–བོད་ཀྱི་དུས་བབ་ནས་དྲངས།
ཤར་གླིང་ཟླ་སྒྲོན་མཆོག་ཟླ་གསུམ་ལྷག་གིས་དགུང་ལོ་ཧྲིལ་པོ་ ༣༥ ཟིན་མེད་སྟབས་བཀའ་བློན་ནས་ཕྱིར་འཐེན་གནང་འདུག དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་ཉིན་གསུམ་པའི་སྔ་དྲོར། གྲོས་ཚོགས་ཀྱི་ལས་ཉིན་དང་པོའི་ཐོག་སྲིད་སྐྱོང་མཆོག་ནས་མཚན་འདོན་གནང་ཞིང་གྲོས་ཚོགས་ནང་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་དུ་མང་མོས་བདམས་ཐོན་བྱུང་བའི་ཤར་གླིང་བསྟན་འཛིན་ཟླ་སྒྲོན་མཆོག་ཟླ་གསུམ་ལྷག་གིས་དགུང་གྲངས་ ༣༥ ཧྲིལ་པོ་ཟིན་མེད་སྟབས། སྤྱི་ཚོགས་ནང་བཀའ་བློན་གྱི་ཆ་རྐྱེན་དགུ་དེ་ཚང་མེད་པའི་གླེང་སློང་བྱུང་བ་ལྟར། སྲིད་སྐྱོང་མཆོག་ནས་དགོངས་སེལ་དང་སྦྲགས། ཤར་གླིང་བསྟན་འཛིན་ཟླ་སྒྲོན་མཆོག་བཀའ་བློན་ནས་ཕྱིར་འཐེན་གནང་རྒྱུ་ཐག་བཅད་པ་གསལ་བསྒྲགས་གནང་སོང་ལ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་གྲོས་ཚོགས་ནང་བཀའ་བློན་མཚན་འདོན་གནང་བའི་བརྒྱུད་རིམ་ངོ་སྤྲོད་དང་འབྲེལ། ཆེད་མངགས་གྲོས་ཚོགས་ལ་དབུ་སྐོར་ཞུས་པ་ཞིག་ལ་ངོས་འཛིན་ཞུ་ཐུབ་ཀྱི་མེད་ཀྱང་། དཔལ་ལྡན་སྲིད་སྐྱོང་མཆོག་གི་ཕྱག་ལས་ཚགས་མ་ཚུད་པ་ཞིག་ལ་ངོས་འཛིན་ཞུ་བཞིན་སྐོར་གསུངས་སོང་།
སྲིད་སྐྱོང་མཆོག་ནས་གསལ་བཤད་གནང་སྐབས། དགོངས་སེལ་དང་སྦྲགས་ཞུ་རྒྱུ་ཞིག་ལ་ཁ་སང་མ་གཞི་འདིའི་སྐོར་ལ་གླེང་སློང་ཞུས་ཚར་སོང་། བཀའ་བློན་གཅིག་དེ་རིང་གྲོས་ཚོགས་ནང་ཕེབས་མེད་པ་ཚང་མས་གཟིགས་ཡོད་པ་རེད། གཞི་རྩའི་ཁོང་རང་གི་སྐྱེས་ཚེས་དང་འབྲེལ་བའི་ཐོག་ནས་དགུང་ལོ་ ༣༥ ཟིན་པར་ཟླ་བ་ ༣ ལྷག་གིས་མ་འདང་བའི་གནས་སྟངས་ཀྱི་རྐྱེན་གྱིས། གཞི་རྩའི་དེ་རིང་ཞོགས་པར་ཁྲིམས་ཞིབ་ཁང་ལའང་ཁོང་རང་གི་དཔྱ་ཁྲལ་ལག་དེབ་དང་ ཁོང་རང་གི་སྐྱེས་ཚེས་དང་འབྲེལ་བའི་ཡིག་ཆ་ཁག་ཆ་ཚང་ཕུལ་གྲུབ་པ་ཡིན། དེ་བཞིན་བཀའ་ཤག་ནང་དུའང་བཀའ་སྡུར་གནང་སྟེ་ཁོང་ད་ལྟའི་བཀའ་བློན་གྱི་ལས་གནས་ ནས་ཕྱིར་འཐེན་བྱས་པ་ཡིན་ཞེས་ཞུ་བ་ཡིན། ཞེས་དང་།
ཡང་ཁོང་གིས། བཀའ་བློན་བསྐོ་རྒྱུ་དེ་ཡིན་ནའང་གསང་བའི་ཐོག་ནས་གནང་དགོས་ཀྱི་ཡོད་པ་རེད། ཉིན་དང་པོར་ཞུས་པ་ལྟར་གཟའ་ཟླ་བའི་སྔ་དྲོ་ཆུ་ཚོད་ ༡༡ ཡས་མས་ནས་བཀའ་བློན་རིམ་པར་འབྲེལ་བ་ཞུས་པ་ཡིན་ལ། སྐབས་དེར་ཆ་རྐྱེན་གཉིས་ཏེ་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་དང་དབུ་མའི་ལམ་གཞིར་བཟུང་ཕྱག་ལས་གནང་དགོས་པ་རེད་ཅེས་ཞུས་པ་དང་སྦྲགས། བཀའ་བློན་ཁོང་རང་ལ་ཁྱེད་རང་གི་སྐྱེས་ལོ་ག་འདྲ་རེད་ཅེས་འདྲི་སྐབས། སྐྱེས་ལོ་ ༡༩༨༡ རེད་གསུངས་དུས་ཐོལ་གྱིས་གྲངས་ཀ་རྒྱག་ཡོང་སྐབས་དགུང་ལོོ་ ༣༥ ཚང་འདུག་ཅེས་དགོངས་པ་རེད། དོ་བདག་ཡིན་ནའང་གློ་བུར་དུ་བཀའ་བློན་ལ་བསྐོས་ཡོང་དུས་བཀའ་བློན་གནང་རྒྱུ་སོགས་ལ་དགོངས་པ་མང་པོ་ཞིག་བཞེས་པའི་ཐོག་ནས་ཁ་གསལ་པོ་མ་ཆགས་པར་དེ་འདྲ་ལྷག་པ་ཞིག་རེད། དེར་བརྟེན་གྲོས་ཚོགས་ལ་དགོངས་སེལ་ཞུ་བ་དང་སྦྲགས། དབུ་སྐོར་གནང་བ་རྩ་བ་ནས་མིན་ཞེས་གསུངས་སོང་།
གྲོས་ཚོགས་ནས་མང་མོས་བྱུང་སྟེ་བཀའ་བློན་དུ་བདམས་པར་བརྟེན་དེའི་ཐད་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་རྩ་འཛིན་བྱེད་ས་དེ་བཀའ་ཤག་ཟེར་ན་འདྲ་དཔལ་ལྡན་སྲིད་སྐྱོང་མཆོག་ཆགས་བསྡད་ཡོད་པ་དང་། དེས་འཆར་འབུལ་གང་ཞུས་པ་དེར་ང་ཚོས་གཞི་རྩ་བྱས་ཏེ་ཐག་གཅོད་བྱས་པ་ཞིག་ཆགས་ཀྱི་ཡོད་པ་རེད། སྐབས་དེར་ད་ལྟ་བཀའ་བློན་གྱི་ཕྱག་ལས་ནས་ཕྱིར་འཐེན་བྱས་པའི་གང་ཟག་ཁོང་ལྟ་བུ་ཡིན་ན། ང་ཚོ་གྲོས་ཚོགས་ལ་འཆར་འབུལ་ཞུས་པའི་ཡིག་ཆའི་ནང་འཁྲུངས་ལོ་དེ་ ༡༩༨༡ བཀོད་ཡོད་པ་དང་། ༡༩༨༡ ཡིན་ན་ཕྱི་ལོ་ ༢༠༡༦ ལོར་དགུང་ལོ་ ༣༥ ཆགས་འགྲོ་ཡི་ཡོད་པ་རེད། ཡིན་ནའང་། གྲོས་ཚོགས་ལ་ཕུལ་བའི་ཡིག་ཆའི་ནང་ཟླ་བ་དང་ཚེས་གྲངས་གསལ་ཡོད་པ་མ་རེད་ལ། དེའི་ཐོག་ང་ཚོས་རྩད་གཅོད་བྱེད་ཐུབ་ཡོད་པ་མ་རེད། ཅེས་དང་། གྲོས་ཚོགས་ནང་ཆེད་མངགས་དབུ་སྐོར་ཞུས་པ་ཞིག་ཡིན་མདོག་མདོག་བརྗོད་པ་དེ་ངོས་འཛིན་ཞུ་ཐུབ་ཀྱི་མེད་ཀྱང་། འཆར་འབུལ་གནང་མཁན་དཔལ་ལྡན་སྲིད་སྐྱོང་མཆོག་གི་ཕྱག་ལས་ཚགས་མ་ཚུད་པ་དང་འཐུས་ཤོར་ཕྱིན་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་སྐོར་གསུངས་སོང་།
