བློ་གསལ།
ད་ཐེངས་ཀྱི་གནད་དོན་འདི་ལས་ང་ཚོས་ངོས་འཛིན་གསལ་བོ་དགོས་པ་ཁག་ཅིག་ཡོད་ལ། འདི་རྣམས་བོད་མི་ས་ཡ་དྲུག་གིས་ངེས་པར་དུ་མཁྱེན་དགོས། མདོར་དེད་ན་མང་གཙོའི་གཞུང་ཡིན་མིན་དང་། མང་གཙོ་ཡིན་མིན་ནི་ཁྲིམས་དང་སྒྲིག་གཞི་ལག་བསྟར་བྱེད་ཀྱི་ཡོད་མེད་ཁོ་ན་ལས་ཤེས་ཐུབ། སྲིད་སྐྱོང་གིས་ལས་རོགས་བཀའ་བློན་བཏོན་པའི་ནང་མང་གཙོ་དང་ཁྲིམས་སྒྲིག་ལ་བརྩི་བཀུར་ཞུ་གི་མེད་པ་གསལ་བོར་ཐོན་ཡོད།
གཅིག༽ ཕྱིར་འཐེན་ཞེས་པའི་ཚིག་འདི་ཁྲིམས་འགལ་ཚབས་ཆེན་ཡིན། ལོ་ ༣༥ ཧྲིལ་བོ་མ་ལོན་པའི་ཁྲིམས་འགལ་ཁས་ལེན་མ་ཞུས་པའི་སྤྱོན་ངན་འགེབས་སྲུང་གི་ཚིག་གཅིག་ཡིན་ཞིང་། གློ་བུར་བསམ་བཏང་དྲན་བསྐྱེད་བྱས་པ་བཤད་མ་དགོས།
གཉིས།༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གཙོས་སྒྲིག་གཞི་གང་དུའང་ལས་འཁུར་དམ་འབུལ་ཞུས་གྲུབ་རྗེས་ཕྱིར་འཐེན་ཆོག་པའི་ཆ་རྐྱེན་བསྐྲུན་ཡོད་པ་གཅིག་ཀྱང་མེད། ཕྱིར་འཐེན་ཞུས་ཆོག་པའི་གནས་བབ་མེད་བཞིན་དུ། རྫུན་བཟོས་ཕྱིར་འཐེན་ཞེས་མི་མང་ལ་འདྲ་ཆགས་པོའི་མགོ་བསྐོར་བཏང་བ་ནི་ཁྲིམས་འགལ་རང་རེད།
གསུམ།༽ སྲིད་སྐྱོང་གིས་ཐོག་མ་ནས་མི་མང་དང་གྲོས་ཚོགས་གཉིས་ཀར་དབུ་བསྐོར་ཐེ་ཚོམ་མེད་པར་ཞུས་པ་དེ་གསལ་བོ་རེད། བཀའ་བློན་གྱི་འོས་ཆས་ལ་ཞིབ་འཇུག་ཡག་པོ་མ་བྱས་པ་དེས་སྲིད་སྐྱོང་ཁྲིམས་ལ་ཡིད་ཆེས་མེད་པ་མཚོན་པ་མ་ཟད། བཅའ་ཁྲིམས་རིན་པོ་ཆེ་ཞིབ་མཇལ་གནང་མེད་པ་མཚོན།
བཞི།༽ བཀའ་ཤག་སྐབས་གོང་མ་ཚོས་སྐྱེས་ཚེས་གཅིག་པུ་འཁོད་དེ་བཀའ་བློན་འོས་མིའི་ལོ་རྒྱུས་བསྣམས་ཡོང་གི་ཡོད་ཀྱང་། འོས་ཆས་ཚང་མིན་ལ་ཞིབ་འཇུག་ནན་ཏན་གནང་སྟེ་ཡོང་གི་ཡོད་པས། རང་སྐྱོན་ངོས་ལེན་གནང་འདོད་མེད་པའི་ཧམ་པ་ཆེན་པོས། ཁ་གཞན་ལ་དཀྲིས་པ་དེ་བཟང་སྤྱོད་མེད་པའི་རྟགས་མཚན་གསལ་བོ་རེད།
ལྔ།༽ སྤྱི་འཐུས་རྩོམ་པ་པོ་ཤར་ཕྱོགས་པས་བཅའ་ཁྲིམས་ལུང་འདྲེན་ཞིབ་ཚགས་ཀྱིས་སྲིད་སྐྱོང་གིས་སྐབས་ ༡༥ པའི་བཀའ་ཤག་གི་ལས་མགོ་འཛུགས་དུས་ནས་ཕྱག་ལས་དྲང་པོར་མ་གནང་བ་ར་སྤྲོད་གསལ་བོ་གནང་ཡང་། ད་དུང་ཕྱིར་འཐེན་ཞེས་པའི་ཁྲིམས་མེད་ལུགས་མེད་ཀྱི་ཚིག་གཅིག་བེད་སྤྱོད་བཏང་བ་ནི་སྐྱེངས་བྲལ་བག་མེད་ཁོ་ནའི་རྟགས་སུ་འཁུམས།
