སྨན་པ་གཡང་འབུམ་རྒྱལ།
ཡུལ་ཤུལ་གྱི་ས་བབ་དང་འབྲོག་ལས་འཚོ་བའི་གནས་སྟངས། ས་ཡོམ་ཁྲོད་མི་ཤི་ཕྱུགས་འགྱེལ་ཚད་ལས་འདས་པ་བྱུང་བ། གནས་སྐབས་རིང་གད་སྙིགས་ཐལ་རྡུལ་ནང་སྡོད་པ་དང་བཟའ་བཏུང་ངན་ངོན་མགྱོགས་ཟས་ལ་བསྟེན་དགོས་པར་བརྟེན། ཐེངས་འདིའི་ས་ཡོམ་རྗེས་འབྱུང་ཉེན་ཆེ་བའི་ནད་རིགས་ཁག་ཅིག་ཡོད་པ། བོད་ཀྱི་གསོ་རིག་གཞུང་དུ། །གཞན་ཡང་དུས་བཞིའི་འབྱུང་བ་དམན་ལྷག་ལོག །དྲག་ཤུལ་དྲི་དུགས་ཁྲོ་འཇིགས་མྱ་ངན་འདོད། །ཁ་ཟས་མ་སྙོམས་པ་ཡིས་རིམས་སུ་འགྱུར།། ཞེས་པ་ལྟར། གཉན་ལྷོག་ནད་ anthrax དང་ཁྱི་སྨྱོན་ནད rabies། ཆམ་རིམས། མ་ཞུ་བཤལ་ནད། གློ་ནད་བཅས་ཕོག་སློང་འགོ་ཉེན་ཆེ་བས། ས་ཡོམ་ས་ཁུལ་དུ་ཡོད་པའི་མི་དམངས་དང་སྨན་བཅོས་ལས་བྱེད་ཚོས་གང་ལ་གང་འགབ་ཀྱིས་གདོང་ལེན་གྲ་སྒྲིག་བྱ་རྒྱུ་ཤིན་ཏུ་ནས་གཟབ་བོ།
ཉིན་འདི་གར་ཁ་བརྡ་དྲ་བ་སྒོ་ཕྱེ་བ་དང་མཆན་བུ་འདེབས་པར་སྐབས་འགར་དཀའ་ངལ་འཕྲད་ཀི་འདུག སུས་ངན་འཕྲུལ་ཡིན་ནམ།
ནད་འགོགས་གཟབ་དགོས་བཞི།
དང་པོ་བདེ་ཐང་འཕྲོད་བསྟེན་བསྟེན་དགོས། །
གཉིས་པ་འགོ་ནད་ནད་འགོགས་གཟབ་དགོས། །
གསུམ་པ་སྨན་བཅོས་གང་མགྱོགས་བྱེད་དགོས། །
བཞི་པ་བྱིན་རྟེན་གཟུགས་སྔགས་འདོན་དགོས། །
སངས་རྒྱས་སྨན་གྱི་བླ་ཡིས་ནད་གསོས་ཤོག །
ལྷ།
ཁ་བརྡ་ཁ་ཕྱེ་བར་དཀའ་ངལ་འཕྲད་བགྱིད་འདུག དགོངས་འཇགས་འཚལ།
tashi delek
ཨེམ་ཆི་ལགས། ཡང་བསྐྱར་ཚར་གཅིག་ཕེབས་པར་དགའ་བསུ་ཞུ། ནམ་རྒྱུན་རེ་བ་ལྟ་བུའི་སྨོན་པ་ཞིག་ལ་སྨན་པ་ཚོ་དྲ་ཐོག་ཏུ་བཞེངས་ནས་མི་མང་ལ་འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད་དང་། སྨན་པ་ཕན་ཚུན་ལ་ཉམས་མྱོང་བརྗེ་རེས་དང་རིག་པ་སྤེལ་རེས་གནང་ན་ཅི་མ་རུང་སྙམ་ཡང་ཧ་ཅང་གི་ཁེར་རྐྱང་ཁྱེད་ལྟ་བུ་ལས་སུས་ཀྱང་བོད་ཡིག་དྲ་ཐོག་ལ་ཐུགས་སྣང་སྤྲོད་ཀྱི་མི་འདུག མ་ཟད་ཁྱེད་དང་ཁྱེད་ལྟ་བུ་རེ་གཉིས་དེ་ཡང་ཉིན་མོའི་སྐར་མ་བཞིན་ཧ་ཅང་མཐོང་ཁག་པོ་ཞིག་ཡིན། འདི་དང་དེ་སོགས་རྒྱུ་མཚན་འདྲ་མིན་མང་པོའི་འོག་ནས་བོད་ལུགས་གསོ་རིག་དང་མི་མང་བར་འབྲེལ་ལམ་ཧ་ཅང་ཉུང་ཉུང་ཡིན།