གསར་འགོད་པ། པདྨ་མཚོ།
༧གོང་ས་མཆོག་
ཤར་གླིང་ཟླ་སྒྲོན་མཆོག་༼?༽ ད་གསར་འགོད་པ་ཚོ་མྱོ་འདུག་།
ཧཧཧཧཧཧ་སློབ་སངས་འདི་འདྲའི་གླེན་རྟགས་ཅན་་་་ཡང་བཀའ་སྤྱི་གཉིས་དང་ཤར་ཟླའི་སྒར་གྱི་མི་ཚེའི་ནང་ཡོང་མི་དགོས་པའི་དོགས་གནས་ཞིག་བཟོས་སོང།
གནས་ཚུལ་གང་ཡང་ཡོང་སྲིད་པ་རེད་དེ་དེ་འདྲ་ཞིག་ཡོང་དུས་སྲིད་སྐྱོང་དེས་སྨྱོ་འཆོམས་རྒྱག་གི་ཡོད་པ་ཚོར་གྱི་འདུག ཞེ་དྲག་སྐྱོ་པོ་རེད་༢༡ གི་དགོང་དོན་ལྟར་ཟེར་ཞེ་པོ་ཅིག་བཤད་ཀྱང་༢༡ ལ་རྩ་བ་ཉིད་ནས་གཟིགས་མེད་པའམ་ཡང་ན་དེ་ལ་གལ་གནད་དུ་མ་འཛིན་པའི་ཉེས་པ་ཆེན་པོ་འདུག
བོད་མི་མང་སྤྱི་འཐུས་དམ་འབུལ་ཞུས་པ་ཐག་འཁྲབ་སྟོན་ལེའུ་དང་པོ་དེ་ཆོས་བརྒྱུད་སྤྱི་འཐུས་ལྔ་དང་། མདོ་སྟོད་སྤྱི་འཐུས་ནས་ཚོགས་གཙོ་འོས་འདེམས་སྐབས་འོས་བསྡུའི་འགན་འཛིན་མདུན་དུ་འཁྲབ་སོང་།
ད་སྲིད་སྐྱོང་དམ་འབུལ་གྲུབ་མ་ཐག་ཁྲིམས་དོན་མཁས་པ་སློབ་བཟང་སངས་རྒྱས་ཀྱི་གཟིགས་མོ་ལེའུ་དང་པོ་དེའང་འདི་ན་འདུག།
སྲིད་སྐྱོང་བུ་རམས་པ་བློ་བཟང་སེང་གེ་ལགས་ནས་བཙན་བྱོལ་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་ཤོག་ལྷེ་འགའ་ཤས་ཡོད་པ་དེའང་ཤེས་ཀྱི་མེད་པར་ཐབས་སྐྱོ་བོ་རེད། གང་ལྟར་སྲིད་སྐྱོང་དང་ཤར་གླིང་ཟླ་སྒྲོན་ལགས་གཉིས་ནས་ཧོ་རྒྱུགས་བྱས་པ་རེད། དེ་ནི་སྲིད་སྐྱོང་མཆོག་ནས་ལས་དོན་ཐོག་ཞིབ་ཚགས་གནང་གི་མེད་པས་རེད། བོད་མིའི་ལས་དབང་ལ་ལྟོས་དང། ལོ་ལྔ་རིང་ལས་དོན་ཡག་པོ་གནང་རོགས་ཞུ།
ད་ཡང་བོད་པ་བསོད་ཟད་ཚང་གིས་གཡུའི་བུམ་པ་ཞིག་རྡོ་ལ་བརྡབས་སོང་།
ངེད་བོད་པ་མགོ་ནག་ཚང་གིས་མིག་སྔར་མ་གཏོགས་གཟིགས་ཐུབ་ཀྱི་མེད། ཟླ་བ་གསུམ་ཙམ་གྱིས་ལོ་སོ་ལྔ་ཧྲིལ་པོ་ལེན་ན་དམིགས་བསལ་ག་རེ་ཐོབ་ཀྱི་ཡོད་དམ། གང་ལྟར་ཡང་བུད་སྨན་འཇོན་ཐང་ཅན་ཞིག་ནུས་པ་མེད་པར་བཟོས་ཡོད། གྱོང་སུ་ལ་ཕོག་འདུག་གམ།
བོད་ལོ་ལྟར་དུ་བརྩི་དགོས་རེད་དམ། ཡང་ན་ངེས་པར་ཕྱི་ལོ་ལྟར་བརྩི་དགོས་ཞེས་ཁྲིམས་ཀྱི་ནང་དུ་ཁ་གསལ་བོ་ཞིག་ཡོད་བ་རེད་པས། ད་མཚར་བོ་ཟེར་ནོ་རེད། ཧ་ཧ་ཧཧཧཧ
མཁས་དབང་མཆོག་ལ་འདི་ལྟ་བུའི་མཛད་དཀའ་གང་ནས་སླེབས་ལ་རེད་དམ་་་་་་འོས་བསྡུའི་སྐབས་སུ་ཁ་བདེ་མགོ་བདེ་མང་དག་ཅིག་ཡོད་པ་དེ་དག་དེང་སྐབས་གང་ལ་ཕྱིན་པ་ཡིན་ནམ་་་་ད་དངོས་གནས་བྱས་ན་མི་དགོས་དུས་སྐབས་སུ་སྤྱི་སེམས་དང་སླེབས་སྤྱོང་ཡོད་ན་ཐོན་དགོས་པའི་དུས་ལ་བབས་འདུག་གདའ་་་་་
སྲིད་སྐྱོང་བོད་ཁྲིམས་ཤེས་ཀི་མེད་ཙང་དེ་འདྲ་བྱུང་པ་རེད།དབུས་ཀྱི་སྤྱི་འཐུས་ཡག་ཤོས་དེ་མེད་པ་བཟོས་སོང་ཟེར།སྤྱི་འཐུས་ཟླ་ཕུན་གྱིས་གསུངས་ཤོར་སོང་ཐུགས་ཁག་མི་འདུག
སྤྱི་འཐུས་སྨོན་ལམ་ཐར་ཕྱིན་ལགས་ནས་ཁོང་ལ་དྲ་ཐོག་ནས་སྐྱོན་བརྗོད་མང་པོ་གཟིགས་ཡོད་ས་རེད།ངས་ནི་ཁོང་སྤྱི་འཐུས་མཉམ་མྱོང་ཅན་ཡག་ཤོས་ཤིག་རེད་བསམ་ཡོད།བཀའ་བློན་ལ་ཡོང་གི་རེད་བསམ་ནས་རེ་བ་བྱས་པ་ཡིན།
གནད་དོན་དེ་ཚོ་ལ་ཧ་ལས་དགོས་དོན་གང་ཡང་མེད། ང་ཚོ་བོད་ཀྱི་ལུགས་ལ་ལོ་མགོ་ཟིན་ནས་ལོ་གཅིག་རྕི་བའི་སྲོལ་དེ་སྔར་ནས་ཡོད་པས། ཤར་གླིང་ཟླ་སྒྲོན་ལགས་ལོ་ ༣༥ ཏག་ཏག་ཟིན་ཡོད། ཕྱི་རྒྱལ་བའི་ལུགས་ལ་ཟླ་ཚེས་གཙོར་བཟུང་ཡིན་སྟབས་ཟླ་བ་དང་ཚེས་པ་དེ་ཏག་ཏག་དགོས་ཀྱི་ཡོད་རེད།
དཔེར་ན་བོད་ཟླ་ ༡༢ ཚེས་ ༢༩ ལ་སྐྱེས་པ་ཡིན་ན་ཉིན་གཉིས་རྗེས་ལོ་གཅིག་ཟེར་བའི་སྲོལ་ཡོད་པས་སོ།
གང་ལྟར་སྲིད་སྐྱོང་ལགས་ཕྱག་ལས་ཚུལ་མཐུན་གནང་མཁན་མིན་པ་གསལ་བོ་རེད་ཡིན་ཡང་ཁོང་གི་གཡས་གཡོན་ན་ལམ་སྟོན་དང་དཔུང་རོགས་གནང་མཁན་ཞིག་མེད་པ་ཚོད་ཐུབ་པ་ཞིག་འདུག་གདའ།
