ཤར་ཕྱོགས་ཁུག་རྟ།
གུས་པས་༧རྒྱལ་བའི་དགོངས་གཞི་སྙིང་བཅངས་དང་མི་མང་གི་མངོན་འདོད་སྲུང་སྐྱོབ། རང་ཚུགས་གཏད་སོ་ཡོད་པ་བཅས་ཀྱི་བསམ་ཚུལ་བཏོན་པས། བཀུར་འོས་རྒྱ་ཆེ་མི་མང་གི་ངོས་ནས་ཚད་མཐོའི་རྒྱབ་སྐྱོར་གྱི་ལམ་ནས་གྲོས་ཚོགས་འཐུས་མའི་འགན་དབང་བསྐུར། འཐུས་མིའི་དམ་འབུལ་དང་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་དང་པོ་བཅས་པ་ཡོངས་སུ་གྲུབ། འདི་ནི་གུས་པར་མཚོན་ན་བསམ་གཞིགས་གཟབ་ནན་བྱ་རིན་ཡོད་པའི་ལས་དོན་ཞིག་ཏུ་གྱུར།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་འབུར་ཐོན་ཅན་གྱི་མི་སྣ་དག་དང་སྡིངས་ཆ་གཅིག་ཏུ་འཛོམས་པ་དང་། ཉིན་གསུམ་གྱི་གྲོས་ཚོགས་ཀྱི་ཕྱི་ནང་གང་སར་མངོན་པའི་གནས་ཚུལ་མང་པོ་ཞིག་དེ་རིང་བརྗོད་ཐབས་བྲལ། ཡིན་ནའང་། མི་རབས་གསར་པ་ཤུགས་ཆེ་བའི་སྐབས་བཅུ་དྲུག་པའི་སྤྱི་ལྷན་འདིའི་ནང་གུས་ནས་མི་མང་གིས་གནང་བའི་འོས་འགན་གང་འཚམ་ཞིག་བསྐྱལ་ཐུབ་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད།
གུས་པ། གྲོས་ཚོགས་ཀྱི་རྐུབ་སྟེགས་སྟེང་གསར་དུ་བསྡད་པ་ཡིན་རུང་། ཚོགས་དུས་མང་པོར་རྒྱུས་ཡོད་ཡིན་པ་དང་། ལྷག་པར་ཏུ་བཅའ་ཁྲིམས་གཙོས་སྒྲིག་གཞི་ཁག་ལ་འབྲེལ་བ་གསར་དུ་འཛུགས་མཁན་ཞིག་མིན་སྟབས། གཟུར་གནས་མང་དག་ཅིག་ལ་གྲོས་ཚོགས་འཐུས་མི་རྙིང་པ་ཞིག་ཡིན་པའི་མཐོང་སྣང་ཡང་བྱུང་འདུག་མོད། ངས་དོ་སྣང་ཞུ་འདོད་པ་ནི་དེ་དག་རྩ་བ་ནས་མ་རེད།
གྲོས་ཚོགས་རྭ་བར་སྙན་སྒྲོན་ཞུ་རྒྱུའི་སྐད་ཆའི་རྩ་དོན་ལ། སྤྱི་དོན་དང་རང་དོན་གཉིས་ཀ་སྲུང་སྐྱོབ་དགོས་པའི་ལངས་ཕྱོགས་དེ་ངས་སྔ་མོ་ནས་ཡག་པོ་མཐོང་གི་མེད། ང་ཚོའི་སྤྱི་ཚོགས་ནང་སྐད་ཆའི་ལངས་ཕྱོགས་དེ་འདྲ་ཡོད་མཁན་དག་རྣམ་དཔྱོད་ལྡན་པར་རློམ་གྱི་ཡོད་པ་འདྲ་ཡང་། དེང་གི་དུས་ནི་མི་མང་གི་གོ་རྟོགས་ཁྱོན་ཡོངས་ནས་སད་པའི་དུས་སྐབས་ཡིན་པས། བཀས་བཀོད་བརྒྱུད་འཛིན་ལམ་ལུགས་ཀྱི་མཐོ་རིམ་མི་སྣ་ནང་ཁུལ་ཁོ་ནར་སྤྱོད་བྱའི་སྐད་ཆའི་ལངས་ཕྱོགས་དེའི་དུས་ཚོད་རྫོགས་ཟིན་པ་གསལ་བོ་རེད་ལ། ཞི་བའི་སྤྱི་ཚོགས་ནང་གནས་པའི་ཤེས་ཡོན་པ་དང་རྩོམ་པ་པོ་མང་དག་ཅིག་གིས་དེ་རིགས་ལ་མགོ་གཉིས་མ་ཞེས་པའི་ཚིག་འདི་སྦྱོར་གྱི་ཡོད། ངེད་ནས་ཀྱང་མི་མང་ནང་འཁྲུགས་མི་ཐེབས་པ་དང་མི་མང་གིས་ལས་སླ་བོའི་ངང་འཐུས་མི་དེའི་ངོ་བོ་དང་དམིགས་ཡུལ་གསལ་བོ་གཟིགས་ཆེད། གྲོས་ཚོགས་རྭ་བའི་སྐད་ཆའི་རང་ཚུགས་ལ། སྤྱི་བ་སྲུང་སྐྱོབ་ཁོ་ནའི་རྣམ་པ་གསལ་དགོས་པའི་ལྟ་ཚུལ་གསལ་འདོན་བྱས་ཡོད་ལ། མ་འོངས་པར་ཡང་བརྟན་གནས་ཐུབ་ངེས་ཡིན།
ད་ཐེངས་གྲོས་ཚོགས་ནང་ལས་རིམ་རྙོག་འཛིང་ཅན་དང་མང་པོ་མེད་ནའང་། གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་འཆར་གྲོས་ཆོད་ཡིག་ཆ་ཨང་དྲུག་པ། བཀའ་བློན་འོས་འདེམས། གཞུང་འབྲེལ་གྲོས་འཆར་གྲོས་ཆོད་ཡིག་ཆ་ཨང་དགུ་བ་སྟེ་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་སྐོར། གཞན་ཡང་བཀའ་བློན་གྱི་འོས་ཆས་མ་ཚང་བའི་གནད་དོན་ལྷང་ལ་བུད་པ་སོགས་ཀྱི་ཐད་གླེང་སློང་ཚ་ནན་བྱུང་།
ངེད་ནས་རྒྱབ་སྐྱོར་པ་ཚོར་གྲོས་ཚོགས་ནང་གི་གནད་དོན་གལ་ཆེའི་སྐོར་དང་། རང་གི་ངོས་ནས་ཆ་ཤས་ཅི་ལྟར་བླངས་པ་རྣམས་དུས་ལྟར་སྙན་སྒྲོན་ཐུབ་རེ་ཡོད་བཅས་ཞུས་པ་བཞིན། གོང་འཁོད་ལས་རིམ་དེ་དག་གི་སྐོར་གནད་བསྡུས་སུ་ཞུས་ན། གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ནི་བོད་ནང་གི་ཛ་དྲག་གནས་བབ་དྲན་གསོ་དང་དེ་ལས་སྐྱོབ་ཐུབ་ཡོང་རེ་གསལ་བའི་གྲོས་ཆོད་ཅིག་ཡིན་པ་ཀུན་ལ་གསལ་བས་རྒྱས་བཤད་དགོས་དོན་མེད་ཀྱང་། གུས་ནས་གྲོས་ཆོད་དེར་རྒྱབ་སྐྱོར་གྱི་སྤོབས་གཏམ་ཞུ་བ་དང་། རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་ཡག་པོ་མི་ཤེས་བཞིན་དུ་ཚིག་གི་མཚོན་ཆར་ཚོད་དཔག་དང་འོལ་ཚོད་ཀྱི་གཤོག་པ་བཏགས་ནས་རང་སྣང་རྒྱ་ཡན་དུ་བཏང་མེད་ཁར། གཞིས་ལུས་རྒྱ་ཆེ་མི་མང་ལ་སྙིང་ཁོང་རུས་པའི་སྟེང་ནས་དགོངས་སེལ་ཞུས་ཡོད། གཞིས་ལུས་རྒྱ་ཆེ་མི་མང་གི་སྡུག་བསྔལ་སེལ་བའི་ཐབས་མཆོག་༧གོང་ས་ཐམས་ཅད་མཁྱེན་པའི་ལམ་སྟོན་འོག་ཤར་བསྐྱོན་བྱས་ཡོད་ན། བོད་མི་རིགས་ལ་དེ་རིང་གི་གནས་སྟངས་འདི་ལས་ཡག་པོ་ཡོང་ངེས་པ་གསལ་བོ་རེད་འདུག་སྙམ་ནས། སྐྱོ་སྣང་དང་འགན་བབ་ཀྱི་བརྗིད་ཁོག་ས་ཆེན་སྨུག་པས་བཏུམས་པ་ལྟ་བུའི་ཚོར་སྣང་ཀྱང་བྱུང་།
གཞུང་འབྲེལ་གྲོས་འཆར་གྲོས་ཆོད་ཡིག་ཆ་ཨང་དགུ་བ་ནི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སྐོར་ཡིན་ཞིང་། དེ་ནི་༧གོང་ས་ཐམས་ཅད་མཁྱེན་པ་ཐུགས་ཕམ་བྱུང་བ་དང་འབྲེལ་ཏེ་འཛིན་སྐྱོང་བཀའ་ཤག་གིས་གྲོས་ཚོགས་རྭ་བར་བསྣམས་ཕེབས་པ་ཞིག་རེད། དེའི་ཐད་བདག་གིས་མི་མང་གི་དགོངས་ཚུལ་སྙིང་བོ་ཡིན་པའི་ལྟ་ཚུལ་བཏོན་པར། མི་མང་ལ་སེམས་ཚོར་ཤུགས་ཆེ་བྱུང་འདུག་པ་རིན་བྲལ་ཚེ་ནོམ་གྱི་ཆ་ཤས་སུ་གྱུར། ངས་བཙན་བྱོལ་བོད་མིའི་བྱུང་རབས་ལས་བསླབ་བྱ་བླངས་ཤིང་། བཀའ་ཤག་སྐབས་གོང་མ་གནད་དོན་མང་པོའི་ཐད་འཐུས་ཤོར་ཕྱིན་ཟིན་པ་ཕྱོགས་བསྡོམས་བྱས་དུས། ༧གོང་ས་ཐམས་ཅད་མཁྱེན་པ་ཐུགས་དགྱེས་མཉེས་ཡོང་བ་དང་། དེ་ཡོང་བ་ཡིན་ན་བོད་མི་རིགས་ལ་མདུན་ལམ་ཚད་ལྡན་ཞིག་ཡོད་པ་རྒྱུ་འབྲས་ལྟོས་གྲུབ་ཡིན་པའི་ཚུལ་ལ་བསམས་སྐབས།
གནད་དོན་གཉིས་ཁོ་ནར་བཤག་བཅོས་གཏོང་དགོས་པ་སྟེ། གྲོས་ཆོད་ཨང་དགུ་བ་དང་འབྲེལ་ཏེ། གཅིག དབུ་ཁྲིད་ཀྱི་ཁྱད་ཡོན་གྱིས་མ་འདང་བ་དང་། གཉིས། བཙན་བྱོལ་ལོ་རྒྱུས་ནང་གི་ངོ་ལོག་རང་བཞིན་གྱི་རྙོག་གྲ་རྙིང་པ་གཙང་སེལ་མ་ཐུབ་པའི་གནད་དོན་གཉིས་ཞུས་པ་ཡིན། དབུ་ཁྲིད་ཀྱི་ཁྱད་ཡོན་གྱིས་འདང་མེད་ས་གཙོ་བོ་ནི། རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་སྐོར་ཞིབ་ཚགས་མཁྱེན་གྱི་མེད་པ་དེ་རེད། བསམ་ཚུལ་འདི་བོད་ཕྱི་ནང་གི་མཁས་དབང་ཁག་དང་། བོད་དོན་རྒྱབ་སྐྱོར་བ་རྒྱ་རིགས་དང་མགོ་སེར་མཁས་པ་མང་པོའི་བསམ་ཚུལ་དང་གཅིག་པ་ཆགས་ཀྱི་འདུག དཔལ་འབྱོར་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག ཆོས་དད་དམ་དྲག ཟེར་བ་ལྟ་བུའི་སྦོམ་ཚིག་ཁ་ཤས་ཀྱིས་རྒྱ་ནག་གིས་བོད་ཐོག་འཛིན་པའི་འཛིན་པའི་སྲིད་བྱུས་གསལ་འགྲེལ་ཐུབ་ཀྱི་མེད་པ་གསལ་བོ་རེད།
