གཞུང་པ་ཚེ་དབང་བསོད་ནམས།
ཀ་བ་གདུང་མ་བཟོ་རྒྱུའི་ཤིང་རིགས་མང་།།
ཁང་པའི་བཟོ་དབྱིབས་མི་འདྲའི་འཆར་འགོད་མང་།།
ག་པ་རོག་པོ་འདྲ་བའི་འབྲི་གཡག་མང་།།
ང་རྒྱལ་རློམ་སེམས་ཅན་གྱིས་མཁས་པ་མང་།།
ཅ་ཅོ་འུར་གཏམ་བཤོད་མཁན་ཆབ་སྲིད་མང་།།
ཆ་འཇོག་ཡིད་ཆེས་མེད་པའི་ཁྲམ་པ་མང་།།
ཇུས་མེད་འགན་འཁུར་ཆེ་བའི་ལས་མེད་མང་།།
ཉ་ཕག་སྒོང་སུམ་སྡིག་ཟས་སྤྱོད་མཁན་མང་།།
ལྟ་བ་ལངས་ཕྱོགས་མེད་པའི་ཚོགས་སྐྱིད་མང་།།
ཐོབ་ཤོར་གདེང་སྤོབས་མེད་པའི་འོས་མི་མང་།།
དོན་མེད་མི་སེམས་དཀྲུགས་མཁན་མགོ་གཉིས་མང་།།
ན་རྒྱུ་ཚ་རྒྱུ་མང་བའི་ཉམས་ཐག་མང་།།
དཔའ་གཏམ་སྟོང་གཏམ་བཤོད་མཁན་དར་མ་མང་།།
ཕ་ཡུལ་བརྩོད་ལེན་མེད་པར་ནང་བརྩོད་མང་།།
བོང་བ་གསེར་ལ་ནོར་མཁན་བླུན་པོ་མང་།།
མང་གཙོ་དམངས་གཙོ་ནོར་མཁན་མཁས་པ་མང་།།
ཙ་ཟ་ཆུ་འཐུང་རྐང་བཞི་དུད་འགྲོ་མང་།།
ཚ་མེད་ཟས་ལ་བརྟེན་མཁན་ནད་པ་མང་།།
འཛམ་གླིང་གང་སར་ཟིང་འཁྲུག་སློང་མཁན་མང་།།
ཝ་མོ་ཁྱི་སྤྱང་འདྲ་བའི་སྤྱན་ཟན་མང་།།
ཞང་པོ་ཨ་ཞང་འདྲ་བའི་ཐ་སྙད་མང་།།
ཟ་སྟངས་འཐུང་སྟངས་མི་ཤེས་ཉམས་ཐག་མང་།།
འོ་ཞོ་མར་སོགས་དཀར་ཟས་སྤྱོད་མཁན་མང་།།
ཡ་རབས་བཟང་སྤྱོད་མེད་པའི་སྤྱི་ཚོགས་མང་།།
རང་བཙན་ཁ་ནས་གླེང་མཁན་ཕོ་རྒོད་མང་།།
ལ་རྒྱ་བརྟན་པོ་མེད་པའི་མགོ་གཉིས་མང་།།
ཤ་ཚ་ཁ་ནས་བཤོད་མཁན་ཁྲམ་པ་མང་།།
ས་ཞིང་འདེབས་ལས་མི་བྱེད་ཞིང་པ་མང་།།
ཧམ་བཤད་སྟོང་བཤད་མི་སེམས་བསླུ་མཁན་མང་།།
ཨ་གསར་གཏམ་ལ་མགོ་བོ་འཁོར་མཁན་མང་།།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
༅༅། གཞུང་པ་ཚེ་དབང་བསོད་ནམས་ལགས་ནས་ཀ་བཤད་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག་པ་ཐུགས་རྗེ་ཆེ།
ཁྱེད་ནས་བོད་ཀྱི་རིག་གཞུང་ལ་སྦྱང་པ་ཧ་ཅང་ཡག་པོ་གནང་འདུག་ ཁྱེད་ཕལ་ཆེར་སེར་མོ་བ་ཞིག་
ཡིན་ས་རེད་བསམ་བཞིན་ཡོད། དགེ་འདུན་པ་ཞིག་ཡིན་ནམ།
༅༅། གནའ་ལུགས་མཁྲེགས་འཛིན་ཡང་མི་དགོས།།
གསར་ལུགས་ཕལ་སྐད་ཀྱང་མི་དགོས།།
བརྡ་སྤྲོད་གཞུང་ལུགས་དང་མཐུན་ན།།
རྕོམ་པ་དེ་ག་ཡི་འགྲིགས་སོང།།
༄། །ཀ་བཤད་མཁས་པར་རློམས་པའི་གཞུང་པ་ཉིད། །ཁ་ནས་ཤོད་ཀ་བྱས་པ་ཙམ་མ་གཏོགས། །ག་དུས་ཡིན་ཀྱང་སྲིད་དོན་ཁོ་ན་ལས། །ང་ཚོ་སྤྱི་ལ་སྨན་པའི་མནོ་བསམ་དབེན། །