རྒྱུས་ལོན་ལྟར་ན ཕོ་མོ་འདྲ་མཉམ་ཡོད་མདོག་སྟོན་ནས
འོས་ཐོབ་ཡོད གཞན་ཤེས་འཇོན་གང་ཡང་མཐོང་མ་སོང །།
བོད་ལུགས་ལྟར་བརྩིས་ན་ཅིས་མི་ཆོག བོད་ལུགས་ལྟར་བརྩིས་ན་ཁོ་མོ་ལོ་ཚད་ཏག་ཏག་འདང་ཡོད། བོད་ལུགས་ནི་འཇིག་རྟེན་འདིར་སྐྱེ་བ་་བླང་བ་ནས་རྩི། ཡང་འགའ་རེས་སྐྱེ་ལོ་དང་གནམ་ལོ་ཞེས་བཤད། འགའ་རེས་མགོ་ཐོག་གི་ལོ་འདི་དང་་་་་ཞེས་སོགས་བཤད་སྲོལམང་གི།
ཇོ་བོ་རིན་པོ་བློ་ལ་འདིས་་་་་་
སྲིད་སྐྱོང་གིས་སྲིད་སྐྱོང་གི་ཡོད་པའི་བཟོ་འདྲ་བོ། སྲིད་སྐྱོང་གིས་སྲིད་བཤིག་གི་ཡོད་པའི་བཟོ་འདྲ་བོ། ད་གང་ལྟར་མགོ་ཚོས་པ་ཞིག་མ་རེད།
བོད་ཀྱི་མིའི་སོ་སོའི་རྩིས་དང་སྨན་སོགས་ཆ་ཚང་རང་ལུགས་གཙང་མ་ཞིག་ཡོད། བྱས་དུས་རང་གཞན་ཐམས་ཅད་བོད་དང་ཧི་མ་ལའི་མུ་རིགས་ཚང་མས་རང་ལུགས་བོད་ཀྱི་རྩིས་ལྟར་འདོད་པ་ལྟར། ཤར་གླིང་ཟླ་སྒྲོན་བོད་ལོ་ལྟར་ན། ལྕགས་བྱ་ལོ། རེད་བྱས་དུས་ལོ་ངོ་ ༣༦ རང་རྩིས་བཞིན་ཡོད་། གཟིགས་དང་སྨན་རྩིས་ཁང་དང་། ཁུ་ནུའི་ལོ་ཐོ་ལ་གཟིགས་དང་། བྱས་རྩ་ཁྲིམས་ནང་ལོ་ངོ་ཧྲིལ་པོ་༣༥ ཟིན་དགོས་པ་ཡིན་གསུངས་ན་ང་རང་ཚོའི་ལོ་ཐོ་ཡུད་བརྟེན་མི་བཟོ་བ་ཡིན་ནམ། མ་ཟད་རྩ་ཁྲིམས་རིན་པོ་ཆེ་ནང་དུ་ངེས་པར་ཕྱི་ལུགས་ཀྱི་ལོ་ལྟར་བརྩི་དགོས་པ་གསུངས་མི་འདུག་ བོན་ཆོས་གཉིས་རྩིས་ནང་ལ་ལྕགས་བྱ་ལོ་པ་དེ་འདི་ལོ་སྤྲེལ་ལོ་ལ་ལོ་ངོ་༣༦ ཅན་ཞིག་ཡིན།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བོད་ལོ་དང་ཕྱི་ལོ་རྩིས་དགོས་པའི་གསལ་ཁ་མཐོང་མ་སོང་ལ་ ལོ་དང་ཟླ་བ་ཉིན་གྲངས་སྐར་ཆ་སོགས་རྩིས་དགོས་པ་གསལ་མེད་ན་ ང་ཚོ་བོད་པ་ཡིན་པ་དང་བོད་མི་རིགས་ཀྱི་རིག་གཞུང་ལ་ཁུང་གཏུགས་ནས་འགྲོ་དགོས་པ་ལས་ཕྱི་ལུགས་ཀྱི་རྗེས་སུ་ནམ་ཡང་འབྲང་མི་ཉན་ལ་ སྨན་རྩིས་ཁང་གི་ལོ་ཐོ་ལ་ཁུང་གཏུགས་ན་ཕྱི་ལོ་1981ལོར་སྐྱེས་པའི་ཕྲུ་གུ་ཚང་མ་ལོ་36 ཡིན་པ་གསལ་ཡོད་ན་ འཛིན་སྐྱོང་བཀའ་ཤག་དང་ཁྲིམས་བཟོ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཁྲིམས་ལུགས་དབང་འཛིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ཁྱབ་ཆེ་བའི་རྒྱ་ཆེ་མང་ཚོགས་བཅས་ནས་
བོད་མི་རིགས་ཀྱིས་རིག་གཞུང་གསོན་པོར་བདག་ཉར་བྱ་རྒྱུ་གལ་ཆེན་དོན་ལ་ངོས་འཛིན་གནང་གི་ཡོད་ཚེ་ སྨན་རྩིས་ཁང་གི་ལོ་ཐོ་ལ་ཚད་འཛིན་གནང་དགོས་པའི་འབོད་བསྐུལ་ཞུ་འདོད་བྱུང་ལ་ སྤྱི་འཐུས་ཚོགས་གཙོ་གཉིས་ནས་རེ་མོས་བྱ་རྒྱུའི་ལམ་ལུགས་དེ་ཁྲིམས་ལུགས་གང་གི་འོག་འགན་ཁུར་ནས་གནང་ཡིན་མང་ཚོགས་གསལ་བཤད་དགོས་པ་མ་ཟད་ ད་ལམ་གྱི་གནས་དོན་འདི་ནི་དཔལྡན་སྲིད་སྐྱོང་མཆོག་དང་དོ་བདག་བཀའ་བློན་སྤྱི་འཐུས་རྣམ་བཅས་ཚང་མས་སྤྱི་དོན་དང་ཁྲིམས་དང་སྒྲིག་གཞི་བོད་མི་རིགས་ཀྱིས་རིག་གཞུང་སོགས་ཐུགས་གནང་ཆུང་བའི་སྐྱོན་གྱི་བཙན་བྱོལ་སྤྱི་ཚོགས་ནང་ལབ་གླེང་གསར་པ་བཟོས་པ་མ་རེད་དམ་།
ད་རེས་གནས་ཚུལ་དེ་ནི་རྒྱབ་ལྗོངས་དཔྱད་པ་བྱེད་གལ་ཆེ། མ་གཞི་དཔོན་པོ་ཕྱིར་ལྟས་བྱས་པ་དང་། གཡོག་པོ་སྐེ་ཕྲེད་ཉལ་བྱས་པ་ཏག་ཏག་དུས་འཁེལ་བའི་དཔེ་ལྟར། བཙན་བྱོལ་པའི་བཅའ་ཁྲིམས་ཟེར་བ་དགོས་ས་ལ་ཆད། མི་དགོས་ས་ལ་ལྷག་སྡད་མཁན་ལས་སྨོན་ལོག་པ་དག་གིས་ཁོག་རླམས་ནས་བཟོས་པའི་ཡིག་ཛར་དེའི་ནང་ལོ་ཚོད་སྐོར་ཞིག་བྲིས་ཡོད་པ་ལ་རྐང་པ་གཏད་ནས་ཤུགས་རྒྱབ་ས་རག་ཡོད་པ་དངོས་ཡོད་རེད། གང་ལྟར་ཡང་ཟླ་སྒྲོན་ནི་ན་གཞོན་ཤེས་ཡོན་དང་ལྷག་བསམ་གང་སྤྱིར་བསྔགས་འོས་ལ་དབུས་གཙང་མི་མང་ཆེས་མང་མོས་ཀྱིས་བདམས་ཟིན་པའི་འཐུས་མི་ཞིག་ཡིན་པས། ད་རེས་ལྐོག་གཡོ་ངན་བྱུས་དེས་བོད་མི་མང་གི་འཐུས་མི་ཚད་ལྡན་གཅིག་གང་བྱེད་འདི་བྱེད་མེད་པར་བཟོས་པ་ནི། ཧ་ཅང་གཡོ་བྱུས་ཅན་གྱི་རྩེད་མོ་ཞིག་མིན་ན་གང་ཡིན།
ཁ་བདེ་པོ་མི་ཡི་དཔོན་པོ་ཡིན། ལག་བདེ་པོ་མི་ཡི་གཡོག་པོ་ཡིན།
