བོད་ཀྱི་སྦྲ་ནག་སྐོར་གླེང་བ། Posted on 2016-06-212016-06-21 By ཁ་བརྡ 13 Comments on བོད་ཀྱི་སྦྲ་ནག་སྐོར་གླེང་བ། བཅར་འདྲི།
གུར་ལ་ནག་གུར་། དཀར་གུར་། རས་གུར་། རྩ་གུར་། ཁང་གུར་། ཁམས་གུར་། འབྲོག་གུར་། ཅོག་པུ་། ོསོགས་མིང་ཚིག་མང་ལ་བཟོ་དབྱིབས་མང་།
ཅོག་པུ་ཟེར་བ་དེ་ལ་ཀ་བ་གཅིག་ལས་མི་དགོས་། སྔོན་གྱི་གཏམ་དཔེ་ལ་འདི་ལྟར་འདུག་། ཀ་གཅིག་གུར་ནང་སྐྱིད་པ་ལ་། ཁ་ཕྱོགས་ག་པར་རྒྱུར་རྒྱུར་རེད་། གང་དུ་འགྲོ་ན་ཡང་ཁྱེར་ཆོག་འདུག་། ང་ལ་མ་རྟོགས་སུ་ལ་ཡོད་། ཅ་ག་ཅུག་གེ་བྱེད་ས་མེད་། ཆར་པ་བཏང་ན་ཆུ་མི་ཐུབ་། ཧཧཧཧཧ
དགེ་ཆོས་ལགས་ཀྱིས། རྒྱ་གར་ནང་གི་Thakur རིགས་བརྒྱུད་དེ་བོད་རིགས་དམག་མི་དང་འདྲེས་པ་དང་། རིགས་བརྒྱུད་ཋ་གུར་འདི། སྦྲ་གུར་གྱི་སྒྲ་ཉམས་པ་ལས་བྱུང་བར་གསུངས་འདུག
བོད་ཀྱི་འབྲོག་པའི་སྦྲ་གུར་གྱི་རྒྱུ་ཆ་ནི། གཡག་གི་རྩིད་པ་དང་། ཁུ་ལུ་རེད། འབྲོག་པ་ཚོས་དབྱར་ཁ་རྩིད་གུར་དང་། དགུན་ཀ་ཁུ་ལུའི་གུར་བེད་སྤྱོད་བྱེད་ཀྱི་རེད། དེའི་རྒྱུ་མཚན་ནི། དབྱར་ཁ་རྩིད་གུར་གྱིས་ཆར་ཆུ་ཐུབ་ཀྱི་ཡོད་ལ་བསིལ་བ་ཡོད། དགུན་ཀ་ཁུ་ལུའི་གུར་དྲོད་ཆེ་བ་ཡོད་ལ་མི་རུལ་བའི་ཁྱད་པར་ཡོད། སྦྲ་གུར་ལ་ཆེ་ཆུང་སྣ་ཚོགས་ཡོད། རྩིད་ཁུལ་ལས་གྲུབ་པའི་སྣམ་བུ་ལ་སྦྲ་ཟེར་སྲོལ་འདུག སྦྲ་ལས་བཟོས་པ་ལ་སྦྲ་གུར། རས་གུར།ཕྱིང་གུར་སོགས་མེས་པོ་རྣམས་ཀྱི་བཞུགས་ཁང་རེད།
སྔོན་མ་ཆུ་ཤོག་མེད་དུས་ཆར་བ་ཤུགས་ཆེན་བབས་ན་ག་འདྲ་བྱས་ཏེ་བསྡད་པ་ཡིན་ནམ། དེང་དུས་ཆུ་ཤོག་ཡོད་སྟབས་ཆུ་ཐིག་འགོོག་ཐུབ་ཀྱི་ཡོད་པ་རེད། དྲང་མོར་བཤད་ན་འབྲོག་པའི་སྦྲ་དེར་ཁྱད་ཆོས་གང་ཡང་མི་འདུག དབྱར་ཁའི་ཆར་མི་འགོག དགུན་ཁའི་གྲང་ངར་མི་འགོག གནས་སྤོ་དུས་ལྗིད་ཁོག་ཆེ། ཕིབས་དུས་སྟབས་མི་བདེ། དེང་དུས་ཀྱི་རས་གུར་ཁང་པ་འདྲ་བོ་འདི་ཚོ་བཟོ་བཀོད་ལེགས་ལ་སྟབས་ཀྱང་བདེ། དབྱར་ཁའི་ཆར་ཡང་འགོག་ལ། དགུན་ཁའི་གྲང་ངར་ཡང་འགོག གནས་སྤོ་དུས་ལྗིད་ཁོག་ཀྱང་ཆུང་། ཡར་རྒྱས་མེད་པའི་འབྲོག་པ་ཚོ་སྙིང་རེ་རྗེ། །