དྲུག༽ ཁྲིམས་དང་བཟང་སྤྱོད་ལྟར་ན་འོས་ཆས་མ་ཚང་བའི་དོ་བདག་ཁོ་ན་མིན་པར། སྲིད་སྐྱོང་རང་གིས་དགོངས་ཞུ་གནང་དགོས་ཀྱང་། དེ་ལྟར་གནང་མ་ཐུབ་པ་ནི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་འཐུས་མི་ཚོས་བཀའ་ཤག་ལ་སྟངས་འཛིན་མ་ཐུབ་པས་རེད།
དེའི་རྐྱེན་གནད་དོན་འདི་དག་མི་མང་གིས་ངེས་པར་དུ་མཁྱེན་པ་གནང་དགོས།
༢༠༡༦། ༦། ༣།
སྲིད་སྐྱོང་སློབ་བཟང་སངས་རྒྱས་མགོ་བདེ་དྲགས། བཅའ་ཁྲིམས་ལ་སྣང་ཆུང་བཏང་དྲགས། བསམ་བཏང་དྲན་སྐྱེས་མང་དྲགས། གྲོས་ཚོགས་ནང་ཁོ་པའི་ཕྱོགས་བཏོགས་བདུད་རྭ་ཅོ་ཅན་གྱི་མི་གྲངས་བརྒྱ་ཆ་ལྔ་བཅུ་ལས་བརྒལ། ་་་་་་་་་་
དམིགས་དོན་དབུས་གཙང་མི་མང་གི་ཡིད་ཆེས་ཆེན་པོས་འདེམས་པའི་མི་དེ་གནམ་ལ་བཀྱགས་ནས་ས་ལ་གདབ། རང་གི་གཉེན་ཚན་དུ་འགྲོ་བའི་དེ་སྔོན་འཕྲོད་བསྟེན་བཀའ་བློན་གྱི་སྤུན་མཆེད་དེ་དབུས་གཙང་སྤྱི་འཐུས་བཟོས། ཧཧཧཧཧ
བློ་གསལ་ཁྱོད་དང་ཕྱོགས་གཏོགས་ཚོས་བརྒྱ་སྟོང་ག་ཚོད་བཤད་ཀྱང་མདོར་བསྡུས་ན་སྲིད་སྐྱོང་བློ་སེང་སྲིད་སྟེགས་ནས་འབུད་དགོས་པ་དེ་རེད་འདུག་ཨང་། ཧཧཧཧཧཧཧ་་་་་་་དམངས་གཙོ་ལམ་ནས་མང་མོས་འོས་འདེམས་ཐོག་ནས་སླེབས་པ་རེད་གདའ། ད་དུང་ཤར་ཁུག་ལ་བདེན་རྒྱབ་ལངས་ཨེ། སྐར་ལྔའི་དར་དམར་ཁུར་ནས་གྲོས་ཚོགས་རྭ་བ་ནང་སླེབས་ཡོད་པས་དེ་ཡང་མ་བརྗེད་པ་གནང་ཨ་་་་་་གུང་བྲན་ཏང་མི་ཅིག་གྲོས་ཚོགས་འཐུས་མིར་་་་་་་་་་གང་འདྲ་འདུག་གམ།
འདི་ནི་ནོར་ཚབ་ཆེ་བ་ཞིག་མ་རེད་སྙམ། གང་ཡིན་ཞེས་ན། ང་ཚོ་ལ་བོད་ལོ་དང་སྤྱི་ལོ་གཉིས་ལ་བསམ་དགོས་རེད། བོད་ལོ་ལྟར་ན་མོ་ལོ་༣༥ ཟིན་ཀྱང་སྤྱི་ལོ་ལ་མ་ཟིན་པའི་དཀའ་ངལ་ཙམ་ ཡིན་ན་ཡང་། གཞུང་ལས་པ་ཚོས་རྗེས་སུ་གནས་ཚུལ་ཆུང་ས་ནས་གཟབ་ནན་དགོས་པས་དཔེ་མཚོན་ཞིག་བསྟན་པ་རེད་སྙམ།་
ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༠ ཉིན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་སྐབས་གསར་འདེམས་གྲོས་ཚོགས་འཐུས་མིའི་ནང་བསྐྱར་དུ་ཤོག་ཁག་ཆེན་པོ་གཉིས་ཕྱིར་མངོན་པ་རེད། དེ་ཡང་ཚོག་གཙོ་འོས་འདེམས་སྐབས་སུ་པདྨ་འབྱུས་གནས་དང་། མཁན་པོ་བསོད་ནམས་བསྟན་འཕེལ་གཉིས་ལ་འོས་གྲངས་ཉེར་གཉིས་རེ་འདྲ་མཉམ་བྱུང་ནས་མཐའ་མ་ཚོགས་གཙོ་ལོ་གཉིས་དང་ཕྱེད་ཀ་རེ་གནང་རྒྱུ་བྱས་པ་རེད། དེའི་སྐབས་མདོ་སྨད་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་གྱིས་དམ་འབུལ་ཚོགས་བཅར་མ་ཞུས་པས་ཚོགས་གཙོ་གཉིས་ཆགས་པ་གསལ་པོ་ཡིན། གལ་སྲིད་ཚེ་རིང་གཡུ་སྒྲོན་ཡོད་ན་འོས་སུ་ལ་འཕེན་གསལ་པོ་ཡིན་པས་ཤོག་ཁག་གཉིས་ལས་སུ་མི་མང་བ་གསལ་པོ་ཆགས་པ་རེད། དབུས་གཙང་སྤྱི་འཐུས་སྒུག་སྡོད་པ་བསྟན་འཛིན་འཇམ་དབྱངས་ཤར་གླིང་ཟླ་སྒྲོན་གྱི་ཚབ་ཏུ་སླེབས་མ་ཐག་ཤར་གླིང་ཟླ་སྒྲོན་བཀའ་སྤྱི་གཉིས་ཀ་མེད་པར་གྱུར་པ་རེད། སྐབས་སྔོན་མའི་འཕྲོད་བསྟེན་བཀའ་བློན་གྱི་སྤུན་མཆེད་བསྟན་འཛིན་འཇམ་དབྱངས་ཟེར་བ་དེ་ཤོག་ཁག་ག་རེའི་མི་ཡིན་པ་གསལ་པོ་རེད། ད་ལྟ་བསྐྱར་དུ་བསམ་བློ་གཏོང་སྐབས་ཤར་གླིང་ཟླ་སྒྲོན་གྱིས་ཧོལ་རྒྱུགས་ཆེན་པོ་ཞིག་ཤོར་འདུག
ཉིན་གསུམ་ནང་ལ་འདི་འདྲ་བའི་བྲེལ་འཚུབ་ཆེན་པོ་ག་འདྲ་བྱས་ནས་སླེབས་ཡིན་ནམ་་་དོན་ངོ་མ་སྲིད་སྐྱོང་མཆོག་དང་འོས་བསྡུ་འགན་འཛིན་སོགས་ཅི་ཞིག་དགོས་ཀིན་ཡོད་དམ
མང་གཙོ་རྒྱལ་ཁབ་ནང་མང་གཙོའི་ཁེ་དབང་ཐོག་ནས་གནད་དོན་མང་པོ་ཞིག་ཡོང་གི་རེད་ལ་ཡོང་ཆོག་པ་རེད། དེ་ལ་ཧང་སང་མདོག་དང་ཧོན་ཐོར་མདོག་བྱེད་དགོས་ཡ་གང་ཡང་ཡོད་མ་རེད། མི་ངན་ཤར་ཁུག་གི་རྒྱབ་ལ་ལངས་ནས་སྐད་ཆ་བཤད་མཁན་སུ་འདྲ་ཞིག་ཡིན་ན་དེ་ནི་བོད་མི་རིགས་ཀྱི་གནད་དོན་ལ་འགན་འཁུར་མེད་མཁན་དང་སྐབས་འཚོལ་རིང་ལུགས་པ་ཅིག་ཡིན་པར་བཤད་མ་དགོས་པ་རེད།
ནོར་བ་གསུམ་འཛོམས་ཀྱི་མཆན་བུ་དེ་ཡག་པོ་འདུག