ངས་གྲོས་ཚོགས་ནང་དཔེར་ན། བོད་ལ་རང་སྐྱོང་ཁུལ་དང་རྫོང་། དེ་དག་གི་མི་འབོར། དེའི་ནང་གི་ཆབ་སྲིད་བཙོན་པ། ས་ཁུལ་དེ་དག་ལ་མི་འདྲ་བའི་གནས་སྟངས་དང་རྒྱ་ནག་གི་སྲིད་བྱུས་ཅི་ཞིག་ལག་བསྟར་བྱེད་ཀྱི་ཡོད་མེད་སྐོར་དྲིས་པས། ང་ཚོའི་དབུ་ཁྲིད་ཀྱིས་ང་ལ་སྙིང་རྗེ་ཞེས་པའི་ཚིག་འདི་ལན་དུ་བཏབས་པ་རེད། དེས་ང་ལ་ཆེ་མཐོང་ཆེན་པོ་དང་། ངས་ཞུས་བཞག་པ་གནད་ལ་འཁེལ་བ། ཤེས་ཡོན་པའི་སྐད་ཆའི་འགྲོས་ལ་ཕྱིན་ཏེ། བསམ་ཚུལ་ཙམ་གྱིས་ལན་མི་ཐོབས་པ་བསྟན་ཡོད་ནའང་། ངའི་རེ་བ་ནི། ང་དང་དབུ་ཁྲིད་ཀྱི་ཁྱད་ཡོན་འགྲན་བསྡུར་བྱ་འདོད་རྩ་ནས་མིན་ཏེ། དབུ་ཁྲིད་ཀྱི་ངོས་ནས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཞིབ་ཚགས་ཆ་ཚང་ཞིག་མཁྱེན་ན་ཨང་སྙམ་པའི་ལྷག་བསམ་འགོག་མ་ཐུབ་པ་དེ་ཡིན། འོན་ཏང་། དབུ་ཁྲིད་ལ་ཏན་ཏན་སྐུལ་ལྕགས་ཤིག་ཐེབས་ཡོད་པ་མི་མང་གི་སེམས་ཚོར་ལ་བལྟས་ན་ཤེས་གསལ་རེད། ངས་ད་དུང་རང་སྲེག་སྐོར་ཞིབ་འཇུག་སྙན་ཐོ་མ་བཏོན་པ། རང་སྲེག་སྐོར་རྒྱལ་སྤྱིའི་རྒྱབ་སྐྱོར་ཕྱོགས་བསྡོམས་ཀྱིས་མི་མང་ལ་སྙན་སྒྲོན་མ་ཞུས་པ་སོགས་ཞུ་འཆར་ལ་ཚོགས་གཙོ་མཆོག་གི་ལམ་སྟོན་བཞིན་ཕྱིར་འཐེན་གནང་བ་ཡིན།
ཡང་གནད་དོན་གཞན་ཞིག་སྟེ། འོས་ཆས་མ་ཚང་བ་ལྷང་ལ་བུད་པའི་གང་ཟག་དེ་བཀའ་བློན་གནང་མ་ཐུབ་པའི་གནས་སྟངས་སྐོར་རེད། བཀའ་བློན་འོས་འདོན་སྐབས། འོས་མིའི་ལོ་རྒྱུས་གྲོས་ཚོགས་འཐུས་མིའི་མདུན་ཅོག་སྟེང་འཇོག་དགོས་ཀྱི་འདུག ལྷག་པར་བོད་ཡིག་མི་ཤེས་པའི་འཐུས་མི་ཚོར་དགོས་གལ་ཆེ་བའི་ལས་རིམ་རྣམ་བཞག་མང་ང་ཚོ་ཁག་ཅིག་གིས་བཏོན་པར་བརྟེན། མཐར་ལོ་རྒྱུས་བཀྲམས་དགོས་བྱུང་ཡང་། འོས་ཆས་ཞིབ་འཇུག་ཡག་པོ་མ་བྱས་པས་ཐོག་མ་ནས་ལས་དོན་ལམ་ལྷོང་མ་བྱུང་བའི་སྣང་ཚུལ་སྐྱོ་བོ་དེ་བོད་ཕྱི་ནང་གང་སར་ཁྱབ་དགོས་བྱུང་། བཀྲ་མི་ཤིས་པའི་རྟགས་མཚན་འདི་ལ་མངོན་དང་མི་མངོན་པའི་རྒྱུ་རྐྱེན་མང་པོ་བྱུང་ཡོད་ནའང་། ངས་ནི་ལྷ་སྲུང་ཁག་གི་བྱ་ར་མ་འདྲ་བ་ཞིག་འདུག་སྙམ་པའི་ཡིད་ཆེས་ཤིག་རྙེད།
འདི་ལ་ཕྱོགས་གང་ས་ནས་དབྱེ་ཞིབ་བྱ་རིན་ཤིན་ཏུ་ཆེ་ཡང་ཡིག་ཚོགས་ལ་འཇིགས་པ་དང་། ལས་བྲེལ་ཆེ་བས་སྙིང་བསྡུས་སུ་བརྗོད་ན། བཀའ་བློན་ནས་ཕྱིར་འཐེན་བྱས་ཆོག་པའི་ཚིག་གཅིག་བཅའ་ཁྲིམས་དང་སྒྲིག་གཞི་ཁག་གང་དུའང་མི་གསལ། བཅའ་ཁྲིམས་དོན་ཚན ༢༥ པ་སྲིད་སྐྱོང་དང་བཀའ་བློན་རྣམ་པའི་ལས་འཁུར་དམ་འཇོག་ནང་། ༼འདེམས་ཐོན་སྲིད་སྐྱོང་དང་། བཀའ་བློན་རྣམ་པ་བཅས་ལས་འཁུར་དུ་མ་ཞུགས་གོང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དང་གསང་རྒྱའི་དམ་བཅའམ། ཁས་ལེན་ཞུ་དགོས།༽ཞེས་གསལ་བ་ཕུད། དམ་བཅའ་བཞག་གྲུབ་རྗེས་ཕྱིར་འཐེན་བྱས་ཆོག་པ་ཞིག་རྩ་བ་ནས་འཁོད་མེད། ཕྱིར་འཐེན་ནི་སྲིད་སྐྱོང་དང་བཀའ་བློན་གང་རུང་ནས་གནང་ཆོག་པ་ལྟར་གོ་སྲིད་ཀྱང་། ཁྲིམས་སྒྲིག་ནང་བཀའ་བློན་ནས་འཁྱུར་བ་དང་། ཕུད་པ། རྩ་དགོངས་ཞུ་བ། སྐུ་གཤེགས་ན་མ་གཏོགས། ཕྱིར་འཐེན་ཞུ་རྐྱེན་གྱི་ལམ་ཁ་གང་ཡང་མེད་པ་མ་ཟད། གོང་དུ་ཞུས་པ་བཞིན་ཕྱིར་འཐེན་ཞེས་པའི་ཚིག་འདིའི་འོག་བཀའ་བློན་ལས་གནས་དང་བྲལ་ཆོག་པ་ཞིག་བཅའ་ཁྲིམས་རིན་པོ་ཆེ་གཙོས་སྒྲིག་གཞི་གང་དུའང་མི་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་ཞེ་བཞི་པ། བཀའ་བློན་དགོངས་ཞུ་ཞེས་པའི་ནང་། ༼བཀའ་བློན་དགོངས་པ་ཞུ་མཁན་བྱུང་སྐབས་སྲིད་སྐྱོང་ལ་སྙན་སེང་བཀའ་འཁྲོལ་བྱུང་རྗེས་རང་ཉིད་དགོངས་ཞུ་བྱེད་དགོས་པའི་གནད་དོན་སྐོར་སྤྱི་འཐུས་ལྷན་ཚོགས་སུ་ཚོགས་གཙོའི་བཀའ་འཁྲོལ་དང་སྦྲགས་གསལ་བཤད་བྱེད་ཆོག་པ་ཡིན། གལ་སྲིད་སྤྱི་འཐུས་ལྷན་ཚོགས་མ་ཚོགས་པའི་སྐབས་དགོངས་ཞུ་བྱས་པ་ཡིན་ན། སྤྱི་འཐུས་ལྷན་ཚོགས་ཚོགས་རྗེས་ཀྱི་ཉིན་བདུན་ནང་ཚུན་སྲིད་སྐྱོང་ངམ་བཀའ་བློན་གཞན་ཞིག་གིས་འགྲེལ་བརྗོད་གསལ་བཤད་བྱེད་ཆོག༽ཅེས་འཁོད་ཡོད་པ་ལས། ཕྱིར་འཐེན་ཞུས་ཆོག་པའི་ཆ་རྐྱེན་གང་ཡང་མི་གསལ།
ཡང་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ཉེར་དགུ་བ། བཀའ་ཤག་གི་འགན་འཁུར་དང་འཕོ་འགྱུར་ཞེས་པའི་ནང་གསེས་བཞི་པར། ༼སྲིད་སྐྱོང་གིས་བཀའ་བློན་བྱེ་བྲག་པ་སུ་རུང་དགོངས་ཞུ་བྱེད་དགོས་ཀྱི་བསམ་འཆར་བཏོན་ཚེ་བཀའ་བློན་དེས་ངེས་པར་དུ་དགོངས་པ་ཞུ་དགོས། སྲིད་སྐྱོང་གིས་དེ་འདྲའི་བཀའ་བློན་སུ་ཞིག་དགོངས་པ་ཞུ་དགོས་ཀྱི་བསམ་འཆར་འདོན་དགོས་བྱུང་རྐྱེན་རྒྱུ་མཚན་གྲོས་ཚོགས་སུ་འཚོགས་མུས་ཡིན་ན་དེ་རང་དང་། དེ་མིན་ཚོགས་དུས་རྗེས་མར་གསལ་བཤད་ཞུ་དགོས།༽ཞེས་གསལ་ཡོད་པ་སོགས་ཕྱོགས་བསྡོམས་ཞུས་ན།
བཀའ་བློན་ཞིག་གིས་ལས་འཁུར་དམ་འབུལ་གྲུབ་རྗེས། སྐུ་གཤེགས་པ། ལས་དུས་རྫོགས་པ། སྲིད་སྐྱོང་གིས་དགོངས་པ་ཞུ་དགོས་པའི་དགོངས་ཚུལ་བཏོན་ཏེ་རྩ་དགོངས་ཞུས་པ། བཀའ་བློན་རང་ངོས་ནས་རྩ་དགོངས་ཞུས་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱིར་ཕུད་བཏང་བ་ཁག་ཕུད། བཀའ་བློན་ལས་འཁུར་དང་འབྲལ་གཞིའི་ལམ་ཁ་གང་ཡང་མེད་པ་གསལ་བོ་ཡིན་སྟབས། ཕྱིར་འཐེན་ཞུས་པ་ཡིན་ཟེར་བ་ནི་བཅའ་ཁྲིམས་རིན་པོ་ཆེ་གཙོས་ཁྲིམས་སྒྲིག་ཁག་ལ་བརྩི་བཀུར་མ་གནང་བའི་དན་རྟགས་བསུབ་མེད་ཅིག་ཡིན་པ་སུས་ཀྱང་བསྙོན་དུ་མེད་པས། ཁྲིམས་འགལ་ཡིན་པ་གསལ་བོ་རེད། ངས་མ་འོངས་ལོ་རྒྱུས་ལ་འགན་འཁུར་ཏེ། གྲོས་ཚོགས་ནང་ཆུ་ངན་ལམ་ཤོར་མི་ཡོང་ཆེད་འདིའི་ཐད་ཁྲིམས་སྒྲིག་ཁག་བགྲང་ནས་ཐ་ཚིག་བསྒྲགས་པ། ལས་རིམ་བརྙན་ལེན་ལས་བྱེད་པར་གོང་ནས་བཀའ་བཀོད་སླེབས་ཏེ་གཏུབ་འདུག་པ་མི་མང་ལ་དོ་སྣང་བྱུང་འདུག
དོ་བདག་༼བཀའ་བློན་ཁྲིམས་འགལ་བ།༽ནས་ཁྲིམས་འགལ་ཆགས་པ་གསར་འགྱུར་བརྒྱུད་ལམ་ཐོག་བཟང་སྤྱོད་དང་ལྡན་པའི་ངང་ཞལ་བཞེས་གནང་འདུག་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོས་བཀའ་བློན་གྱི་ལོ་རྒྱུས་ཞིབ་ཚགས་ཚོགས་གཙོ་སྦྲེལ་པོ་ལའང་སྲིད་སྐྱོང་གིས་ཕུལ་མེད་པ་བཀའ་གནང་གྲུབ་པ། སྤྱི་འཐུས་རྣམ་པ་ཚོས་དཔྱ་ཁྲལ་ལག་དེབ་ཀྱིས་མཚོན་ལོ་རྒྱུས་ཁ་གསལ་དགོས་སྐོར་གྲོས་ཚོགས་ནང་ནན་འདྲི་གནང་བ། དེ་ལ་སྲིད་སྐྱོང་ལགས་ནས་ཡིད་ཆེས་བློས་འགལ་བྱས་ཆོག་ཅེས་གསུངས་བ་དང་། གནད་དོན་ལྷག་རྗེས། བཀའ་ཤག་གོང་མ་ཚོར་ཁ་དཀྲིས་ཏེ་བཀའ་བློན་འོས་མིའི་ལོ་རྒྱུས་ནང་སྐྱེས་ལོ་གཅིག་པུ་འཁོད་པ་གྲོས་ཚོགས་ནང་བསྣམས་འདུག་ཅེས་ལན་གནང་བ་ལས། སྲིད་སྐྱོང་རང་གིས་བཀའ་ཤག་གོང་མ་རྣམས་ལྟར་ཞིབ་འཇུག་ནན་ཏན་གྱིས་ཁྲིམས་ལུགས་བརྩི་སྲུང་གི་རང་ཚུགས་དོར་བའམ། ཡང་ན་མཁྱེན་བཞིན་སྤྱང་གྲུང་གི་རྣམ་པས་བསྣམས་ཕེབས་པ་གང་ཡིན་བཟང་སྤྱོད་ལྡན་པའི་ཞལ་བཞེས་གནང་མེད་པ་བཅས་ཀྱི་གནས་སྟངས་ཕྱོགས་བསྡོམས་བྱས་ན། བཅའ་ཁྲིམས་རིན་པོ་ཆེ་དོན་ཚན་ཉེར་དགུ་པའི། ནང་གསེས་གཉིས་པའི་ཀ་བ། ༼སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་ན་སྲིད་སྐྱོང་དང།་ བཀའ་བློན་བྱེ་བྲག་པ། བཀའ་ཤག་ཡོངས་རྫོགས་འཕོ་འགྱུར་གཏོང་འཐུས།༽ཞེས་པ་ལག་བསྟར་ལས་ལམ་ཁ་གཞན་མེད་པ་གསལ་བོ་རེད།
བོད་ཀྱི་གཏམ་དཔེར། དགུང་ཉི་མས་མཐོ་ཚད་མ་ཟིན་ན། གཟའ་ཁྱབ་འཇུག་ཟེར་བའི་དགྲ་ཞིག་ཡོད། སྤྲིན་དཀར་པོས་མཐོ་ཚད་མ་ཟིན་ན། རླུང་སྤུ་གྲི་ཟེར་བའི་དགྲ་ཞིག་ཡོད། ཟེར་བ་ལྟར། ཁྲིམས་ཀྱི་མདུན་སར་མགོ་བོ་ཚད་མེད་མཐོ་མི་ཆོག་པ་ཞིག་ཡིན་ནའང་། ཁྲིམས་ཀྱི་བདག་པོ་ཚོས་ཁྲིམས་ལུགས་ལག་བསྟར་དོན་འཁྱོལ་ཞིག་ཡོང་ན། བོད་ཀྱི་མདུན་ལམ་ལ་སྐྱིད་པའི་ཉི་མ་ལོས་ཤར་སྙམ།།
