ཀོང་པོའི་བུ་མོ།
ནམ་མཁར་སྤྲིན་ནག་ལྷོག་ལྷོག་འཁྲིགས།།
ས་གཞིའི་སྟེང་དུ་ན་བུན་འཐིབས།།
ཀྱེ་མ་རྣམ་ཤེས་ཡང་པོ་དེ།།
འཇིག་རྟེན་འདི་ནས་བྲལ་བར་སྐྱོ།།
དཀའ་སྡུག་ཆེ་བའི་ལམ་ཕྲན་འདིར།།
རྣམ་ཤེས་ཡང་པོ་གང་སར་མྱུལ།།
འཇིག་རྟེན་ཀྱག་ཀྱོག་གཞན་ཞིག་ཏུ།།
མི་ཚེའི་སྙིང་པོ་འཚོལ་བར་ཆས།།
ན་བུན་གཞུང་གི་ལམ་འགྲོ་པ།།
མགོན་མེད་སྐྱབས་མེད་གནས་སུ་ལྷུང་།།
སྐྱོ་ཤས་སྙིང་ནས་སྐྱེ་བའི་དུས།།
འཇིག་རྟེན་གཞན་ཞིག་རྙེད་པར་དཀའ།།