དང་པོ། བཅའ་ཁྲིམས་གཞིར་བཟུང་འོས་ཆོས་ཚང་མིན་དེ་དང་ཐོག་བཀའ་བློན་འོས་མི་རང་ཉིད་ཀྱི་མཁྱེན་མཁྱེན་པ་རེད། སྐབས་མཚམས་སྲིད་སྐྱོང་མཆོག་ལ་ཚང་གི་མེད་ལུགས་ཀྱི་གནས་སྟངས་ཞུས་ཏེ་དགོངས་པ་ཞུ་དགོས་པ་དེ་མ་ཞུས་པའི་ནོར་བ།
གཉིས་པ། སྲིད་སྐྱོང་མཆོག་ནས་འདེམས་བཞིན་པའི་བཀའ་བློན་རྣམས་འོས་ཆོས་ཚང་མིན་ཞིབ་བཤེར་འཐུས་ཚང་ངེས་པར་དུ་གནང་དགོས་པ་དེ་མ་གནང་བའི་ནོར་བ།
གསུམ་པ། བོད་མི་མང་སྤྱི་འཐུས་རྣམ་པས་སྐབས་མཚམས་གནས་ལུགས་རྒྱུ་མཚན་ར་སྤྲོད་ཀྱིས་བཀག་འགོག་གནང་དགོས་པ་རེད། དེ་མ་གནང་བའི་ནོར་བ།
ནོར་འཁྲུལ་ཚང་མས་བྱས་པ་རེད། ཆེ་ཆུང་གི་དབྱེ་མཚམས་བཞག་ཆོག་རྒྱུ་རེད།
ངས་འདི་ནས་ཁ་སང་དེ་རིང་བར་གྱི་རང་རེའི་རྡ་སའི་ཆབ་སྲིད་ཀྱི་གནས་བབས་གཞིར་བཞག་གི་གནད་དོན་སྲིད་སྐྱོང་གཅིག་གིས་ལོ་མཚམས་ལྔའི་རིང་ཕྱག་ལས་གནང་མྱོང་ཡོད་བཞིན་ཏུ་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ཡང་དག་ཕར་བཞག་་་་་ཟུར་མིག་ཙམ་གནང་མེད་པའི་དོན་དངོས་གང་ཡིན་གླེང་གིན་ཡོད་པ་འདི་ཡིན་མ་གཏོགས་ཤར་ཁུག་ལགས་གང་བཤད་སོགས་འབྲེལ་བ་མི་འདུག་སྙམ།་་་་ཁོང་ད་རེས་གསར་ཏུ་ཕེབས་པའི་བོད་མི་མང་སྤྱི་འཐུས་ཞིག་རེད་དེའི་ཡང་ཉིན་ཐེངས་དང་པོར་གྲོས་ཚོགས་ཚོགས་དུས་སུ་ཕེབས་པ་ཞིག་དང་ལྷག་དོན་ཁ་སང་ཁོང་གི་གྲོས་ཚོགས་སུ་ཆ་ཤས་བཞེས་རྗེས་སུ་ཚོགས་གཙོས་གཏིང་སྐུལ་གནང་སྐབས་དང་འབྲེལ་དགའ་བསུའི་རྣམ་པ་དེས་ང་ཚོར་སྣང་གཞན་པ་ཤིག་བྱུང་མོད་དེ་རིང་འདིར་གླེང་དོན་མེད།
བཀའ་བློན་དམ་འབུལ་མ་བྱས་སྔོན་ལ། བཀའ་བློན་གྱི་འོས་མིང་ལ། འོས་ཆོས་ཚང་ཡོད་མེད་བལྟས་ནས། གལ་སྲིད་འོས་ཆོས་མ་ཚང་ན། འོས་མིང་ནས་ཕྱིར་འཐེན་བྱེད་དགོས་པ་ལས།
བཀའ་བློན་གྱི་དམ་འབུལ་རྗེས་ལ། བཀའ་བློན་གྱི་འོས་ཆོས་ཚང་མི་འདུག་ཟེར་ནས། བཀའ་བློན་གྱི་སྲིད་སྟེགས་ནས། མར་ཕབ་ནི། སྐྲ་སྔོན་ལ་བཅད་ནས་། ཚེས་པ་རྗེས་ལ་ལྟ་བ་མཚུངས་པ་དེ་ཆགས་པ་རེད།
ནོར་འཁྲུལ་འདི། སྲིད་སྐྱོང་མཆོག་དང་། ཟླ་སྒྲོན་གཉིས་ཙམ་ནས་བྱུང་བ་མ་ཡིན་པར། དམ་འབུལ་གནང་བཅུག་མཁན་ཚང་མས་ནོར་འཁྲུལ་ཤོར་བ་རེད་དོ།།
