དཔལ་ལྡན་རྒྱལ་གྱི་ཟིན་བྲིས་ནས་བླངས།
ཚེས་༢༣ཉིན་རྩོམ་པ་པོ་ཞོགས་དུང་ངམ། བཀྲ་རྒྱ། རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག ཁོང་གི་བཟའ་ཟླ་ལྷ་མཚོས་ཡིས་ “ཚེས་༡༢་ཉིན་ངེད་ཚང་གི་དཔེ་ཚོང་ཁང(༡+༡དཔེ་ཚོང་ཁང) སྒོ་རྒྱག་དགོས་པའི་བཀའ་རྒྱ་བཏང་བ་དང་འབྲེལ། ངའི་བཟའ་ཟླས་བརྩམས་པའི་དཔེ་དེབ་ཚང་མ་འཁྱེར་སོང༌།” ཞེས་གསར་འགོད་པར་ཁ་པར་བརྒྱུད་ནས་བཤད་བྱུང༌། ཡང་ཁོང་གིས་མུ་མཐུད་དུ། “ཚེས༢༣་ཉིན་ཉེན་རྟོག་པ་ཁ་ཤས་ཁོང་གི་གཞུང་ལས་ཁང་ལ་སོང་ནས་ཁོང་ཁྲིད་དེ། དགོང་མོ་ཆུ་ཚོད་༦་ཡས་མས་སུ་ང་ཚོའི་ཁྱིམ་ལ་སླེབས་ནས་བསྔོག་བཤེར་བྱས་རྗེས་ཁོང་ཁྲིད་སོང་། བོད་རིགས་གཉིས་ཐེ་བའི་ཉེན་རྟོག་པ་ལྔ་འདུག”ཟེར།
ཡང་ཁོང་གི་བུ་མོས། “ཉེན་རྟོག་པས་ངའི་ཨ་ཕ་འཛིན་བཟུང་གི་ཉེན་བརྡའི་ཡི་གེ་ཞིག་བསྟན་བྱུང་། དེའི་ནང་དུ། རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་བྱས་པ།” ཞེས་བཀོད་འདུག་ཟེར། ད་ལྟའི་ཆར་ཞོགས་དུང་ངམ། བཀྲ་རྒྱ་ཟི་ལིང་ནས་ཏ་ཐོང་ཕྱོགས་ལ་འགྲོ་སའི་ལམ་ཁར་ཡོད་པའི་བཀག་ཉར་ཁང་ཞིག་ཏེ། རྒྱ་སྐད་དུ་“ཨེར་ཧྲི་ལིག་པུའུ་”ཞེས་པའི་ནང་བཀག་ཉར་བྱས་ཡོད་འདུག ཁོང་གིས་བཟའ་ཟླས། “དེ་རིང་ ཚེས་༢༦་ཉིན་ང་ཚོས་ཟ་མ་འཁྱེར་ནས་ཁོང་ལ་བལྟ་རུ་ཕྱིན་པ་ཡིན། ཁོང་ལ་ཐུག་ཏུ་མི་འཇུག་པ་མ་ཟད༌། སྲུང་དམག་གིས་ཟ་མ་ཡར་ལེན་ཀྱང་བྱས་མ་སོང་།” ཟེར། ཞོགས་དུང་ལགས་ཀྱིས་གནམ་ས་གོ་འབྱེད་གྱི་དེབ་དེ་འགྲེམས་སྤེལ་བྱེད་རྒྱུ་སེམས་ཐག་བཅད་པ་དང་མཉམ་དུ་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱེད་ངེས་ཡིན་པར་གྲ་སྒྲིག་བྱས་འདུག ཁོང་གིས་བརྩམས་པའི་གནམ་ས་གོ་འབྱེད་ཅེས་པའི་དེབ་དེའི་ནང་དུ།“སྒེར་གཅོད་པའི་སྲིད་ཀྱི་གདུག་རྩུབ་དྲན་པས་འཇིགས་པ་དང་། སྒེར་གཞུང་གང་ཡང་མི་རིགས་རིང་ལུགས་ཐལ་མཐའ་པར་ལྟུང་ཉེན་ལ་དཔགས་པས་འཇིགས་པ་དང་།མི་བུ་སྒེར་གྱི་ཚེ་སྲོག་དང་བདེ་སྡུག་བསམས་པས་འཇིགས་པ་དང་། མ་འོངས་སྔོན་རྟོག་གིས་འཇིགས་པ་བཅས་འཇིགས་པའི་ཚོར་པ་སྣ་བཞི་ཡོད་པ་བྲིས་ཏེ་མཚམས་འདིར་སླེབས་པ་ན། འཇིགས་པའི་ཚོར་པ་གཞན་ཞིག་ཡོད་པ་ནི། རྩོམ་འདི་བཀྲམ་པའི་རྗེས་ལ། ནམ་ཞིག་མི་ཡུལ་གྱི་ཚ་དམྱལ་དང་གྲང་དམྱལ་དུ་སྡོད་ལོས་དགོས་སྙམ་སྟེ་འཇིགས་སྐྲག་ཆེ་མོད། ཁ་ཡི་རྐྱེན་ལས་མགོ་བོ་ཤོར་ནའང་ལམ་འདི་རང་གིས་བདམས་པ་ཡིན་ཕྱིར་རང་འགན་རང་གིས་འཁུར་རྒྱུ་ཡིན་ནོ།།” ཞེས་བཀོད་འདུག ཞོགས་དུང་ངམ། བཀྲ་རྒྱ་དགུང་ལོ་༤༨ཡིན་པ་དང༌། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་རྩོམ་སྒྲིག་པའི་ལས་ཀ་བྱེད་ཀྱིན་ཡོད་ལ། ཁོང་གིས “དཔྱོད་ཤེས་རྒྱང་འབོད། “དང་། “དོགས་སློང་སྙིང་སྟོབས།” “གནམ་ས་གོ་འབྱེད།” སོགས་དེབ་ཁ་ཤས་བརྩམས་ཡོད་པ་རེད།
ཉན་མི་ཐུབ་ཀི
མགོ་རུལ་ལགས། ཁྱེད་ཀྱིས་ཉན་ཐུབ་གི་མི་འདུག་ལབ་འདུག ངེད་ཀྱིས་གློག་ྐླད་མ་འདྲ་བ་བཞི་ལྔ་ཞིག་གི་སྒང་ནས་ཚོད་ལྟ་བྱས་བ་ཡིན། ཚང་མས་སྒང་ནས་ཉན་ཐུབ་པ་འདུག