གང་ལྟར་ཤར་གླིང་ཁ་བདེ་པོ་ཙམ་ལས། ཤེས་འཇོན་ཟེར་བ་ཞིག་མ་མཐོང་། ཤེས་ཡོན་ཆེ་སྟེ། འཇོན་ཐང་ཆེ་སྟེ། སྤྱི་ཚོགས་འདི་ན་ལག་རྗེས་ཤིག་ཡོད་དགོས།
གང་ལྟར་གྲོས་ཚོགས་ཉིན་གསུམ་རིང་ཁྲིམས་ལུགས་མཁས་དབང་སློབ་བཟང་སངས་རྒྱས་མཆོག་ནས་བྱུས་ངན་ཞིག་བཤམས་ཡོད་པ་གསལ་པོ་ཆགས་ཡོད་མོད། སྲིད་སྐྱོང་མཆོག་གི་ལས་ཀར་ཚགས་ཚུད་དང་དོ་མནན་པོ་མེད་པ་ར་འཕྲོད་གསལ་པོ་བྱུང་། ཧོལ་རྒྱུགས་དང་རྫིགས་པོ་བྱེད་པ་མ་ཏོག་རྟིང་ཟབ་ཀྱིས་བརྟག་དཔྱད་དང་མནོ་བསམ་མེད། མཐའ་མ་དབུས་སྤྱི་ལེགས་ཤོས་དེ་དང་སྲིད་སྐྱོང་སྒེར་གྱི་གྲོགས་པོ་འཕྲོད་བསྟེན་བཀའ་ཟུར་ཚེ་དབང་གི་སྤུན་མཆེད་ཉིད་སྤྱི་མཐུས་ཆགས་པ་རེད། ཕྱོགས་གང་ནས་ཀྱང་བསམ་བློ་གཏོང་རྒྱུ་འདུག
བོད་ཀྱི་ཨ་ཇ་ཤར་གླིང་ཟླ་སྒྲོན། བོད་ཀྱི་ལོ་ངོ་༣༦། བོད་ཀྱི་ལོ་རྟགས་ལྕགས་བྱ་ལོ། བོད་ཀྱི་བཀའ་བློན། བོད་ཀྱི་རིགས་གཞུང་། བོད་ཀྱི་རྩ་ཁྲིམས་སོ།
ཕྱོགས་གསུམ་ནོར་བ།
དང་པོ། བཅའ་ཁྲིམས་གཞིར་བཟུང་འོས་ཆོས་ཚང་མིན་དེ་དང་ཐོག་བཀའ་བློན་འོས་མི་རང་ཉིད་ཀྱི་མཁྱེན་མཁྱེན་པ་རེད། སྐབས་མཚམས་སྲིད་སྐྱོང་མཆོག་ལ་ཚང་གི་མེད་ལུགས་ཀྱི་གནས་སྟངས་ཞུས་ཏེ་དགོངས་པ་ཞུ་དགོས་པ་དེ་མ་ཞུས་པའི་ནོར་བ།
གཉིས་པ། སྲིད་སྐྱོང་མཆོག་ནས་འདེམས་བཞིན་པའི་བཀའ་བློན་རྣམས་འོས་ཆོས་ཚང་མིན་ཞིབ་བཤེར་འཐུས་ཚང་ངེས་པར་དུ་གནང་དགོས་པ་དེ་མ་གནང་བའི་ནོར་བ།
གསུམ་པ། བོད་མི་མང་སྤྱི་འཐུས་རྣམ་པས་སྐབས་མཚམས་གནས་ལུགས་རྒྱུ་མཚན་ར་སྤྲོད་ཀྱིས་བཀག་འགོག་གནང་དགོས་པ་རེད། དེ་མ་གནང་བའི་ནོར་བ།
ནོར་འཁྲུལ་ཚང་མས་བྱས་པ་རེད། ཆེ་ཆུང་གི་དབྱེ་མཚམས་བཞག་ཆོག་རྒྱུ་རེད།
ངས་རང་ཉིད་ཀྱི་བསམ་ཚུལ་ཙམ་བཤད་འདོད་བྱུང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཧ་ཅང་ཁ་གསལ་པོ་རེད། རང་ལོ་ ༣༥་ཧྲིལ་བོ་ལོན་པ་ཞེས་བྲིས་ཡོད་དུས་གང་ཟག་སུ་ཡིན་ནའང་རང་ཉིད་སྐྱེས་པའི་ཉིན་དེ་ཏག་ཏག་ལོན་དགོས་པ་བསྟན་ཡོད་པ་རེད། དེ་ལས་ལྷག་པའི་ཁ་གསལ་ཞིག་འབྲི་རྒྱུ་མེད། ང་ཚོ་བོད་པས་ཁྲིམས་མེད་ལུགས་མེད་བྱས་ཏེ་འགྲོ་བཞིན་པ་རེད་མ་གཏོགས། རྩིས་གཞུང་ལྟར་སོང་ནའང་། གང་ཟག་སུ་ཡིན་རུང་སྐྱེས་པའི་ལོ་དང་ཟླ་བ་ཚེས་པ་དུས་ཚོད་བཅས་ཀྱི་སྒང་ནས་རྩིས་འཇོག་གི་རེད། སྐྱེས་པའི་ལོ་གཅིག་བུའི་སྒང་ནས་རྩིས་མི་འཇོག་པ་དེ་ཧ་ཅང་གསལ་པོ་རེད།
སྐུ་ཕྱོགས་རྣམ་པ། བཅའ་ཁྲིམས་དོན་ཚན་ཉེར་གཅིག་པ། སྲིད་སྐྱོང་དང༌། བཀའ་བློན་གྱི་འོས་ཆོས་ཞེས་པའི་དོན་ཚན་གཉིས་པ་རུ་༼རང་ལོ་སོ་ལྔ་ཧྲིལ་པོར་ལོན་པ་༽ ཞེས་བཀོད་འདུག ༼ཧྲིལ་པོ་༽ཞེས་པ་ལ་བོད་ལུགས་ཀྱི་གོ་བ་ཇི་ལྟར་ལེན་དགོས་པ་རེད། ཧ་ཧ་ཧ་་་་
དོན་དངོས་སུ་ཧོལ་རྒྱུགས་འདི་ཐོག་མར་ཆེད་དུ་དྲུད་ཡོང་མཁན་ནི་ཁྲིམས་ལུགས་མཁས་དབང་དུ་བསྙད་པའི་སྲིད་སྐྱོང་རང་ཡིན། བོད་ལུགས་ལ་རྒྱུས་མངའ་མེད་པའི་རང་མདོག་ནི་ཀུན་པོར་གསལ་ལྷང་ངེར་བསྟན་སོང་། བཀའ་ཟུར་བདེ་ཆོས་ལ་བཟང་ངན་གང་འདྲ་བརྗོད་ཀྱང་དེ་ཐོག་མར་དྲུད་ཡོང་མཁན་ཡང་སྲིད་སྐྱོང་ཉིད་ཡིན། བྱུར་གྱི་སྣ་འདྲེན་དང་གླེང་རྙོག་ཆེ་བའི་སྲིད་སྐྱོང་འདིའི་སྐབས་ “དགོས་སར་ཆད་”པ་དང་། “མི་དགོས་སར་ལྷག་” པ་གང་མང་ཞིག་བྱུང་བ་དེ་བཞིན། མ་འོངས་པའི་ལོ་ལྔ་དེ་ཡང་ཕན་མེད་རྙོག་གླེང་གི་ངང་ནས་རྫོགས་རྒྱུ་ཡིན་ངེས་པ་ནི། “ཁ་གདངས་ན་ཁོག་པ་རིག་”པའི་ཚུལ་ལྟར་རེད།
ཤར་གླིང་ཟླ་སྒྲོན་ལ་མཚོན་ན། མ་བསམ་ས་ནས། གློ་བུར་དུ་རང་ཉིད་ཀྱི་གལ་ཆེའི་ལས་གནས་གཉིས་ཀ་ཅིག་ཅར་དུ་ཤོར་ཟིན་ཡང་། ད་དུང་སེམས་རྒྱ་ཡངས་པོའི་ངང་ནས་ཚུལ་མཐུན་གྱི་སྐད་ཆ་བཤད་སྡོད་ཀྱིན་འདུག་པ་འབྲེལ་ཐག་འདི་ནས་མཐོང་ཡོང་།
https://www.youtube.com/watch?v=ZlSlo_fE_G8#t=28
ཧྲིལ་པོ་ནི་ཆ་ཚང་བའི་དོན་ལ་འཇུག་པས་རང་ལོ་སོ་ལྔ་ཧྲིལ་པོ་ལོན་པ་ཞེས་པ་དེ་རང་ཉིད་སྐྱེས་པའི་ཉིན་དེར་ལོན་པ་ཞིག་ལ་གོ་བ་ལེན་དགོས་པ་རེད།
༅༅། དཔའ་ཆེན་ལགས།
(རང་ལོ་སོ་ལྔ་ཧྲིལ་པོ་ལོན་པ་ཞེས་པ) སོ་ལྔ་ཆ་ཚང་ལོན་པ་ལ་གོ་དགོས་པ་གསལ་པོ་རེད།
བོད་ལུགས་སྐད་ཆ་བཤད་རྒྱུ་ཡོད་པ་མ་རེད། རྒྱལ་སྤྱིའི་བརྕི་སྲོལ་ལ་ཆ་འཇོག་དགོས།
International Calendar ལ་ཆ་འཛིན་བྱེད་དགོས་རེད།
ལྕགས་བྱ་ལོ། བོད་ལུགས་ལོ་གྲངས་ ༣༦ ། ཧྲིལ་པོ་མ་ཟད་ལོ་༣༥ ལས་བརྒལ་ཟིན། སྨན་རྩིས་ཁང་ལོ་ཐོ་ཆགས་བཞག་ན་དེ་རེད།
དུས་མཚུངས་སུ་གླེང་གཞི་ཆེ་བའི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་གི་དཔྱ་ཁྲལ་ལག་དེབ་ལ་ཡང་ཁྲིམས་ཞིབ་ཁང་གིས་ངེས་པར་བརྟག་དཔྱད་གནང་སྟེ། དངོས་དོན་ཅི་ཡིན་རང་གི་མི་མང་ལ་གསལ་བརྗོད་གནང་དགོས་པ་ཁ་ཚ་དགོས་གཏུགས་སུ་མཐོང་ངོ་།།
བཅའ་ཁྲིམས་ནང་ལོ་35 ཧྲིལ་པོ་ལོན་པ་ལས་ཕྱི་ལུགས་དང་རང་ལུགས་གང་ཡང་གསལ་མེད་ ང་ཚོ་བོད་པ་ཡིན་པ་དང་བོད་མི་རིགས་ཀྱིས་རིག་གཞུང་སྲུང་སྐྱོབས་ཆེད་རང་ཡུལ་དགྲ་ལག་ཏུ་བཞག་ནས་མི་ཡུལ་ས་མཐར་འཁྱམས་དོན་ཡང་རང་གི་ཆོས་དང་རིག་གཞུང་བློས་མ་མཐོང་ནས་ཡོང་བ་ཡིན་ན་ མི་ཡུལ་དུ་བཙན་བྱོལ་གྱི་སྒྲིག་འཛུགས་བཟོས་པ་འདི་ཡང་རང་གི་རིག་གཞུང་སྲུང་སྐྱོབས་ཆེད་དུ་ཡིན་ན་ སྨན་རྩིས་ཁང་གི་ལོ་ཐོའི་ཁ་དྲག་གི་རེད་ལ་ སྨན་རྩིས་ཁང་གི་ལོ་ཐོ་ལ་བརྩི་བཀུར་ཞུ་མཁན་མེད་ན་བོད་མི་རིགས་ཀྱི་གྲལ་ནས་བུད་ཚར་བ་རེད་།
རེད་།
ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༠ ཉིན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་སྐབས་གསར་འདེམས་གྲོས་ཚོགས་འཐུས་མིའི་ནང་བསྐྱར་དུ་ཤོག་ཁག་ཆེན་པོ་གཉིས་ཕྱིར་མངོན་པ་རེད། དེ་ཡང་ཚོག་གཙོ་འོས་འདེམས་སྐབས་སུ་པདྨ་འབྱུས་གནས་དང་། མཁན་པོ་བསོད་ནམས་བསྟན་འཕེལ་གཉིས་ལ་འོས་གྲངས་ཉེར་གཉིས་རེ་འདྲ་མཉམ་བྱུང་ནས་མཐའ་མ་ཚོགས་གཙོ་ལོ་གཉིས་དང་ཕྱེད་ཀ་རེ་གནང་རྒྱུ་བྱས་པ་རེད། དེའི་སྐབས་མདོ་སྨད་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་གྱིས་དམ་འབུལ་ཚོགས་བཅར་མ་ཞུས་པས་ཚོགས་གཙོ་གཉིས་ཆགས་པ་གསལ་པོ་ཡིན། གལ་སྲིད་ཚེ་རིང་གཡུ་སྒྲོན་ཡོད་ན་འོས་སུ་ལ་འཕེན་གསལ་པོ་ཡིན་པས་ཤོག་ཁག་གཉིས་ལས་སུ་མི་མང་བ་གསལ་པོ་ཆགས་པ་རེད། དབུས་གཙང་སྤྱི་འཐུས་སྒུག་སྡོད་པ་བསྟན་འཛིན་འཇམ་དབྱངས་ཤར་གླིང་ཟླ་སྒྲོན་གྱི་ཚབ་ཏུ་སླེབས་མ་ཐག་ཤར་གླིང་ཟླ་སྒྲོན་བཀའ་སྤྱི་གཉིས་ཀ་མེད་པར་གྱུར་པ་རེད། སྐབས་སྔོན་མའི་འཕྲོད་བསྟེན་བཀའ་བློན་གྱི་སྤུན་མཆེད་བསྟན་འཛིན་འཇམ་དབྱངས་ཟེར་བ་དེ་ཤོག་ཁག་ག་རེའི་མི་ཡིན་པ་གསལ་པོ་རེད། ད་ལྟ་བསྐྱར་དུ་བསམ་བློ་གཏོང་སྐབས་ཤར་གླིང་ཟླ་སྒྲོན་གྱིས་ཧོལ་རྒྱུགས་ཆེན་པོ་ཞིག་ཤོར་འདུག
ཤར་ནས་འཚེར་བའི་ཟླ་བ་སྒྲོལ་མ།། བློ་སེང་སོར་མོའི་རྩེ་ལ་བཀྱག་ནས།། མུན་ནག་ཀློང་ལ་ཐོལ་གྱིས་རྫངས་སོང་།། དབུས་གཙང་ཆོལ་ཁའི་རྩེ་གྲས་སྤྱི་འཐུས།། གང་བྱུང་གནས་དབྱུངས་བཏང་བས་སྐྱོ་བ་ལ།། དབུས་པ་མགོ་བདེའི་ཐོག་ལ་བློ་སེང་མཛེས།།
དང་པོ། བཅའ་ཁྲིམས་གཞིར་བཟུང་འོས་ཆོས་ཚང་མིན་དེ་དང་ཐོག་བཀའ་བློན་འོས་མི་རང་ཉིད་ཀྱི་མཁྱེན་མཁྱེན་པ་རེད། སྐབས་མཚམས་སྲིད་སྐྱོང་མཆོག་ལ་ཚང་གི་མེད་ལུགས་ཀྱི་གནས་སྟངས་ཞུས་ཏེ་དགོངས་པ་ཞུ་དགོས་པ་དེ་མ་ཞུས་པའི་ནོར་བ།
གཉིས་པ། སྲིད་སྐྱོང་མཆོག་ནས་འདེམས་བཞིན་པའི་བཀའ་བློན་རྣམས་འོས་ཆོས་ཚང་མིན་ཞིབ་བཤེར་འཐུས་ཚང་ངེས་པར་དུ་གནང་དགོས་པ་དེ་མ་གནང་བའི་ནོར་བ།
གསུམ་པ། བོད་མི་མང་སྤྱི་འཐུས་རྣམ་པས་སྐབས་མཚམས་གནས་ལུགས་རྒྱུ་མཚན་ར་སྤྲོད་ཀྱིས་བཀག་འགོག་གནང་དགོས་པ་རེད། དེ་མ་གནང་བའི་ནོར་བ།
ནོར་འཁྲུལ་ཚང་མས་བྱས་པ་རེད། ཆེ་ཆུང་གི་དབྱེ་མཚམས་བཞག་ཆོག་རྒྱུ་རེད།
ནོར་འཁྲུལ་ཡིན་སྤྱི་འཐུས་ཡོངས་རྫོགས་ནས་བྱས་པ་རེད། དེའི་དུས་སྤྱི་འཐུས་ཕྱོགས་རིས་ཁོ་ན་ལས་གང་ཟག་གི་གནས་ལུགས་གཟིགས་རྟོགས་མ་བྱས་པ་རེད།
ཤར་ནས་ཚེས་པའི་ཟླ་གྲོལ། ཐུགས་སེམས་སྐྱོ་བ་མ་གནང།
