་ལེན་དངོས་ཐོག་དེ་ལྟར་ཡོང་བའི་རེ་སྨོན་ཡོད།
ཅོ་རི་ཉི་མ། ཁྱེད་རང་དངོས་གནས་དཔའ་མཛངས་ཅན་ལ་བདེན་པ་ཡོད་སྙམ་ཞིག་ཡིན་ན་གོང་དུ་ཁྱེད་ཀྱིས་གསུངས་པ་ལྟར་སྤྱིའི་རྒྱུ་སྒེར་བདག་འོག་ཁྱེད་ཀྱིས་ཟླ་ཚེ་བཙན་འབྱོལ་སྒྲིག་འཛུགས་ཁྲིམས་ཁང་དང་དེ་མིན་རྒྱ་གར་གཞུང་གི་ཁྲིམས་ཁང་ལ་རིམ་པས་གཏུགས་བཤེར་གྱིས་ཁྲིམས་རྩོད་བྱེད་ཆོག བོད་མི་ཡོངས་རྫོགས་ལོང་བ་མ་རེད། ཁྱེད་ལ་མི་མང་གི་རྒྱབ་བསྐྱོར་ཐོབ་ངེས་རེད།
སྙིང་ནད་དང་འཁོན་འཛིན་ཡོད་ད།
༡་་་་ཉམ་ཐག་བཙན་བྱོལ་མི་དམངས་སྐྱབས་གསོ་ལྐོག་ཟ་བྱས་སོང་བས་སྙིང་ན་བྱུང་།
༢་་་བཙན་བྱོལ་བོད་གཞུང་གཏོར་ནས་སྒྲིག་འཛུགས་ཁྱིའི་ཕོར་འདྲ་ཞིག་ལ་བསྒྱུར་སོང་བས་སྙིང་ན་བྱུང་།
༣་་་བོད་རང་བཙན་འཐབ་རྩོད་ནུས་མེད་དང་རང་བཙན་མ་དངུལ་ལག་དེབ་དང་བླང་དཔྱ་ཁྲལ་བསྒྱུར་སོང་བས་སྙིང་ན་བྱུང་།
༤་་་བོད་མི་རྒྱལ་གཅེས་པ་ཚོ་སྤྱི་ཚོགས་ཀྱི་ཟུར་དུ་ཕུད་གང་ཐུབ་བྱས་སོང་བས་སྙིང་ན་བྱུང་།
༡་་་་ཉམ་ཐག་བཙན་བྱོལ་མི་དམངས་ཀྱི་སྐྱབས་གསོ་ལྐོག་ཟ་བྱས་སོང་བས་སྙིང་ན་བྱུང་།་་་་ཞེས་བཅོས
༅༅། སྐྲ་ལོ་ནག་པོ་དེ་མི་དགོས། མཆུ་ལ་དམར་པོ་དེ་མི་དགོས།
དྲིན་ཆེན་ཕ་མ་ཡིས་གནང་བའི།།་བཞིན་རས་དེ་ག་རང་འགྲིག་གོ།
གངས་ལྗོངས་ཀྱི་རིག་པའི་གནས་བཅུ།། མིའི་སེམས་ཁམས་ཐམས་ཅད།།
ཆོས་ལ་འཐིམས་པའི་མི་རིགས།། བསམ་བློའི་འཁྱེར་ཕྱོགས་ཀྱི་མདུན་ལམ།།
ཤར་ནུབ་རྒྱལ་ཁབ་ཀྱི་མདུན་དུ།། ངོ་ནོངས་མི་དགོས་པར་ངོམས་ཆོག་འདི།།
རང་རེའི་རིག་གནས་འདི་ཡིན་ནོ།།
༅༅། གངས་མཐོན་པོའི་ཟུར་ནས་རི་སྤུངས་འདུར།།
བུ་ཇག་འགྲོ་ཞིག་གི་སེམས་པ་སྡུག། སེམས་ལོའི་སྡུག་དགྲ་དེ་བཙན་ནས་རེད།།
འཐབ་དགོས་པ་སྔོན་གྱི་ལས་དབང་རེད།།
མཚོ་སྔོན་པོའི་ཁ་ན་ངང་ཆུང་རྒྱུགས།། མི་གྲུལ་པ་ཞིག་གི་སེམས་པ་སྐྱོ།།
སེམས་ལོའི་སྐྱོ་རྒྱ་དམར་བཙན་དྲག་རེད།། འདི་འདྲ་བ་གྲངས་ལས་འདས་པ་རེད།།
སྐྱོ་དགོས་པ་ང་ཚོའི་ལས་དབང་རེད།།
༅༅།འབྱུང་བཞི་འཁྲུགས་པས་ལུས་ཀྱི་ཟུངས་སྟོབས་ཉམས།།
རྣམ་རྟོག་འཁྲུགས་པས་རིག་པའི་གཞུང་ལུགས་ཉམས།།
སྡེ་དཔོན་འཁྲུགས་པས་བོད་ཀྱི་ལོ་རྒྱུས་ཉམས།།
ཉམས་པའི་རྒྱུ་རྐྱེན་འཁྲུགས་པ་འདི་ལ་ཐུག།