ཁྲོ་གཏུམ།
ཁ་བ་མེད་པའི་དགུན་ཁའི་སེམས་ཁ་ལ
དལ་བུར་གྲང་ཟུག་གི་རྨ་ཁ་བཟོ་བའི་སྤུ་གྲི་ཡོད
མགོ་བོ་བཀྱག་པའི་མི་ཚོགས་ཀྱི་གོམ་ཁ
ཧ་ཅང་ལྗིད་ཅིང
མདུན་གྱི་ལམ་བུ་དེ་དག་གཅིག་པུར་གཏད་པས
རྐང་འོག་ཏུ་དོན་མེད་ཤོར་བའི་ཚེ་སྲོག་རྣམས
སྲོག་གི་རྒྱུ་བ་འགག་པ་དང་རྨས་མའི་འོབ་ཏུ་ལྷུང
ཁྱོད་ཀྱིས་ཁ་བ་མ་བབས་ན
ད་གཟོད་དགུན་ཁའི་བྲོ་བ་མྱང་མི་དགོས་བསམ་ན
དེ་རྦད་དེ་བྱུང་བའི་ཆམ་པ་ཞིག
2016/05/21ཉིན།