དགེ་ཆོས་ལགས་ཀྱིས། རྒྱ་གར་ནང་གི་Thakur རིགས་བརྒྱུད་དེ་བོད་རིགས་དམག་མི་དང་འདྲེས་པ་དང་། རིགས་བརྒྱུད་ཋ་གུར་འདི། སྦྲ་གུར་གྱི་སྒྲ་ཉམས་པ་ལས་བྱུང་བར་གསུངས་འདུག ཅེས་པས་བློ་སྐྱེད་བྱུང་ངོ་།
ཡ་ཡ། བོད་མངའ་རིས་ཁུལ་གྱི་འབྲོག་པ། ནག་ཆུ་ཁུལ་གྱི་འབྲོག་པ། ཁམས་ནང་ཆེན་གྱི་འབྲོག་པ། རྫ་ཆུ་ཁའི་འབྲོག་པ། མགོ་ལོག་གི་འབྲོག་པ། མདོ་སྨད་ཀྱི་འབྲོག་པ་གཞན་རྣམས་ཀྱི་སྦྲ་གུར་གཅིག་པ་ཡིན་ནའང་གཟོ་དབྱིབས་དང་ཆེ་ཆུང་མི་འདྲ་བ་འདུག འདི་ཚོ་ཚང་མ་བོད་ཀྱི་བྱང་བརྒྱུད་ས་ཁུལ་རེད་འདུག གོམས་གཤིས་ཡང་འདྲ་བོ་འདུག འབྲོག་པའི་མི་རྣམས་དྲང་ཚུགས་ཆེ། གཤིས་ཀ་ལེགས། ལྐུགས་རྟགས་ཚ། མཐོང་རྒྱ་ཆུང་། བློ་ཁོག་ཆེ་་བ་སོགས་ཁྱད་ཆོས་མང་ངོ། འཛམ་གླིང་འདིའི་ནང་བཙན་འཛུལ་བྱེད་མཁན་དང་དམག་རྒྱབ་དགོས་ན་འབྲོག་པ་ཧ་ཅང་ལེགས། དཔེར་ན་སོག་པོ་ ཇིང་གིས་ཁན་ལ་སོགས་པ་དབུས་ཨེ་ཤི་ཡའི་འབྲོག་་པ་དང་། ཨ་རབ་ཁ་ཆེའི་འབྲོག་པ་ལ་སོགས་པ་བློ་ཁོག་དང་དམག་བྱུས་ལ་མཁས། ཁོང་ཚོ་འབྲོག་པ་སོང་ཙང་ས་གནས་གཅིག་ཏུ་སྡོད་མི་དགོས་པ་དེ་ཡང་དམག་ཐབས་ལ་ཕན་ཐོག་ཆེའོ།
ཡུལ་གཞན་གྱི་ཅིག་ཅིག་མག་མག་ཡིན་རབས་སོགས་ཀྱི་སྐད་ཆ་དེ་ཚོ་ཧ་ཅང་མང་ཐལ་སོང་ནས། མཚམས་རེར་བོད་རང་གི་འགྲོ་སྟངས་སྡོད་སྟངས་ཀྱི་སྐད་ཆ་འདི་འདྲ་རེ་གོ་ཡོང་དུས་སེམས་པ་ཧ་ཅང་སྐྱིད། །
ངའི་ཕ་ཡུལ་སྐད་དུ། སྦྲ་ནག་ལ། ནག་གུར་ཟེར།
དབྱར་ཀར་རས་དཀར་གྱི་བཟོས་པའི་སྦ་གུར་ལ། དཀར་གུར་ཟེར།
གུར་ལ་ནག་གུར་།
དཀར་གུར་།
རས་གུར་།
རྩ་གུར་།
ཁང་གུར་།
ཁམས་གུར་།
འབྲོག་གུར་།
ཅོག་པུ་།
ོསོགས་མིང་ཚིག་མང་ལ་བཟོ་དབྱིབས་མང་།
ཅོག་པུ་ཟེར་བ་དེ་ལ་ཀ་བ་གཅིག་ལས་མི་དགོས་།
སྔོན་གྱི་གཏམ་དཔེ་ལ་འདི་ལྟར་འདུག་།
ཀ་གཅིག་གུར་ནང་སྐྱིད་པ་ལ་།
ཁ་ཕྱོགས་ག་པར་རྒྱུར་རྒྱུར་རེད་།
གང་དུ་འགྲོ་ན་ཡང་ཁྱེར་ཆོག་འདུག་།