དེ་རིང་སྤྲིན་པས་སྒྲིབ་ཀྱང། སང་ཉིན་ཤར་ནས་ཤར་ཆོག
ཟླ་སྣང་གསར་པ་ཚེས་པའི། དུས་ཤིག་མགྱོགས་མྱུར་འཆར་ངེས།
དབུས་གཙང་བརྟན་པར་བཞུགས་ན། ཁྱོད་ལ་འཆར་བའི་དུས་ཡོད།
བསྟན་པ་མགོ་ནས་ཞིག་ན་འདི་འདྲ་ཡིན་དགོས་བ་རེད། བོད་ཀྱི་རྒྱལ་རབས་ལོ་རྒྱུས་རིང་པོ་ལ་ཕྱི་མིག་ཞིག་བལྟས་བ་ཡིན་ན།
འདས་ཟིན་པའི་ལོ་ལྔ་དེ། མུག་གེ་ཤར་བའི་ལོ་ལྔ་དང་། འཆར་བཞིན་པའི་ལོ་ལྔ་འདི། མུག་གེའི་སྒང་ལ་ཟླ་ལྷག་ཤར་བ་དང་གཅིག་པ་ལས་གཞན་དཔེ་འཇོག་ཞུ་ས་ཞིག་མ་བྱུང་ངོ་།
མི་དེ་ལ་རེ་བ་མེད། ང་ཚོ་མ་འཐོར་བ་བྱུང་ན། ང་ཚོས་ཉིན་ཞིག་རྒྱལ་ཁ་ཟ་ཆོག།
གནམ་ལགས་ཀྱིས་དགོངས་ཚུལ་གསུངས་པ་དེ་བདེན་ནོ་། དེ་དེ་བཞིན་ནོ་།
ངན་ཕྱོགས་ནས་བལྟས་ན་བོད་མིའི་ལས་དབང་དེ་འདྲ་སྐྱོ་བ་ལ་བསམས་། འོན་ཀྱང་བཟང་ཕྱོགས་ནས་བལྟས་ན་ད་ལྟ་༧གོང་ས་མཆོག་འཚོ་བཞིན་བཞུགས་པའི་སྐབས་དེར་རྒྱལ་ཁབ་མི་རིགས་ཀྱི་ལ་རྒྱ་དང་བཟང་སྤྱོད་ཀྱི་དྲི་མ་ཙམ་མེད་པའི་སྲིད་དོན་པ་གཡོ་རྒྱུ་ཅན་དེ་སྲིད་ཀྱི་འགོར་སླེབས་པ་འདིས་མཐར་ཐུག་ན་གནོད་པ་དེ་ཙམ་བསྐྱེལ་མི་ཐུབ་པར་༧གོང་ས་མཆོག་གིས་སྲུང་སྐྱོབ་གནང་རྒྱུ་ཡིན་པས་བསོད་ནམས་རེད་བསམས་།
གལ་ཏེ་༧གོང་ས་མཆོག་མ་ཞུགས་པའི་མཚམས་སུ་མི་འདིས་སྲིད་བསྐྱོང་གི་ཡོད་ན་ང་ཚོའི་གནས་སྟངས་ག་བར་སླེབས་སམ་བསམས་པའི་བསྐྲགས་སྣང་སྐྱེས་ཡོང་གིས།
སློབ་བཟང་སངས་རྒྱས་གཟི་བརྗི་ཁོག་སྟོང་ལ་མཁས་དབང་དང་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་དབང་ཞེས་མང་ཚོགས་ལ་རྨོངས་ཞྭ་གཡོག་མཁན་ཚོས་འགན་འཁུར་དགོས་།
ཚོགས་གཙོས་དབྱིན་སྐད་མི་ཤེས། །
ཚོགས་གཙོས་ཧིན་སྐད་མི་ཤེས། །
ཤེས་འཇོན་མེད་པའི་ཚོགས་གཙོ། །
སྤྱི་འཐུས་ཚོགས་གཙོར་བཞུགས་ཡོད། །
སེང་གེས་ཁྲིམས་སྒྲིག་མི་ཤེས། །
སེང་གེས་སེང་གེས་ཆབ་སྲིད་མི་ཤེས། །
ཧོར་རྒྱུགས་ཆེ་བའི་བློ་སེང་། །
སྲིད་སྐྱོང་ཁྲི་ལ་བཞེངས་ཡོད། །
ཚོགས་གཞོན་ཤེས་མདོག་ཙམ་ལས། །
བོད་དབྱིན་ཧིན་གསུམ་སྐད་ཡིག །
རང་སྐྱ་ཕེལ་བ་མེད་པའི། །
ཡེ་ཕུན་འཇོན་མདོག་མགོ་རིལ། །
ཚོགས་གཞོན་ཁྲི་ལ་འཚངས་སོང་། །
མིང་དང་གོ་གནས་ཆེད་དུ། །
གཞན་གྱིས་ཅི་བཤད་ཉན་པའི། །
ཤོག་བུའི་ཤར་གླིང་ཟླ་སྒྲོན། །
བློབ་སངས་ལྷག་པས་ཁྱེར་སོང་། །
ད་རེས་སྲིད་སྐྱོང་མཆོག་གིས་ཟླ་སྒྲོན་ལ་དགྲ་ཤ་འདོད་བློ་ཁེངས་པ་ཞིག་བླངས་སོང་། འོས་བསྡུའི་སྐབས་ཟླ་སྒྲོན་གྱིས། སྲིད་སྐྱོང་ལ་སྐྱོན་འཛུགས་ཧ་ལས་པ་ཞིག་བྱས་ཡོད་པས། ཏག་ཏག་སྐྱིན་པ་ཚ་བོ་ཚ་བོ་བླངས་སོང་། དེ་མིན། སྲིད་སྐྱོང་ལ་ཟླ་སྒྲོན་བཀའ་བློན་དུ་འཇོག་རྩིས་དངོས་གནས་ཡོད་པ་ཡིན་ན། ལྕགས་བྱ་ལོ་བ་ཟླ་སྒྲོན་སོ་ལྔ་མ་ཟད་སོ་དྲུག་ཟིན་ཡོད་པར་ཆ་འཇོག་དགོས་མོད། ཁོ་བའི་ཕྱོགས་གཏོགས་གསར་འགོད་པ་རེ་འགས་གླེང་ཙམ་བྱས་པ་ནས། ཐད་ཀར་གར་གོར་ཉ་ཉོག་གང་ཡང་མེད་པར་ཕྱིར་འཐེན་གནང་སོང་བ། སྲིད་སྐྱོང་ལ་བཀའ་བློན་དུ་འཇོག་འདོད་ཡོད་ན་བོད་ལུགས་ཕྱི་ལུགས་གང་ཡིན་གསལ་ཁ་མེད་པའི་ཁྲིགས་ཡིག་དེར་དེ་འདྲ་ཞིག་འདྲོགས་དོན་རྩ་ནས་མེད། ཁོ་སྒྲིག་ཁྲིམས་ལ་དེ་འདྲའི་དོ་ནན་བྱ་མཁན་ཞིག་ཀྱང་མིན་པཱ། དབུས་གཙང་མི་མང་དང་བོད་མི་མང་གཉིས་ཀར་གྱོང་ཧ་ལས་པ་བཏང་སོང་། ཆོས་རྒྱུད་སྤྱི་འཐུས་ཚོར་ཡང་ཟླ་སྒྲོན་ལ་ཞེ་ནག་ཁོག་བཅངས་ཆེན་པོ་ཞིག་མེད་ན། ཁྱེད་ཚོས་ཁ་སང་ཚོགས་གཙོ་འདེམས་སྐབས་ཀྱི་རྙོག་གྲ་བཟོས་ཏེ་བརྩད་བརྒྱབ་པ་ནང་བཞིན་རྩད་རྒྱོབས་དང་། རྩད་རྒྱག་སའི་གཞི་ཡོད་པ་རེད།
རང་ལོ་ཧྲིལ་པོ་ ༣༥ ལོན་པ་ཞེས་པ་བོད་རང་གི་མནའ་བོའི་སྲོལ་རྒྱུན་་གཞན་རྗེས་གཡམ་རྒྱུགས་བྱེད་མི་དགོས་པའི་རིག་གཞུང་ཟབ་མོའི་རྩིས་ཀྱི་འགྲོ་སྟངས་དེ་ལ་ཆ་གཞག་རྒྱུ་ཡིན་ནམ་ཕྱི་ལུགས་ཀྱི་རྗེས་སུ་འབྲང་རྒྱུ་ཡིན། ཕྱི་ལུགས་ཀྱི་་རྗེས་སུ་འབྲང་ན་གཞུང་འབྲེལ་གྱི་གནང་སྒོ་ཚང་མ་དཀར་ནག་རྩིས་ཀྱི་གཟའ་སྐར་འཕྲོད་སྦྱོར་ལ་སྟོས་འཇོགས་བྱེད་དགོས་དོན་མེད་པས་སྔ་ཕྱི་འགལ་བ་འདྲ་བོ་ཞིག་མཐོང་གི་མིན་འདུག་གམ