སྲིད་སྐྱོང་མཆོག་གིས། རེ་བ་འདོན་པ་ལྟར། ཟླ་སྒྲོན་ལགས་ཀྱིས་ཁས་བླངས་པ་ཙམ་ལས། མིང་འདོན་བྱས་པའི་འོས་མི་རྣམས་ལ། བཀའ་བློན་གྱི་འོས་ཆོས་ཚང་ཡོད་མེད་ལྟ་མཁན་དེ་གྲོས་ཚོགས་དང་། ཁྲིམས་ཞིབ་པ་ཡིན་པ་ལས། ཁོང་གཉིས་མིན་པས། ཁོང་གཉིས་ལས་ཧོལ་རྒྱུགས་ཆེ་བ་དེ། འོས་ཆོས་ཚང་ཡོད་མེད་ལྟ་མཁན་དང་། དམ་བཅའ་འབུལ་དུ་བཅུག་མཁན་ལ་མི་འདུག་གམ། ལགས།
དེས་ན། ཟླ་བ་གསུམ་དང་། ཞག་ཉེར་གསུམ་ཙམ་བཀའ་བློན་གྱི་འོས་ཆོས་སུ། མ་ལོན་པའི་ཁྲིམས་དང་མ་མཐུན་པ་འདི་དང་།
མི་གང་ཞིག་བཀའ་བློན་དུ་བསྐོས་ཟིནད་ནས། ཉེས་མེད་ཁྲིམས་འགལ་དུ་བརྩིས་པ་དང་གཅིག སྤྱི་འཐུས་འོས་ཐོབ་ཤོར་བཅུག་པ་དང་གཉིས། བཀའ་བློན་དུ་བསྐོས་ཟིན་ནས་བཀའ་བློན་ན་མར་ཕབ་འོས་པའི་སྐྱོན་མེད་པར་མར་ཕབ་པ་དང་གསུམ་ནི། གཞུང་མང་གཉིས་ཀའི་བློ་ལ་མི་བདེ་བ་ཆེན་པོ་བཟོས་པ་མ་ཡིན་ནམ། ལགས།
ནོར་འཁྲུལ་འདི་སུས་ཤོར་ཆེ་ན་ཡང་། རྨ་ཁ་འདི་ཆུང་ཆུང་ཞིག་མ་རེད།
རྨ་ཁ་འདི་གསོ་བ་ལ། སྨན་གཅིག་ཁོ་ན་ཡོད་པ་ནི། བཀའ་བློན་དུས་ཐོག་ཏུ་བསྐོ་ཐུབ་མིན་དེ་བརྩིས་མེད་ལ་བཏང་ནས། ཟླ་སྒྲོན་རང་གི་བཀའ་བློན་འོས་ཆོས་སུ་ལོན་པའི་ཟླ་གྲངས་དང་། ཉིན་གྲངས་བསྒུག་ཏུ་བཅུག་ནས། མོ་རང་དགུང་ལོ་སོ་ལྔ་ཧྲིལ་པོ་ལོན་པ་དང་། མོ་རང་རང་ཉིད་སླར་ཡང་བཀའ་བློན་དུ་བསྐོ་དགོས་པ་ནི། རྨ་ཁ་འདི་ཡི། སྨན་མཆོག་དམ་པ་རེད་དོ། ཁ་ཁེ་ཕ་ལུས་བཤད་དོ། ཉན་དང་མི་ཉན་ཁྱེད་ཀུན་གྱིས་མཁྱེེེན།། །།
ཟླ་བ་འགའ་ཤས་རྗེས་ལ། ཟླ་སྒྲོན་རང་ཉིད་སླར་ཡང་བཀའ་བློན་དུ་བསྐོས་ན། ཁྲིམས་དང་མཐུན་ལ། སྤྱི་སྒེར་གནོད་པ་ཆུང་ལ། བཀའ་སྤྱི་གཞུང་མང་ལ་ཡང་། ཕན་དགེ་ཆེ་བར་མངོན་ནོ།།
སྨན་ངོ་མ་ལུང་ཚན་དང་ཆོལ་ལུགས་ཀྱི་ཞེན་ཆེ་ཙམ་མངོན་པ་ཀརྡོ་གཉའ་ཆག་བཀའ་བློན་བསྐོ་རྒྱུ་དེ་མིན་འགྲོ་།
ཟླ་སྒྲོན་་་བཀའ་ཟུར་རེད་དང་སྤྱི་ཟུར་རེད་་་་ད་མིང་ག་རེ་འབོད་དགོས་ཡོད་དམ
ཟླ་སྒྲོན།
