རང་བཙན་བུ།
ཕྱོགས་སོ་སོའི་ཆབ་སྲིད་འཐབ་རྩོད་ཀྱི་རྣོ་ངར་ཁྲོད་ཤར་གླིང་ཟླ་སྒྲོན་གྱིས་ཧོལ་རྒྱུགས་ཤོར་པ།
དེ་རིང་ཁ་སང་སྤྱི་ཚོགས་གསང་ལམ་ཁྲོད་སྐད་ཆ་མང་ཤོས་ནི་ཤར་གླིང་བསྟན་འཛིན་ཟླ་སྒྲོན་དགུང་གྲངས་ ༣༥ ལོན་པར་ཟླ་བ་གསུམ་ལྷག་ཡོད་པས་བཀའ་བློན་གྱི་འོས་ཆོས་དགུ་པོ་ལས་གཅིག་མ་ཚང་བས་བཀའ་བློན་ནས་ཕྱིར་འཐེན་བྱས་པའི་སྐོར་དེ་རེད། གོ་ཐོས་ལ་སྲིད་སྐྱོང་དམ་འབུལ་གྲུབ་པའི་ཉིན་གཅིག་གི་རྗེས་སུ་གློ་བུར་དུ་དཔལ་ལྡན་སྲིད་སྐྱོང་ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ་མཆོག་ནས་དབུས་གཙང་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་ལ་ཕྱག་རོགས་བཀའ་བློན་གནང་རྒྱུའི་རེ་བ་སྟོན་གནང་ཡོད་འདུག ཤར་གླིང་ཟླ་སྒྲོན་ལགས་ནས་སྲིད་སྐྱོང་མཆོག་གི་ཐུགས་རེ་བཞིན་ལམ་སེང་ཁས་བླངས་པ་ཧོལ་རྒྱུག་ཆེན་པོ་ཤོར་ཡོད་པ་དེ་ཁོ་རང་གིས་དེ་རིང་གཞི་ནས་ཤེས་པ་རེད།
སྤྱིར་དེ་དུས་བསམ་བཏང་དྲན་སྐྱེས་ཀྱི་དུས་ཚོད་ཞེ་དྲག་མེད་པས་ལས་དོན་ཆེན་པོ་ཞིག་བྱེད་རྒྱུའི་འདོད་པ་ཡོད་པའི་ན་གཞོན་ཤེས་ཡོན་ཅན་ཞིག་གི་ངོས་ནས་དེ་གོ་སྐབས་ཡག་པོ་ཞིག་ཏུ་བསམ་ནས་ལམ་སེང་ཁས་བླངས་པ་འདྲ། དཔལ་ལྡན་སྲིད་སྐྱོང་མཆོག་ནས་གློ་བུར་དུ་དེ་ལྟར་གནང་བ་དེ་ཆབ་སྲིད་ཅིག་རེད་ཅེས་ཐག་ཆོད་པོས་ཞུ་མི་ཤེས་ཀྱང་། གལ་སྲིད་ངས་འོག་ནས་དོགས་བློང་བྱས་པ་དེ་ཚོ་དོན་དངོས་ཡིན་ན་གློ་བུར་དུ་ཤར་གླིང་ཟླ་སྒྲོན་ལ་ཕྱག་རོགས་བཀའ་བློན་གྱི་རེ་བ་ཞུས་པ་དེ་ཆབ་སྲིད་ཀྱི་འགོ་འཛུགས་ཤིག་ཡིན་ངེས་རེད།
ཕྱི་ཟླ་དྲུག་པའི་ཚེས་གཅིག་ཉིན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་དང་པོའི་ནང་སྐབས་བཅོ་ལྔ་པའི་འདེམས་ཐོན་སྲིད་སྐྱོང་ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ་མཆོག་ནས་ཕྱག་རོགས་བཀའ་བློན་འོས་མི་བདུན་གྱི་མཚན་འདོན་གནང་ཡོད་ཅིང་། དེ་ལ་སྤྱི་འཐུས་འགའ་ཤས་ཀྱིས་བཀའ་