བཅར་འདྲི་དེ་ཁྱོན་བསྡོམས་སྐར་མ་ལྔ་ཙམ་འདུག བཅར་འདྲིའི་ནང་དོན་མདོར་བསྡུས་དེ་ཡིག་ཐོག་ན་ཡོད་པ་འདི་རེད་འདུག
ཞོར་དུ། དཔལ་ལྡན་རྒྱལ་ནས་དུས་ཐོག་ལ་བཅར་འདྲི་བྱས་བར་བཀའ་དྲིན་ཆེ་ཞུ་བཞིན་ཡོད།
དཔལ་ལྡན་རྒྱུལ་ཐུགས་རྗེ་ཆེ། གང་ལྟར་གནས་ཚུལ་རྒྱུས་ལོན་བྱས་ནས་ཁོང་སྐྱོབས་ཐབས་ལ་འབད་དགོས་ནི་རེད་ཡ།
གནས་ཚུལ་སྤེལ་བར་ཐུགས་རྗེ་ཆེ།།།།
སྐུ་ཞབས་ཞོགས་དུང་ལགས་ཀྱིས་བཤད་བཞིན་པའི་མི་གཞིའི་སྙིང་སྟོབས་ལ་མོས་མཐུན་ཡོད། ང་ཚོ་འཇིག་རྟེན་འདིར་གནས་དགོས་ན་རང་མཐོངས་རང་རྩིས་ཤིག་མེད་ན། མིའི་གྲབས་ཆོད་ནི་མ་རེད། འོན་ཏེ་ཁོང་གིས་སངས་རྒྱས་ཆོས་ལུགས་ཀྱིས་བོད་ཕུང་བར་འདོད་པའི་ལྟ་ཚུལ་དེར་རྒྱབ་སྐྱོར་མེད། གང་ལྟར་མི་རིགས་ཀྱི་དོན་དུ་བསམ་ཕོད་ཤོད་ཕོད་ཀྱི་མི་གཞིའི་སྙིང་སྟོབས་ཅན་དག་འཛིན་བཟུང་བྱས་པར་བློ་ཕམ་ཆེན་པོ་ཡོད། ང་ཚོས་ཤེས་ལྡན་དེ་དག་གྲོལ་ཐབས་ལ་ཐབས་ཤེས་གང་དྲག་འཐེན་དགོས་ངེས་ཤིག་རེད།
བོད་ཕྱི་ནང་གཉིས་ནས་ཞོག་དུང་ལ་ལྟ་ལོག་ཏུ་སྨྲ་བའི་སེར་བ་དྲག་དུ་འབེབས་བཞིན་པའི་སྐབས་སུ་ཡང་། ངས་སེམས་ཀྱི་གཏིང་ནས་ཁོང་ལྟ་ལོག་ཞིག་དུ་མཐོང་གི་མེད། ཁོང་ནི་བོད་མི་རིགས་ཀྱི་རིག་པའི་དཔའ་བོ་ཞིག་ཏུ་མཐོང་སོང་ལ། ཁོང་ལ་ལྟ་ལོག་ཏུ་སྨྲ་བའི་མཁྱེན་ལྡན་གྱི་གྲོགས་པོ་རྣམས་ལ་ཡང་། ཞོག་དུང་ཕུག་གི་དགོངས་པ་ཁྱེད་རྣམས་ཀྱི་གོ་མི་འདུག་ཅེས་ལབ་མྱོང་།
འོན་ཀྱང་གསར་བུ་བ་རྣམས་ནི། རི་བོང་ཅལ་འགྲོགས་ཀྱིས། ཁོང་གི་ཕུག་གི་དགོངས་པ་མ་ཤེས་པའི་ཐོག ཚིག་ཟིན་དུ་སྨྲས་པ་རྣམས་རྗེས་ཟློས་བྱས་ནས། ནང་ཆོས་ལའང་འགལ་བར་འཛིན་དུ་དོགས་ནས། ཞོག་དུང་ལ་བསྟོད་པའི་ཚིག་འཕྲེང་ཞིག་དེ་སྔོན་སྤེལ་མྱོང་མེད།
ཡིན་ནའང་ད་ལྟའི་སྐབས་ཁོང་ལ་གནས་ཚུལ་ངན་པ་འདི་ཐོས་སྐབས་སེམས་ཕམ་བྱུང་ནའང་ཧང་གང་ཡང་སང་མེད། རྒྱུ་མཚན་ནི། ཁོང་ནི་སྔ་ཕྱི་ཅུང་ཟད་ཙམ་མ་གཏོགས་རྒྱ་གཞུང་གིས་འཛིན་པར་འགྱུར་བ་སྔོན་ནས་ཚོད་དཔག་ཐུབ། ཁོ་རང་གིས་ཀྱང་ཤེས། འོན་ཀྱང་ཁོང་ནི་དངོས་གནས་ཨམ་མདོའི་ཕོ་རྒོད་རེད་ལ། ཁོང་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ལ་འཁོད་པར་འགྱུར་བའི་ཕོ་རྒོད་རེད་ལ། ཁོང་ནི་འཛམ་གླིང་འདི་ནང་ནས་ཀྱང་ཕོ་རྒོད་པོའི་གྲས་སུ་བརྩིས་ཆོག
ང་ཚོ་བོད་ལ། ཁོང་འདྲ་བའི་སྙིང་སྟོབ་དང་། རྣམ་དཔྱོད། ཆོད་སེམས། ལྷག་བསམ་ཅན་བརྒྱའི་གྲངས་ལོན་པ་ཞིག་ཡོད་ན། ཀྲུང་གོ་རྒྱལ་ཁབ་ཇི་ཙམ་ཆེ་ཡང་། བོད་མི་འདི་མུས་སུ་མི་གནས་ནས་འགུལ་བསྐྱོད་ཆེན་པོ་ཞིག་བཟོ་ཐུབ་པར་ངེས་ཅེས་སྐད་གསང་མཐོན་པོས་སྒྲོག་འདོད་བྱུང་།