བོད་འབངས་ཅིག བུད་མེད་ཅིག སྤྱི་ཟུར་ཅིག བཀའ་ཟུར་ཅིག་ལ། གདུང་སེམས་ཆེ་ཆུང་དང་། གོ་སྐབས་ཆེ་ཆུང་དང་། ཁྲིམས་ཐོག་ནས་རྩི་མཐོང་ཆེ་ཆུང་དེ། ཐག་གཅོད་འདི་ནས། མཐོང་བགྱི་རེད་དོ།།
ཚོགས་གཙོས་དབྱིན་སྐད་མི་ཤེས། །
ཚོགས་གཙོས་ཧིན་སྐད་མི་ཤེས། །
ཤེས་འཇོན་མེད་པའི་ཚོགས་གཙོ། །
སྤྱི་འཐུས་ཚོགས་གཙོར་བཞུགས་ཡོད། །
སེང་གེས་ཁྲིམས་སྒྲིག་མི་ཤེས། །
སེང་གེས་སེང་གེས་ཆབ་སྲིད་མི་ཤེས། །
ཧོར་རྒྱུགས་ཆེ་བའི་བློ་སེང་། །
སྲིད་སྐྱོང་ཁྲི་ལ་བཞེངས་ཡོད། །
ཚོགས་གཞོན་ཤེས་མདོག་ཙམ་ལས། །
བོད་དབྱིན་ཧིན་གསུམ་སྐད་ཡིག །
རང་སྐྱ་ཕེལ་བ་མེད་པའི། །
ཡེ་ཕུན་འཇོན་མདོག་མགོ་རིལ། །
ཚོགས་གཞོན་ཁྲི་ལ་འཚངས་སོང་། །
མིང་དང་གོ་གནས་ཆེད་དུ། །
གཞན་གྱིས་ཅི་བཤད་ཉན་པའི། །
ཤོག་བུའི་ཤར་གླིང་ཟླ་སྒྲོན། །
བློབ་སངས་ལྷག་པས་ཁྱེར་སོང་། །
ཤར་གླིང་ཟླ་སྒྲོན་གྱི་ལོ་ལ་ནོར་འཕྲུལ་ཡོད་པ་མཐོང་མ་སོང་
ང་ཚོ་བོད་པ་ཡིན་པ་དང་བོད་མི་རིགས་ཀྱི་རིག་གཞུང་ལ་ཆ་བཞག་ནས་འགྲོ་དགོས་པ་ལས་ཕྱི་ལུགས་ལ་འབྲང་མི་ཉན་སྨན་རྩིས་ཁང་གི་ལོ་ཐོ་ལ་ཆ་བཞག་དགོས་རེད་ལ་སྨན་རྩིས་ཁང་གི་ལོ་ཐོ་རྩིས་མེད་གཏོང་མཁན་ཡོད་ན་བོད་མིའི་གྲལ་ནས་བུད་ཚར་བ་རེད་ལ་གལ་སྲིད་ནོར་ཡོད་ན་ནོར་མཁན་སྤྱི་འཐུས་གྲོས་ཚོགས་རེད་གྲོས་ཚོགས་ནས་མ་བཀག་པ་དེ་མི་མང་འཐུས་མིའི་ལས་འགན་མ་འགྲུབ་པར་ངོས་འཛིན་བྱེད་ཀྱི་ཡོད་།
སྨན་རྩིས་ཁང་གི་ལོ་ཐོ་རྩིས་མེད་གཏོང་མཁན་ཡོད་ན་བོད་མིའི་གྲལ་ནས་བུད་ཚར་བ་ཡིན་ན། ཁྱོད་ཀྱི་སྲིད་སྐྱོང་མི་བྲལ་ནས་བུད་ཚར་བ་རེད། ཤར་གླིང་ཟླ་སྒྲོན་ལོ་ ༣༥ ཧྲིལ་པོ་འཁོར་མི་འདུག་དགོངས་སེལ་དང་སྦྲགས་བཀའ་བློན་ནས་འཐེན་པ་ཡིན་ཞེས་སྲིད་སྐྱོང་གིས་གྲོས་ཚོགས་ལ་ཞུས་པ་ལས་གྲོས་ཚོགས་ནས་འཐེན་དགོས་གསུངས་པ་མ་རེད།
ནོར་བ་ཡོད་ཚད་རྒྱལ་སྤྱིའི་ཁྲིམས་ལུགས་ཡང་ན་འགྲོ་བ་མིའི་ཐོབ་ཐང་ཆེད་སྦྱོང་བ་མཁས་དབང་སྲིད་སྐྱོང་མཆོག་གིས་གནང་སྟངས་ལས་བྱུང་བའམ་སྣང་ཆུང་དུ་བཏང་བ་མ་གཏོགས་གཞན་སུ་ལའང་བཤད་ས་ལྷག་ཡོད་པ་མ་རེད།་་་་
