• གུང་ཐང་འབྲུག་བྷེ།
ཞོགས་པ་ཞིག་ལ
ཞི་འཇམ་གྱིི་ཉི་འོད་བདག་གི་ཁང་སྟེང་དུ་འཁྱིལ་ནས
ཉི་ཟེར་གྱི་ཟེར་མ་རེ་རེ་ང་ཡི་མལ་གདན་དུ་ཟེགས་དུས
ངས་ཉིན་མོ་དེར་རྩྭ་སྤྱིལ་ཞིག་ལན་བུར་བསླེས་ཀྱིན
སྙིང་ཉེ་བའི་བུ་མོ་ཞིག་ལ་རེ་སྒུག་བྱེད་ངེས།
ས་སྲོད་ཅིག་ལ
མཚམས་སྤྲིན་གྱི་འོད་སྣང་ང་ཡི་གངས་རིའི་རྩེ་ནས་ནུབ་ནས
མུན་པ་ཡི་སྨུག་ལོང་ང་ཡི་སྒེའུ་ཁུང་ཕྱི་རོལ་དུ་འཕྱུར་དུས་
ངས་མཚན་མོ་དེེར་སྒྲོན་མེ་ཞིག་འོད་དུ་སྦར་གྱིན
སྙིང་ཉེ་བའི་བུ་མོ་ཞིག་རེ་སྒུག་བྱེད་ངེས