བློན་འོས་མི་དེ་སྔའི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་ལ་དཔྱ་ཁྲལ་ལག་དེབ་ཡོད་མེད་སོགས་ཀྱི་ཐོག་ནས་དགག་བྱ་བྱུང་བ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་ནས་འོས་མི་ཚང་མ་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་བཀའ་བློན་གྱི་འོས་ཆོས་ཚང་བ་ཤ་སྟག་ཡིན་པས་ངེས་པར་རྒྱབ་སྐྱོར་གནང་རོགས་གནང་ཞེས་རེ་བ་ཡང་ཞུས་གནང་ཡོད་པ་རེད། སྤྱི་འཐུས་ཤིག་ནས་འོས་མི་འགའ་ཤས་དབུ་མའི་ལམ་གྱི་སྲིད་བྱུས་དགོངས་དོན་དང་འགལ་བའི་བསམ་བློ་འཁྱེར་མཁན་དེ་འདྲ་བསླེབས་འདུག་ཅེས་ལས་རིམ་རྣམ་གཞག་དང་འབྲེལ་ཞུས་པར་དཔལ་ལྡན་ཚོགས་གཙོ་མཆོག་ནས་བཅའ་ཁྲིམས་ཀྱི་དགོངས་དོན་འོས་ཆོས་དགུ་པོ་ཚང་མ་ཚང་གཟིགས་རྒྱུ་རེད་ཅེས་གསུངས། དོན་གྱི་བདག་པོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་། དཔལ་ལྡན་ཚོགས་གཙོ་གཉིས་ནས་འདི་ལྟར་གསུངས་དུས་སྤྱི་འཐུས་ཚང་མས་འོས་ཆོས་ཚང་ཞག་གིས་མང་མོས་ཐོག་ནས་བཀའ་བློན་བདུན་བདམས་པ་རེད།
བདམས་ཐོན་བཀའ་བློན་རྣམ་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་རྣམ་པའི་སྐུ་མདུན་དུ་ལས་ཁུར་དམ་འབུལ་ཞུས་པ་དང་། བཀའ་ཤག་ནས་ལས་འགན་ཆ་བགོས་ཀྱང་གནང་ཟིན་ཏེ་བཀའ་བློན་རྣམ་པ་གྲོས་ཚོགས་སུ་བཅར་པ་རེད། དེའི་རྗེས་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཤར་གླིང་ཟླ་སྒྲོན་ལ་བཀའ་བློན་འོས་ཆོས་ལས་ལོ་ ༣༥ ལོན་དགོས་པ་དེ་ཚང་མེད་སྐོར་གྱི་ལབ་གླེང་བྱུང་བས་དེ་མ་ཐག་གཞི་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རྩད་ཞིབ་བྱས་ཏེ་ཤར་གླིང་ཟླ་སྒྲོན་ལ་འོས་ཆོས་དེ་ཚང་མེད་པའི་གསལ་བཤད་བྱས། དཔལ་ལྡན་སྲིད་སྐྱོང་མཆོག་ནས་དཔལ་ལྡན་ཚོགས་གཙོ་མཆོག་ལ་གྲོས་ཚོགས་ནང་ཐད་ཀར་ཡིག་ཆུང་ཞིག་ཕུལ་ནས་བཀའ་བློན་གྱི་འོས་ཆོས་མ་ཚང་བས་ལས་གནས་ནས་ཕྱིར་འཐེན་བྱས་པའི་གསལ་བཤད་ཞུ་རྒྱུའི་རེ་བསྐུལ་ཞུས་པ་བཞིན་ཚོགས་གཙོ་མཆོག་ནས་གསལ་བཤད་བྱས་ཏེ་འགྲིགས་པ་བཟོས་ཡོད་པ་རེད། ཤར་གླིང་ཟླ་སྒྲོན་དབུས་གཙང་སྤྱི་འཐུས་ནས་དགོངས་པ་ཞུས་པ་དང་འབྲེལ་སྒུག་སྡོད་བསྟན་འཛིན་འཇམ་དབྱངས་དབུས་གཙང་སྤྱི་འཐུས་སུ་དམ་འབུལ་ཚོགས་བཅར་ཞུས་པ་བཅས་ཀྱི་བརྒྱུད་རིམ་ལ་བསམ་གཞིགས་བྱས་ན་དེ་དག་གི་རྒྱབ་ལྗོངས་གནས་ཚུལ་ནི་ཧ་ཅང་འཇིགས་སུ་རུང་བ་ཞིག་མིན་ནམ་སྙམ།
ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༠ ཉིན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་སྐབས་གསར་འདེམས་གྲོས་ཚོགས་འཐུས་མིའི་ནང་བསྐྱར་དུ་ཤོག་ཁག་ཆེན་པོ་གཉིས་ཕྱིར་མངོན་པ་རེད། དེ་ཡང་ཚོག་གཙོ་འོས་འདེམས་སྐབས་སུ་པདྨ་འབྱུང་གནས་དང་། མཁན་པོ་བསོད་ནམས་བསྟན་འཕེལ་གཉིས་ལ་འོས་གྲངས་ཉེར་གཉིས་རེ་འདྲ་མཉམ་བྱུང་ནས་མཐའ་མ་ཚོགས་གཙོ་ལོ་གཉིས་དང་ཕྱེད་ཀ་རེ་གནང་རྒྱུ་བྱས་པ་རེད། དེའི་སྐབས་མདོ་སྨད་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་གྱིས་དམ་འབུལ་ཚོགས་བཅར་མ་ཞུས་པས་ཚོགས་གཙོ་གཉིས་ཆགས་པ་གསལ་པོ་ཡིན། གལ་སྲིད་ཚེ་རིང་གཡུ་སྒྲོན་ཡོད་ན་འོས་སུ་ལ་འཕེན་གསལ་པོ་ཡིན་པས་ཤོག་ཁག་གཉིས་ལས་སུ་མི་མང་བ་གསལ་པོ་ཆགས་པ་རེད། དབུས་གཙང་སྤྱི་འཐུས་སྒུག་སྡོད་པ་བསྟན་འཛིན་འཇམ་དབྱངས་ཤར་གླིང་ཟླ་སྒྲོན་གྱི་ཚབ་ཏུ་སླེབས་མ་ཐག་ཤར་གླིང་ཟླ་སྒྲོན་བཀའ་སྤྱི་གཉིས་ཀ་མེད་པར་གྱུར་པ་རེད། སྐབས་སྔོན་མའི་འཕྲོད་བསྟེན་བཀའ་བློན་གྱི་སྤུན་མཆེད་བསྟན་འཛིན་འཇམ་དབྱངས་ཟེར་བ་དེ་ཤོག་ཁག་ག་རེའི་མི་ཡིན་པ་གསལ་པོ་རེད། ད་ལྟ་བསྐྱར་དུ་བསམ་བློ་གཏོང་སྐབས་ཤར་གླིང་ཟླ་སྒྲོན་གྱིས་ཧོལ་རྒྱུགས་ཆེན་པོ་ཞིག་ཤོར་འདུག