༢༠༡༦། ༦། ༤། ཉིན་གྱི་ཐོ་རངས་ཤར་མར།
ཡ་བྱ་ཁུག་རྟ་ཁྱོད་སྤྱི་འཐུས་དཀྲུགས་ཤིག་མཁན་ལྟེ་བོ་དང་པོ་ནང་གི་དང་པོ་ཡིན། ད་ག་ལེ་ལྟས་མོ་ཡོད་ཁྱེད་རང་མདུན་ལམ་གང་འདྲ་འགྲོ་གིས་ཡོད་། ཨ་མདོ་བ་ལ་ཕོ་ཟད་ཁུག་རྟ་ཁྭོད་ལ་ཐུགས་བསྡད་ཡོད། རྒྱ་མུ་གཞུང་ཚབ་ནས་ཕོག་ག་ཚད་རག་སོང་བས།
གྲོས་ཚོགས་ནང་མི་ངན་འདི་འདྲ་བ་ལྔ་སླེབས་ན། བོད་ལ་རེ་བ་མེད། མི་འདི་ལྟ་བུ་སྤྱི་འཐུས་སུ་སླེབས་སྟངས་ཁོ་ན་ང་ནི་ཧང་སངས་ཏེ་བསྡད་ཡོད། ངེད་ཚོའི་སྤྱི་ཚོགས་འདི་སྤྱི་དོན་ལས་ཐན་འཁྱེར་གལ་ཆེར་བརྩི་བའི་དན་རྟགས་གཅིག་དེ་རེད། ཨ་ཁ་་་
ཁོ་ནར་་་་
ཤར་ཕྱིགས་ཁུག་རྟ་ཕ་བཟང་བུ། སྲིད་སྐྱོང་ཡག་པོ་བརྩིར་དགོས་རེད། ཁོག་གིས་ལན་ཚང་མ་ཀྱོག་ཀྱོག་རེད།
ཧཧཧ། ད་ལྟ་ཕོ་སར་ཡོ་རོབ་སྐྱབས་སྐྱོར་འགྲི་ས་རག་མེད། ཡིན་ནའང་བལ་ཡུལ་རྒྱ་མིའི་གཞུང་ཚབ་ལོ་སྔོན་ལག་རྟགས་འགའ་རག་ཡོད། འོན་ཀྱང་ཁོ་རང་འདོད་མོས་སྦེལ་ཇམ་དང་། སེ་འུ་སི་གཉིས་འགྲོ་ཐབས་བྱས་ཀྱང་ཡང་ཨ་མདོ་ཕོ་སར་འགས་མི་ངན་ཁོ་ལ་ཐབས་ལམ་མ་སྤྲད་པ་རེད། ད་ལྟ་ཁོ་རང་དུས་ཚོད་འཆོལ་ཡག་ཆེད་བསྡད་ཡོད། ཉིན་གཅིག་ཨ་རི་ཡོ་རོབ་ལ་འགྲོ་ས་རག་ཚར་དུས་དེ་ནས་ཚར་བ་རེད།ཧཧཧཧ
ཁུག་རྟ་ཁྱེད་ཀྱིས་རྩ་ཁྲིམས་ཡག་པོ་ཤེས་ཚུལ་དང་འགྲོ་ལུགས་འདུག་སྟངས་ཤེས་ཚུལ་སོགས་བསྒྲགས་ཀྱང། སྟོང་པ་རེད། བཀའ་བློན་འོས་ཆོས་མ་ཚང་བ་ཞིག་ལ་སྤྱི་འཐུས་གྲོས་ཚོགས་ནས་རྒྱབ་སྐྱོར་ག་རེ་བྱས་ཏེ་བྱས་པ་ཡིན། དང་པོ་སྲིད་སྐྱོང་གིས་ནོར། གཉིས་པ་དོ་བདག་པས་ནོར། གསུམ་པ་གྲོས་ཚོགས་ཀྱིས་ནོར། ཁྱེད་ཚོ་ཐམས་ཅད་མཛོ་སྦྲེལ་གཡང་ལ་ལྷུང་བ་རེད། ཁྲིམས་གཅོད་བྱེད་དགོས་པ་རེད། མང་པོ་མ་བཤད་ན་ཡག། རང་གི་ངོ་གདོང་ལྷང་ལ་བུད་སོང་བ་རེད། ཁྱོད་དེ་འདྲའི་ཉམས་མྱོང་དང་རྒྱུས་མངའ་འཇོན་སྟངས་རྣམ་དཔྱོད་ཡོད་ན་དང་པོ་རང་ནས་སྤྱི་འཐུས་གྲོས་ཚོགས་སུ་བཀའ་བློན་འོས་མི་བཏོན་པར་འོས་ཆོས་ཚང་མ་ཚང་ལ་བརྟག་དཔྱད་ལེགས་པར་བྱས་ཏེ་རྒྱབ་སྐྱོར་བྱེད་དགོས་པ་མ་གཏོགས་ནག་ཁུང་ལ་མཛུབ་གཡུག་བྱེད་ཚུལ་འདི་ཡིས་སྲིད་སྤྱི་ཚང་མ་རྨོངས་པ་མགོ་འཐོམས་རང་རེད་་་དང་པོ་རྩ་ཁྲིམས་བློ་འཛིན་གྱིས། དེ་ནས་རྗེས་མར་སྲིད་སྐྱོང་ལ་འདྲི་བརྩད་བྱོས། ད་ལོའི་གྲོས་ཚོགས་ནང་ལ་ཁུག་རྟའི་ལས་ཀ་ནི་སྲིད་སྐྱོང་གི་གཏམ་བཤད་ལ་དགག་པ་དང་ངོ་རྒོལ་བྱེད་རྒྱུའི་ལས་འགན་བསྐོས་པ་རེད་གཞི་ནས་ལྟས་ཡོང།
ཁྱུང་སེ་གསུངས་པ་ལྟར་བདེན་པ་རེད། ཤར་ཁུག་ནི་ཆབ་སྲིད་ཅི་ཤེས་ཡོད་མེད་ཧ་མི་གོ། མདོ་སྨད་སྤྱི་འཐུས་ནང་ནད་དཀྲུགས་མཁན་ལྟེ་བོ་ཁོ་ཡིན་པ། ཡིན་ནའང་ད་ལྟ་ཁོ་རང་སྐྱབས་བཅོལ་འགྲོ་ས་མ་རཧ
བར་དུས་ཚོད་གཏོང་ས་ཡག་ཤོས་རེད།
ཡ་མཚན་ལྟད་མོ་དངོས་གནས་གྲོས་ཚོགས་ནང་འདུག་བཀའ་བློན་ཐོན་པ་ལ་གྲོས་ཚོགས་ཀྱི་མོས་མཐུན་དགོས་པ་ལྟར་གྲོས་ཚོགས་ནས་ག་རེ་བྱས་མ་བཀག་པ་རེད་གྲོས་ཚོགས་འཐུས་མིའི་ཁྲིམས་དང་སྒྲིག་གཞི་སྲུང་གི་ཡོད་ན་ཚོགས་གཙོ་གཉིས་ནས་རེ་མོས་བྱ་རྒྱུ་དེ་བཅའ་སྒྲིག་གང་གི་དོན་ཚན་གང་གི་འོག་འགན་ཁུར་ནས་བཟོས་པ་ཡིན་མི་མང་གསལ་བཤད་གནང་རོགས་
ཕྱི་ལོ་1981ལོ་ལ་སྐྱེས་པ་དེ་ལོ་35ལོན་མེད་ན་སྨན་རྩིས་ཁང་གི་ལོ་ཐོ་དེ་རྫུན་མ་ཡིན་པའི་ཁུང་སྐྱེལ་གནང་དང་བཅའ་ཁྲིམས་ནང་ལོ་35ལོན་ཡོད་མེད་ཟླ་བ་དང་ཉི་མ་ཆུ་ཚོད་དང་སྐར་ཆ་སོགས་རྩི་དགོས་པ་ག་པར་གསལ་ཡོད་གལ་སྲིད་ལོ་35ལོན་ཡོད་མེད་ཆ་བཞག་ས་དེ་སྐྱེས་ཚེས་དང་དཔྱ་ཁྲལ་ལག་དེབ་R/Cསོགས་ལ་ཞིབ་འཇུག་དགོས་
པ་གང་དུ་གསལ་ཡོད་ལོ་ག་ཚོད་ཡིན་ཤེས་དགོས་ན་སྨན་རྩིས་ཁང་གི་ལོ་ཐོ་ལ་ཁུང་གཏུགས་དགོས་པ་རེད་དེ་བོད་མི་རིགས་ཀྱིས་ཕ་མེས་ནས་བརྒྱུད་པའི་རིག་གཞུང་རེད་
ཡ་ཡ།ཤར་ཕྱོགས་རྒྱ་ནག་ཡུལ་གྱིས་ཁུག་པས་རྟ།
བཀས་བཀོད་བརྒྱུད་འཛིན་ལམ་ལུགས་ཀྱི་མཐོ་རིམ་མི་སྣ་ནང་ཁུལ་ཁོ་ནར་སྤྱོད་བྱའི་སྐད་ཆའི་ལངས་ཕྱོགས་དེའི་དུས་ཚོད་རྫོགས་ཟིན་པ་གསལ་བོ་རེད་ལ།་་་་་ཞེས་དང་། གཞིས་ལུས་རྒྱ་ཆེ་མི་མང་གི་སྡུག་བསྔལ་སེལ་བའི་ཐབས་མཆོག་༧གོང་ས་ཐམས་ཅད་མཁྱེན་པའི་ལམ་སྟོན་འོག་ཤར་བསྐྱོན་བྱས་ཡོད་ན། བོད་མི་རིགས་ལ་དེ་རིང་གི་གནས་སྟངས་འདི་ལས་ཡག་པོ་ཡོང་ངེས་པ་གསལ་བོ་རེད་འདུག་སྙམ།་་་་ཞེས་པའི་སྐད་ཆ་དེ་གཉིས་ནང་འགལ་རེད། དེར་ཤེས་པར་བྱོས།
ཁུག་རྟ་ཁྱོད་རང་བཀའ་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་དང་བླང་བྲན་གཡོག་ཞིག་རེད། མ་གཏོགས་གསར་བརྗེ་བ་དང་དམངས་གཙོ་བ་ཞིག་མ་རེད། མ་ཟད་དམར་ཕྱོགས་པའི་རྒྱུགས་ཁྱི་ཡོན་པར་བོད་མི་ཡོངས་ཀྱིས་མཁྱེན་གསལ་རེད་དོ།་་་་ཧཧཧ དགོད་བྲོ་བ་འདྲ་ཞིག་འདུག
ཨོ་རེད་་་ཤར་གླིང་ཟླ་སྒྲོལ་ལགས་ལོ་༣༥་མ་ཚང་ནས་བཀའ་བློན་བསྐོས་མ་ཐུབ་ནའང་་་ཟླ་བ་གསུམ་ཚང་རྗེས་སུ་བཀའ་བློན་སྐོས་ན་འགྲིག་གི་རེད་བ།
བོད་ཀྱི་སྲོལ་རྒྱུན་རིག་གཞུང་ཐོག་ནས་ལོ་༣༥་ཚང་ཚར་བ་རེད་ཟེར་ནས་འུར་བརྒྱབས་མཁན་ཡང་རེ་གཉིས་བྱུང་སོང་། ལོ་སར་གནམ་གང་ཉིན་མོ་སྐྱེས་པའི་ཕྲུ་གུ་དེ་ཚེས་གཅིག་ཉིན་མོར་ལོ་གཅིག་རེད་ཟེར་སྲོལ་ཞིག་བོད་ཀྱི་སྲོལ་རྒྱུན་གྱི་ཐོག་ནས་མེད། དེ་འདྲའི་ཕྲུ་གི་དེ་ལ་ལོ་ངོ་གཅིག་ཚང་སོང་ཟེར་གི་རེད།
དཔེར་ན་་་༡༩༨༡ ལོའི་གནམ་གང་ཉིན་མོར་སྐྱེས་པའི་ཕྲུ་གུ་དེ་༡༩༨༢ལོའི་ཚེས་གཅིག་ཉིན་མོར་ལོ་་ངོ་གཅིག་ཆགས་ཚར་བ་རེད། ༡༩༨༣ལོའི་ཚེས་གཅིག་ཉིན་མོར་ལོ་གཅིག་དང་ལོ་ངོ་གཉིས་ཟེར་བ་རེད། ལོ་ངོ་དང་ལོ་གཉིས་ཁ་ཁར་རེད། སྨན་རྩིས་ཁང་གི་ལོ་ཐོའི་ནང་དུ་ཡང་ལོ་དང་ལོ་ངོ་གཉིས་ཁ་ཁར་ཕྱེས་ནས་བྲིས་ཡོད་ཀྱི་རེད་མ་གཏོགས་ཉིན་གཉིས་ལས་མ་སོང་བའི་ཕྲུ་གུ་ཞིག་ལ་ལོ་གཅིག་རེད་ཟེར་བའི་སྲོལ་རྒྱུན་ཞིག་བོད་ལ་དར་མྱངས་མེད།
ལོ་དང་ལོ་ངོའི་ཁྱད་པར་མ་ཤེས་པར།
བོད་ཀྱི་སྲོལ་རྒྱུན་ཡིན་ཞེས་བསྒྲགས་སྐབས་སུ།
སྲོལ་རྒྱུན་ལོག་འགྲེལ་ཅན་གྱི་ཧམ་བཤད་ལ།
ཚིག་གསུམ་ཁ་ནས་ཤོར་བར་དགོངང་དག་ཞུ།
ཤར་ཕྱོགས་ཁུག་རྟ།
གྲོས་ཚོགས་ནང་ནས་སྤྱི་འཐུས་ཀྱིས་འགན་འཁུར་ཐོག་ཆ་ཤས་བླངས་བ་ཡག་འདུག་་་་གྲོས་ཚོགས་ནང་ནས་ཁྱེད་ཀྱི་བཀུར་འོས་མ་དགའ་བ་དང་མི་འདོད་པའི་རྣམ་འགྱུར་མང་དག་གང་བསྟན་པ་བརྙན་ལས་གསལ་མཐོང་པས་བཤད་པ་དང་བྲིས།་་་་དོན་དངོས་བྱུང་བ་ཚང་མ་ཤེས་ཡོད་པས་ཁྱེད་ལ་ཁ་བྲོ་ཟེར་བསམ་ཡོད་ལགས།་
ཨ་མའི་བུ་་་་་་་་
བཀའ་བློན་དམ་འབུལ་མ་བྱས་སྔོན་ལ། བཀའ་བློན་གྱི་འོས་མིང་ལ། འོས་ཆོས་ཚང་ཡོད་མེད་བལྟས་ནས། གལ་སྲིད་འོས་ཆོས་མ་ཚང་ན། འོས་མིང་ནས་ཕྱིར་འཐེན་བྱེད་དགོས་པ་ལས།
བཀའ་བློན་གྱི་དམ་འབུལ་རྗེས་ལ། བཀའ་བློན་གྱི་འོས་ཆོས་ཚང་མི་འདུག་ཟེར་ནས། བཀའ་བློན་གྱི་སྲིད་སྟེགས་ནས། མར་ཕབ་ནི། སྐྲ་སྔོན་ལ་བཅད་ནས་། ཚེས་པ་རྗེས་ལ་ལྟ་བ་མཚུངས་པ་དེ་ཆགས་པ་རེད།