སྲིད་སྐྱོང་གི་ཁྲི་ལ་བཞུགས་ལོ་ལྔ་མཚམས་ཞིག་ཕྱིན་ཚར་ད་དུང་བོད་ཀྱི་བཅའ་ཁྲིམས་ཆུང་ཆུང་དེར་མི་ངེས་བ་ག་ལ་སྲིད་་་་་་ལྷག་ད་ལོའི་འོས་བསྡུ་སྐབས་སུ་ཁོང་གིས་སྲིད་སྐྱོང་མཉམ་མྱོང་ཁོང་ལས་ལྷག་མེད་ཞེས་གསལ་བོར་བཤད་མ་སོང་ངམ།
གནད་དོན་གཙོ་བོ་ད་ཐེངས་མཚན་འདོན་གནང་པའི་བཀའ་བློན་ཡོད་ཚད་ཉིན་གསུམ་གྱི་ནང་ལ་འབྲེལ་བ་གནང་བ་ཤ་སྟག་རེད་འདུག་་་་་ངོ་མ་བཤད་ན་སྲིད་སྐྱོང་གི་འོས་བསྡུ་སྐབས་ཀྱི་རྒྱབ་བསྐྱོར་བ་དང་དེར་འབྲེལ་བའི་མི་དྲགས་མང་དག་ཡོད་ཚོད་འདུག་པས་གང་ལ་ཕྱིན་སོང་ངམ།
སློབ་བཟང་སངས་རྒྱས་མགོ་བདེ་དྲག་པ་དང་། ཟླ་སྒྲོན་བཀའ་བློན་གནས་ལ་འཁོད་རྒྱུ་རྔམ་དྲག་ནས་ཁྲིམས་དང་སྒྲིག་གཞི་རྩེས་མེད་དུ་བཏང་། སངས་རྒྱས་དེ་སྤྱོད་པ་ངན་དུ་ངན་དུ་མི་དེའི་གདོང་རིས་ངོ་མ་དེ་ཐོན་སོང་། ཟླ་སྒྲོན་ལགས་ད་བར་སེམས་ཤུགས་ཆེ་མདོག་དང་ཁ་གསལ་གཏིང་བསལ་། ལྷག་བསམ་ལྡན་པ་ཞིག་མཐོང་བྱུང་ཡང་ད་རེས་ཁྲིམས་དང་སྒྲིག་གཞི་རྒྱབ་ཏུ་སྐྱུར་ནས་གོ་གནས་ལ་རྔམ་པ་དེ་ཁོ་རང་གི་གདོང་རིས་ངོ་མ་ཐོན་སོང་བ་མ་ཟད་། ད་དུང་ཡང་ཟླ་བ་གསུམ་ནས་བཀའ་བློན་ལ་བསྐོ་རྒྱུའི་འདོོད་རྔམ་གྱིས་བློ་བཟང་སངས་རྒྱས་ལ་ངོ་དགའ་སྤྲེལ་ལས་འཁྲབ་པ་དྲ་རྒྱ་དང་ངོ་དེབ་ཐོག་ལ་མཐོང་རྒྱུ་འདུག
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་བློ་གཏད་རྩི་བཀུར་ཉམས་ལེན་ཞུ་མཁན་ཡོད་ན་ བཅའ་ཁྲིམས་ནང་རང་ལོ་35 ཧྲིལ་པོ་ལོཔ་པ་གསལ་ཡོད་ན་ 1981ནས 2016 བར་ལོ་ 35 རེདལ་ བཅའ་ཁྲིམས་ནང་ལོ་དང་ཟླ་བ་ཉིན་མ་ཆུ་ཚོད་སྐར་མ་སོགས་རྩིས་དགོས་པ་གསལ་མི་འདུག་ལ་ལོ་ག་ཚོད་ཡིན་མིན་གྱི་ཚད་འཛིན་ས་དེ་ཡང་སྐྱེས་ཚེས་ལག་ཁྱེར་དང་དཔྱ་ཁྲལ་ལག་དེབ་R/C སོགས་གང་ཡང་གསལ་མེད་ན་ ང་ཚོ་བོད་པ་ཡིན་པ་དང་བོད་མི་རིགས་ཀྱིས་རིག་གཞུང་སྲུང་སྐྱོབས་ཆེད་ཆོས་རིག་ལྷན་ཁང་ཟུར་འཛུགས་གནང་ཡོད་ན་རང་རེའི་རིག་གཞུང་འབྲེལ་བའི་གནས་དོན་གལ་ཆེའི་རིགས་བཅའ་སྒྲིག་ནང་མ་གསལ་བའི་རིགས་ལོ་ག་ཚོད་ཡིན་ཁུང་གཏུགས་སྨན་རྩིས་ཁང་གི་ལོ་ཐོ་ལས་ གཞན་སུ་གང་གི་ཐག་གཅོད་མི་ཐུབ་ན་བོད་མི་རིགས་ཀྱིས་ཕ་མེས་བརྒྱུད་པའི་རླབས་ཆེན་གཏིང་ཟབ་ཀྱིས་རིག་གཞུང་དེ་དག་དགྲ་བོ་རྒྱ་དམར་གྱི་མདུན་དུ་བོད་མི་རང་ཉིད་ནས་ནམ་ཡང་བརྩི་མེད་གཏོང་མི་ཉན་ནོ་།