སྐུ་ཞབས་ཞོགས་དུང་སྔ་ཕྱི་མ་གཏོགས་རྒྱ་གཞུང་གིས་འཛིན་རྒྱུ་ཚོད་དཔག་ཐུབ་པར་སྨྲས་པ་ནི། མཁྱེན་པ་རྒྱས་དྲག་ནས་སྨྲ་བ་ཚོད་འཛིན་མ་ཐུབ་པ་མིན་ན་དངོས་གནས་དགོད་བྲོ་བ་ཞིག་རེད། ང་ཚོ་བོད་རིགས་ཚང་མས་སྐད་ཆ་འདི་བཤད་དུས་བསམ་བློ་གཏོང་དགོས་ཀྱི་འདུག རྒྱ་མིས་འཛིན་གྱི་རེད་འཇུས་ས་རེད་གདའ་ཞེས། ཁྲིམས་མེད་ལུགས་མེད་ཀྱི་བྱེད་ཕྱོགས་དང་། དེས་བསྐྲུན་པའི་ཁོར་ཡུག་ལ་ང་ཚོས་ད་དུང་རྒྱ་བསྐྱེད་ཀྱི་ཡོད་ན། ང་ཚོས་ཞོགས་དུང་ཁོང་གི་གནམ་ས་གོ་འབྱེད་ལྟར་གྱི་ཁྲིམས་ཐོག་རང་ནས་བཤད་ཆོག་པའི་བོད་ཀྱི་མདུན་ལམ་དེའང་སྨག་མེད་བཏང་བ་རེད། ཤེས་ཡོན་པའི་སྡེ་ནས་ཁྲིམས་མཐུན་གྱི་འགྲེལ་བཤད་གཞི་རིམ་མང་ཆོགས་ནང་སླེབས་ཐབས་མ་ཤེས་ན། ད་དུང་འཛིན་གྱི་རེད། འཇུས་གི་རེད་གདའ་ཟེར་བའི་ཟོལ་འདྲ་བཤད་བསྡད་ན་བསྐོར་བ་རྒྱག་རྒྱུ་ལས་ཡོད་པ་མ་རེད། སྐུ་ཞབས་ཞོགས་དུང་རང་གིས་མི་ཡུལ་གྱི་དམྱལ་བར་འགྲོ་དགོས་པའི་འཕེན་པ་བཏང་བ་དེ་ད་ཡོད་རང་སྐྱོང་བཅའ་སྒྲིག་ཁག་དང་། ལྷག་པར་རྩ་ཁྲིམས་ཀྱི་དགོངས་དོན་ལྟར་སྤྱི་འབངས་ལ་འགན་ཁུར་མེད་པའི་འགྲོ་ལུགས་དེར་གསར་བརྗེ་བྱེད་འདོད་བསམ་པ་རེད་ལ། བསྒྱུར་བཅོས་གཏོང་འདོད་བསམ་པ་རེད། དེ་འདྲ་ཡིན་ཙང་བོད་ཀྱི་ཤེས་ལྡན་པ་ཚོས་མང་ཚོགས་ནས་ཁ་གཏད་དེ་དགོངས་ཚུལ་འདོན་དུས་ངེས་པར་ཏུ་གཟབ་གཟབ་བྱེད་དགོས་ཀྱི་འདུག ལར་ནས་འཇུས་ས་རེད་གདའ། འཛིན་ན་ཐང་ཟེར་བ་སོགས་ཀྱི་བཤད་སྲོལ་དེ། རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས་གང་གི་དོན་ཚན་གང་དང་འགལ་འདུག་ཅེས་རྩོད་པ་རྒྱག་ཐུབ་པའི་བཤད་སྟངས་ཤིག་ཏུ་བསྒྱུར་ཐབས་་ཚང་མས་འབད་བརྩོན་གནང་དགོས་པ་རེད།
དཔལ་ལྡན་རྒྱལ་ལ་བཅའ་འདྲི་འདིའི་ཐད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཞན་སྔ་མོ་ ༢༠༠༨ ལོའི་ཞི་རྒོལ་སྐབས་སུ་ཡིན་ནའང་འདྲ། ཁ་སང་གོད་ཆག་འདིའི་སྐབས་སུ་ཡིན་ནའང་འདྲ། ཁྱེད་ཚོས་བོད་ནང་གི་མི་མང་དཀྱུས་མའི་ལས་དོན་གནང་ཕྱོགས་འཚོལ་བསྡུ་བྱས་པ་གསར་འགོད་པ་གཞན་དང་བསྡུར་ན། རྒྱུ་ཆའི་མ་འདང་བ། བཤད་ཐབས་ཞན་པ་སོགས་ཀྱིས་མི་མང་པོར་བསམ་བློ་གཏོང་དུ་བཅུག་སོང་། ཁྱེད་ཀྱི་ཕ་ཡུལ་རེབ་གོང་ནས་རེད། ས་ཡོམ་འདིར་རེབ་གོང་གི་གྲོང་གསེབ་ཁག་ནས་ཞལ་འདེབས་ག་ཚོད་གནང་སོང་། མི་མང་སྒེར་བ། ཞིང་པ། ཚོང་པ། བླ་མ། གྲྭ་བ། ཐ་ན་རླངས་འཁོར་ཁ་ལོ་བ་ཡན་གྱིས་ས་གནས་ས་ཐོག་ཏུ་རྒུད་སྐྱོབ་ག་ཚོད་བྱས་སོང་། གྲོང་གསེབ་རེ་རེར་མཆོད་མེ་སྨོན་ལམ་ག་ཚོད་ཚུགས་སོང་། ལྷ་སའི་མཆོད་ཁང་ནང་གི་བརྒྱ་མཆོད་གསེར་ཡིག་འབྲི་བ། མནའ་བཟངའ་བརྗེ་བ་ལ་སོགས་པའི་གནས་ཚུལ་བཤད་སྟངས་ལྟར་ཁྱེད་ཚོས་བཤད་མ་ཤེས་པ་དེ་བོད་ཀྱི་མངའ་འབངས་ཡོངས་ཀྱི་བརྩེ་དུང་གི་འཕེལ་རིམ་ལ་གྱོང་གུད་ཐེབས་པ་མིན་ན་ཅི་ཞིག་རེད། དེ་བས་ཁྱེད་ཚོས་སྙན་ངག་འབྲི་དགོས་ནི་མ་རེད། རྩོམ་ཡིག་ཁྱ་ཁྱོར་དེ་འདྲ་མ་འཁོར་བར་དངོས་གནས་གང་ཡོང་ཡོང་ཅིག་གནོང་དང་།
i am so sad to hear Shokdong is arrested by Chinese. I pray for him to release soon from Jail whout demaging his health. Don’t be sad Shokdong, we are with you even your body is in Jail.