ཁྲིམས་ལུགས་མཁས་པ་སློབ་བཟང་སངས་རྒྱས་ལགས་ནས། རང་དོན་འགྲུབ་ན་ཆ་ལུགས་ངན་ནའང་ངན་ཟེར་བའི་དཔར་ལྟར། རང་གི་ཁེ་ཕན་ཆེད་ངན་ཇུས་་གང་ཡང་གདིང་སྲིད་པས། ན་གཞོན་ཤེས་ཡོན་དང་ལྷག་བསམ་ཅན་ཚང་མས་གཟབ་གྲུང་མ་བྱས་ན། མི་ཚེ་འཕྲོ་བརླག་འགྲོ་སྲིད་པ་རེད། དཔེར་ན། ཁྲིམས་ལུགས་མཁས་པ་སློབ་བཟང་སངས་རྒྱས་རང་གི་ཁེ་ཕན་ཆེད། རང་གི་གྲོགས་པོ་ཚེ་རིང་དབང་ཕྱུག་མི་འབྱོན་བཞིན་དུ་འཕྲོད་བསྟེན་བཀའ་བློན་དུ་བསྐོས་པས། སྔོ་ལོ་ལངས་ནས་འཕྱར་ཏེ་མི་ཚེ་ལས་གཏམ་ཚེ་རིང་བ་བཟོས་ཏེ། མི་ཚེ་འཕྲོ་བརླག་བཏང་། ཤེས་འབྱོན་གཉིས་ལྡན་མཛངས་མ་བདེ་སྐྱིད་ཆོས་དབྱངས་ཀྱང་། ཁྲིམས་ལུགས་མཁས་པ་སློབ་བཟང་སངས་རྒྱས་ལགས་ནས་རང་གི་ཁེ་ཕན་ཆེད། ཕྱི་དྲིལ་བཀའ་དུ་བསྐོས་པར་དབང་ཆ་མ་སྤྲད་པའི་ཉེར་ལན་གྱིས་བཀའ་བློན་དགོངས་པ་ཞུ་དགོས་བྱུང་བས་ལྷག་བསམ་སེམས་ཤུགས་ཅན་གྱི་མཛངས་མ་ཞིག་ལ་གཞུང་གི་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་འཕྲོ་བརླག་བཏང་། ཁྲིམས་ལུགས་མཁས་པ་སློབ་བཟང་སངས་རྒྱས་ལགས་ནས། ད་རེས་སླར་ཡང་ཤེས་ཡོན་ཅན་གྱི་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལ་མིང་ཆད་བཟོས་པ་ནི་མི་ཚེ་འཕྲོ་བརླག་གཏོང་བའི་ངན་བྱུས་ཡིན་པ་ལོ་ཆུང་མོས་གང་ནས་ཤེས། རྒད་པོ་ངས་བལྟས་ན། བྱེད་སྟངས་འདི་ནི་ཨམ་མདོ་དང་། དབུས་གཙང་གི་ཤེས་ཡོན་ཅན་རྣམས་འཕྲོ་བརླག་ཏུ་གཏོང་བའི་ངན་འཆར་ཡིན་སྲིད་པས་གཟབ་དགོས། ད་ཚང་མས་གཟིགས་དང་། གྲོགས་ཚོགས་དུམ་བུ་གཉིས་ལ་ཆགས་ཚར་མ་སོང་ངམ། དམ་བཅའ་ཕུལ་བ་ཅོལ་མོག་ཟེར་བ་དེ་ཚོ་མི་མང་མགོ་བསྐོར་རྒྱུའི་སྐད་ཆ་རེད། ཆོས་བརྒྱུད་སྤྱི་འཐུས་མང་ཆེ་བས་དམ་འབུལ་སྐབས་མཆོག་གསུམ་སྤང་བཙུགས་ཞེས་པ་ངག་ཏུ་ཡང་བཏོན་མ་སོང་། ད་ཡིན་ན་བསོད་བདེ་སྐམ་པོ་འདི་ཚོས་གོ་མི་འདོད་པ་ཞིག་ཐོས་སུ་འཇུག་རྒྱུ་དང་། མཐོང་མི་འདོད་པ་ཞིག་སྟོན་རྒྱུ་ཡིན་འདུག་སྙམ།