ནོར་འཁྲུལ་འདི། སྲིད་སྐྱོང་མཆོག་དང་། ཟླ་སྒྲོན་གཉིས་ཙམ་ནས་བྱུང་བ་མ་ཡིན་པར། དམ་འབུལ་གནང་བཅུག་མཁན་ཚང་མས་ནོར་འཁྲུལ་ཤོར་བ་རེད་དོ།།
ཀརྡོ་གཉེར་ཕྱག་པ་ལགས།
ངས་གནད་དོན་གང་མཐོང་སོང་ཞུ་ན་གྲོས་ཚོགས་ནང་ནས་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱི་ནན་འདྲི་ཐེངས་གཉིས་གནང་པའི་ལན་ཏུ་འོས་ཆོས་་ཆ་ཚང་ཚང་ཡོད་ཞེས་སྲིད་སྐྱོང་མཆོག་གིས་ཕྱག་བརྡ་དང་བཅས་གསུངས་པ་གཅིག་དེ་ཡིན།
ལྷག་དོན་སྲིད་སྐྱོང་མཆོག་ཕྱག་ལས་གནང་སྐབས་དེ་ཙམ་གྱི་ཐུགས་སྣང་དང་ནན་ཏན་ངས་ཕྱག་ལས་གནང་མཁན་ཞིག་མཐོང་མ་སོང།་་་་གང་ཡིན་ཟེར་ན་བཀའ་བློན་རྣམ་པ་དམིགས་འཛུག་དེ་ཡང་ཕྱི་ཚེས་༣༠་ལ་འབྲེལ་བ་གནང་བ་ཤ་སྟག་རེད་འདུག་ག་་་་་་འདིས་གང་བསྟན་པ་ནི་༢༠༡༡་དང་བསྡུར་ན་ཐེངས་འདིར་ཁོང་གི་སྲིད་ཤུགས་ཉམས་པ་བཟོ་འདྲ་བོ་འམ་སྤོབས་པ་ཉམས་པ་དེ་གཉིས་པ་ཡིན།
གྲོས་ཚོགས་ནང་ཤར་ཁུགས་ཁྱེད་ལྟ་བུ་དགོས་ངེས་རེད། དེང་སང་མི་རབས་གསར་པའི་འགོ་འཁྲིད་ལ་དེ་སྔོན་མི་རབས་རྙིང་པ་རྣམས་ནང་བཞིན་ཡིད་ཆེས་བློ་འགེལ་བྱ་མི་ཐུབ། སྒེར་གྱི་ཁེ་ཕན་ཆེད་སྐྱག་འཛུན་བཤད་དགོས་ཀྱང་ཐེ་ཚོམ་མེད་པར་བཤད་བཞིན་པ་ཀུན་གསལ་རེད། ཉེ་ཆར་བཀའ་བློན་བསྐོས་ཟིན་པ་དེ་དག་བཅའ་ཁྲིམས་ནང་གསལ་རང་ལོ་ཆ་རྐྱེན་མ་ཟིན་ནའང་སྲིད་སྐྱོང་ནས་འཆར་འབུལ། དེ་ལ་གྲོས་ཚོགས་ཀྱི་ཚོགས་གཙོ་དབུས་པས་སྤྱི་འཐུས་ནས་འཆར་འབུལ་བཀའ་བློན་ཚོས་ལོ་རྒྱུས་ལ་ཞིབ་ཚགས་མ་གནང་བར་མང་མོས་བཏང་། དེ་རྗེས་བཀའ་བློན་རྣམས་ནས་ཁྲིམས་དཔོན་མདུན་དམ་འབུལ་བཅས་ཆ་ཚང་ལེགས་གྲུབ་རྗེས་བཀའ་བློན་ཟླ་སྒྲོན་ལགས་རང་ལོ་མ་ཟིན་པ་བཅས་ཞབས་འདྲེན་ཆེན་པོ་ཞུས་ཡོད། མ་འོངས་པར་གནས་ཚུལ་འདི་རིགས་མི་ཡོངས་ཆེད་བཅའ་ཁྲིམས་ནང་ཁ་གསལ་བཟོ་དགོས་པ་མ་ཟད། ཡ་རབས་བཟང་སྤྱོད་ཀྱི་བཟང་པོ་བློ་འགེལ་བྱ་སྲོལ་དེར་དུས་རྫོགས་ཟིན་པར་ཚང་མས་མཁྱེན་དགོས་སོ།
བཙན་དབང་གཏོང་མཁན་མེད་པར་རང་མོས་ཀྱི་ཐོག་ནས་རྒྱ་ནག་གི་རྒྱལ་དར་འཕྱར་མཁན་མི་དེ་དང་མི་འདིས་བཤད་ཚད་དང་འབྲི་པའི་སྐད་ཆར་ཉན་འདོད་མེད་ལ་ཀློག་འདོད་ཀྱང་མེད་། ངོས་ལ་མི་དེ་དགྲ་བོ་རྒྱ་མི་དང་ངོ་བོ་འབྱེད་ཡིན་། ངས་རྒྱ་གར་གཞུང་གི་གསང་བའི་ལས་བྱེད་ཚོར་མི་དེ་ལྟ་བུ་མིག་འབེན་འོག་བཅུག་དགོས་པའམ་ཡང་ན་སོ་མྱུལ་མགོ་གཉིས་པ་བཟོ་དགོས་། མི་འདི་ལྟ་བུས་བརྒྱ་བཤད་སྟོང་བཤད་ནང་དོན་ཁོ་པ་དང་སློབ་བཟང་སངས་རྒྱས་གཉིས་ཀྱི་རྩ་དོན་གཅིག་པ་ཡིན་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་རྩ་མེད་བཟོ་གང་ཐུབ་བྱ་རྒྱུ་དེ་རེད་།
ལས་དོན་ནོར་གིས་ནོར་གིས་ཡང་བསྐྱར་འུར་རྒྱངས་ནས་སྲིད་སྐྱོང་བསྐོས་བཅུག་སོང་། དེ་འདྲའི་སྲིད་སྐྱོང་ལ་སྡོད་འདོད་ཡོད་ན་ཏོག་ཙམ་ད་གཟབ་གཟབ་གནང་དགོས་རེད། འདི་འདྲའི་ལས་དོན་སླ་ཤས་ཤིག་བྱིས་པས་རྩེད་མོ་ནང་བཞིན་བྱེད་རྒྱུ་ཞིག་མ་རེད་བ། ཤར་ཁུག་ལྟ་བུས་བྱ་ར་བྱེད་མཁན་ཞིག་མེད་ན་སྲིད་སྐྱོང་འདིས་ཅི་བྱེད་འདི་བྱེད་ཅིག་ཡོད་ས་རེད། འདི་ཚོ་སྲིད་སྐྱོང་གི་ཁ་ལྕེ་དང་འབུམ་རམ་པའི་ལག་འཁྱེར་སྟོང་བར་འོས་འཕངས་པའི་མཇུག་འབྲས་རེད་ད།
ཏི་སི་ཟེར་ཡ་དང་། ཟླ་བ་ཟེར་ཡ། ཁ་བ་རི་བ་ཟེར་ཡ། ཅོ་རི་ཉི་མ་ཟེར་ཡ། འགྱུར་མེད་རྡོ་རྗེ་ཟེར་ཡ་ཚོའི་སྐད་ཆ་བཤད་སྟངས་ལ་བློ་སེང་གིས་ཤར་ཁུག་རྟར་ལན་བསྐྱོན་པ་ནང་བཞིན་(སྙིང་རྗེ)ཟེར་བའི་ཚིག་འདི་ལས་ཅི་འབབ་ཡ་མི་འདུག ཧ་ཧ་ཧ་ཧ་་་་་་་་་
ཧ་ཧ་ཧ་་་་་་་་་་་ད་རུང་ཁྱུང་སེ་ཟེར་ཡ་་་་་་
གང་ཟག་ལ་མ་ལྟ་རྩོམ་ལ་ལྟོས། ། ཚིག་ལ་མ་ལྟ་དོན་ལ་ལྟོས། ། སྒེར་ལ་མ་ལྟ་སྤྱི་ལ་ལྟོས། ། ཁ་བཤད་ལ་མ་ལྟ་ལག་ལེན་ལ་ལྟོས། ། བདེན་ཚིག་འདི་ད་ཡོད་བཀའ་སྤྱི་གཉིས་ལ་གདམས་པ་ཡིན། ལྷག་ཏུ་སྲིད་སྐྱོང་དང་གྲོས་ཚོགས་ཚོགས་གཙོ་གཞོན་ལའོ།
བཙན་བྱོལ་སྤྱི་ཚོགས་ཞོ་ལྟར་ཆགས་པ་ཁྲག་ལྟར་དཀྲུག་མཁན་སློབ་བཟང་སངས་ཟེར་བ་སླེབས་སོང། སྤྱི་འཐུས་གྲོས་གྲོས་ཚོགས་ཆོལ་ཞེན་གྱི་ར་བ་ཡིན་བཞིན་པའི་དཀྱིལ་འཁོར་འདིར། ཤར་ཕྱོག་ཁུར་རྟ་ཟེར་བ་སླེབས་ནས་མེ་འབར་བའི་སྒང་ལ་ཤིང་ཤགས་པ་བསྣན་ཏེ། ཁ་ནས་བཟང་སྤྱོད་ཟེར་བཞིན་པར་དོན་དུ་སྤང་གོའི་སྤང་རྟགས་ཏེ། སྤྲང་པོའི་སྤྲང་རྟགས་ཡོད་ཚད་བསྟན་སོང་བས། བོད་མིའི་ཆབ་སྲིད་འགོ་འཁྲིད་ཀྱི་ཆེ་མཐོང་དང་། གྲོས་ཚོགས་ཀྱི་ཆེ་མཐོང་ཡོད་ཚད་ཉིན་དེ་རང་ནས་ཐལ་བའི་རྡུལ་དུ་བརླགས་ཟིན་སོང་། ཁྱོད་ཅག་གཉིས་ངོ་མི་ཚ་ནའང་ལས་རིམ་གཟིགས་མཁན་བློ་གཟུ་བོར་གནས་པའི་མི་མང་སེར་སྐྱ་བསམ་ཡོད་ཚང་མ་ཐུགས་སེམས་གཏིང་ནས་སྐྱོ་དགོས་བཟོས་སོང་། བསོད་སྐམ་ཁྱོད་ཚོ་གཟི་བརྗིད་ཁོག་སྟོང་རང་རེད།
བརྙན་ཐག་གཏུབ་བསྒྲིགས་བྱས་བ་དེ། ཕྱི་གསལ་ནང་གསལ་ཡིན་པའི་མང་གཙོ་དེ་ནག་ཁུང་ཞིག་ལ་བསྐྱལ་བཞིན་ཡོད་པའི་མཚོན་དོན་ཡིན་པ་རེད། དེ་ལ་དགའ་བ་བྱེད་ནི་ཡོད་ན། ཕྱོགས་ཞེན་རེད།
ནོར་སྐྱོན་ལ་ངོས་ལེན་མི་བྱེད་པ་ནི། ཁྲིམས་ལ་ཧ་ཅང་མཁས་བའི་རང་རྟགས་བསྟན་པ་ཡིན་པ་རེད། མི་དེ་འདྲ་ལ་གཟོ་ལྟ་བཟོ་ན་ནོར་ལྷ་འཛམ་བྷ་ལའི་པང་མཛོད་མེད་ན། ཁྲིམས་དང་ངོ་ཚས་གཅིན་མི་ཐུབ་ཡིན་པ་རེད་དོ། སངས་རྒྱས་ལ་སེང་གེ་གཡོག་ན་ལྟད་མོ་ཡོད་དང་ཡོད། ཧ་ཧ་ཧ།
མདོ་སྨད་ཀྱི་གྲྭ་རྒན་ཚོས་རྒྱ་མིའི་དར་འཕྱར་མཁན་གྱི་སྔོན་ཐོན་པ་ཤར་ཁུགས་སྤྱི་འཐུས་ལ་གཏང་བ་རེད། ད་ནི་རྒྱལ་བའི་དགོངས་གཞི་དཀྲུགས་མཁན་དང་། ཆོལ་གསུམ་མཐུན་སྒྲིལ་གཏོར་མཁན། རྒྱ་གཞུང་གི་འདོད་པ་བསྒྲུབ་ནས་བོད་རྩ་མེད་གཏོང་མཁན་སུ་ཞིག་ཡིན་པ་གསལ་སོང་།
ཚོགས་གཙོས་དབྱིན་སྐད་མི་ཤེས། །
ཚོགས་གཙོས་ཧིན་སྐད་མི་ཤེས། །
ཤེས་འཇོན་མེད་པའི་ཚོགས་གཙོ། །
སྤྱི་འཐུས་ཚོགས་གཙོར་བཞུགས་ཡོད། །
སེང་གེས་ཁྲིམས་སྒྲིག་མི་ཤེས། །
སེང་གེས་ཆབ་སྲིད་མི་ཤེས། །
ཧོར་རྒྱུགས་ཆེ་བའི་སློབ་སངས། །
སྲིད་སྐྱོང་ཁྲི་ལ་བཞེངས་ཡོད། །
ཚོགས་གཞོན་ཤེས་མདོག་ཙམ་ལས། །
བོད་དབྱིན་ཧིན་གསུམ་སྐད་ཡིག །
རང་སྐྱ་ཕེལ་བ་མེད་པའི། །
ཡེ་ཕུན་འཇོན་མདོག་མགོ་རིལ། །
ཚོགས་གཞོན་ཁྲི་ལ་འཚངས་སོང་། །
མིང་དང་གོ་གནས་ཆེད་དུ། །
གཞན་གྱིས་བཤད་ཚད་ཉན་པའི། །
ཤོག་བུའི་ཤར་གླིང་ཟླ་སྒྲོན། །
སློབ་སངས་ལྷག་པས་ཁྱེར་སོང་། །
ཁྱུང་དཀར་ལགས།
རང་རེའི་སྲིད་སྐྱོང་འདི་ཉིད་ལ་བྱ་ར་དང་བདེན་སྟོན་ག་ཚོད་བྱས་རུང་བསམ་ཤེས་གོ་ཤེས།་་་་་ནོར་བ་དང་ལན་བྱེད་ཐུབ་པའི་སྤོབས་པའམ་ཁོག་རྒྱ་དེ་གང་ན་ཅིག་ཡོད།་་་་་དེ་ལས་ལྡོག་ལན་བྱེད་སྟངས་ངར་རྒྱལ་ཁོང་ཁྲོའི་མེ་དཔུང་གྲོས་ཚོགས་ནང་ཆོལ་ཞེན་པའི་དག་ལ་འབར་བཅུག་སོང་་་་་་་