མེ་ཏོག་མ། ཁྱེད་མེ་ཏོག་བཞིན་ས་ཆ་དྲོད་ཆེ་སར་ཚར་ལོང་སོང་བས། བོད་ཀྱི་གནམ་གཤིས་དང་། རྒྱ་གཞུང་གི་སད་སེར་གྱིས་བོད་ཀྱི་ན་གཞོན་རིག་པའི་ལང་འཚོ་ཅན་རྣམས་ཇི་ལྟར་བརྡུང་ནས་མེད་པར་བཏང་གི་ཡོད་པའི་ཚུལ་མ་མཁྱེན་པ་ཡིན་པ་འདྲ། རྒྱ་གཞུང་གི་སྲིད་ཇུས་ལ་རྒྱུས་མངའ་ཅུང་མཛད་དང་མཁྱེན་པར་འགྱུར། རྒྱ་གཞུང་སྲིད་ཇུས་འདི་འདྲ་ཡོད་པ་ཤེས་ཀྱང་། སོ་སོ་བློས་གཏང་ནས་བོད་ལ་དུང་སེམས་ཀྱིས་གནམ་ས་གོ་འབྱེད་སོགས་ཀྱིས་བོད་ལ་བགས་ཆགས་བཞག་པའི་རྒྱུ་མཚན་གྱིས། འཛམ་གླིང་གི་ཕོ་རྒོད་ཟེར་སྨོས་པ་ཡིན། བཙན་བྱོལ་རང་དབང་ལུང་པར་འུད་བཤད་ཕོད་པ་དང་འདི་མི་འདྲ།
རིག་པའི་རལ་གྲི།
ཞོགས་དུང་གི་ལྟ་བ་དངོས་ནི་བོད་དུ་རིག་གནས་གསར་བརྗེ་ཆེན་པོ་ཞིག་སློང་འདོད་པ་དེ་རེད་།དོན་གྱིས་རྙིང་བ་གཏོར་ནས་གསར་བ་ཞིག་འཛུགས་དགོས་ཟེར་བ་དེ་རེད་།ཡིན་ནའང་ཁོང་གི་ལྟ་བ་དང་སྐད་ཆ་བཤད་ཆོག་མིན་གྱི་དབང་ཆ་དེ་གཉིས་ཁྱད་པར་ཕྱེ་རྒྱུ་གལ་ཆེན་པོ་རེད།ངས་མང་པོ་ལབ་ཡོད་པ་བཞིན་།་ཞོགས་དུང་གི་ལྟ་བའི་གནད་ནི་དམར་སྲུང་དམག་གི་ལྟ་བ་རེད་ཅེས་ལབ་བཞིན་ཡོད་མོད་།ཁོ་ལ་ལྟ་བ་དེ་འཛིན་ཆོག་པ་དང་།འཛིན་པར་རྒྱབ་སྐྱོབ་བྱ་མཁན་ཞིག་ཡིན་།ཡིན་ནའང་ཁོང་གི་སྐད་ཆ་འགའ་བཤད་པ་ལ་བརྟེན་ནས་འཛིན་བཟུང་བྱས་བ་ནི་།དམངས་གཙོ་མེད་པ་དང་།བདུག་རྩུབ་ཅན་གྱི་སྲིད་གཞུང་ཞིག་གིས་འགྲོ་བ་མིའི་ཐོང་ཐང་ལ་རྡོག་རིལ་བཏང་བ་དེ་རེད།དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་།
བོད་པ་ཚོས་སེམས་ཁམས་འདི་ཧ་ལས་ཞིག་འདུག་།མཐའ་གཅིག་ཏུ་བཟང་ཞེས་བ་དང་།འཐད་པ་ཡོད་ཅེས་ཁས་ལེན་པ་དང་།དེ་བཞིན་དུ་ཡག་པོ་མི་འདུག་།མཐའ་གཅིག་ཏུ་ཁས་མི་ལེན་ཞེས་དཔྱད་པ་ཅི་ཡང་མེད་པར་སྟོང་གཏམ་རེ་བཤད་ན་།ཕྱོགས་མཐའ་ལྷུང་བ་རེད་ལ་།གཟུ་བོ་མིན་པའི་རྟགས་རེད།
ཁོ་བཙོན་ཏུ་བཟུང་བ་ངོ་རྒོལ་དང་།ལྟ་བ་འཐད་པ་མེད་།རྒྱུ་མཚན་འདི་ཡིན་ཞེས་བཤད་ན་འགྲིག་གིན་རེད།
ལྟ་བ་གང་འདྲ་ཞིག་འཛིན་རྒྱུ་ནི་རང་དབང་རེད།ཆབ་སྲིད་ལ་འབྲེལ་བ་ཅི་ཡང་མི་འདུག་།
བཀྲ་ཤིས་བདེ་ལེགས།
ང་སྣ་དགོད་ཤོར་ཡོང་གི བྱིས་པ་བསམ་མེད་འགའ་རེའི་སྐད་ཆ་གོ་ན། དམར་སྲུང་དམག་ལ་ལྟ་བ་ཟེར་བ་ཞིག་ཡོད་པ་རེད་པས། ཁོ་ཚོ་གཅིག་གཅོད་པ་ཞིག་གི་ལག་ཆ་ཁོ་ན་རེད། གཏོར་ཟེར་ན་གཏོར་གི་རེད། ཤར་ལ་རྒྱུགས་ཟེར་ན་ཤར་དང་ནུབ་ལ་རྒྱུགས་ཟེར་ན་ནུབ་ལ་རྒྱུགས་རྒྱུ་མ་གཏོགས་གཞན་ཁོ་ཚོ་ལ་གདམ་ཀ་གང་ཡང་ཡོད་པ་མ་རེད།
ཞོགས་དུང་ལ་ག་རེ་བཤད་ན་མ་བཤད་ན། རང་ཉིད་ལ་རང་གི་བསམ་བློ་དང་རང་ཉིད་ལ་རང་གི་ལྟ་བ་ཡོད་པ་རེད། གཏོར་གཏོར་ཟེར་བ་དེའང་། རིག་གནས་གསར་བརྗེ་དང་དམར་སྲུང་དམག་གི་ལྟ་སྤྱོད་ཀྱིས་སེམས་པ་ཐང་ཐང་མེད་པ་བཟོས་ཡོད་པའི་སྡར་མ་ཝ་འདྲ་བ་རེ་ཟུང་གི་བློ་ཡིད་ལ་མ་ཤོང་བ་ཙམ་ལས་དེ་འདྲ་འཇིགས་དགོས་པ་ཞིག་ཏུ་མ་མཐོང་།