གལ་ཡོད་མ་རེད། ཟླ་སྒྲོན་ལགས་ཀྱིས་ལོ་སོ་ལྔ་ཡིན་བསམ་པ་དང་སྲིད་སྐྱོང་གིས་ཀྱང་རེད་བསམ་པ་བྱུང་བ་ལས་གཞན་གང་ཡང་ཡོད་ཀྱི་མ་རེད། ༨༡་ལོ་སྐྱེས་པ་ཞིག་༢༠༡༦་ལོ་བོད་ལོ་གཞི་ལ་བཞག་ན་༣༦་དང་དབྱིན་ལོ་གཞི་ལ་བཞག་ན་༣༥་རེད། དེ་མ་གཏོགས་དུས་ཐུང་དེའི་ནང་ལ་ཕྱོགས་གཉིས་ཀ་ནས་བསམ་བློ་མ་འཁོར་བ་ཡིན་ཆོག། ཡིན་ནའང་ཟླ་བཞིའི་རྗེས་ལ་ཟླ་སྒྲོན་ལགས་ལོ་ངོ་སོ་ལྔ་ཧྲིལ་པོ་ཟེར་བ་དེ་འཁོར་གྱི་ཡོད་པས་སྐབས་རྗེས་མའི་གྲོས་ཚོགས་སྐབས་སླར་ཡང་བཀའ་བློན་དུ་མིང་འདོན་གནང་ན་སྲིད་སྐྱོང་ལ་གཡོ་བྱུས་མེད་པ་གསལ་པོ་རེད། དེའི་བར་བཀའ་བློན་གཞན་ཞིག་བསྐོས་ཚེ་ད་གཟོད་སྲིད་སྐྱོང་ལ་དོགས་པ་མ་ཟ་རང་ཟ་ཡིན་དགོས་པ་འདྲ།
བོད་ལོ་ལྟར་དུ་བརྩི་དགོས་རེད་དམ། ཡང་ན་ངེས་པར་ཕྱི་ལོ་ལྟར་བརྩི་དགོས་ཞེས་ཁྲིམས་ཀྱི་ནང་དུ་ཁ་གསལ་བོ་ཞིག་ཡོད་བ་རེད་པས། ད་མཚར་བོ་ཟེར་ནོ་རེད། ཧ་ཧ་ཧཧཧཧ
རང་ལོ་ཧྲི་བོར་ཟེར་དུས་གང་ལ་ཆ་འཇོག་གམ་་་་
ཟླ་ན་གསུམ་སྒུག་ཡ་རེད།སྐྱོན་མི་འདུག་ག
བཙན་བྱོལ་བོད་གཞུང་ཟེར་བ་དེ་དགའ་ལྡན་ཕོ་བྲང་གི་མཚན་བྱང་དང་མཉམ་དུ་བསྡུ་གསོག་སྐྱོན་གནང་ཟིན་རུང་། ད་དུང་ཁྲིམས་ཞིབ་ཁང་ཟེར་བ་དང་། ཁྲིམས་བཟོ་ལྷན་ཚོགས་ཟེར་བ་དང་། བཀའ་ཤག་ཟེར་བ་འདི་ཚོ་བསྡུ་གསོག་མ་གནང་བ་ནི་ཆེས་འཇིགས་སུ་རུང་བའི་ནང་ཁུལ་གྱི་ཆབ་སྲིད་ཁྲབ་ས། ཆོལ་ཁ་དང་ཆོས་ལུགས་འཐབ་ས། དགྲ་དགའ་གཉེན་སྡུག་གི་ལས་ཀ་བྱེད་ས་ཞིག་ལས། བོད་མི་རིགས་དང་རྒྱལ་ཁབ་ལ་ཕན་པའི་ལས་ཀ་བྱེད་ས་ཞིག་མིན་པ་སྔར་ནས་ཤེས་མོད། ལྷག་པར་ཐེངས་འདིའི་འོས་བསྡུ་སྔ་ཕྱི་དང་། ད་རེས་གྲོས་ཚོགས་ཟེར་བའི་ནང་དུ་ཚོགས་གཙོ་འདེམ་ལུགས། ཤེས་ཡོན་ལྷག་བསམ་ཅན་གྱི་ན་གཞོན་ཤར་གླིང་ཟླ་སྒྲོན་སྤྱི་འཐུས་སུ་ཆེས་མང་མོས་ཀྱི་འོས་ཐོབ་རྗེས། ཐབས་ཤེས་ཡིད་དགུས་བཀའ་སྤྱི་ཟེར་བའི་མིང་སྐམ་དེའི་ནང་ནས་མེད་པ་བཟོ་ཐབས་བྱས་པ་འདིས་རྡ་སའི་རི་བོར་ད་དུང་ནང་རུལ་གཡོ་བྱུས་ཀྱི་སྨུག་སྤྲིན་མུ་མཐུད་འཐིབ་ཡོད་པ་གསལ་པོ་འདུག
༅༅། ད་ལྟོས་དང། ཁྲིམས་སྒྲིག་ཞེས་ཁ་ནས་མཎི་བགྲང་བགྲང་བྱས་། དོན་དངོས་སུ་བཅའ་ཁྲིམས་ལས་བརྒལ་ཏེ་ཤར་གླིང་ཟླ་སྒྲོན་རྩེ་མོ་རྕེད་སོང།