བཅའ་ཁྲིམས་དང་འགལ་ནས་བཀའ་བློན་ལ་བསྐོས། བཅའ་ཁྲིམས་དང་འགལ་ནས་བཅའ་ཁྲིམས་ནང་མེད་ཅིང་ད་བར་ལམ་དང་ལུགས་སྲོལ་གང་དུ་ཡང་བྱུང་མ་མྱོང་བའི་ཕྱིར་འཐེན་ཡིན་ཞེས་བརྗོད་ནས་ནོར་འཁྲུལ་ཁ་གསབ་བྱ་ཐབས་བྱས། དེ་ལ་མདོ་སྟོད་སྤྱི་འཐུས་བསྟན་པ་ཡར་འཕེལ་དང་ཨ་དཀྲུག་ཚེ་བརྟན་སོགས་ནས་ཤེས་བཞིན་དུ་མ་ཤེས་ཁུལ་དང་། ཁྱད་གསོད་ཀྱིས་རྒྱབ་སྐྱོར་བྱས། མདོར་ན། ཁྲིམས་ལུགས་མཁས་དབང་ཡིན་ཟེར་མཁན་གྱི་སྲིད་སྐྱོང་གིས་བཅའ་ཁྲིམས་རྩིས་མེད་བཏང་པ་དང་། དགེ་བཤེས་ལྷ་རམས་པ་ཡིན་ཟེར་མཁན་གྱིས་རིགས་པ་དང་འགལ་བཞིན་དུ་ཁས་ལེན་བྱས་པ།
ད་ནི་༧གོང་ས་མཆོག་དང་བོད་རིགས་རྒྱ་ཆེའི་མི་མང་ལ་མགོ་སྐོར་མགཏོང་རོགས་ཞུ་རྒྱུ་ལས་གང་ཡང་བསྡད་མ་སོང་།
སྤྱི་མཐུས་ཁུངས་སུ་དགེ་བཤེས་ལྷ་རམས་པ་ཞིག་ཡོད་ན། ཁོང་ལ་དྲིས་དང་དགེ་སློང་སྒྲུབ་པ་ལ་ལོ་ག་ཚོད་ལོན་དགོས་པ་རེད། ངལ་དང་ཤོལ་རྩི་ན་འགྲིག་གི་རེད་དམ་མ་རེད། མོ་མའི་མངལ་དུ་ཟླ་ དགུ་ཙམ་འདུག་ཡོད་ཀྱི་རེད། དེས་ན་ནང་ཆོས་གནང་བཞིན་བྱེད་ན་མོ་ལ་ལོ་སོ་ལྔ་ཧྲིལ་ལོན་ཡོད་པ་རེད་དོ། །
མོ་ལ་ལོ་ ༣༤ དང་ཟླ་དགུ་ནི་ཚང་འདུག ལོ་ ༣༤ ནང ཤོལ་ཟླ་ ༡༠ མ་མཐའ ཡོད་པ་རེད། མའི་མངལ་དུ་ཟླ་བ་ ༩ སྡད་པ་རེད། ད་ག་ཚོད་འགྲོ་སོང། ཆོས་ཁས་མ་ལེན་ན་གནས་ཚུལ་ཁ་ཁ་རེད། །
ནང་པའི་ཆོས་ལ་ཡིད་ཆེས་ཡོད་མཁན་ཞིག་དང་བོད་མི་རིགས་ཀྱིས་ཕ་མེས་ནས་བརྒྱུད་པའི་རིག་གཞུང་ལ་རྩི་སྲུང་ཞུ་ཐུབ་མཁན་ཞིག་གི་ངོས་ནས་ལྟས་ན་ ལོ་ག་ཚོད་ཡིན་སྨན་རྩིས་ཁང་གི་ལོ་ཐོ་ལ་གཞི་བཞག་དགོས་པ་དེ་རིག་གཞུང་སྲུང་སྐྱོབ་དང་འབྲེལ་བ་གཏིང་ཟབ་ཡོད་པར་ངོས་འཛིན་ཞུ་གི་ཡོད་།
དྲི་བ་གཅིག་ཡོད། ལོ་སོ་ལྔ་ལོན་པའི་ཆ་རྐྱེན་མ་ཚང་བཞིན་དུ་མུ་མཐུད་ནས་བཀའ་བློན་ལ་བཞག་ན་དེ་ཁྲིམས་དང་མི་འགལ་བའི་རྒྱུ་མཚན་ཅི་ཡོད།