བཟང་སྤྱོད་དང་དྲང་བདེན་ལས་འགལ་བའི་གནས་ཚུལ་ཞིག་ཏུ་གྱུར་འདུག དང་པོར་སྤྱི་འཐུས་ལོ་ངོ་ལྔའི་རིང་ལས་འགན་ཁུར་རྒྱུའི་དམ་བཅའ་བཞག་ཟིན་ཡང་བཀའ་བློན་ནང་འཛུལ་ས་རག་དེས་དམ་བཅའ་དེ་གཡུག་ནས་མནའ་ཟ། བཀའ་བློན་གྱི་འོས་ཆོས་མི་ལྡན་བཞིན་དུ་གསར་འགོད་པས་རྫུན་རྐུབ་མ་བཏོལ་བར་ཡིན་མདངས་བྱས་ནས་འདུག རྫུན་རྐུབ་བཏོལ་ཟིན་རྗེས་དགོངས་དག་ཞུས་འདག མ་གཞི་རྒྱལ་ཁབ་ཀྱི་ཁྲིམས་ལ་འགལ་ཚད་དགོངས་དག་ཞུས་པ་ཙམ་གྱིས་དག་ག་ལ་ཐུབ། ཁྲིམས་འགལ་དང་མཐུན་པར་ཆད་པ་གཅོད་དགོས། ད་ཆར་ཕྱི་སྡོད་བོད་པའི་བཟང་སྤྱོད་ཧ་ཅང་གིས་ཉམས་བཞིན་པ་རེད། རྐྱེན་དེས་མི་རིགས་གཞན་དང་རྒྱ་གར་རྒྱ་སར་ལྡི་ལི་ན་ཡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཁག་གིས་ལྟ་སྟངས་ག་འདྲ་འདུག ང་ཚོས་རྒྱུན་དུ་བཟང་སྤྱོད་ལ་འབད་བརྩོན་གནང་དགོས། སྲིད་སྐྱོང་མཆོག་གིས་ཕྱག་ལས་དང་བཀའ་མོལ་རིགས་ཐུགས་གཟབ་བྱེད་ནས་གནང་དགོས། ད་ལོ་ངོ་ལྔའི་རིགས་གང་འདྲ་ཆགས་འོངས་བསམ་ནས་ང་ལ་སེམས་ཁྲལ་འདུག ཆོལ་ཁའི་ཞེན་འཁངས་ནི་མིན། ནམ་ཡང་རང་ལ་འཁོར་བའི་བོད་མི་མང་མགོ་བསྐོར་གཏོང་མི་རུང་།
ད་ལན་ཟླ་སྒྲོན་ལགས་འགོག་རྐྱེན་བཟོ་མཁན་ལྟེ་ཤར་ཁུག་རང་རེད་འདུག། དོན་ངོ་མ་ཨ་ཇ་ཟླ་སྒྲོན་ལགས་ལོ་ངོ་༣༦ ཟིན་རེད
སྐབས་འདིར་ངས་“ཧྲིལ་བོ”་ཞེས་པའི་དོན་ལ་བསམ་གཞིགས་བྱེད་བསམ།
བོད་ཀྱི་བརྡ་སྤྲོད་པའི་ནང་དུ་ཧྲིལ་པོ་ཞེས་པའི་དོན་ནི་གང་ཚང་ངམ་ཆ་ཚང་བ་ཞིག་ལ་གོ་རྒྱུ་ཡིན་པ་ལས་ཚེས་གྲངས་ཞིག་ལ་ལྟོས་ནས་གོ་བ་ལེན་དགོས་པ་ཞིག་མ་རེད། ཡང་ན་གཅིག་གཉིས་ཞེས་གྲངས་ཀ་བརྩི་རུང་བའི་རྡོག་པོ་རེ་ལ་གོ་བ་ལས་ཆ་རྐྱེན་གཞན་མེད། དེས་ན་ལོ་ངོ་སོ་ལྔ་ཧྲིལ་བོ་ཞེས་པ་ཡང་དེ་བཞིན་དུ་གྲངས་ཀ་བརྩི་དུས་སོ་ལྔ་བར་དུ་བརྩི་རུང་དང་མི་རུང་ངོས་ནས་བལྟ་དགོས་པ་ལས་ཟླ་ཚེས་ཀྱི་གྲངས་ཀ་ལ་བལྟོས་ནས་གོ་བ་ལེན་དགོས་པ་ཞིག་མ་རེད། ང་ཚོས་གྲངས་ཀ་རེ་བརྩིས་པ་ན་ཧྲིལ་བོ་རེ་བརྩི་བ་ལས་ཆ་མ་ཚང་བའི་ཕྱེད་ཀ་རེ་ལ་གྲངས་ཀ་རེ་རེ་བརྩི་བ་ཡེ་ནས་མེ། དེས་ན་ལོ་གཅིག་རེད་ཅེས་བརྗོད་པའི་ཚེ་ན་ཡང་ཧྲིལ་བོ་ཡིན་པ་གཞིར་བཞག་ནས་བརྩིས་པ་ཡིན་པ་ལས་ཚང་ལ་མ་ཚང་ལ་ཁ་ཤས་བསྡུ་རུབ་བྱས་ནས་གྲངས་ཀ་བརྩི་རྒྱུ་མེད་པ་རེད། དེ་བཞིན་ལོ་བཅུ་རེད་ཅེས་རུང་། ཉི་ཤུ་རེད་ཅེས་རུང་། སུམ་ཅུ་རེད་ཅེས་རུང་གང་ཡིན་རུང་དེ་ལྟར་རེད། མདོར་ན་གཅིག་ཏུ་བརྩིས་ན་གཅིག་ཧྲིལ་བོར་བརྩི་བ་ལས་ཕྱེད་ཀ་ལ་གཅིག་ཏུ་བརྩི་བ་མ་རེད། དེ་བཞིན་བཅུ་དང་ཉི་ཤུ་སོགས་ཀྱང་དེ་བཞིན་རེད། དེའི་ཕྱིར་“ཧྲིལ་བོ”་ཞེས་པའི་ཚིག་འདིས་ལོ་སྔོན་མའི་ཚེས་གྲངས་ནས་ལོ་རྗེས་མའི་ཚེས་གྲངས་བར་ལ་གོ་དགོས་པ་གང་ཡང་མ་རེད།
ཡང་བསམ་དགོས་ས་གཅིག་ནི་“ལོ་གཅིག་ཧྲིལ་བོ”་ཞེས་པའི་གོ་དོན་དེ་ཕྱི་ལུགས་ཡིན་དང་བོད་ལུགས་ཡིན་པ་གསལ་ཁ་མེད་པ་དང་། དེ་ནས་དེ་གང་རུང་ཞིག་ལ་གསལ་ཁ་བྱས་རུང་སྐྱེ་ཚེས་ནས་བརྩི་དགོས་སམ་སྦྲུམ་ཚེས་ནས་བརྩི་དགོས་པ། དེ་བཞིན་མིང་འདོག་གི་ཉིན་མོ་ནས་བརྩི་དགོས་སམ། དོན་རྐྱེན་གཞན་གང་ཞིག་ནས་བརྩི་དགོས་ཐམས་ཅད་ལ་གསལ་ཁ་མེད་པས་འདི་ནི་བོད་ཀྱི་དག་ཡིག་གང་གི་ནང་དུ་ཡང་གསལ་མེད་པས་བོད་ཀྱི་སྐད་ཡིག་རིག་པའི་དག་ཡིག་གི་ཞན་ཆ་ཞིག་ཀྱང་ཆགས་པ་རེད།
གནད་འགག་ནི་སྒྲིག་གཞིའི་ནང་དུ་གསལ་ཁ་མེད་པ་དེ་རེད། དེས་ན་མ་གཞི་ཁག་ཕར་དཀྲི་ཚུར་དཀྲི་བྱེད་དགོས་དོན་མེད་མོད། གལ་སྲིད་དཀྲི་ས་གཅིག་བཞག་ན་དེ་ནི་སྲིད་སྐྱོང་དང་ཟླ་སྒྲོན་གཉིས། གྲོས་ཚོགས་གསར་བ། ཁྲིམས་ཞིབ་ཁང་སོགས་སུ་ཡང་མིན་པར་སྔོན་མའི་ཁྲིམས་བཟོ་ལྷན་ཚོགས་རེད། གལ་སྲིད་སྔོན་མའི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་སྒྲིག་གཞིའི་ནང་དུ་ལོ་ཚད་དེ་ཕྱི་ལུགས་དང་རང་ལུགས་གང་ལ་བརྩི་དགོས་པ་སོགས་གསལ་ཁ་བཟོས་ཡོད་ན་ད་ལན་གྱི་དོན་དག་དེ་འབྱུང་དོན་མེད་པ་རེད་དོ།