ཤར་ཕྱོགས་ཁུ་རྟ་ལགས། ཤེས་ཡོན་དང་འཇོན་ཐང་། བློ་ཁོག་དང་སྤོབས་པ། ལྷག་བསམ་དང་དྲང་བདེན། གཏམ་བཤད་པ་དང་ཡི་གེ་འབྲི་བ། ཁྲིམས་ལུགས་ཤེས་ཤིང་དྲང་བདེན་བརྗོད་ཐུབ་པ་སོགས། ཁྱོད་ལ་ཡོན་ཏན་མང་གི། དབུས་གཙང་སྤྱི་འཐུས་དང་ཁྱོད་ལྟ་བུ་མང་པོ་ཞིག་གིས་གྲོས་ཚོགས་གང་ཡོད་རྒྱུ་ན། བཙན་བྱོལ་གྱི་མང་གཙོ་འདི་ཡང་དག་པར་ལོངས་སུ་སྤྱོད་ཐུབ་ས་རེད། སྟབས་ཉེས་ཏེ་རུལ་སུངས་པ་མང་དྲགས་པས་གྲོས་ཚོགས་འདི་ཆོལ་ཞེན་དང་ནང་འཁྲུགས་ཀྱིས་ཁེངས་འདུག
གྲོས་ཚོགས་ནང་མི་གཞན་ཞིག་ཡོང་སྟེ་དེ་ལས་ལྷག་ཅིག་དཀྲུག་རྒྱུ་ཡོད་པ་མ་རེད། སྐབས་སྔོན་མ་དག་ནས་ད་བར་དུ་གྲྭ་རྒན་རུལ་སུངས་པ་རྣམས་གཙོས་མང་ཆེ་ཤོས་འཁྲུགས་བསྡད་ཡོད་རེད། ༧ གོང་ས་མཆོག་གིས་ལྷིང་འཇགས་གཏོང་མི་ཐུབ་ཅིང་བཀའ་ལ་མི་རྩི་མཁན་རྣམས་ག་ཙམ་འཁྲུགས་ན་འཁྲུགས་བཅུག་པ་ལས་ཐབས་གཞན་ཡོད་པ་མ་རེད། ཕོ་ཁྱོགས་པ་ཁྱེད་ཀྱིས་མུ་འཐུད་དུ་སྐྱོན་རྣམས་ཐེར་འདོན་བྱས་ཏེ་མང་གཙོ་ཡང་དག་པ་ཞིག་ཏུ་འགྱུར་བར་འབད་བརྩོན་གནང་རོགས།
སྲིད་སྐྱོང་གིས་ལན་བསྐྱོན་སྟངས་དེ་བྱིས་པ་བསམ་མེད་ཅིག་འཛིང་སྟངས་འདྲ་བོ་རེད། སྙིང་རྗེ་བ་དངོས་གནས་ཁོ་ཆགས་འདུག དྲང་བདེན་དང་ཁྲིམས་ལུགས་གཞི་ལ་བཞག་པའི་སྐྱོན་སྤོང་ཡང་དག་ཅིག་མེད་པར་ངོ་ཚ་བྱེད་ཀྱིས་གཏམ་ཉོག་ཏག་ཏག་བཤད་སོང་།
དང་པོར་ཤར་ཁུག་ལགསུ་ཡག་བྱུང་ངོ་སོ་བསྟོད་ཟེར་འདོད།ཟླ་ཕུན་གྱིས་བཤད་པ་སེམས་ལ་འབབ་པོ་བྱུང་།ལྷག་པར་ཤར་ཁུག་གིས་བཤད་པ་རྣམས་དོན་གཏིང་ཟབ་ཀི་ཡིན་ནའང་།ཅུང་ངར་ཤུགས་དང་ཁ་ཐུག་འཐེར་འདོན་མང་དྲག་གི་འདུག་ཕྱི་ལ་མི་སྐྱོན་ཡང་།ནང་ནས་བལྟས་ན་ཕྱོགས་ཡོངས་ནས་བསམ་ཤེས་མ་ཐུབ་པ་ཡོང་སྲིད།མི་འགྲིག་གི་ཟེར་བ་མིན།དཔེར་ན་བསྟན་འཛིན་མགོན་པོར་བསམ་ཡུལ་ན་མེད་པའི་མིང་ཆད་སེམས་མི་བདེ་བ་ཞིག་ཡིན་པར་བཤད་པ་རེད།
སྲིད་སྐྱོང་གིས་ཤར་ཁུག་ལ་སྙིང་རྗེ་གསུངས་སོང་ལ་ད་དུང་ཐུབ་བསྟན་ལུང་རིག་ལ་དེ་ལས་ཀྱང་སྡུག་པའི་མཐོང་ཆུང་གི་རྣམ་པ་བསྟན་སོང་། ད་ཡིན་ཤ་ཁུག་དང་ཐུབ་རིག་གཉིས་ཀྱིས་སྲིད་སྐྱོང་གླགས་འཁེལ་ས་མ་རེད། ཁམས་པས་མིའི་བརྙས་ནམ་ཡང་བཅོས་གཟེད་ཀྱི་མ་རེད། ལྟད་མོ་རྗེས་ལ་ཡོང་གི་རེད། ཤ་ཁུག་སྙིང་རྗེ་་་་་་་་སྙིང་རྗེ་་་་་་་སྙིང་རྗེ་་་་་་་་ཧཧཧཧཧཧཧ
མེ་ལྕེ་དེ་བདེན་སྤྱི་འཐུས་རྙིང་པ་རྒན་པ།ཚོགས་ཟུར་བཀའ་ཟུར་ཞིག་ལ་མཐོང་ཆུང་གི་སྐད་ཆ་དེ་ཏག་ཏག་བསྡད་མེད་པ་གསལ་བོ་རེད།སྲིད་སྐྱོང་ལས་བོད་མིའི་ཁྲིམས་སྒྲིག་དང་ཉམས་མྱོང་ཁོང་ཆེ་བལྟས་ན་ཤེས་ཀི
དྲ་གྲོགས་ཚོས་མཆན་བུ་མང་པོ་ཞིག་བྲིས་ཡོད་པ་རོབ་ཙམ་ཀློག་པ་ཡིན། མང་ཆེ་བས་ཤར་ཁུག་ལ་ཚོགས་གཏམ། ཁ་སྟོང་ནང་གི་ཚིག་སྟོང་ཙམ་ལས་དོན་གྱི་གནད་ལ་ཕོག་མཁན་གཅིག་ཀྱང་མི་འདུག ཟ་མ་ཟ་མཁན་ཞིག་ཡིན་ན་ཀླད་པ་ཅུང་ཙམ་བེད་སྤྱད་ནས་འབྲི་དགོས་པ་ལས་མི་དགའ་བ་རྒྱུ་མཚན་དུ་བྱས་ནས་སྨྲ་བསྡད་ན་རང་ཕམ་པ་ཁོ་ན་ལས་ཤར་ཁུག་ལ་གང་ཡང་གནོད་ཀྱི་མ་རེད་བསམ། ལྷག་ཏུ་ཤར་ཁུག་གིས་བཤད་པ་ལྟར་རྩ་ཁྲིམས་དོན་ཚན་འདི་དང་འདི་ནས་འགལ་འདུག་ཟེར་ནས་རྒྱུ་མ་ཕུ་འདེད་གནང་ཡོང་དུས། ཁྱེད་རང་གིས་བཤད་པ་དེ་ནོར་འདུག་དེ་འདི་རེད་ཅེས་ནོར་བའི་རྒྱུ་མཚན་བཤད་ཡ་མེད་ན། ཡང་ན་ཁོག་ནས་ཞེ་སྡང་གི་མེ་འབར་ན་ཡང་ཁ་ནས་དུ་བ་མ་ཐོན་པ་བྱས་ནས་རླུང་སྒོམ་རྒྱུ་དང་། ཡང་ན་ཤར་ཁུག་གི་གསུང་བ་ལ་མངོན་པར་བསྟོད་དོ་ཟེར་རྒྱུ་ལས་ལྷག་མེད་པ་ཤེས་དགོས། མཆན་འབྲི་ས་འདི་ཤེས་ཡོན་ཅན་ཚོས་ཡིན་ན་ཡིན་པའི་རྒྱུ་མཚན་དང་། མིན་ན་མིན་པའི་རྒྱུ་མཚན་བཤད་ས་ལས། ཅོལ་ཆུང་ཚོས་ངག་འཆལ་སྨྲ་ས་མ་རེད།
གྲོས་ཚོགས་ནང་ཤར་ཁུགས་དང། བཀའ་ཟུར་ཐུབ་བསྟན་ལུང་རིགས་ལགས། ཟླ་བ་ཕུན་སྐྱིད་ལགས། སྒྲོལ་མ་ཚེ་རིང་ལགས་སོགས་མེད་ན་སྲིད་སྐྱོང་བློ་སེང་ལགས་ནས་རང་སྣང་གང་དྲན་གནང་རྒྱུ་ཡིན་པ་ངེས། སྤྱི་འཐུས་འགའ་རེ་ནི་གྲོས་ཚོགས་ནང་འབྱོར་ཐོ་བཀོད་ཐུབ་ཙམ་ལས་ཁ་གྲག་མྱོང་མེད། དེ་བྱིངས་ནི་ཆོས་ཁ་ཆོས་ལུགས་ཀྱི་ཞེན་ཁོག་གི་བཟི་ནས་ཡོད། སྤྱི་འཐུས་རྣམ་པ་ནི་ཁྲིམས་བཟོ་མཁན་ཡིན་སྟབས་ཁྲིམས་སྒྲིག་སྲུང་སྐྱོབ་བྱ་རྒྱུ་ནི་ལས་དོན་ནང་ནས་གལ་ཆེ་ཤོས་དེ་ཡིན། དེ་འདྲ་གནང་མ་ཐུབ་ན་ལས་འགན་མ་གྲུབ་པ་ཡིན། སྲིད་སྐྱོང་མཆོག་གི་ལས་དོན་གནང་ཕྱོགས་ལ་སྐྱོན་བརྗོད་གནང་བ་ཙམ་གྱི་རྒྱ་དམར་ཕོགས་ཟན་ཡིན་པ་དང་ཕྱོགས་ཞེན་གྱི་སྐད་ཆ་ཡིན་པ་མི་ཁྱབ། སྐྱོན་བརྗོད་བྱ་མཁན་ནས་གནས་ལུགས་རྒྱུ་མཚན་ག་འདྲ་བཤད་ནས་བྱེད་ཀྱི་འདུག་པ་དེར་ཞིབ་ལྟ་བྱ་ན་ཤེས་ངེས་ཡིན། མང་གཙོ་ནང་ཁྲིམས་ཀྱི་དབང་བསྒྱུར་ལས་གང་ཟག་གི་དབང་བསྒྱུར་འགྲོ་ཐབས་མེད་པས་ཚང་མས་ཁྲིམས་སྒྲིག་སྲུང་སྐྱོབས་བྱ་གལ་ཆེའོ། དེ་མིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ར་ལང་ཆ་ལང་ཆགས་ཉེན་ཡིན།
རོང་ཕྲུག་སློབ་བཟང་སངས་རྒྱས།། ཁྲིམས་ཐོན་མཁས་པ་ཡིན་ཟེར།། ལག་འཁྱེར་སྟོན་རྒྱུ་མེད་པར།། རྫུན་རྐུབ་དེ་ནས་རྡོལ་སོང་།། གཏམ་བཤད་མཁས་མདོག་བྱས་ནས།། བཙན་བྱོལ་བོད་པ་དབུ་འཐོམ།། འུར་གཏམ་སྟོང་བཤད་དེ་ཡིས།། ལོ་ལྔའི་གྲུབ་འབྲས་ཀླད་ཀོར།། ནོར་འཁྲུལ་ངོས་ལེན་མི་བྱེད།། ལྷ་མི་མགོ་བསྐོར་བཏང་ནས།། རྒྱལ་བའི་ཐུགས་ཕམ་བྱུང་ཡང་།། ད་དུང་དྲ་འབུས་རྒྱབ་བྱེད།། མང་གཙོའི་སྲིད་སྐྱོང་དང་པོ།། ཐོག་མར་བོད་མིས་ཡིད་ཆེས།། ཁྱི་རྒན་ཆུ་བརྐྱལ་བཞིན་དུ།། ཇེ་སྡུག་ཇེ་སྡུག་རེད་བཞག། ད་ནི་ཡིད་ཆེས་མེད་ལ།། ཉམས་མྱོང་པོ་བསགས་སོང་།།ལོ་ལྔའི་ལས་འགན་ཚར་དུས།། ཨ་རི་ཕྱོགས་སུ་ལོག་རྒྱུགས།།
ཤར་ཁུག་གིས་དེ་སྔོན་གྲོས་ཚོགས་ཀྱི་ཕྱི་རོལ་ནས་ངུ་ཟུག་བརྒྱབ་པ་རེད། མང་གཙོ་སོང་ཙང་གང་འདོད་རེད། འོན་ཏེ་ད་ཆ་རང་ཉིད་གྲོས་ཚོགས་སུ་ཡོད་དུས་ཚོགས་མི་གཞན་ནམ་ཚོགས་གཙོ་ཚོགས་གཞོན། ལྷག་པར་དུ་སྲིད་སྐྱོང་གཙོས་པའི་བཀའ་བློན་ཚོར་ཉེས་ཞྭ་འགེབས་ས་འགྲོ་ཡི་མ་རེད། གང་གིས་ཞེ་ན་ད་རེས་ཀྱི་བཀའ་བློན་འདེམས་ནོར་བྱུང་བའི་ལེ་ཁག་གཙོ་བོ་གྲོས་ཚོགས་ཚོགས་མི་ཡོངས་ལ་ཡོད། དཔེར་ན་ཕྲུ་གུ་ཞིག་གིས་ཡིག་རྒྱུགས་སྤྲད་པར་དགེ་རྒན་གྱིས་ཞུ་དག་བྱས། ཕྱིས་བརྒྱ་ཆ་ལོན་པའི་ཚད་དུ་བྱས། ཡོངས་གྲགས་བྱས་ཏེ་འཛིན་རིམ་སྤར། ཡང་གཞན་དག་གིས་བརྩད་ཞིབ་བྱས་ཏེ་བརྒྱ་ཆ་ལོན་མེད་པ་རྟོགས་ཏེ། སློབ་ཕྲུག་དེར་དགོངས་དག་ཞུ་རུ་བཅུག འཛིན་གྲྭ་རང་འཇགས་མར་ཕབ་པ་སོགས་བྱས་ན། དགེ་རྒན་དེའི་སྤུས་ཚད་གང་དུ་སླེབས་སམ། སློབ་ཕྲུག་ལ་ཉེས་པ་ཡོད་ཀྱང་དགེ་རྒན་གྱི་རྩེད་ཆས་མ་རེད། དེ་བས་ད་རེས་ཀྱིས་འོས་མི་འཁྱེར་མི་སྲིད་སྐྱོང་དང་། བཀའ་བློན་དུ་བཞེངས་མི་གཉིས་ཀས་སྤྱི་དགུ་གྱ་གཅིག་ལོར་སྐྱེས་པའི་སྐྱེས་ལོ་གཞིར་བཞག་ཏེ་བསླངས་ལངས་གཉིས་བྱས་པར། ཞིབ་འཇུག་དང་འོས་མིན་གྱི་ཐག་གཅོད་དང་འགན་དབང་ཚོགས་མི་ཚོར་ཡོད་བཞིན་དུ། དེ་བེད་མ་སྤྱད་པར་རང་གི་ཧོལ་ལོག་གཞན་ལ་འགེལ་བ་ནི་བཟང་སྤྱོད་དང་ཡོངས་སུ་འགལ་བས། གཞན་ལ་ལྟ་བའི་མིག་ཡོད་ཀྱང་། །རང་ཉིད་ལྟ་ན་མེ་ལོང་དགོས། །ཞེས་པའི་ལེགས་བཤད་དེར་མནོ་བསམ་ཞིག་གཏོང་རན་འདུག འདི་ཤར་ཁུག་དང་ཁོའི་རྗེས་འབྲངས་པ་ཐུན་མོང་ལ་སྨྲས་པ་ཡིན། མ་གཞི་ནས་སྲིད་སྐྱོང་ལ་དོ་བསམ་པ་དང་དམའ་འབེབས་པར་བསམ་པ་ནི། གྲོག་མས་གླང་པོ་ཆེར་འཐབ་འདོད་ཀྱི་རྨི་ལམ་ཙམ་རེད། ཤར་ཁུག་སྙིང་རྗེ་ཨང་།
