གཡུ་ཞུན།
(ཁམས་སྐྱེ་རྒུ་མདོར་ས་འགུལ་གོད་ཆག་བྱུང་ནས་བདུན་ཚིགས་གཅིག་ཕྱིན་པའི་དུས་དྲན་དུ།)
༤.༡༤་ཆེས་སྤྱིར་བཏང་གི་སྐྱེ་རྒུ་མདོའི་ཞོགས་པ་འདི།
སྐད་ཅིག་ལ་རང་བྱུང་གོད་ཆག་གི་དོང་ཞབས་སུ་ལྷུང་།
རྩྭ་ཆུ་ཉིས་འཛོམས་ཀྱི་གཙང་གསུམ་འབྱུང་ཡུལ་སྐྱེ་རྒུ་མདོ།
ངའི་རྨི་ལམ་ན་དྭངས་གཙང་གིས་འཚོ་བའི་སྐྱེ་རྒུ་མདོ།
ས་ཆེན་གྱི་འགུལ་ཡོམ་གཅིག་གིས་ཐལ་བའི་རྡུལ་ལ་འཐིམས།
སྐྱེ་རྒུ་མདོ། དེ་རིང་ངས་ཁྱེད་ཁོ་ནར་གསོལ་བ་སྨོན་ལམ་འདེབས།
ཨོཾ་མ་ཎི་པདྨེ་ཧཱྃཿ
ངའི་ཁམས་པའི་གྲྭ་བཙུན་ཚོའི་ཆོས་ཀྱི་འཁོར་ལོ་བསྐོར་སའི་སྐྱེ་རྒུ་མདོ།
ངའི་ཁམས་པའི་དཔའ་རྒོད་ཚོའི་རྟ་ཕོའི་བང་རྩལ་སྐྱེན་སའི་སྐྱེ་རྒུ་མདོ།
ངའི་ཁམས་པའི་སྨན་ཆུང་ཚོའི་དྲུག་འགྱུར་དབྱངས་ལ་འགུག་སའི་སྐྱེ་རྒུ་མདོ།
དེ་རིང་། རྒན་རྒོན་དང་དྭ་ཕྲུག་ཚོའི་འོ་དོད་བྱེད་ཡུལ་དུ་གྱུར།
དེ་རིང་། མིག་ཆུ་དང་སྐྱོ་གདུང་གི་སྨྲེ་ངག་འདོན་སར་གྱུར།
སྐྱེ་རྒུ་མདོ། དེ་རིང་ངས་ཁྱེད་ཁོ་ནར་གསོལ་བ་སྨོན་ལམ་འདེབས།
ཨོཾ་མ་ཎི་པདྨེ་ཧཱྃཿ
ཞོགས་པ་དེར། ཚོགས་ན་ཞལ་འདོན་སྐྱོར་བའི་གྲྭ་བ་དེ་ཚོ།
ཞོགས་པ་དེར། སློབ་ཁང་དུ་ཀ་ཁ་གྱེར་བའི་སློབ་ཕྲུག་དེ་ཚོ།
ཞོགས་པ་དེར། བསྐོར་ལམ་ན་མ་ཎི་སྐྱོར་བའི་རྒན་རྒོན་དེ་ཚོ།
ཞོགས་པ་དེར། …..