བློ་བཟང་ཆོས་འཕེལ་ལགས་ཀྱི་བསམ་ཚུལ་ཐུང་ངུ་དེ་བཀླགས་རྗེས་ངས་བོད་ལུགས་གསོ་རིག་དང་འབྲེལ་བའི་ཐོག་བྲིས་འདོད་བྱུང་བས་ཐོག་མར་དེ་གར་ཐོ་འགོད་བྱེད་དགོས་སོང་ཙང་ཚོད་ལྟ་ཞིག་མི་བྱེད་ཀ་མེད་ལ་བརྟེན་ཁྱེད་ཅག་ལ་དགོངས་སེལ་ཞུ།
ཐུགས་རྗེ་ཆེ།
རེད་ ཁྱེད་ཀྱི་དགོངས་ཚུལ་དང་ལྷག་བསམ་ལ་ལྷད་མིན་འདུག་ ཐུགས་རྗེ་ཆེ། འོན་ཀྱང་ཁྱེད་རང་གིས་མཁྱེན་དགོས་པ་ཞིག་ལ་བོད་ཀྱི་གསོ་བ་རིག་པའི་ཐོག་ཕྱག་ལས་གནང་མཁན་གྱི་སྨན་པ་ནམ་མཁའི་སྐར་ཚོགས་བཞིན་བོད་མིའི་སྤྱི་ཚོགས་ཙམ་མ་ཟད་ཕྱིའི་མི་རིགས་ཀྱི་ས་གནས་གང་སར་གནས་མུས་ལ་བརྟེན་བློ་བཟང་ཆོས་འཕེལ་ལགས་ཁྱེད་རང་དོ་སྣང་གང་དུ་བྱས་པ་ཡིན། མི་མང་དང་བོད་ཀྱི་གསོ་བ་རིག་པའི་བར་འབྲེལ་བ་འཛུགས་དགོས་པ་དེ་བཞིན་དྲྭ་ཐོག་གཅིག་པུར་བརྟེན་དགོས་ཀྱི་ཨེ་ཡོད། མངོན་གསལ་མེད་པའི་ཐོག་ནས་བོད་གཞུང་སྨན་རྩིས་ཁང་ནས་ད་བར་ཕྱག་ལས་གནང་བ་དེ་དག་ཁྱེད་ཀྱིས་སྙིགས་སྣོད་ནང་དུ་དོར་བ་ཡིན་ནམ། ཨ་ཁྱད་མཚར།
འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། །
གསོ་བྱའི་སྨན་ཀྱང་འབྱུང་བ་བཞི་ལས་སྐྱེས།་།
གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། །
ལུས་ནད་གཉིས་པོ་བདག་ཉིད་གཅིག་པར་འབྲེལ། །
འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། །
གསོ་བྱའི་སྨན་ཡང་འབྱུང་བ་བཞི་ལས་སྐྱེས།་།
གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། །
ལུས་ནད་གཉིས་པོ་བདག་ཉིད་གཅིག་པར་འབྲེལ། །
ཁ་བཤད་ཆུ་ཡི་ལྦུ་བ། །
ལག་ལེན་གསེར་གྱི་ཐིགས་པ། །
དྲྭ་ཐོག་མང་དུ་གླེང་ཡང། །
ལག་ལེན་མེད་ན་སྟོང་པ། །
སོ་སོའི་དྲྭ་གནས་མ་དངུལ།་།
འཕྲོ་བརླག་ཡིན་འགྲོ་བསམ་བྱུང། །