ཞོགས་དུང་གིས་གཏོར་གཏོར་ཁ་ནས་བཤད་གི་ཡོད་པ་རེད། རྒྱལ་བ་རིན་པོ་ཆེས། བོད་ནང་ས་ཞིང་ལེགས་བཅོས། རྒྱ་གར་ནང་དམངས་གཙོའི་ལམ་ལ་བསྐྱོད་པ། དེ་མིན་དུས་དང་རྒྱལ་སྤྱི་དང་མི་མཐུན་པའི་རིགས་འདོར་དགོས་པའི་བཀའ་སློབ་སོགས་གནང་ནས། ལམ་ལུགས་རྙིང་པ་ཕན་མེད་རྣམས་གཏོར་གི་གཏོར་གི་ཡོང་པ་རེད། བག་ཆགས་རྙིང་པ་རྣམ་རྟོག་གིས་རུ་འཛིངས་པ་མང་པོ་ཞིག་ཐབས་ལ་མཁས་པའི་བཀའ་སློབ་གནང་སྟེ་སེལ་གི་སེལ་གི་ཡོང་པ་རེད།
ཞོགས་དུང་གི་གཏོར་ཟེར་ནས་མང་པོ་ཞིག་བཤད་པ་དེ་ཚོའང་མདོར་དེད་ན། ཁྱིམ་སྲིད་གཙོ་བོར་འཛིན་པའི་བོད་སྤྱི་ཚོགས་ཤིག དུས་ཚོད་ཀྱི་རྗེས་ཟིན་པའི་བོད་སྤྱི་ཚོགས་ཤིག བསམ་བློ་དང་ལྟ་བ་ཡངས་པའི་བོད་སྤྱི་ཚོགས་ཤིག་ཆགས་རྒྱུ་དེ་ལས་ལྷག་ཅིག་ཨེ་ཡིན།
གལ་སྲིད་དངོས་གནས། བོད་ཀྱི་རྩ་ཆེ་བའི་ནང་ཆོས་འདི་གཏོར་མཁན་ཞིག་བྱུང་ན། ངས་བལྟས་ན། ཞོགས་དུངས་ཀྱི་རིགས་འདི་ཚོ་དེ་ལ་དངོས་སུ་ཁ་གཏད་བྱེད་མཁན་ཆགས་ཀྱི་རེད་བསམས།
གནམ་ས་གོ་འབྱེད་ཀྱི་ནང་དུའང་། ཁོང་ནས་ དད་མོས་ཀྱི་ཚིག་འདི། སྐབས་ཤིག་ལ། འདྲ་མཉམ། དམངས་གཙོ། རང་དབང་། ཞི་བདེ་སོགས་གླེང་སྐབས་དེ་ཚོ་དང་གདན་གྲལ་གཅིག་ལ་བཞག་འདུག
གཏོར་ཟེར་དུས་སྡར་མ་བློ་ཆུང་ཚོའི་སེམས་ལ་ཆེ་དྲགས་ཡོད་པ་འདྲ་ཡང་། ངས་ནི་དེ་དེ་འདྲ་ཛ་དྲག་པོ་ཞིག་ཏུ་ནམ་ཡང་བལྟ་མ་མྱོང་།
རྩ་བའི་ཞོགས་དུང་གི་ཚིག་སྦྱོར་སྤེལ་སྟངས་དང་བསམ་ཚུལ་འགའ་རེར་མི་མཐུན་པ་མང་པོ་ཞིག་རང་ལ་ཡིན་ནའང་ཡོད། དམར་སྲུང་དམག་རེད་ཟེར་ན་མ་དགའ་བ་དང་གཞི་འཛིན་ས་མེད་པའི་སྐད་ཆ་ཁུང་མེད་ལུང་མེད་རེད།
འདན་ཚན་པ་།
ཁྱོད་དགད་ནས་ས་ལ་འགྲིལ་སོང་ནའང་།གནས་ལུགས་ཅི་ཡང་མེད་པར་དགད་ནས་ཤི་འགྲོ་བ་མ་གཏོགས་གཞན་ཅི་ཡང་མི་འདུག་།
ངས་ཁྱོད་ལ་གོང་དུ་ལུང་འདྲེན་དང་བཅས་གསལ་བོ་བྱས་ཡོད་།འདི་ཡང་རྩ་དོན་འགའ་བཤད།
༼༡༽ཞོགས་དུང་གིས་བོད་ཀྱི་ཉེ་རབས་ཀྱི་ལོ་རྒྱུས་དང་།ཆོས་ལུགས་།དེ་བཞིན་སེམས་པའི་འཁྱེར་སྟངས་སོགས་བོད་རྒུད་པར་བྱས་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་དང།བོད་འདི་དེང་རབས་ཅན་དང་།རྒྱལ་ཁབ་ཅིག་འཛུགས་དགོས་ན་།བོད་དུ་བདག་༼individualism) གཙོ་བོ་བྱས་པའི་”རིག་གནས་གསར་བརྗེ”ཤིག་དགོས་ཞེས་བཤད་བཞིན་ཡོད་པ་རེད་།
གསར་བརྗེ་ལ་མང་པོ་ཡོད་པ་རེད།་ཆབ་སྲིད་སྒྲིག་འཛུགས་ཀྱི་གསར་བརྗེ་དང་།རིག་གནས་གསར་བརྗེ་སོགས་ཡོད་ཅིང་།འཇིག་རྟེན་གྱི་གསར་བརྗེ་མང་ཆེ་ཤོས་ནི་ཆབ་སྲིད་ཀྱི་གསར་བརྗེ་ཤིག་རེད་།དཔེར་ན་།རྒྱལ་བོའི་ལམ་ལུགས་ནས་།དམངས་གཙོ་རིང་ལུགས་དང་།རིགས་རྒྱུད་རིང་ལུགས་ནས་རྒྱལ་བོ་ལམ་ལུགས་ལྟ་བུ་རེད་།ཞོགས་དུང་གི་ལྟ་བའི་གནད་ནི་།བོད་དུ་རིག་གནས་དང་།དེའི་རྩ་བའི་གནད་ཀྱི་དགོངས་པ་དེ་དག་་གསར་བརྗེ་བྱས་དགོས་ཟེར་བ་དེ་རེད་།དེ་བས་དོན་གྱིས་ཞོགས་དུང་གི་གསར་བརྗེ་ནི་རིག་གནས་ཀྱི་གསར་བརྗེ་ཤིག་རེད།
