ཁྲོ་གཏུམ།
ད་སྡོད
ཁྱོད་ཚོས་སའི་གོ་ལའི་རྐང་སྣུམ་གཏེད་ནས་རྐང་ཐུང་ལ་གཏུགས་འདུག
ཁྱོད་ཚོས་སའི་གོ་ལའི་ཚུ་ལེན་གཏེད་ནས་འགག་ཐུང་ལ་ཐུག་འདུག
ད་རུང་མུ་མཐུད་དུ་གཏེད་ནས་གང་ལ་ཐུག་འགྲོ
དགོས་མཁོའི་ཆེད་དུ་ཁྱོས་ད་རུང་གཏེད་བསམ་པས
རྗེས་རབས་པས་ཁྱོད་རང་རིག་འདོད་མ་བྱུང་བ་རེད
རྗེས་རབས་པས་པར་ངོས་ནས་སྔོན་ཆད་ཀྱི་སྤང་རི་ལ་རོལ་མྱོང་བྱེད་དུས
ད་གཟོད་ཁྱོད་ཀྱི་བླ་བཙག་དགོས་པས
སྐབས་དེར་ཁྱོད་ཀྱི་དུར་སར་ཁྱོད་ཀྱི་ཨ་འབྱོག་ངར་སྲིད
༢༠༡༦།༠༦།༢༣ཉིན།