མགར་སྲས་ཀྱིས་ཕྱོགས་བསྒྲིགས་བྱས།
(ཉེ་ཆར་ཤར་གླིང་ཟླ་སྒྲོན་མཆོག་བཀའ་བློན་ལ་བསྐོ་བཞག་དང་འཕྲོས་པའི་དམངས་གླུ་ཁག་ཅིག)
མང་མོས་གནང་བ་འགྲིགས་འདུག།
བཀའ་བློན་ཁྲི་ལ་འཁོད་སོང་།།
འཚམས་འདྲི་མ་ཞུས་གོང་ལ།།
མར་མར་མར་ལ་གཡུགས་སོང་།།
བཀའ་སྤྱི་གཉིས་ཀྱི་གནང་སྟངས།།
དེ་འདྲའི་ཡ་ཡུད་ཆེ་བ།།
བཙན་བྱོལ་གཞུང་གི་རྩེད་རར།།
སྲིད་སྐྱོང་ལྟད་མོ་འཁྲབ་ཀི།
མར་ལ་གཡུགས་པ་མ་རེད། །
མར་ལ་བབས་པ་མ་རེད། །
འགན་ཡོད་ཚང་མས་ཤེས་རུང་། །
སྐུ་རྩེད་གནང་བ་མིན་འགྲོ།
ཟླ་སྒྲོན་རྩེད་ཆས་མ་རེད།།
གྲོས་ཚོགས་ལོང་བ་མ་རེད།།
སྲིད་སྐྱོང་དགོངས་སེལ་ཞུ་དགོས།།
སུ་ཡིས་བྱས་འབྲས་རེད་པས།།
གྲོས་ཚོགས་རྩེད་ར་མ་རེད། །
ཁོ་གཉིས་རྨོངས་པ་མ་རེད། །
ཤེས་ནའི་མི་ཤེས་ཁུལ་གྱིས། །
ཁྲིམས་ལ་རྡོག་་རོལ་བཏང་རེད།།
སྲིད་སྐྱོང་འགན་ཡོད་གཅིག་རེད། །
ཟླ་སྒྲོན་འགན་ཡོད་གཉིས་རེད། །
སྤྱི་འཐུས་འགན་ཡོད་གསུམ་རེད། །
ཨོ་ཙམ་རང་དང་ཡིན་འགྲོ།
མོ་ལ་ཤེས་འཇོན་ཡོད་ན།།
ཟླ་གསུམ་སྔོན་ལ་ཤོར་བ།།
ཡང་ན་སྐྱེས་བ་འཕྱི་སོང་།།
མིན་ན་ཚོགས་དུས་སྔ་སོང་།།
ཐོག་མ་གནམ་ལ་སྟེག་སོང་། །
དེ་ནས་ས་ལ་གཡུག་སོང་། །
དབུས་པའི་ཟླ་སྒྲོན་ཤར་གླིང་། །
སྲིད་སྐྱོང་རྩེད་ཆས་མ་རེད།།
ཟླ་སྒྲོན་ནོར་བ་མ་རེད། །
སྲིད་སྐྱོང་སྲིད་ལ་རྨོངས་རེད། །
གྲོས་ཚོགས་ཆུ་མོ་གར་བཞུད། །
མི་མང་རྩེད་ཆས་གནང་རེད།།
དང་པོ་མི་བྱེད་དགུ་བྱེད། །
སེང་གེར་སྤྲེལ་ལས་འཁྲབས་སོང་།།
གཉིས་པ་མི་ཡོང་དགུ་ཡོང་།།
བག་སུར་ཆུ་ལ་གཡུགས་སོང་།།
ཟླ་སྒྲོན་རྩེད་ཆས་ཆགས་ཏེ།།
གནས་སྐབས་ཁྲི་ལ་སྟེགས་སོང་།།
ཁྲི་གསོལ་མ་གནང་སྔུན་ནས།།
རྩེད་ཆས་གཡང་ལ་གཡུགས་སོང་།།
ཡང་ན་སྐྱེ་བ་སྔ་སོང་།།
ཡང་ན་སྐྱེ་བ་ཕྱི་འདུག།
སྔ་ཕྱི་ལོག་པའི་ཟླ་སྒྲོན།།
སེང་གེའི་རྩེད་ཆས་ཆགས་སོང་།།
ཤེས་འཇོན་མངའ་བའི་ཟླ་སྒྲོན།།
གནས་སྐབས་ལྷོད་ཙམ་གནང་རོགས།།
གང་ལྟར་བཀའ་བློན་ཁྲི་གཅིག།
འབྱུང་འགྱུར་ཁྱེད་ལ་དབང་ཡོད།།