བོད་ལུགས་གསོ་རིག་འདི་མི་ཉམས་ཡུན་གནས་ཆེད་སྨན་པ་ཚོས་དྲ་ཐོག་ནས་ཕྱག་ལས་གནང་རྒྱུ་ཧ་ཅང་གལ་ཆེར་མཐོང་།་
མན་ངག་རིན་ཆེན་འབྱུང་གནས་ལས།
ཆང་ལ་སྐྱུ་རུ་སྦངས་པ་ཡི།། ཁུ་བ་མགོར་བྱུགས་སྐྲ་བཟང་སྐྱེ།། ཞེས་གསུངས་པ་ལྟར། རང་ཉིད་ལ་སྐྲ་བཟང་པོ་སྐྱེ་དགོས་པའི་གང་ཟག་ཚོས་དེ་ལྟར་ཚོད་ལྟ་བྱོས་དང་ཕན་ངེས་ཡིན་དེ། མཁས་པ་དམ་པའི་ཉམས་མྱོང་གི་གདམས་པ་ཞིག་ཡིན།
དྲ་ཐོག་ནས་བོད་ཀྱི་གསོ་རིག་གི་གཞུང་བཤད་ལག་ལེན་སྐོར་བགྲོ་གླེང་དང་ཕྱི་ལུགས་གསོ་དཔྱད་ཀྱི་དགེ་མཚན་ངོ་སྤྲོད་བྱ་རྒྱུ་ནི་ཧ་ཅང་ཁ་ཚ་དགོས་གཏུགས་ཤིག་ཆགས་འདུག་པར་བརྟེན། བོད་ཕྱི་ནང་དུ་གསོ་རིག་གི་ལས་ལ་གཞོལ་མཁན་ནམ་མཁའི་སྐར་ཚོགས་བཞིན་ཡོད་པའི་ཁོངས་ནས་གང་མང་མང་ཞིག་དྲ་ཐོག་ཏུ་ཕེབས་རྒྱུའི་རེ་བ་ཡོད།
འཚོ་བྱེད་བུས་དོན་ལྡན་གྱི་འབོད་སྐུལ་ཞིག་གནང་འདུག་པར་དགའ་བསུ་ཡོད།
སྤྱིར་ན་བོད་ལུགས་གསོ་རིག་འདི་རྒྱ་ཆེ་གཏིང་ཟབ་ཀྱི་གཞུང་ལུགས་དང་ལྡན་པ་ཞིག་ཡིན་པའི་ཁར་ལག་ལེན་ཉམས་མྱོང་གི་སྲོལ་རྒྱུན་ཡང་གང་མང་ཞིག་མ་ཉམས་པར་གནས་བཞིན་ཡོད་སྟབས། བོད་ལུགས་སྨན་པ་ཚོས་རྩ་ལ་རེག་ཙམ་དང་ངག་གིས་དྲིས་ཙམ་བྱས་ཏེ་ནད་པར་དུས་གསུམ་གྱི་གསོལ་སྨན་རིལ་བུའི་རིགས་གཅིག་པོ་སྤྲད་དང་སྤྲོད་བཞིན་པའི་རྣམ་པ་འདིས་འཚོ་བ་དང་ཉི་མ་འཁྱོལ་ཐབས་ཙམ་གནང་ནས་བཞུགས་ན་བོད་ལུགས་གསོ་རིག་གི་ལུང་རྟོགས་ཀྱི་བསྟན་པ་རྒྱུན་འཛིན་མི་ཐུབ་པའི་ཁར་གོ་ལ་གཅིག་གྱུར་གྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་འགྲོ་བཞིན་པའི་དུས་སྐབས་འདིར་དམིགས་བསལ་གྱི་རིན་ཐང་ཞིག་མངོན་རྒྱུ་ཆེས་དཀའ་ཁག་དང་ལྡན་པ་ཞིག་ཡིན།
གནད་འདིར་བློ་ལྡན་ཚེའི་རིག་བྱེད་འཛིན་པ་རེ་གཉིས་ཀྱིས་ཐུགས་ཕམ་གྱི་རྣམ་པ་དང་ལྡན་པའི་ཆེད་རྩོམ་གང་མང་བྲིས་ཡོད།
བོད་ལུགས་གསོ་རིག་ལ་ཐུགས་སྣང་ཡོད་ཚད་ཚོ་ http://www.sorig.net ཞེས་པའི་དྲ་རྒྱར་ཕེབས་དང་ཁྱེད་ཅག་གི་དགོས་མཁོ་བསྐང་བའི་ལེགས་བཤད་གང་མང་འདུག