༼༢༽ཞོགས་དུང་གིས་རྩལ་ཆེན་པོས་ཆབ་སྲིད་ཀྱི་ལམ་ལུགས་དེ་དུས་གསར་རྙིང་གི་སྟེང་ནས་བཞག་ནས་།འདོར་ན་རྙིང་བ་ཐམས་ཅད་དོར་བྱ་དང་།གསར་བ་ཐམས་ཅད་བླང་བྱ་ཞིག་ཏུ་འདོད་བཞིན་པས།དངོས་གཙོ་རྩོད་སྒྲུབ་རིང་ལུགས་དང་།མོའི་དགོངས་བ་དང་ཤིན་ཏུ་མཐུན་།ངས་ཁྱོད་ལ་སྔོན་དུ་འདི་ལྟར་”ཞོགས་དུང་གིས་ནུབ་ཀྱི་ལོ་རྒྱུས་དང་།དམངས་གཙོ་ལྟ་བ་སོགས་ལ་བཏུས་ལུང་བཏུས་མང་པོ་བྱས་ནས།་ནུབ་ཀྱི་ལོ་རྒྱུས་དང་།ལྟ་གྲུབ་སོགས་མང་པོ་ཤིག་བཤད་གིན་འདུག་མོད།དོན་གྱིས་ཁོ་རང་ནུབ་ཀྱི་དམར་པོའི་ལྟ་བའི་ལོ་རྒྱུས་ལྟ་བའི་གྲུབ་མཐའ་དང་།ཁྱད་པར་ཏུ་ཨ་རིའི་མཁས་བ་གྲགས་ཅན་ལོ་ལྦེ་སི་ཧ་རི་མོ་རྒན་ (Lewis Henry Morgan) གྱིས་༡༨༨༧ལོར་བརྩམས་པའི་དཔེ་དེབ་གནའ་བའི་མི་སྡེ་ (ancient society) ཟེར་བ་དག་ལས་གཞན་ཅི་ཡང་མི་འདུག།”ཅེས་གསལ་བོ་དག་པོ་བཤད་ཡོད་།
༼༣༽ཞོགས་དུང་གི་སློབ་གསོ་ཐོབ་ས་དང་།ཞོགས་དུང་འཚར་ལོངས་བྱུང་སའི་ལོ་རྒྱུས་ཀྱི་ཁོར་ཡུག་དེ་།ཞོགས་དུང་གི་སེམས་པའི་འཁྱེར་སྟངས་ལ་ཤན་ཞུགས་ཏན་ཏན་ཡོད་པ་རེད་།ཁོ་རིག་གསར་གྱི་སྐབས་སུ་མཚར་ལོངས་བྱུང་ཞིང་།རིག་གསར་གྱི་ལྟ་བ་སྤྱངས་།རིག་གསར་གྱི་སློབ་གྲྭ་ནས་བྱུང་བ་ཡིན་ཕྱིར་།རིག་གསར་གྱི་ཤན་ཞུགས་ཡོད་པ་ནི་སྨོས་མ་དགོས་བ་ཤིག་རེད་།
༼༤༽ངས་གོང་དུའང་མང་པོ་བཤད་ཡོད་།དམར་སྲུང་དམག་ཟེར་ལས་འགུལ་དེ་དག་གི་དངོས་སུ་ཞུགས་ནས་།རྙིང་བ་ཐམས་ཅད་ལག་པ་བཅག་ཟེར་བ་དང་།ཡང་ན་གཞན་ལ་བཅོམ་ཟེར་ནས་བཀའ་བཏང་བ་དེ་ཁོ་ན་ལ་ཟེར་བཞིན་མེད་།རྒྱུ་མཚན་དང་གནས་ལུགས་མེད་པས་སེམས་ཁུང་ཏུ་ནམ་ཡང་རྙིང་གཏོར་གྱི་བསམ་པ་ཞིག་ཡོད་པ་དེ་དང་།བསམ་པའི་འཁྱེར་སྟངས་དེ་ལ་ཟེར་བཞིན་ཡོད་།
༼༥༽་ཞོགས་དུང་གི་ལྟ་བ་དང་།ཆབ་སྲིད་དང་།རྒྱལ་གཅེས་སྙིང་སྟོབས་རྣམས་སོ་སོར་ཕྱེ་ནས་གླེང་དགོས་།ཕན་ཚུན་ལ་འབྲེལ་བ་ཅི་ཡང་མི་འདུག་།
འདོར་ན་།ངས་ཁྱེད་ལ་མང་པོ་ལབ་ཡོད་པ་བཞིན་།ཁྱེད་ཚོས་བོད་ཀྱི་རིག་གནས་གསལ་བོ་ཞིག་ཧ་མི་གོ་ནའང་།དེ་ལ་དགག་རྒྱག་གི་བསམ་བ་ཞིག་ནམ་ཡང་ཁ་ནས་ཁྱི་རྒན་རུས་བཟུང་ལྟར་བསྡད་པའི་སེམས་པའི་འཁྱེར་སྟངས་དེ་ནི་དམར་སྲུང་དམག་གི་ལྟ་བ་རེད་ཅེས་བཤད་པ་ཡིན་།རྗེས་མ་འདིའི་སྐོར་ལ་རྩོམ་ཤིག་འབྲི་གིན་ཡོད་།དེ་དུས་གསལ་བོ་ཆགས་ཐུབ་པའི་རེ་བ་ཡོད་།
ཞོགས་དུང་དམར་པོ་ཁྲག་དང་འདྲ། །
ཁྲག་གིས་བརླན་པའི་དར་ཆ་འདྲ། །
ཞོགས་དུང་དཀར་པོ་གངས་དང་འདྲ། །
གངས་རིའི་སེང་གེ་དཀར་མོ་འདྲ། །