ང་ལ་མ་རྟོགས་སུ་ལ་ཡོད་།
ཅ་ག་ཅུག་གེ་བྱེད་ས་མེད་།
ཆར་པ་བཏང་ན་ཆུ་མི་ཐུབ་།
ཧཧཧཧཧ
སྦྲ་དང་གུར་ཁ་ཁ་རེེད་
དགེ་ཆོས་ལགས་ཀྱིས། རྒྱ་གར་ནང་གི་Thakur རིགས་བརྒྱུད་དེ་བོད་རིགས་དམག་མི་དང་འདྲེས་པ་དང་། རིགས་བརྒྱུད་ཋ་གུར་འདི། སྦྲ་གུར་གྱི་སྒྲ་ཉམས་པ་ལས་བྱུང་བར་གསུངས་འདུག
Thakur ཋ་ཀུར་འདི། སྦྲ་གུར་ཡིན་པར་གསུངས།
བོད་ཀྱི་འབྲོག་པའི་སྦྲ་གུར་གྱི་རྒྱུ་ཆ་ནི། གཡག་གི་རྩིད་པ་དང་། ཁུ་ལུ་རེད། འབྲོག་པ་ཚོས་དབྱར་ཁ་རྩིད་གུར་དང་། དགུན་ཀ་ཁུ་ལུའི་གུར་བེད་སྤྱོད་བྱེད་ཀྱི་རེད། དེའི་རྒྱུ་མཚན་ནི། དབྱར་ཁ་རྩིད་གུར་གྱིས་ཆར་ཆུ་ཐུབ་ཀྱི་ཡོད་ལ་བསིལ་བ་ཡོད། དགུན་ཀ་ཁུ་ལུའི་གུར་དྲོད་ཆེ་བ་ཡོད་ལ་མི་རུལ་བའི་ཁྱད་པར་ཡོད། སྦྲ་གུར་ལ་ཆེ་ཆུང་སྣ་ཚོགས་ཡོད། རྩིད་ཁུལ་ལས་གྲུབ་པའི་སྣམ་བུ་ལ་སྦྲ་ཟེར་སྲོལ་འདུག སྦྲ་ལས་བཟོས་པ་ལ་སྦྲ་གུར། རས་གུར།ཕྱིང་གུར་སོགས་མེས་པོ་རྣམས་ཀྱི་བཞུགས་ཁང་རེད།
སྔོན་མ་ཆུ་ཤོག་མེད་དུས་ཆར་བ་ཤུགས་ཆེན་བབས་ན་ག་འདྲ་བྱས་ཏེ་བསྡད་པ་ཡིན་ནམ། དེང་དུས་ཆུ་ཤོག་ཡོད་སྟབས་ཆུ་ཐིག་འགོོག་ཐུབ་ཀྱི་ཡོད་པ་རེད། དྲང་མོར་བཤད་ན་འབྲོག་པའི་སྦྲ་དེར་ཁྱད་ཆོས་གང་ཡང་མི་འདུག དབྱར་ཁའི་ཆར་མི་འགོག དགུན་ཁའི་གྲང་ངར་མི་འགོག གནས་སྤོ་དུས་ལྗིད་ཁོག་ཆེ། ཕིབས་དུས་སྟབས་མི་བདེ། དེང་དུས་ཀྱི་རས་གུར་ཁང་པ་འདྲ་བོ་འདི་ཚོ་བཟོ་བཀོད་ལེགས་ལ་སྟབས་ཀྱང་བདེ། དབྱར་ཁའི་ཆར་ཡང་འགོག་ལ། དགུན་ཁའི་གྲང་ངར་ཡང་འགོག གནས་སྤོ་དུས་ལྗིད་ཁོག་ཀྱང་ཆུང་། ཡར་རྒྱས་མེད་པའི་འབྲོག་པ་ཚོ་སྙིང་རེ་རྗེ། །
རྩིད་པ་རྩུབ་པོ། ཁུལ་ལུ་འཇམ་པོ། ཕྱིང་པ་སྐུད་པར་མ་སྒྲིམས་པ་དང་། རས་གོས་སྐུད་པ་བསྒྲིམས་ལས་སོ།།
དགེ་ཆོས་ལགས་ཀྱིས། རྒྱ་གར་ནང་གི་Thakur རིགས་བརྒྱུད་དེ་བོད་རིགས་དམག་མི་དང་འདྲེས་པ་དང་། རིགས་བརྒྱུད་ཋ་གུར་འདི། སྦྲ་གུར་གྱི་སྒྲ་ཉམས་པ་ལས་བྱུང་བར་གསུངས་འདུག
ཅེས་པས་བློ་སྐྱེད་བྱུང་ངོ་།