ད་བཤད་མ་བཤད་ཡོད་པ་མ་རེད་བཅའ་ཁྲིམས་ནང་རང་ལོ་35 ཧྲིལ་པོ་ལོན་པ་གསལ་བ་ལས་ཟླ་བ་དང་ཉི་མ་ཆུ་ཚོད་སོགས་རྩིས་དགོས་པ་གསལ་མི་འདུག་ན་ ཕྱི་ལོ་1981 ནས་འདི་ལོ་2016 བར་རྩིས་
ན་ལོ་35 མིན་ན་གང་རེད་བཀའ་བློན་ཆགས་པ་ལ་སྤྱི་འཐུས་ནས་དག་མཆན་དགོས་ཀྱི་ཡོད་ན་ནོར་ཡོད་ན་སྤྱི་འཐུས་ནས་ནོར་བ་རེད་ དེ་ལ་འབྲེལ་བཤད་རྒྱག་ས་ཡོད་པ་མ་རེད་ལ་འབྲེལ་བཤད་ཇི་ཙམ་རྒྱབ་ཀྱང་ཟུག་གི་མ་རེད་
གྲོས་ཚོགས་ནང་ཤར་ཁུགས་དང། བཀའ་ཟུར་ཐུབ་བསྟན་ལུང་རིགས་ལགས། ཟླ་བ་ཕུན་སྐྱིད་ལགས། སྒྲོལ་མ་ཚེ་རིང་ལགས་སོགས་མེད་ན་སྲིད་སྐྱོང་བློ་སེང་ལགས་ནས་རང་སྣང་གང་དྲན་གནང་རྒྱུ་ཡིན་པ་ངེས། སྤྱི་འཐུས་འགའ་རེ་ནི་གྲོས་ཚོགས་ནང་འབྱོར་ཐོ་བཀོད་ཐུབ་ཙམ་ལས་ཁ་གྲག་མྱོང་མེད། དེ་བྱིངས་ནི་ཆོས་ཁ་ཆོས་ལུགས་ཀྱི་ཞེན་ཁོག་གི་བཟི་ནས་ཡོད། སྤྱི་འཐུས་རྣམ་པ་ནི་ཁྲིམས་བཟོ་མཁན་ཡིན་སྟབས་ཁྲིམས་སྒྲིག་སྲུང་སྐྱོབ་བྱ་རྒྱུ་ནི་ལས་དོན་ནང་ནས་གལ་ཆེ་ཤོས་དེ་ཡིན། དེ་འདྲ་གནང་མ་ཐུབ་ན་ལས་འགན་མ་གྲུབ་པ་ཡིན། སྲིད་སྐྱོང་མཆོག་གི་ལས་དོན་གནང་ཕྱོགས་ལ་སྐྱོན་བརྗོད་གནང་བ་ཙམ་གྱི་རྒྱ་དམར་ཕོགས་ཟན་ཡིན་པ་དང་ཕྱོགས་ཞེན་གྱི་སྐད་ཆ་ཡིན་པ་མི་ཁྱབ། སྐྱོན་བརྗོད་བྱ་མཁན་ནས་གནས་ལུགས་རྒྱུ་མཚན་ག་འདྲ་བཤད་ནས་བྱེད་ཀྱི་འདུག་པ་དེར་ཞིབ་ལྟ་བྱ་ན་ཤེས་ངེས་ཡིན། མང་གཙོ་ནང་ཁྲིམས་ཀྱི་དབང་བསྒྱུར་ལས། གང་ཟག་གི་དབང་བསྒྱུར་འགྲོ་ཐབས་མེད་པས་ཚང་མས་ཁྲིམས་སྒྲིག་སྲུང་སྐྱོབས་བྱ་གལ་ཆེ། དེ་མིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ར་ལང་ཆ་ལང་ཆགས་ཉེན་ཡོད་དོ།།
སྤེན་པ་ཚེ་རིང་གི་ཕྱོགས་གཏོགས་ཚོས་མི་བཤད་དགུ་བཤད་བྱས་སོང་། ད་ཡིན་ན་ལྟད་མོ་ཆེན་པོ་འདུག སྐུ་ངོ་སྲིད་སྐྱོང་གི་དབང་འོག་ནས་ཨ་རིའི་དོན་ཁང་དང་ལྡི་ལི་དོན་ཁང་ཡང་ཤོར་སོང་པ་རེད། ད་འབག་སྐུ་རང་གི་སྒང་ནས་བཞུགས་ཡ་ལས་ལྷག་མི་འདུག འདི་ནི་མང་གཙོ་ངོ་མ་ཞིག་ཡིན་མིན་དང་སུ་ཞིག་གིས་བཟོས་མིན་ལ་དཔྱད་དགོས་ཐུག་ཡོད།
ཤར་ཁུག་ལགས་ནས་་གྲོས་ཚོགས་ནང་དུ་ཆོལ་ཞེན་གྱིས་བཟི་བའི་རུལ་སྲུང་བ་དང་ཤེས་འཇོན་མེད་པའི་དམངས་ལ་མགོ་སྒོར་གཏོང་མཁན་གྱི་རིགས་དེ་དག་ཐེར་འདོན་བྱེད་རྒྱུའི་རེ་བ་ཡོད།
བོད་པའི་གྲོས་ཚོགས་དེ་ལ་རང་དབང་ཅན་གྱི་རྒྱལ་ཁབ་ནང་ཡོད་པའི་ཕྱོགས་འགལ་ཚོགས་པའི་ལས་འགན་ཡང་ཡོད་པས་སྤྱི་འཐུས་ཚང་མས་ཐུགས་འགན་བཞེས་དགོས། མང་གཙོའི་སྲོལ་ལུགས་ནང་བཏང་འཛིན་དང་ཆ་སྙོམ་གི་འགྲོ་སྟངས་ཤིག་ཡོད། དེས་མང་གཙོའི་ཀ་བ་གསུམ་གང་རུང་ཞིག་གི་དབང་ཆ་ཚད་ལས་བརྒལ་སྐབས་བཏང་འཛིན་བགྱི་ཐུབ་པའི་ཆ་རྐྱེན་ཞིག་ཡིན། (དབྱིན་སྐད་ནང་ – With checks and balances, each of the three branches of government can limit the powers of the others. This way, no one branch becomes too powerful. Each branch “checks” the power of the other branches to make sure that the power is balanced between them.)
དེ་འདྲ་ཡིན་སྟབས། ཁྲིམས་ཁང་དང་འཛིན་སྐྱོང་གི་དབང་ཚད་རྣམས་གྲོས་ཚོགས་ནས་ཆ་སྙོམ་བཏང་འཛིན་གྱིས་མི་མང་གི་མངོན་འདོད་ལྟར་ཕྱག་ལས་གནང་མིན་ལ་དཔྱད་དགོས། དེ་མིན་སྤྱི་འཐུས་རྣམས་དེ་གཉིས་ཀྱི་རྗེས་ལ་རང་ལ་ཁེ་ཕན་ཆུང་ངུ་ཞིག་ལ་བལྟས་ཏེ་འབྲང་བ་ཡིན་ན་ལས་འགན་མ་འགྲུབ་པ་ཡིན་ལ་གོ་ཡང་མ་ཆོད་པའི་སྤྱི་མི་ཐེབས་ཆག་ཅིག་འགྱུར་རྒྱུ་ཡིན་པ་གདོན་མི་ཟ།
དེ་ཡང་གྲོས་ཚོགས་ཀྱི་ཚོགས་མི་རྣམས་མི་མང་ནས་ཐད་ཀར་འདེམས་ཐོན་བྱེད་པ་དེས་གྲོས་ཚོགས་ལ་ལས་འགན་ཤུགས་ཆེ་བ་ཡོད་པ་ཤེས་དགོས། གྲོས་ཚོགས་ཀྱི་ར་བའི་ནང་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་གནང་ནས་བཞུགས་པ་ཡིན་ན། ༸རྒྱལ་བ་དོན་གྱི་བདག་པོ་དང་ཆོས་སྐྱོང་སྲུང་མ་རྣམས་དང་ལྷག་པར་རང་རེའི་སྙིང་ཉེ་གཞིས་ལུས་སུ་གྱུར་པའི་བོད་མི་རྣམས་ཐུགས་སེམས་མི་བདེ་བ་ཡོང་རྒྱུ་ཡིན། འོན་ཀྱང་དེ་ལྟར་བྱས་པའི་བཀའ་ཆད་དུ་སྤྱི་འཐུས་སམ་བཀའ་བློན་ནམ་ཁྲིམས་དཔོན་ཆེ་གེ་མོ་སུའང་དུས་ཚོད་མ་སླེབས་པའི་སྔོན་དུ་ཨ་ཞང་ཆོས་རྒྱལ་གྱི་ཞལ་མཇལ་འགྲོ་དགོས་ཆགས་སྲིད་པས་ད་ལྟ་ནས་བསམ་མནོ་ཐོངས།
ཕྱག་ལས་གང་གནང་ཡང་རང་ཉིད་ཀྱི་ལྷག་བསམ་ལ་སྐྱོན་མེད་པ་དགོས་ཤིང་ཕྱི་ཡི་མཐོང་སྣང་ལའང་སྐྱོན་མེད་པ་ཞིག་སྣང་དགོས། དེ་མིན་ཁ་ལ་བོད་དང་བོད་མིར་ལྷག་བསམ་ཡོད་ཁུལ་ཙམ་གྱི་མི་ཕན་ནོ།།
བཀུར་འོས་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ཀྱི་བཀའ་མོལ་ལ་རྒྱབ་སྐྱོར་ཡོད། གང་ལགས་ཞེ་ན། ཁོང་གིས་དྲང་པོ་གསུངས་པས་ཡིན།
༅༅། གཞུང་པ་ཚེ་བསོད་ལགས།
རང་ལོ་ ༣༥ ཧྲིལ་པོ་ལོན་པ་ཞེས་པ་ ལོ་ཆ་ཚང་ ༣༥ ཟིན་ནས་་ལོ་ ༣༦ མགོ་ཚུགས་པ་ལ་གོ་དགོས།་པ་ལས་
རང་ལོ་ ༣༥ ནང་བསླེབས་པ་ལ་མི་ཟེར་བ་མ་ཚད་བོད་ལོ་དང་སྨན་རྩིས་ཁང་གི་ཟླ་ཐོ་ལའང་ཆ་འཛིན་ན་མི་འགྲིགས། འཛམ་གླིང་སྤྱི་ཡོངས་ཀྱི་ལོ་ International calendar ཆ་འཛིན་དགོས་པ་འདི་རེད།
སྲིད་སྤྱི་ཁྲིམས་ཞིབ་དོ་བདག་ཟླ་སྒྲོན་བཅས་པ་ཕྱོགས་བཞི་ནས་ཧོར་རྒྱུགས་ཆེ་དྲག་ནས་བཅའ་ཁྲིམས་ཀྱི་དགོངས་དོན་ལས་འགལ་འཛོལ་བྱུང་བ་རེད། ད་དུང་བཅའ་ཁྲིམས་ནང་ཞིབ་ཏུ་ལྟོས་དང་ཟླ་སྒྲོན་སླར་
བཀའ་བློན་དུ་བསྐོ་རྒྱུའི་གོ་སྐབས་བརླགས་པ་འདྲ་བོ་འདུག་
ལས་ཀ་སྔོན་དུ་བྱས། ཁྲིམས་སྒྲིག་རྗེས་ལ་ལྟས་པར་བརྟེན་ཟླ་སྒྲོན་ལ་རྩེད་མོ་རྩེས་པ་འདྲ་བོ་བྱུང་པ་རེད
མདོར་བསྡུ་ན་ཁྲིམས་འགལ་རེད། ཁྲིམས་ལས་འགལ་ན་ དགོངས་སེལ་ཞུ་རྒྱུའི་གནས་སྟངས་བསྡད་མེད།
ཁྲིམས་འགལ་བ་ཚང་མར་ཉེས་པ་གྲུབ་དགོས་པ་རེད།
གསར་འགོད་པར་ལེགས་གསོལ་འབུལ་དགོས་པ་རེད། གསར་འགོད་པ་མེད་ན་བཅའ་ཁྲིམས་ལས་འགལ་བའི་སྐོར་བཤད་མཁན་ཡོད་པ་མ་རེད།
ཤར་ཁུག་ལགས། ཡིག་ནོར་ལ་གཟོབས། རྩོམ་འབྲི་དུས་ཉོག་མ་དཀྲུགས། ཨོ་རེད་་་་ ཁྲིམས་ནང་མ་གསལ་བས་དེ་དང་འགལ་འདུག་ལབ་ན་ཅི་རེད། ངོ་མས་ཁྱོས་ཐུགས་བསམ་བཞེངས་གི་མེད་པ་འདྲ། དེས་ན་ཚོགས་གཙོ་གཉིས་བསྐོས་པ་སོགས་ཁྲིམས་འགལ་མང་པ། དེ་ཚོ་ཁྲིམས་འགལ་གྱི་གནད་དོན་ཞིག་མ་རེད། བཅའ་ཁྲིམས་འཐུས་ཚང་མིན་པའི་སྐྱོན་རེད་ཡ། ད་ཉོབ་སོང་།
བཅའ་ཁྲིམས་ནང་རང་ལོ་35 ཧྲིལ་པོ་ལོན་ཡོད་མེད་ཟླ་བ་དང་ཉི་མ་ཆུ་ཚོད་སྐར་ཆ་སོགས་རྩིས་དགོས་པ་གང་ཡང་མ་གསལ་བར་རང་ལོ་ཧྲིལ་པོ་35ལོན་པ་འཁོད་ཡོད་ན་ཕྱི་ལོ་1981 ནསའདི་