སྲིད་སྐྱོང་ཐུགས་ཁག་མི་འདུག།
ཟླ་སྒྲོན་ལགས་ཀྱི་འཕྱུགས་འདུག།
སྤྱི་འཐུས་ཐུགས་ཐག་ཆོད་པོས།།
ཕྱག་རིང་བརྐྱངས་ནོར་ཤོར་འདུག།
སྲིད་སྐྱོང་ར་བཟི་མེད་དམ།།
ཡང་ན་སྨྱོས་པ་མིན་ནམ།།
ནང་བློན་བདམས་མ་ཐག་ནས།།
ཕྱི་ལ་གཡུག་དགོས་ཆགས་སོང་།།
ཤར་ཟླ་གནམ་ལ་བཀྱག་སོང་།།
ལམ་སང་ས་ལ་བརྡབས་སོང་།།
སྲིད་སྐྱོང་ཁ་ནག་སེང་གེ།
སེམས་པ་དེ་འདྲ་གནག་པ།།
ཤར་ཟླ་མོ་ལོ་ཉེར་ལྔར།།
ཡིན་པ་བསམས་ནས་བསྡད་ཡོད།།
སྲིད་སྐྱོང་ཁ་ནག་སེང་གེས།།
མོ་ལོའི་གསང་བ་བརྡོལ་སོང་།།
ཤར་ཟླར་སྤྱི་འཐུས་རྐུབ་སྟེགས།།
ཆེད་དུ་ཤོར་དུ་བཅུག་སོང་།།
བཀའ་བློན་གནས་རིམ་བསྡུས་སོང་།
ད་ནི་གཉིས་ཀ་མེད་སོང་།།
ཨ་ཁ་དེ་འདྲའི་སྐྱོ་བ།།
ཚད་ཅིག་ཡོད་པ་མི་འདུག།
ཟས་ལ་དང་ག་མེད་ཅིང་།།
ཉལ་ན་གཉིད་ཅིག་མི་ཡོང་།།
སྲིད་སྐྱོང་སྤྱི་འཐུས་ཁག་མེད།།
ཤར་ཟླར་ལས་དབང་མིན་འདུག།
ཚུར་རེའི་བཀའ་བློན་མེད་པའི།།
ཕ་རོལ་སྤྱི་འཐུས་ཤོར་སོང་།།
སེང་གེས་ལུག་ལྤགས་གྱོན་ནས།།
ཟླ་སྒྲོན་ཤར་གླིང་འགྲོགས་སོང་།།
སེང་གེས་རང་གཟུགས་སྟོན་དུས།།
ཤར་ཟླ་གར་སོང་མིན་འདུག།
ཤར་གླིང་སྤྱི་འཐུས་གནང་ནས།།
མོ་ལོ་ལྔ་ཙམ་སོང་ཡང་།།
སྒྲིག་འཛུགས་རྩ་ཁྲིམས་མ་ཤེས།།
རང་རྐུབ་ས་ལ་བརྡབས་འདུག།
ཟླ་སྒྲོན་ཟླ་བ་བཞིན་དུ།།
ཀུན་གྱིས་ངོས་འཛིན་ཞུས་ཀྱང་།།
རང་ལོ་མཛུབ་མོས་བགྲང་དུས།།
ནག་ཁུང་ནག་རྐྱང་རེད་འདུག།
སྲིད་སྐྱོང་བློ་བཟང་སེང་གེ།
བཀའ་ཤག་བཅོ་ལྔའི་སྐབས་ལ།།
སླར་ཡང་ཁྲི་ལ་འཛེགས་ནས།།
མཆོག་གསུམ་དཔང་ལ་བཙུགས་ཏེ།།
དྲང་བདེན་དམ་བཅའ་བཞག་ཡང་།།
གཡོ་སྒྱུའི་ལེ་ཚན་དང་པོ།།
རང་བློན་གདམ་ནས་བརྩམས་བྱུང་།།
དབུས་གཙང་སྤྱི་འཐུས་དང་པོ།།
ཤར་གླིང་ཟླ་སྒྲོན་ཞུ་བའི།།
བུ་མོ་སྤྱང་གྲུང་ཅན་མོས།།
བསམ་དབང་དྲན་དབང་མེད་པར།།
རྨ་བྱས་འབྲུག་སྒྲ་ཐོས་ཀྱང་།།
ཡོད་ཚད་སྒྱུ་མའི་ངང་ཚུལ།།
བཀའ་བློན་ཕ་རིའི་སྤང་རྒྱན།།
མི་མང་སྟོང་ཕྲག་མང་པོས།།
ཆེས་མཐོའི་འཐུས་མིར་གདམ་རུང་།།
ཐོད་པར་བསོད་ནམས་སྐམ་པས།།