འདི་ལྟར་ས་ཆེན་འགུལ་བསྐྱོད་གཅིག་གིས་ཁྱུར་མིད་བྱས།
སྐྱེ་རྒུ་མདོ། དེ་རིང་ངས་ཁྱེད་ཁོ་ནར་གསོལ་བ་སྨོན་ལམ་འདེབས།
ཨོཾ་མ་ཎི་པདྨེ་ཧཱྃཿ
སྐྱེ་རྒུ་མདོ། ད་རིང་བེམ་པོ་སྟོང་ཕྲག་དུ་མ་སྦྱིན་བསྲེག་གཏོང་སའི་དུར་ཁྲོད་ཅིག
སྐྱེ་རྒུ་མདོ། དེ་རིང་ཁང་ཆག་གྱང་རོའོ་གས་སྲུབས་ན་ལྷག་པའི་ན་ཟུག་ཅིག
སྐྱེ་རྒུ་མདོ། དེ་རིང་དགེ་འདུན་པ་ཚོའི་ཕྱག་ཟུང་ན་སྔོག་པའི་རེ་བ་ཞིག
སྐྱེ་རྒུ་མདོ། དེ་རིང་སྐབས་འཚོལ་བའི་པར་ཆས་ན་མཐོང་བའི་དྲིལ་བསྒྲགས་ཤིག
སྐྱེ་རྒུ་མདོ། དེ་རིང་ཁམས་ནང་ཆེན་ཉེར་ལྔའི་ལོ་རྒྱུས་སུ་འཕོས་པའི་གོད་ཆག་ཅིག
སྐྱེ་རྒུ་མདོ། དེ་རིང་བོད་མི་བྱིངས་ཀྱི་སེམས་ཁོངས་ན་མཆེད་པའི་སྡུག་བསྔལ་ཞིག
སྐྱེ་རྒུ་མདོ། དེ་རིང་ངས་ཁྱེད་ཁོ་ནར་གསོལ་བ་སྨོན་ལམ་འདེབས།
ཨོཾ་མ་ཎི་པདྨེ་ཧཱྃཿ
སྤྱི་ལོ་༢༠༢༠ལོའི་སྤྱི་ཟླ་༤པའི་ཚེས་༢༡ཉིན་བྲིས།
ཚེས་༢༤ཉིན་བསྐྱར་བཅོས་བྱས།
བོད་ལ་ཐད་འབྲེལ་ཡོད་མཁན་དང་བརྒྱུད་ལམ་གྱི་ཆ་རྐྱེན་ཡོད་མཁན་གྱི་གསར་འགོད་པ་ཚོས། བོད་ས་ཡོངས་ཀྱི་གཞི་རིམ་མང་ཚོགས་ནང་གོད་ཆག་འདིར་གདུང་སེམས་མཉམ་བསྐྱེད་ཀྱི་གནས་བབ་ངོ་མ་སྐབས་ཐོག་བརྒྱུད་སྒྲོག་བྱེད་ཐུབ་ན་བོད་སྤྱིའི་རྩ་དོན་ལ་ཕན་རླབས་ཆེ་བ་ལས། གསར་འགོད་པ་ཚོས་སྙན་ངག་འདྲ་བ་རེ། ཆབ་སྲིད་དཔྱད་རྩོམ་འདྲ་བ་རེར་ཨུ་ཚུགས་རྒྱག་དགོས་དོན་ཡོད་པ་མ་རེད། ཛ་དྲག་གི་སྐབས་སུ་སོ་སོའི་ཁྱད་ལས་ཐོག་དམིགས་བསལ་འོད་འཕྲོས་སུ་འཇུག་དགོས་པ་རེད།
གཡུ་ཞུན་ནམ་ལྕགས་མོ་འཚོས་ད་དུང་ཡང་སྨྱུ་གུ་ལག་ནས་གློད་མེད་ནོ་རིག་ན་དགའ་ནི་ཟིག་རེད། མུ་མཐུད་དུ་ཤུ་རོ་བྱོས།
གཞན་པ་ཚོས་་སྔ་མོ་ནས་སྨྱུ་གུ་གཡུགས་ཏེ་དངུལ་སྒོར་ལ་འཐམས་ཚར་སོང་།
ཨ་ཅེ་ལྕགས་མོ་འཚོས་ཞི་མོ་རྩོམ་འབྲི་མཁན་ཚོར་ལམ་སྟོན་རེ་བྱས་ནས་སྣེ་འཁྲིད་ཐུབ་ན་ཡག་གི་སྒང་ལ་རྒྱན་རེད་།
ད་རུང་གཞན་པ་ཚོའི་