ཅ་ཅོ་མང་བའི་གཞུང་པ་བགྲེས་སོང་ཉིད། །ཆ་ལུགས་ཚུལ་མཐུན་བོད་མི་རྣམ་དག་ཀྱང་། །ཇ་དཀྲུགས་འཕྲུལ་འཁོར་འདྲ་བའི་རྩོམ་ཚིག་འདི། །ཉ་གང་བོད་ཡིག་བྲི་བའི་ལྟས་སུ་འཁུམས། །
ཏ་ལའི་སྡོང་རྒན་འདྲ་བའི་གཞུང་པ་ཉིད། །ཐ་མལ་གཞན་ལས་ཁྱད་དུ་འཕགས་བསམས་ཏེ། །ད་བར་ཀ་བཤད་ཡིན་ཅེས་མང་བྲིས་ཀྱང་། །ན་གཞོན་བོད་པའི་ཚོགས་ལ་ཅང་མ་ཕན། །
པ་ལོ་བཅད་ཀྱང་རབ་བྱུང་མ་ཡིན་པའི། །ཕ་རྒན་གཞུང་པས་བརྩམས་པའི་གྲོང་ཚིག་རྣམས། །བ་ཕྱུགས་ཞིང་གསེབ་ཤོར་འདྲའི་འདོད་རྔམ་ལས། །མ་འོངས་་ན་གཞོན་ཕན་པའི་རེ་བ་བྲལ། །
ཙ་ན་ཡོད་པའི་དཔེ་ཆ་མི་འདོན་པར། །ཚ་གྲང་ཁྱད་བསད་ལག་ཐོག་ཁ་དཔར་ལ། །ཛ་དྲག་ཆེ་མདོག་ཉིན་མཚན་བར་མེད་དུ། །ཝ་ལེར་ཁ་བརྡ་བལྟ་ཀློག་དོན་རེ་ཆུང་། །
ཞ་ནེའི་མདོག་ཅན་གཞུང་པ་ཚེ་བསོད་ཉིད། །ཟ་ཟི་རྨུགས་པའི་ཁྲོད་དུ་མི་ཚེ་བསྐྱལ། །འ་ཆད་འུ་ཐུག་ཀ་བཤད་བཙན་སྒྲིག་འདི། །ཡ་རབས་མཁས་པའི་ཚོགས་ལ་བཞད་གད་སློང་། །
ར་ལུག་འབྲི་གཡག་འདེད་མྱོང་གཞུང་པ་ཉིད། །ལ་ལ་ཙམ་མིན་མར་གྱུར་སེམས་ཅན་ཆེད། །ཤ་ཚ་ཟོལ་མེད་ཡིག་དྲུག་མི་འདོན་པར། །ས་སྟེང་བསྡད་ཀྱང་སྡོད་གོ་མ་ཆོད་ཐལ། །
ཧ་ཡེ་གོ་བ་ཡོད་ན་ཐུགས་ལ་ཞོག །ཨ་ཅང་ཀུ་རེ་ཡིན་ནོ་གཞུང་པ་ལགས། གལ་ཆུང་བོད་ཡིག་བྱེད་པའི་དུས་སྐབས་འདིར། །ཉིད་ཀྱིས་གཙིགས་ཆེར་འཛིན་པར་ལེགས་སོ་ཞུ། །
ང་རྒྱལ་རློམ་སེམས་ཅན་གྱིས་མཁས་པ་ཡིན་ཁུལ་བྱེད་མཁན་སུ་རེད་།
སློབ་བཟང་སངས་རྒྱས་རེད་།
ཅ་ཅོ་འུར་གཏམ་བཤོད་མཁན་ཆབ་སྲིད་པ་སུ་རེད་།
སློབ་བཟང་སངས་རྒྱས་རེད་།
ཆ་འཇོག་ཡིད་ཆེས་མེད་པའི་ཁྲམ་པ་སུ་རེད་།
སློབ་བཟང་སངས་རྒྱས་རེད་།
ཇུས་མེད་འགན་འཁུར་ཆེ་བའི་ལས་མེད་སུ་རེད་།
གཞུང་པ་ཚེ་བསོད་མིན་ནམ་སྙམ་།
དོན་མེད་མི་༼༧གོང་ས་མཆོག་གི་ཐུགས་༽སེམས་དཀྲུགས་མཁན་མགོ་གཉིས་སུ་རེད་།
སློབ་བཟང་སངས་རྒྱས་རེད་།
ཕ་ཡུལ་བརྩོད་ལེན་མེད་པར་ནང་བརྩོད་བྱེད་མཁན་སུ་རེད་།
སློབ་བཟང་སངས་རྒྱས་རེད་།
ས་ཞིང་འདེབས་ལས་མི་བྱེད་ཞིང་པ་སུ་རེད་།
གཞུང་པ་ཚེ་བསོད་མིན་ནམ་།
ཧམ་བཤད་སྟོང་བཤད་མི་སེམས་བསླུ་མཁན་རྒྱལ་པོ་སུ་རེད་།
སློབ་བཟང་སངས་རྒྱས་རེད་།
ཨ་གསར་གཏམ་ལ་མགོ་བོ་འཁོར་འཐེབས་མཁན་སུ་རེད་།
གཞུང་པ་དང་ཏྲེ་ལྐུག་གཉའ་ཆག་སྤོབས་པ་མཐའ་ལྷུངས་ལ་སོགས་པའོ་།