རང་ལ་དབང་བའི་སྐུབ་སྟེགས།།
སྐད་ཅིག་ཉིད་ལ་ཤོར་ཐལ།།
སེངྒེའི་བཀའ་ཤག་དེ་ཡིས།།
འོས་ཤོར་འཐུས་མི་རེ་ཟུང་།།
བཀའ་བློན་མིང་འདོན་བྱས་པ།།
དམངས་ལ་བརྙས་བྱས་མིན་ན།།
བོད་ལ་མི་རྫོགས་མིན་འགྲོ།།
སྤྱི་འཐུས་སྤྱི་སྐད་བཤད་དུས།།
ཚོགས་གཙོས་སྟངས་འཛིན་ཟེར་བ།།
རང་མགོ་གཞན་ལ་ཐོགས་འདུག།
སྲིད་སྐྱོང་ཁྲིམས་ལ་མཁས་པས།།
བཅའ་ཁྲིམས་རང་ཁྲིམས་བཟོས་སོང་།།
དམ་བཅའ་ཕྱིར་འཐེན་ཐུབ་སོང་།།
སྙིང་རྗེས་སྡུག་སྐད་བརྒྱབས་སོང་།།
སྤྱི་དོན་ཞལ་ནས་བཤད་བཞིན།།
ཁོག་ལ་འཐེན་འཁྱེར་ཆེ་བའི།།
སྤྱི་འཐུས་ཁྱི་འཐུས་ཆགས་བཞིན།།
ཚོགས་གཙོ་གཉིས་རེ་གདམས་པ།།
གྲུབ་འབྲས་ཡག་པ་མིན་འགྲོ།
ཚོགས་གཙོས་དབྱིན་སྐད་མི་ཤེས། །
ཚོགས་གཙོས་ཧིན་སྐད་མི་ཤེས། །
ཤེས་འཇོན་མེད་པའི་ཚོགས་གཙོ། །
སྤྱི་འཐུས་ཚོགས་གཙོར་བཞུགས་ཡོད། །
སེང་གེས་ཁྲིམས་སྒྲིག་མི་ཤེས། །
སེང་གེས་སེང་གེས་ཆབ་སྲིད་མི་ཤེས། །
ཧོར་རྒྱུགས་ཆེ་བའི་བློ་སེང་། །
སྲིད་སྐྱོང་ཁྲི་ལ་བཞེངས་ཡོད། །
ཚོགས་གཞོན་ཤེས་མདོག་ཙམ་ལས། །
བོད་དབྱིན་ཧིན་གསུམ་སྐད་ཡིག །
རང་སྐྱ་ཕེལ་བ་མེད་པའི། །
ཡེ་ཕུན་འཇོན་མདོག་མགོ་རིལ། །
ཚོགས་གཞོན་ཁྲི་ལ་འཚངས་སོང་། །
མིང་དང་གོ་གནས་ཆེད་དུ། །
གཞན་གྱིས་ཅི་བཤད་ཉན་པའི། །
ཤོག་བུའི་ཤར་གླིང་ཟླ་སྒྲོན། །
བློབ་སངས་ལྷག་པས་ཁྱེར་སོང་། །
རྒྱ་ཁྱི་ཁ་ནག་དེ་ཚོའི།ཁ་ལ་བདག་པོ་རྒྱོབ་ཤིག་
ཤར་ནས་ཟླ་བ་ཤར་སོང། །ཟླ་བ་སྒྲོན་མ་ཤར་ཤར་སོང་། །ཤར་མ་ཐག་ཏུ་ནུབ་སོང་། །ཤར་གླིང་མུན་པས་འགྲིབས་སོང་། །
ཟླ་བ་ཤར་འདོད་ཆེ་དང་། །ཉི་མ་ནུབ་འདོད་འཁེལ་བས། །མ་རབས་སློབ་བཟང་སངས་རྒྱས། །སྔོ་ལོ་ལངས་ནས་འཕྱར་སོང་། །
ཤར་ནས་ཟླ་བ་ཤར་ཀྱང་། །ནུབ་ཏུ་སྒྲ་གཅན་ཟིན་སོང། །དབུས་གཙང་མི་མང་ཡོད་ན། །ཁྱི་བརྡུང་རྔ་རོལ་འབུད་རན། །
གནས་ཆུང་དམ་ཆུས་བཟི་བའི། །སྲིད་སྐྱོང་གཟི་བརྗིད་ཁོག་སྟོང་། །རང་དོན་འགྲུབ་དགོས་བསམས་ཏེ། །ཤར་ཟླ་རྩེད་ཆས་བཟོས་སོང་། །