ལོ་2016 བརལོ35 མིན་ན་ གང་རེད་བོད་མི་རིགས་ལ་མཐུ་མོང་མ་ཡིན་པའི་རིག་གཞུང་བཟང་པོ་ཡོད་བཞིན་དུ་ཕྱི་ལུགས་ཟླ་མཐོ་ལ་ང་ཚོའི་ཆ་འཛིན་བྱེད་དགོས་པ་མཐོང་མ་སོང་ན་ རང་རེ་བོད་མིའི་རིག་གཞུང་སྲུང་སྐྱོབས་ཆེད་ཆོས་རིག་ལྷན་ཁང་བཙུགས་ཡོད་ན་ལོ་རྩིས་དང་འབྲེལ་བའི་ཆ་ནས་སྨན་རྩིས་ཁང་གི་ལོ་ཐོ་ལ་ཆ་བཞག་དགོས་པ་དེ་བཅའ་ཁྲིམས་ནང་ཟླ་བ་ཉི་མ་ཆུ་ཚོད་སྐར་ཆ་སོགས་རྩི་དགོས་པ་གསལ་ཁ་མེད་སྟབས་ བོད་མི་རང་གི་རིག་གཞུང་ལ་མཐོང་སྤྲད་ནས་འགྲོ་ཐུབ་ན་རིག་གཞུང་སྲུང་སྐྱོབས་ལ་མིང་དོན་གཉིས་ཀྱི་ཆ་ཁུང་ཐུབ་པ་ཡོང་བ་ངོས་འཛིན་ཞུ་གི་ཡོད་།
གང་ལྟར་མི་་རྗེ་བློ་བཟང་སེང་གེ་མཆོག་ནི་ང་ཚོ་བོད་མི་འདས་གསོན་ཡོངས་ཀྱི་རེ་བ་བཅོལ་ས་ཉག་གཅིགོ། རྒྱ་དམར་དང་དེའི་རྒྱུག་ཁྱི་ཚོའི་ཕྲག་དོགས་གི་རླུང་དམར་འཚུབས་པ་ནི་ཆོས་ཉིད་རེད་།ཡིན་ནའང་ང་ཚོ་བོད་མི་རིགས་འདི་དགྲ་དང་གཉེན་ཕྱི་དང་་ནང་འཕྲལ་དང་ཕུག་ཧ་གོ་བའི་མི་རིགས་ལོ་རྒྱུན་ལྡན་པ་གཅིག་རེད་།
བཙན་བྱོལ་གཅིག་ལས་དབུ་རང་གཉིས །
སྲིད་སྐྱོང་གཅིག་ལས་རང་མིང་གཉིས །
གྲོས་ཚོཊ་གཅིག་ལས་ཚོཊ་གཙོ་གཉིས །
ཟླ་སྒྲོན་གཅིག་ལས་དམ་བཅའ་གཉིས །།
མཆོག་གསུམ་མདུན་དུ་དམ་ཉམས་ཡིན །
ཆོལ་གསུམ་མི་དམངས་དབུ་སྐོར་ཡིན །
ཀ་བ་གསུམ་གྱིས་མཛད་གཙོ་གང །
ཉིན་གསུམ་ཁུག་རྟས་སྟན་བཤིག་སོང །།
ཤར་ཕྱོགས་ཁུག་རྟས་བཀའ་བློན་གྱི་བསམ་བློའི་འཁྱེར་སོ་གཞུང་གི་ལང་ཕྱོགས་དང་མཐུན་མིན་ཐད་དོགས་སློང་བྱས་པ་དེ་ཡག་པོ་བྱུང་སོང་། ང་ནི་མཆན་ཨང་ ༢༤ འབྲི་མཁན་བཀྲ་ཤིས་དེ་མིན་ནོ།
གང་ལྟར་བློ་བཟང་སེང་གེ་དང་ཤར་ཕྱོགས་ཁུག་རྟ་སོགས་ཁ་ཤས་ཤིག་གིས་གྲོས་ཚོགས་ར་བ་འདི་ཆང་ཁང་ཞིག་གི་ཚད་དུ་བཞག་འདུག
ལོ་སྐོར་ཟླ་བ་བཅུ་གཉིས་ཙམ་ཡང་རྩིས་མི་ཤེས་པའི་བཀའ་ཤག་དང་སྤྱི་འཐུས་འདི་ཚོས་ད་ལོའང་བསྐྱར་དུ་བཙན་བྱོལ་སྒྲིག་འཛུགས་ཧ་ཡང་གང་བོ་དཀྲུག་དཀྲུག་ཡིད་ཚིམས་པ་ཞིག་གཏོང་འདོད་ཨེ་ཡིན་སྙམ་པའི་བློ་འཚབ་བྱུང་།
http://tibettimes.net/བསམ་ཡས་གླིང་ནས་བོད་པའི/
རྒྱ་དམར་ཕ་བསད་མ་བསད་པང་དུ་བསླངས་། དགྲ་བོའི་དར་འཕྱར་།
བོད་རིགས་ནང་ཁུལ་ནད་མ་འཁྱགས་པར་གྲི་རྒྱབ་སྟེ་བསད་། ང་ཚོའི་མི་རིགས་དེར་སྤུས་ཚད་འདུག་། ཞབས་འདྲེན་རེད་།
མགོ་སྲིད་སྐྱོང་གཟི་བརྗི་ཁོག་སྟོང་། བར་བཀའ་བློན་སྤྲེལ་ཅན་། འོག་མང་ཚོགས་རྣ་བ་འོན་པ་། ལྟ་བཟོ་ག་རེ་འདུག་། དཀོན་མཆོག་མཁྱེན་ནོ། ཐུགས་རྗེ་གཟིགས་།
ཤར་ཁུག་ལག་གྱིས་མཐའ་བསྡོམ་གྱི་སྐད་ཆ་དེ་འདི་རེད་འདུག་ བཅའ་ཁྲིམས་རིན་པོ་ཆེ་དོན་ཚན་ཉེར་དགུ་པའི། ནང་གསེས་གཉིས་པའི་ཀ་བ། ༼སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་ན་སྲིད་སྐྱོང་དང།་ བཀའ་བློན་བྱེ་བྲག་པ། བཀའ་ཤག་ཡོངས་རྫོགས་འཕོ་འགྱུར་གཏོང་འཐུས།༽ཞེས་པ་ལག་བསྟར་ལས་ལམ་ཁ་གཞན་མེད་པ་གསལ་བོ་རེད། ༽ གང་ལྟར་སྲིད་བསྐྱོང་དེ་འཕོ་འགྱུར་གཏོང་དགོས་ཟེ་ལེ་རེད ། ངས་ནི་མོས་མཐུན་མེད་དོ །
མོ་ལ་ལོ་སོ་ལྔ་ལོན་ཡོད་མེད་དམ་ཆོས་འདུལ་བ་གནང་གཟིགས་དང་གསལ་པོ་རེད།
དགེ་སློང་སྒྲུབ་པ་ལ་ལོ་ཉི་ཤུ་ལོན་དགོས་པ་རེད། ངལ་དང་ཤོལ་རྩི་ན་འགྲིག་གི་རེད། མོ་མའི་མངལ་དུ་ཟླ་ དགུ་ཙམ་འདུག་ཡོད་ཀྱི་རེད། དེས་ན་ནང་ཆོས་གནང་བཞིན་བྱེད་ན་མོ་ལ་ལོ་སོ་ལྔ་ཧྲིལ་ལོན་ཡོད་པ་རེད་དོ། །
མོ་ལ་ལོ་ ༣༤ དང་ཟླ་དགུ་ནི་ཚང་འདུག ལོ་ ༣༤ ནང ཤོལ་ཟླ་ ༡༠ མ་མཐའ ཡོད་པ་རེད། མའི་མངལ་དུ་ཟླ་བ་ ༩ སྡད་པ་རེད། ད་ག་ཚོད་འགྲོ་སོང། ཆོས་ཁས་མ་ལེན་ན་གནས་ཚུལ་ཁ་ཁ་རེད། །
བོད་ལུགས་ཟེར་ན་འདྲ། ནང་པ་སངས་རྒྱས་པའི་ལུགས་ལ་བྱས་ན་འདྲ། གང་ལྟར་མོ་རང་སྐྱེ་ནས་ཉི་མ་ 12600 ཆུ་ཚོད 302400 ལོན་ཡོད་ན་འགྲིག་པ་རེད། དེ་སྒང་ནང་ཆོས་འདུལ་བ་ནང་བཞིན་བྱེད་ན་མངལ་གྱི་གནས་སྐབས་ཟླ་བ་དགུ་ཡང་བརྩི་ན་འགྲིག་གི་རེད། འདི་རྣམས་ལ་ཁྱེད་ཚོར་ཁུངས་དགོས་ན་འདུལ་བ་ཤེས་མཁན་གྱི་དགེ་བཤེས་ཞིག་ལ་དྲིས་དང་གསལ་པོ་རེད།
30*12*35=12600
12600*24=302400
302400*60=18144000
ཤར་ཁུག་གི་རང་མདོགས་ངན་པ་དེ་གྲོས་སུ་ཐོན་སོང་། ཆོལ་ཁའི་ཕྱོགས་ཞེན་དང་སྲིད་སྐྱོང་ལ་གཞི་མེད་སྐྱོན་བརྗོད་བཅས་གླེང་སོང་ཡང་མི་དབང་སྲིད་སྐྱོང་གིས་སྐབས་དེ་གར་རང་ནས་གསུང་ལན་ཚ་པོ་ཚ་པོས་ཤར་ཁུག་གི་གློ་སྙིང་ཕྱིར་སྟོན་སོང་། སླད་མ་ཡང་འདི་བཞིན་ཡོང་རྒྱུ་ཡིན་པ་ནི་གཏན་འཁེལ་བ་རེད། ཨ་མདོ་རྒྱ་ཁུག་ལ་ཁ་ཁོག་ཇི་ཡོད་གྲོས་ཚོགས་སུ་མཐོང་ཡོང་གི་འདུག་གོ། ཤར་ཁུག་ནི་མི་རིང་བར་གྲོས་ཚོགས་སུ་ཨ་མདོའི་འཐུས་མི་བསྟན་འཛིན་མགོན་པོ་གཉིས་པ་འགྱུར་རྒྱུ་རེད།
འདུལ་བ་ཏ༽ ༢༤༦
དགེ་སློང་མ་ལོ་ཉི་ཤུ་མ་ལོན་པར་གྱུར་པ་ལོ་ཉི་ཤུ་ལོན་པའི་འདུ་ཤེས་ཀྱིས་བསྙེན་པར་རྫོགས་
པ་དང༌། དེའི་གཉེན་དག་ལྷགས་ཏེ། འདི་སྐད་ཅེས་སྨྲས་སོ། །མིང་འདི་ཞེས་བྱ་བ་ཡོད་དམ། དེ་དག་
གིས་འདི་སྐད་ཅེས་སྨྲས་སོ། །དེ་ནི་བསྙེན་པར་རྫོགས་སོ། །དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །དེ་
ནི་ལོ་ཉི་ཤུ་མ་ལོན་ནོ། །ཞེས་དེ་སྐད་སྨྲས་པ་ན། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། དེའི་ཤོལ་
གྱི་ཟླ་བ་དང༌། མངལ་གྱི་ཟླ་བ་ཡང་བརྩི་བར་བྱའོ། །གལ་ཏེ་ཚང་ན་དེ་ལྟ་ན་ལེགས། །དེ་སྟེ་མ་ཚང་
ན་ས་སྤོ་བར་བྱ་བའམ། སླར་ཡང་བསྙེན་པར་རྫོགས་པར་བྱའོ། །
འཛིན་སྐྱོང་བཀའ་ཤག་གི་ལས་དོན་ལ་དག་ཐེར་ཡོ་བསྲང་བྱ་རྒྱུ་དེ་མི་དམངས་ཀྱིས་འོས་བླུགས་ནས་འདེམས་ཐོན་བྱུང་བའི་སྤྱི་འཐུས་ཚོའི་ལས་འགན་ཡིན། དེ་མིན་དྲ་འབུ་ཚོས་ལུང་ཚན་གྱི་ནད་རྙིང་བཅངས་ནས་སྲིད་སྐྱོང་གཙོས་པའི་རང་ཉིད་དགའ་སའི་མི་དེའི་སྐྱོན་ཆ་ཡོན་ཏན་དུ་མཐོང་བ་ནི་མིག་ལྡན་གཡང་མཆོངས་རང་རེད།
ད་ལམ་གྲོས་ཚོགས་སུ་བཀའ་བློན་འདེམས་སྐབས་སུ་བཀའ་བློན་འོས་གཞི་དོ་བདག་དང་སྲིད་སྐྱོང་། དེ་བཞིན་སྤྱི་འཐུས་ཚང་མས་བཀའ་བློན་གྱི་འོས་ཆོས་ལ་དོ་གལ་དང་སྣང་འཇོག་གཏོང་གི་མི་འདུག། ལྷག་པར་དུ་སྲིད་སྐྱོང་དང་ཕྱོགས་འགལ་བ་འཐུས་མི་དེ་ཚོས་སྲིད་སྐྱིང་སྒེར་ལ་འཁོན་སེམས་ཀྱི་སྐྱོན་བརྗོད་ལས་འོས་གཞི་སོ་སོར་སྣང་དག་བྱུང་སོང་། ཤོག་རེས་དང་ཆགས་སྡང་གིས་གྲོས་ཚོགས་སུ་སྐད་ཆ་བཤད་མཁན་སྤྱི་འཐུས་བཞི་མདུན་མཆོངས་རྒྱབ་སོང་ལ། སྤྱི་འཐུས་ཐུབ་བསྟན་ལུང་རིག་དང་ཤར་ཕྱོགས་ཁུག་རྟ་གཉིས་ལ་ཁྲིམས་སྒྲིག་དང་བོད་ཀྱི་འཛིན་སྐྱོང་ས་ཁུལ་ལྗོངས་དང་ཁུལ། རྫོང་བཅས་སུ་མི་གྲངས་སོགས་ཀྱི་སྐོར་སྲིད་སྐྱོང་གིས་ལན་དེས་ཁོང་གཉིས་ངོ་ཚ་པོ་བཟོས་སོང་།