ཁྲིམས་ཞིབ་ཆ་ལ་ཆོ་ལེ། སྲིད་སྐྱོང་ཚགས་ཀི་ཚིག་གེ། སྤྱི་འཐུས་འ་ར་འུ་རེ། ངོ་འདྲ་ཚ་གི་མི་འདུག་གམ། གང་བྱུང་མང་བྱུང་རེད།
དང་པོ་བཅའ་ཁྲིམས་ལ་ལྟོས། དེ་ནས་དོ་བདག་སོ་སོའི་ལོ་རྒྱུས་རགས་བསྡུས་རེ་ལེན་ནས་སྔ་བར་ད་ཡི་རྒྱབ་ལྗོངས་ཞིབ་འཇུག་བྱེད་དགོས་པ་ཡིན། ད་ལྟོས་དང་ཕར་ཕྱོགས་ནས་ལྟད་མོ་ལྟས་ཏེ་བསྡད་ཡོད་པ་རེད། ད་རིང་གནས་ཚུལ་འདི་ཐོས་དུས་སེམས་རྩ་བ་ནས་སྐྱིད་པོ་མ་བྱུང།
ཟླ་སྒྲོན་སྤྱི་འཐུས་ནས་མར་ཐོན་། བཀའ་བློན་ལ་ཡར་བསྐོས། འོས་ཆོས་མ་ཚང་བ་ཞེས་བཀའ་བློན་ནས་ཕྱིར་འཐེན་བྱས་པ་འདི་སྤྱི་ཚོགས་ནང་ནས་གེ་རེ་བསམ་གྱི་རེད། དྲ་རྒྱའི་ནང་སྐྱོན་བརྗོད་ཤིན་ཏུ་མང་པོ་འདུག།
བསྟན་པ་མགོ་ནས་ཐེངས་གཉིས་པ་དེ་བཤིགས་སོང། ཆོས་ལ་དད་པ་ཡོད་ན། རྐང་གསོ་འདྲ་གཏོང། བར་ཆད་ལམ་སེལ་གྱི་ཞབས་བརྟན་འདྲ་བྱེད། ཟླ་སྒྲོན་ལགས་ཟླ་གཉིས་གསུམ་རྗེས་སླར་བཀའ་བྱོན་དུ་ངེས་པར་དུ་བསྐོ་དགོས་པ་ཡིན། དེ་མིན་འཛིན་གྲའི་ནང་གི་བཅུ་དཔོན་དང་ རྒན་བདག་བསྐོས་པ་མཐའ་ཞན་པ་ཆགས་སོང།
ཁྲིམས་ཞིབ་ཁང་ལ་ལོ་ལྔའི་ནང་ལ་ལས་ཀ་ཆེ་བ་ཐེངས་གཅིག་བྱེད་རྒྱུ་ཡོད་པ་དེའང་ནོར་བ་ནི་ཐབས་སྐྱོ་བོ་རེད། ཞབས་འདྲེན་རེད།་ལོ་ལྔ་བཅུ་དྲུག་བཅུའི་ནང་ལ་འདི་འདྲ་བའི་གནས་ཚུལ་བྱུང་མྱོང་མེད་།
ཁྲིམས་ཞིབ་ཆ་ལ་ཆོ་ལེ། སྲིད་སྐྱོང་ཚགས་ཀི་ཚིག་གེ། སྤྱི་འཐུས་འ་ར་འུ་རེ། ངོ་འདྲ་ཚ་གི་མི་འདུག་གམ། གང་བྱུང་མང་བྱུང་རེད།
ཁྲིམས་ཞིབ་ཆ་ལ་ཆོ་ལེ།
སྲིད་སྐྱོང་ཚགས་ཀི་ཚིག་གེ།
སྤྱི་འཐུས་འ་ར་འུ་རེ།
བཀའ་བློན་འབར་ར་འབུར་རི།
དོགས་བློང་འདི་འདྲ་བྱས་ཡོང་དུས་ད་དོགས་པ་མང་པོ་ཡོང་གི་འདུག ཡིན་པ་འདྲ་ལ་མ་ཡིན་པ་འདྲ། ད་དེ་འདྲ་མིན་པ་ཤོག
བོད་ལོ་དང་ཕྱི་ལོ་གང་རྩིས་བཅའ་ཁྲིམས་ནང་གསལ་ཁ་མེད་ན་བོད་ལོ་རྩི་རྒྱུ་གཏན་འཁེལ་བྱས་ན་འགྲིགས་པ་རེད། དེ་སྔོན་སྲིད་སྐྱོང་སློབ་ཡོན་སྤྲོད་ཆོག་ཐད་ཁྲིམས་གསལ་མེད་པ་རྒྱུ་མཚན་དུ་བྱས་ན་བོད་ཡིག་བརྒྱ་ཆ་རྩིས་མེད་བཏང་བ་རེད།