ཡང་འགོད་བསྐྱར་འགོད་བྱེད་པ་དེ་འབྲི་མཁན་དང་དྲ་བདག་ཚོས་འབྲེལ་བ་ཡིན་མིན་ལ་དོགས་ནས་མཆན་བཏབ་པ་ཡིན། ཁྱེད་ཚོས་བཀོད་མ་སོང་། རྣམ་འགྱུར་ཆུང་ཆུང་འདི་བཟང་སྤྱོད་དང་འབྲེལ་བ་ཞིག་མིན་ནམ་སྙམ། གང་ལྟར་ངོས་ཁ་བརྡ་འདི་བཞིན་གྱི་རིག་གནས་ལས་དོན་ལ་སེམས་ཁུར་ལྷག་མེད་བྱེད་མཁན་གྱི་གྲས་སུ་ཡོད།
གྲོགས་པོ་མེ་ཏོག་མིང་ཅན་ནས་བཀའ་བཀྱོན་དེ་ང་ལ་གཏོང་རོགས། སྙན་ངག་འདི་བསྐྱར་དུ་འགོད་མཁན་ང་ཡིན།
ཁ་བརྡའི་དྲ་བདག་མ་རེད་ལ་དོ་བདག་རྩོམ་པ་པོ་ཡང་མ་རེད། འདིར་ཁྱེད་ལ་གསལ་བཤད་ཐུང་ཐུང་ཞིག་ཞུ་གི་ཡིན།
ཁ་སྔོན་སྙན་ངག་འདི་དྲ་ཐོག་ལ་སླེབས་པ་དང་། ཁ་བརྡའི་སྒང་ལ་བཞག་ཆོག་མིན་དྲིས་བར། བཞག་ན་ཆོག་ཟེར། དེ་ནས་ངས་བཞག་པ་ཡིན།
དེ་རིང་གློག་འཕྲིན་ནང་སྙན་རྩོམ་འདིར་བསྐྱར་དུ་འགྱུར་བཅོས་ཅུང་ཙམ་བཏང་ཡོད་ཞེས་བྲིས་འདུག འོན་ཀྱང་། ཁ་བརྡའི་སྒང་ལ་འཇོག་དགོས་མིན་གྱི་སྐོར་ལ་གླེང་སློང་དམིགས་བསལ་བྱས་མི་འདུག ང་སྡོད་མ་ཚུགས་པར་བསྐྱར་དུ་འགྱུར་བཅོས་བཏང་བའི་སྙན་ངག་འདི་བཞག་ན་ྐློག་མཁན་རེ་གཉིས་ལ་ཕན་གྱི་རེད་བསམ་ནས་བཞག་པ་ཡིན། སྔ་མ་དེ་བསུབ་པ་ཡིན། བྱུང་རིམ་འདི་འདྲ་ཞིག་རེད། ད་སྐུ་ཉིད་ཀྱིས་བཀའ་བཀྱོན་དེ་མུ་མཐུད་དུ་ང་ལ་གཏོང་རོགས། ངེད་ཀྱིས་ཁུར་ཆོག དེ་ཙམ་ཡིན།
སྐུ་ཉིད་ནས་ཧི་གཟིགས་བེད་སྤྱོད་གཏོང་རྒྱུར་འབད་རོགས་གནང་། ཁྱེད་ཀྱི་མཆན་བུ་ཚང་མ་ཧི་གཟིགས་ལ་བསྒྱུར་དགོས་ན་། འདི་ལས་ཀ་ལྷག་མ་ཞིག་རེད་འདུག
ཁ་སྔོན་ངེད་ཀྱིས་ཁྱེད་ལ་ཧི་གཟིགས་བསྒྱུར་བྱེད་སྟབས་བདེ་ཞིག་ཕུལ་ཆོག་ཅེས། ངེད་ཀྱི་གློག་འཕྲིན་དེ་བཞག་པ་ཡིན་མོད། ཨ་ལན་མི་འདུག
ཕར་ལ་རོགས་རམ་བྱེད་ལབ་ན། ཚུར་ལ་ཨ་ལན་མེད་ན་། ཕར་ལ་ཨུ་ཚུགས་བརྒྱབ་ནས་བརྩད་གཅོད་གཏོང་མཁན་དེ་འདྲ་ང་མིན། དེ་རིང་བསྐྱར་དུ་ཞུ་གི་ཡིན།
ཁྱེད་ཀྱི་གློག་འཕྲིན་ཁ་བྱང་དེ་གློག་འཕྲིན་འདིའི་( dtashi@student.methodist.edu)སྒང་ལ་ཅིག་གཏོང་རོགས། ངེད་ཀྱིས་ཁྱེད་ལ་རོགས་རམ་ཆུང་ཆུང་ཞིག་བྱེད་ཐུབ་པ་འདུག དེ་ཙམ་ཡིན། ད་གཉིད་ཀྱི་ཡིན།