སློབ་བཟང་སངས་རྒྱས་ཀྱིས་ལོ་ངོ་ཉི་ཤུར་རྒྱ་གར་དང་ཨ་རིའི་ཁྲིམས་སྦྱངས་ནས་འབུམ་རམས་པའི་ལག་འཁྱེར་བླངས་ཡོད་ཅེས་རྫིག་མདོག་ཁ་བོས་གསུངས་སོང་མོད། འོ་ན་ཅིའི་ཕྱིར་བོད་མིའི་མང་གཙོའི་བཅའ་ཁྲིམས་ནང་གི་བཀའ་བློན་གྱི་འོས་ཆོས་རྡོག་མ་དགུ་བོ་མ་མཁྱེན་པ་རེད། འདི་ལ་ལན་གཉིས་མ་གཏོགས་མེད་དེ། གཅིག བོད་གཞུང་གི་བཅའ་ཁྲིམས་མ་ཤེས་པ། གཉིས། བཅའ་ཁྲིམས་ཤེས་བཞིན་དུ་བརྩིས་མེད་ཀྱིས་གཞུང་དམངས་གཉིས་ལ་དབུ་སྐོར་ཞུས་པ། དེ་མིན་ཡར་མར་ག་ཚོད་ལབ་ཀྱང་བདེན་པ་ལ་གཡོལ་བ་ཙམ་ལས་དྲིས་ལན་ཡང་དག་གཞན་ཞིག་གུད་དུ་མེད་དོ། གཅིག་བྱས་ན་ད་ལོའི་༧གོང་ས་མཆོག་གིས་གཟི་བརྗིད་ཁོག་སྟོང་གསུངས་པ་དེ་ཡང་འབུམ་རམས་པའི་ལག་འཁྱེར་ཀྱི་ཤོག་ལྷེ་དེར་གསུངས་པ་མིན་འགྲོ།
ུཤར་ཁུག་ལགས།
བཀའ་བློན་འོས་ཆོས་མ་ཚང་ན་ཕྱིར་འཐེན་མི་བྱེད་པར། ཁྲིམས་དང་འགལ་བཞིན་རང་འཇག་བཞག་དགོས་རེད་དམ། ཕྱིར་འཐེན་བྱེད་སྟངས་ཀྱི་ཁྲིམས་ཤིག་ཡོད་སྲིད་ལ། གལ་ཏེ་མེད་ཀྱང་འོས་ཆོས་མ་ཚང་ན་བཀའ་བློན་བྱ་རྒྱུ་མེད་པ་ངེས་པ་རེད་མ་གཏོགས། དེ་མིན་འོས་ཆོས་མི་ཚངབ་ཤེས་ཚར་ཡང་ད་དུང་བཀའ་བློན་དུ་རང་འཇག་བཞག་ན་ཁྲིམས་འགལ་ཡིན་པས། དེ་ནི་རྒྱུ་མཚན་དང་རིགས་པ་གང་ལ་ལྟོས་ཀྱང་བཞག་མི་ཆོག་པ་ཤེས་གསལ་རེད།
ཁྱེད་ལ་རིགས་པ་དེ་ཙམ་ཡང་མེད་ན་སྤྱི་འཐུས་ཕ་གི་སྤང་ཁ་རེད་ད་་་་
སློབ་བཟང་སངས་རྒྱས་ལ་ཁོང་རང་ལས་འཇོན་ཐང་ཆེ་བ་དང་ཤེས་ཚད་ཡག་ག་ཞིག་བཟོད་བསྲན་ཐུབ་ཀྱི་མ་རེད་ཅེས་པའི་མཐོང་ཚུལ་ཞིག་འདུག་། མཐོང་ཚུལ་དེ་གང་འཚམ་བདེན་པར་ལྟ་བུ་ཡོང་གི་འདུག་།
ང་ཚོའི་སྤྱི་ཚོགས་ནང་མི་འཇོན་ཐང་ཅན་དེ་འདྲ་མེད་པ་མ་རེད་ མི་རྫོགས་ཡོད་པ་མ་རེད་། སློབ་བཟང་སངས་རྒྱས་དང་ཁོ་པའི་བློ་སྲོག་པད་མ་ཆོས་སྦྱོར་ལྟ་བུས་རྟ་ལམ་བོང་བུས་བཀག་པ་དེ་རེད་། སློབ་བཟང་སངས་རྒྱས་ཀྱིས་གལ་ཏེ་བཀའ་བློན་གསར་པ་ཞིག་མ་བསྐོ་པར་ཟླ་སྒྲོན་ཤར་གླིང་ཟླ་དགུ་བཞག་དགུ་ཟིན་རྒྱུར་འགུག་ནས་བསྡད་པ་ཡིན་ན་བོད་མི་ས་ཡ་དྲུག་ལ་མཐོང་ཆུང་བྱས་པ་ཞིག་ལས་གཞན་ངོས་འཛིན་བྱ་ཐབས་གང་ཡང་མེད་།
གཅིག་བྱས་ན་མི་འཇོན་ཐང་ཅན་ཚོས་སློབ་བཟང་སངས་རྒྱས་ཀྱི་མཉམ་དུ་ལས་ཀ་བྱེད་པ་ཡིན་ན་མི་ཚེ་ལས་གཏམ་ཚེ་རིང་བའི་དཔེ་ལྟར་སོ་སོར་མིང་ཆད་ཆགས་སྲིད་པའི་ཉེན་ཁ་མཐོང་གི་ཡོད་མ་སྲིད་པ་མ་རེད་སྙམ་།
མི་རྩ་བ་ནས་རག་གི་མེད་པ་ཡིན་ན་གཞུང་པ་དང་ཀརྡོ་གཉེར་ཕྱག་སོགས་ལ་རེ་བ་བརྒྱབ་ན་ཕྲན་བུ་རེ་བ་ཡོང་སྲིད་།
མདོ་སྨད་འོས་ཁོངས་ཀྱི་སྤྱི་འཐུས་གསར་པ་ཤར་ཕྱོགས་ཁུག་རྟ་ལགས།
ཁྱེད་རང་ད་ལྟ་བོད་མི་མང་གི་ངོ་ཚབ་མཚོན་པའི་སྤྱི་མི་ཞིག་ཡིན་པའི་དམ་བཅས་བླངས་པ་དྲན་པར་བྱས་ནས་སྒེར་ནད་སངས་ཆེད་ཆེད་མངགས་སྲིད་སྐྱོང་མཆོག་ལ་རྒྱུ་མཚན་འཐད་ལྡན་མེད་པར་ཨུ་ཚུགས་ཀྱིས་བསྙོན་འཛུགས་བྱས་པ་དེ་མཚམས་འཇོགས་གནང་རན་རེད།
རྒྱུ་མཚན་ནི་ཁྱེད་རང་སྤྱི་མི་ཞིག་ཡིན་པ་ལས་རང་དབང་ཅན་གྱི་མི་མང་དཀྱུས་མ་ཞིག་མིན་པ་ཤེས་པར་བྱོས།
བོད་དང་རྒྱ་ནག་སྐོར་ལ་ཏོག་ཙམ་ཤེས་པ་དེ་ཚོ་དངོས་ལྷག་བསམ་རྣམ་དག་ཅིག་འཁུར་ནས་གྲོས་ཚོགས་སུ་བགྲོ་གླེང་གནང་ན་སྤྱི་འཐུས་རྒྱུས་མེད་དེ་ཚོར་ཐུགས་ཁྱད་ཡོང་ངེས་ལས་འདི་ལྟར་སྨྱོ་གཏམ་སྒྲོག་གིན་འདུག་ན་ཁྱེད་རང་སྙིང་རྗེ་ཨང་སེམས་མཁན་ཧ་ཅང་མང་བས་དེ་ལྟར་ཡིད་གཟབ་ཡིད་འཇོགས་ཡོང་བ་ཞུ།
ཤར་ཕྱོགས་ཁུག་རྟ་ལ་མངོན་པར་བསྟོད་དོ།། ཏི་སི་ཟེར་ཡ་དང་། ཟླ་བ་ཟེར་ཡ། ཁ་བ་རི་བ་ཟེར་ཡ། ཅོ་རི་ཉི་མ་ཟེར་ཡ། འགྱུར་མེད་རྡོ་རྗེ་ཟེར་ཡ་ཚོའི་སྐད་ཆ་བཤད་སྟངས་ལ་བློ་སེང་གིས་ཤར་ཁུག་རྟར་ལན་བསྐྱོན་པ་ནང་བཞིན་(སྙིང་རྗེ)ཟེར་བའི་ཚིག་འདི་ལས་ཅི་འབབ་ཡ་མི་འདུག ཧ་ཧ་ཧ་ཧ་་་་་་་་་
འགྱུར་མེད་རྡོ་རྗེ་ལགས།
རང་རེའི་སྲིད་སྐྱོང་མཆོག་ལ་དངོས་གནས་མཛད་དཀའ་ཧ་ལས་བ་ཞིག་ཡོད་ཡོད་པ་རེད་་་་དེ་དག་སེལ་ཕྱིར་ཁོང་གི་རྒྱབ་བསྐྱོར་བ་དང་དེ་བཞིན་ཕྱོགས་གཏོགས་པ་དགལ་བཀའ་སློབ་ནན་ཏན་གནང་གལ།
དེ་ནས་འོས་བསྡུ་དང་འབྲེལ་བའི་གཏམ་ཉོག་མང་དག་ཡོད་པ་དེར་དམིགས་ནས་བོད་གཞིས་བྱེས་གཉིས་ལ་དགོངས་སེལ།
གོང་གི་དོན་ཚན་དེ་གཉིས་དང་འབྲེལ་བཙན་བྱོལ་བོད་མི་ཁྲིམས་སྒྲིག་ཁག་གཞིར་བཅོལ་ནས་མ་འོངས་ལས་འཆར་ཁ་སེལ་རུང་བ་གང་བྱུང་མཚམས་དུས་ནས་དུས་སུ་གསལ་བཤད་གནང་ན་ད་གཞི་དམངས་སེམས་ལྷོད་ལ་འབབ་ངེས་ཡིན་ལ་ཆོལ་ཆོས་ཞེན་འཛིན་མཚམས་འཇོག་ཡོང་ངེས་སོ།།
ཁྲིམས་བཟོ་བོད་མི་མང་གི་སྐུ་ཚབ་ཚོས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཡག་པོ་གཟིགས་ཐུབ་པའི་རེ་བ་ཡོད་བཅའ་ཁྲིམས་ནང་རང་ལོ་ལས་སྐྱེས་ལོ་འཁོད་མེད་ལ་ལོ་35 ཧྲིལ་པོ་ལོན་པ་ལ་ཟླ་བ་དང་ཉི་མ་ཆུ་ཚོད་དང་སྐར་མ་སོགས་རྩི་དགོས་པ་གསལ་མེད་གལ་སྲིད་ཟླ་བ་དང་ཉི་མ་ཆུ་ཚོད་དང་སྐར་མ་སོགས་རྩི་དགོས་ཀྱི་ཡོད་ ཕྱི་ལོ་1998ལོའི་ཟླ་བ་གསུམ་ཚེས་20སྔོན་ལ་
སྐྱེས་པ་དེ་ཚོ་ཡང་ལོ་18 ཟིན་མེད་ན་ འདི་ལོའི་འོས་བསྡུའི་ལས་རིམ་ཡོངས་རྩི་མེད་བཏང་རྒྱུ་ཡིན་ནམ་ དེ་མིན་རང་ལོ་དང་སྐྱེས་ལོ་གཉིས་པ་ནས་བཅའ་ཁྲིམས་ནང་རང་ལོ་ལས་སྐྱེས་ལོ་གསལ་མེད་ན་བཅའ་ཁྲིམས་ལ་ཐུགས་ཞིབ་གནང་རོགས་ཐུགས་རྗེའི་གཟིགས་།
ཡ་མཚན་ལྟད་མོ་ངོ་ནས་འདུག་མཆན་དང་གྲོས་ཚོགས་གཉིས་ཀར།
སྔོན་མ་དེ་ཙམ་མ་བདེ་བ་མེད་གྲྭ་སྤྱི་ལ།དེང་སང་གི་གྲྭ་བའི་སྤྱི་འཐུས་འདི་ཚོར་ཞེན་པ་གཏིང་ནས་ལོག་སོང་།ཧམ་པ་ནི་བཤད་ངོ་ཚ་ནི་མེད།ཕྱོགས་ཞེན་ནི་ཆེ།
དྲ་གོྲགས་དྲ་འབུ་རྣམ་པ།
རྣ་བ་གཞན་ལ་མ་གཡང་བདག་ལ་ཉོན།།
འདི་ལྟར་བརྩད་ན་དུས་ཚོད་འཕྲོ་བརླག་རེད།།
དོན་དང་མཐུན་ན་བྱིས་པའི་གཏན་ཀྱང་ཉོན།།
དོན་དང་འགལ་ན་མཁས་པའི་གསུང་ཀྱང་དགོག།
བོད་མཁས་པའི་གསུང་ལ་ལན་ཅིག་སོམས།།
ཆོལ་ཞེན་ཆོས་ཞེན་བྱས་ཀྱང་ཐོབ་བྱ་མེད།།
རང་བཟང་རོགས་ངན་བཤད་ནད་ཕན་པ་མེད།།
གཟུར་གནས་ཚིག་ལ་ཉན་ནས་སྤྱི་དོན་རྩོད།།
དྲང་བདེན་གཞི་བཞག་ནས་དཔྱད་པ་བྱོས།།
རྒྱ་དར་མགོ་ལ་འཕྱར་མཁན་ཤར་ཁུག་ལྟ་བུ་ཞིག་གྲོས་ཚོགས་ལ་སླེབས་པ་ནི་མདོ་སྨད་མི་མང་གིས་སྤྱི་དོན་རས་སུ་བོར་བའི་མཚོན་རྟགས་རེད། ཁོས་ལས་རིམ་རྣམ་བཞག་སྟོན་གྱི་ཡོད་ཟེར་ནས་དབུ་རང་བར་གྱི་འགལ་ཟླ་སློངས་ཐབས་བྱས་སོང་། དེ་ལ་ཚོགས་གཙོས་སྟངས་འཛིན་གནང་ཡང་ད་དུང་ཨུ་ཚུགས་ཀྱིས་སྒྲིག་གཞི་རྩིས་མེད་སྟངས་སོང་། འདི་ལྟ་བུ་ཞིག་གིས་མི་གཞན་ལ་ཁྲིམས་སྒྲིག་རྩི་ཡི་མི་འདུག་ཟེར་བའི་ཐོབ་ཐང་ཞིག་གང་ན་ཡོད། ཤར་གླིང་ཟླ་སྒྲོན་ལོ་སོ་ལྔ་ཧྲིལ་པོ་མ་ལོན་པའི་རྐྱེན་གྱིས་ཕྱིར་འཐེན་གནང་བ་དེ་ཁྲིམས་སྒྲིག་དང་མཐུན་གྱི་མེད་ན། ཆ་རྐྱེན་མ་ཚང་བཞིན་དུ་བཀའ་བློན་ལ་མུ་མཐུད་ནས་བཞག་ན་ཁྲིམས་སྒྲིག་དང་མཐུན་གྱི་རེད་དམ། འདི་སྲིད་སྐྱོང་ལ་སྐྱོན་འཛུག་རྒྱུ་མ་རྙེད་པའི་འུར་སྒྲོགས་ཁོ་ན་རེད། གཉིས་ནས་བརྙན་འཕྲིན་བཅད་བཏུབ་བྱས་སོང་ཟེར་བ་ཡང་རྫུན་མ་རེད། ངའི་ངོས་ནས་གྲོས་ཚོགས་ཀྱི་ལས་རིམ་ཆ་ཚང་ལྟས་པ་ཡིན། བརྙན་འཕྲིན་གྱི་བར་བར་ནས་ཆད་སྡད་པ་དེ་འདྲ་ཡོང་གི་འདུག་ཀྱང་དེ་ནི་འཕྲུལ་ཆས་ཀྱི་སྐྱོན་སམ། ཡང་ན་བརྙན་བཟོ་མཁན་གྱི་སྐྱོན་ཞིག་ཡིན་པ་ལས་ཆེད་མངག་བཏུབ་པ་ཞིག་གཏན་ནས་རེད་མི་འདུག དཔེར་ན་སྲིད་སྐྱོང་གི་གསུངས་བཤད་ལ་ཡང་བར་ནས་ཆད་སྡད་པ་དེ་འདྲ་འདུག