དེ་བཞིན་འགེངས་ཤོག་གི་ནང་དུ་ཡང་འཁྲུངས་ལོ་ཞེས་ཡོད་པ་ལས་འཁྲུངས་ཚེས་མེད་པ་རེད། འདི་སུས་ནོར་བ་རེད། འོས་བསྡུ་ལས་ཁང་ངམ་སྐབས་སྔོན་མའི་གྲོས་ཚོགས།
སློབ་བཟང་སངས་རྒྱས་ཧ་བ་ཌ་ནས་ཐོན་པའི་ཁྲིམས་ལུགས་མཁས་པ་ཡིན་ཁུལ་མ་རེད་པས་། ཟླ་སྒྲོན་ཤར་གླིང་གི་ཤེས་ཚད་དེ་ཡང་འདྲ་མཚུངས་ཤིག་ཡིན་ས་འདུག་།
མང་གཙོའི་མ་ཡུམ་ཕྱི་ལུགས་ལས་ཆད་པ་རེད། དེ་འདྲ་ཅིག་མི་ཤེས་ན། ད་ཁ་བཙུམ་ནས། མགོ་དུམ་ནས། བླ་མ་ལ་སྐྱབས་སུ་མཆི་འོ། བོད་མགོ་མཐོ་དུས་བོད་པ་ཡིན། དགྱ་མགོ་མཐོ་དུས་དགྱ་ཁྱི་ཡིན། སྒར་ཁེ་གང་ནས་རག་ན་གང་དེ་ཡིན། ཟེར་ནས་སྐྱག་པའི་མགོ་ལ་ས་བཀབ། དྲི་མ་ཚོར་ན་སྣ་གཅོད་ཡ་ལས་གཞན་ཡོད་པ་མ་རེད་དོ།
སྲིད་སྐྱོང་གིས་བྱེད་སྟངས་དེ་ལ་བསམ་གཞིག་ཅིག་བྱས་ན་འདི་ལྟར་ཡོང་མི་སྲིད་པ་ཞིག་མིན། སྔོན་མ་འོས་བསྡུ་སྐབས་ཟླ་སྒྲོན་གྱིས་ཁོ་ལ་སྐྱོན་བརྗོད་བྱས་ཡོད། གལ་ཏེ་ཤར་ཟླ་སྤྱི་འཐུས་སུ་སྡོད་དགོས་བྱུང་ན་སྲིད་སྐྱོང་ལ་ཁ་གཏད་གཅོག་སྲིད་པས་སྤྱི་འཐུས་ཀྱི་རྐུབ་སྟེགས་མེད་པར་བཟོས་པ་རེད། བཀའ་བློན་དུ་བསྡད་ན་ནམ་ཡིན་ཡང་ཁོས་ཕྱིར་ཕུད་བསམ་ནའང་ཁོའི་དབང་ཚད་ཡིན་པས་བཀའ་བློན་དུ་ཆབ་སྲིད་ནག་པོ་ཞིག་གིས་ཡར་བཀའ་བློན་དུ་གདམས་མི་སྲིད་པ་མིན།
ཤར་གླིང་ཟླ་སྒྲོན་ལགས་ཀྱིས་གཟབ་གཟབ་བྱེད་རྒྱུ་གལ་ཆེ་གཅིག་བྱས་ན་སྲིད་སྐྱོང་གིས་ཁྱོད་ཀྱི་མདུན་ལམ་མེད་པར་བཟོས་ཡོད་ཡང་སྲིད་ལ་མ་འོངས་ན་ཡང་བཟོ་སྲིད།
ཁྱེ་ཚོ་ལོ་རྩི་ཚུལ་ལ་མགོ་ཐོམ་འདུག དེ་ལོ་ཉིས་སྟོང་གོང་དུ་བདག་ཅག་བསྟོན་པ་ཐུགས་ཅན་དེས་གཏན་འབེབ་བཟིན་པ་རེད། དགེ་སློང་སྒྲུབ་པ་ལ་ལོ་ཉི་ཤུ་ལོན་དགོས་པ་རེད། ངལ་དང་ཤོལ་རྩི་ནས་ཉི་ཤུ་ལོན་ན་འགྲིག་གི་རེད། མོ་མའི་མངལ་དུ་ཟླ་ དགུ་ཙམ་འདུག་ཡོད་ཀྱི་རེད། དེས་ན་ནང་ཆོས་གནང་བཞིན་བྱེད་ན་མོ་ལ་ལོ་སོ་ལྔ་ཧྲིལ་ལོན་ཡོད་པ་རེད་དོ། །
མོ་ལ་ལོ་ ༣༤ དང་ཟླ་དགུ་ནི་ཚང་འདུག ལོ་ ༣༤ ནང ཤོལ་ཟླ་ ༡༠ མ་མཐའ ཡོད་པ་རེད། མའི་མངལ་དུ་ཟླ་བ་ ༩ སྡད་པ་རེད། ད་ག་ཚོད་འགྲོ་སོང། ཆོས་ཁས་མ་ལེན་ན་གནས་ཚུལ་ཁ་ཁ་རེད། །
༅༅། ཕ་མ་སྤྱི་ལྷན་ནས་བོུ་ཟླ་སྒྲོན་ལགས་བུ་བཀའ་ཤག་ལ་མནའ་མར་གནང་ནས་
བག་སྟོན་བྱས་ཚར་ཡང་མནའ་མ་ཕྱིར་ལོག་བྱ་དགོས་བྱུང་བ་འདི་ནི་ཆོས་འཇིག་རྟེན་
གང་གི་ཆ་ནས་བྱུང་མེད་པར་བརྟེན་བག་སྟོན་འགྲོ་གྲོན་དང་མིང་ཆས་བྱུང་བའི་རིན་
འབབ་སུས་ཕྱིར་སློག་བྱ་དགོས་ཞེས་ན། སྲིད་སྤྱི་ཁྲིམས་ཞིབ་གསུམ་ནས་འགན་འཁུར་དགོས།
བོད་མི་ཞིག་ཡིན་པ་དང་བོད་པའི་ཆོས་དང་
རིག་གཞུང་ལ་གུས་བརྩི་ཡོད་མཁན་
ཞིག་ཡིན་ན་སྨན་རྩིས་ཁང་གི་ལོ་ཐོ་
ལ་ཆ་བཞག་དགོས་པ་རེད་གང་ལགས་ཟེར་ན་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞིའི་ནང་ལོ་དང་ཟླ་བ་ཚེས་གྲངས་ཆུ་ཚོད་སྐར་ཆ་
སོགས་རྩི་དགོས་པའི་གསལ་ཁ་སྟོད་མེད་ན་1981
ནས་2016བར་ལོ་35མ་རེད་བཤད་མཁན་ཡོད་ན་དབང་པོ་ནུས་མེད་ཞིག་ལ་ངོས་འཛིན་བྱས་ན་མ་འགྲིག་པ་ཨ་ཡོད་།
བཀའ་སྤྱིའི་འོས་བསྡུའི་ལས་རིམ་ནང་འགོ་འདྲེན་དང་
ཕྱོགས་གཏོགས་ཚོའི་ཁྲབ་རྒྱུ་མེད་ན་མ་རྟོགས་ཁྲབ་
ནས་གོང་ས་མཆོག་ཐུགས་ཕམ་བྱུང་བ་དང་ཆོས་སྐྱོང་
དྲག་ཏུ་ཕེབས་པ་དེ་དག་རང་སྣོང་རང་གི་མ་བླངས་ནས་འོས་བསྡུའི་སྒྲིག་གཞི་ལ་ངན་ཁག་གཡོགས་ནས་འོས་སྒྲིག་བསྐྱར་བཅོས་ཚོགས་ཆུང་བཙུགས་ནས་མི་མང་གི་བསམ་ཚུལ་རིང་མིན་ཕྱི་ཟླ་བརྒྱད་པའི་ནང་འབུལ་དགོས་པའི་གསལ་བསྒྲགས་དེ་ཚོ་མཐོང་སྐབས་དབུ་ལ་ཞུགས་མཁན་ཚོ་ཐུགས་མ་ཚ་ནའང་ཉན་མཁན་མི་མང་ངོ་ཚ་དགོས་པ་དེ་ནི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་གཉིས་མགོ་དང་འཇིང་པ་ལྟར་ཁ་བྲལ་ཐབས་མེད་ན་བཅའ་ཁྲིམས་ལ་བསྐྱར་བཅོས་མ་བཏང་བར་འོས་བསྡུའི་སྒྲིག་གཞི་ལ་བསྐྱར་བཅོས་གནང་རྒྱུ་དེ་ནི་ཤིང་སྡོང་གི་རྩ་བ་མ་བཏུབ་པར་ཡལ་ག་བཏུབ་པ་ལྟ་བུ་མ་རེད་དམ་?????