༡ རྐུན་མ་ཧམ་ཆེན་གྱིས་མི་གསོད་ཁོ་ཐག་རེད། ཁྱེད་ཀྱི་དོནཚན་དང་པོའི་ནང་ཞོགས་དུང་གི་གསར་བརྗེ་ནི་རིག་གནས་གསར་བརྗེ་རེད་ཟེར་བ་དེ་ནི། མ་ཤེས་པ་དང་མ་རྟོགས་པ། ཡོངས་སུ་མ་རྟོགས་པའི་སྐད་ཆ་ཞིག་ཡིན་པ་གནམ་ས་གོ་འབྱེད་ནང་གི་ཆབ་སྲིད་གསར་བརྗེ་དང་འབྲེལ་བའི་ཚིག་དེ་དག་གིས་ཡོངས་སུ་ཁུངས་མེད་དུ་བཏང་འདུག
༢ ཞོགས་དུང་གིས་ ་་རྙིང་པ་ཐམས་ཅད་འདོར་བྱ་དང་གསར་པ་ཐམས་ཅད་བླང་བྱ་ཞིག་ཏུ་འདོད་་ ཟེར་བའི་ཁུངས་གསལ་པོ་ཞིག་སྟོན་དང་། རྙིང་པ་ཐམས་ཅད། གསར་པ་ཐམས་ཅད་ཟེར་ནས་གང་ཞིག་ན་བཤད་འདུག
༣ ཁོར་ཡུག་གིས་ཤན་མ་ཞུགས་པ་ཞིག་སུ་ཞིག་ཡོད། ཁྱེད་རང་གི་ཡང་སྐྱོན་བརྗོད་བྱེད་སྟངས། བརྗོད་ཚིག གཤིས་ཀ་ཚུན་ཆད་ན་དམར་སྲུང་དམག་གི་གཤིས་ཀ་ཤིག་སོ་ནང་བཞིན་བསྒྲིག་རྒྱུ་འདུག
༤ རྙིང་པ་གང་ཞིག་གཏོར་དགོས་པ་རེད་ཟེར་ན་དེ་ལའང་རྒྱུ་མཚན་ཞིག་ཡོད་པ་རེད་ལ། གཏོར་དགོས་པ་མ་རེད་ཟེར་ནའང་རྒྱུ་མཚན་ཞིག་ཡོད་པ་རེད། རང་ཉིད་ལ་རང་གི་རྒྱུ་མཚན་དང་བསམ་བློ་མེད་པར། གཞན་དབང་ཁོ་ནའི་འོག་ཧོལ་རྒྱུགས་བྱེད་མཁན་ནི་དངོས་གནས་དམར་སྲུང་དམག་ཡིན་རྒྱུ་རེད། མདོར་དེད་ན། ་་རྒྱུ་མཚན་དང་གནས་ལུགས་མེད་པས་སེམས་ཁུང་ཏུ་ནམ་ཡང་རྙིང་གཏོར་གྱི་བསམ་པ་ཞིག་ཡོད་་་ ཟེར་བ་འདིར་ཁྱེད་ལ་གཞི་རྩ་ག་ཚོད་ཅིག་ཡོད་པ་རེད།
༥ དེས་ན་བཅོས་བསྒྱུར་གྱི་མིང་ཙམ་གོ་ན་སྐྲག་སྣང་དང་བཅས་དེ་ལ་དགག་རྒྱག་གི་བསམ་པ་ཞིག་ཁྱི་རྒན་རུས་བཟུང་གི་ཚུལ་དུ་སེམས་ཕུགས་སུ་ཉར་ཡོད་པ་དེ་ག་རེའི་ལྟ་བ་རེད། ཁྱི་རྒན་རུས་བཟུང་འདི་ཀླད་པ་མཁྲེགས་པོ་རྡོ་འདྲ་བ་ཚོའི་དཔེར་འོས་པ་འདྲ།
རང་གི་སྐད་ཆ་ཚོར་ཨི་ཁུང་བརྒྱ་སྟོང་མང་པོ་བརྡོལ་ནས་ཁྲ་ལེམ་མེད་བྱེད་ཀྱང་། ད་རུང་གཞན་ཞིག་ལ་དགག་པ་རྒྱག་ཁུལ་བྱེད་མཁན་འདི་ཚོ་སྙིང་རེ་རྗེ།
རྗེས་མ་ནས་ཁྱེད་རང་གི་སྐད་ཆ་ཆོ་མེད་དེ་ཚོ་མི་ཀློག་ཁོ་ཐག་ཡིན། ད་རིང་ཀློག་པར་དགའ་བ་སྒོམས།
ཞོགས་དུང་གི་ལོ་རྒྱུས་ཀྱི་འདིའི་དོན་གནད་ནི་།་
“ཕྱིར་དྲན་ཞིག་བྱས་ན། བཙན་པོའི་རྒྱལ་རབས་མཇུག་རྫོགས་པ་ནས་བཟུང་། བོད་མི་ཚོའི་ཤེས་རབ་དང་བློ་གྲོས། འཇོན་ནུས་མཐའ་དག་ནང་སེམས་ཀྱི་ཕྱིར་དུ་ཤུགས་ཕུལ་ཏེ་སེམས་ཀྱི་དེ་ཉིད་བཙལ་ཅིང་ ཆོས་དང་ཆོས་ལུགས་མཐའ་གཅིག་ཏུ་བསྒྲུབས་ཏེ་མི་ལོ་སྟོང་ཕྲག་ཡས་མས་འགོར། དུས་ཡུན་རིང་པོ་དེ་འདྲའི་ནང་ལ། ཁོང་ཚོས་དེ་སྔའི་བཙན་པོའི་སྐབས་ཀྱི་ས་ཁོངས་འདུ་ཤེས་དང་རིགས་རྒྱུད་འདུ་ཤེས། ཁྱིམ་སྲིད་འདུ་ཤེས། དཔའ་བོའི་འདུ་ཤེས་རྣམས་རིང་དུ་སྤངས་ཏེ། མར་གྱུར་སེམས་ཅན་ཐམས་ཅད་ཀྱི་ཕྱིར་དུ་འཚང་རྒྱ་བའི་གདམས་པ་གཅིག་པུ་དེ་གཞི་ རྒྱ་ཆེན་པོ་དང་། ཁ་ཞེ་གཉིས་མེད་དང་། བློ་ཐག་རྦད་ཆོད་ཀྱིས་ལྷུར་བླངས་པ་སྟེ། བློ་སྦྱོང་ཞེན་པ་བཞི་བྲལ་གྱིས་བདེན་པ་བཞི་དང་ལྟ་བ་བཀར་བཏགས་ཀྱི་ཕྱག་ རྒྱ་བཞི་སོགས་བཤད་ཅིང་བསྒྲུབས་ཏེ་འོངས་པ་དེ་འདྲ་རེད། དེ་ཡང་མི་ཆོས་རིག་གནས་དང་ལྷ་ཆོས་རིག་གནས་གཉིས་དང་། འཇིག་རྟེན་རིག་གནས་དང་འཇིག་རྟེན་ལས་འདས་པའི་རིག་གནས་གཉིས། སྲིད་པའི་རིག་གནས་དང་ཞི་བའི་རིག་གནས་གཉིས། མངོན་གྱུར་རིག་གནས་དང་ལྐོག་གྱུར་རིག་གནས་གཉིས་བཅས་ལས་སྔ་མ་རྣམས་སྤངས་ཏེ་ ཕྱི་མ་རྣམས་བླངས་པ་དང་། མ་མཐར་ཡང་ཕྱི་མ་གཙོ་ལ་སྔ་མ་ཕལ་བར་བསྐྱུར་བཞག་པ་རེད། དེ་བས། སངས་རྒྱས་དང་ཆོས་དང་དགེ་འདུན་ཞེས་ཡང་ཡང་བཟླས་ཤིང་བསྒོམས་ཏེ་ཆོས་ལུགས་ བསྒྲུབས་པ་མ་གཏོགས། རང་དབང་དང་འདྲ་མཉམ་དང་ཐོབ་ཐང་དང་དམངས་གཙོ་ཞེས་སྲིད་ཀྱི་དོན་བྱས་ མི་འདུག ཁྱིམ་སྲིད་བརླག་མི་རུང་ཞེས་པའི་བཙན་པོའི་སྐབས་ཀྱི་ཁྱིམ་སྲིད་འདུ་ཤེས་ཀྱི་ རྒྱུན་ཞིག་ཡོད་པའི་དབང་དུ་བཏང་ནའང་། ཕྱི་ཕྱིར་སླེབས་དུས“ཆོས་སྲིད་ཟུང་འབྲེལ”ཞེས་ཕལ་བའི་གནས་སུ་དེད་སོང་བས། མི་རྣམས་ལ་མཚོན་ན་རང་དབང་ཞེས་པ་དང་འདྲ་མཉམ་ཞེས་པ་དང་ཐོབ་ཐང་ཞེས་པ་དང་དམངས་ གཙོ་ཞེས་པའི་ཁྱིམ་སྲིད་ཀྱི་དོན་རྣམས་ནི་ཟ་རྒྱུ་ཞིག་གམ་འཐུང་རྒྱུ་ཞིག་ཡིན་ མིན་ཡང་ཧ་གོ་མེད་པའི་ཚོད་རེད།”
ཀློག་དང་།ག་རེ་ལབ་བཞིན་འདུག་།་”བཙན་པོའི་རྒྱལ་རབས་མཇུག་རྫོགས་པ་ནས་བཟུང་། བོད་མི་ཚོའི་ཤེས་རབ་དང་བློ་གྲོས། འཇོན་ནུས་མཐའ་དག་ནང་སེམས་ཀྱི་ཕྱིར་དུ་ཤུགས་ཕུལ་ཏེ་སེམས་ཀྱི་དེ་ཉིད་བཙལ་ཅིང་ ཆོས་དང་ཆོས་ལུགས་མཐའ་གཅིག་ཏུ་བསྒྲུབས་ཏེ་མི་ལོ་སྟོང་ཕྲག་ཡས་མས་འགོར”་བ་རེད་དམ་།་
འདིས་གོང་གི་སྐད་ཆ་ཚང་མ་ལ་ལན་བཏབ་འདུག་།
ཞོགས་དུང་གི་སྐད་ཆ་འདི་ཚོ་རྩ་བའི་ཆ་ནས་བདེན་པར་མཐོང་། ཡིན་ནའང་། ཆོས་ཁོ་ན་བྱས་ནས་ཁྱིམ་སྲིད་རྦད་དེ་སྤངས་ཡོད་པ་འདྲ་ཞིག་བཤད་ན་དངོས་ཡོད་དང་མི་འཚམས་པ་ཞིག་རེད། གང་ལྟར་མཐའ་མཇུག་ཁོང་གིས། མ་མཐའ་ཡང་ཕྱི་མ་གཙོ་ལ་སྔ་མ་ཕལ་བར་བསྐྱུར་བཞག་པ་རེད། ཟེར་བ་དེ་བདེན་པ་གསོན་པོ་ཞིག་རེད།
འདི་རུའང་ཁོང་གིས་ཁྱིམ་སྲིད་ཀྱི་བྱ་བ་གཙོ་བོར་འཛིན་དགོས་པ་བཤད་ཡོད་པ་ལས་ཆོས་ལུགས་རྦད་དེ་དོར་དགོས་པ་གང་ཡང་བཤད་མི་འདུག ངས་ཚིག་འདི་ལུང་དྲངས་དགོས་བསམས་བསྡད་ཡོད་དེ། ཁྱེད་རང་གིས་ཏག་ཏག་ངའི་ཚབ་ལ་ལུང་ཚིག་འདི་འཁྱེར་ཡོང་བར་བཀའ་དྲིན་ཆེ་ཞུ།
མང་པོ་ཞིག་ནས་ཆོས་སྲིད་གཉིས་ཁ་ཁ་བྱེད་དགོས་ཟེར་བ་དེའང་གནད་འགག་འདི་འདྲ་ཞིག་ལ་ཐུག་པ་མིན་འགྲོ།
རེད་།
ཁོང་གིས་འདོད་པ་ལྟར་ན་།
དང་པོ་ལོ་རྒྱུས་འགྲིག་མི་འདུག།་”བོད་མི་ཚོའི་ཤེས་རབ་དང་བློ་གྲོས། འཇོན་ནུས་མཐའ་དག་ནང་སེམས་ཀྱི་ཕྱིར་དུ་ཤུགས་ཕུལ་ཏེ་སེམས་ཀྱི་དེ་ཉིད་བཙལ་ཅིང་ ཆོས་དང་ཆོས་ལུགས་མཐའ་གཅིག་ཏུ་བསྒྲུབས་ཏེ་མི་ལོ་སྟོང་ཕྲག་ཡས་མས་འགོར།”་
སེམས་གཙོ་རིང་ལུགས་ཀྱི་ལྟ་བ་ཁོ་ན་སྒྲུབ་འདུག་།
གཉིསབ”དུས་ཡུན་རིང་པོ་དེ་འདྲའི་ནང་ལ། ཁོང་ཚོས་དེ་སྔའི་བཙན་པོའི་སྐབས་ཀྱི་ས་ཁོངས་འདུ་ཤེས་དང་རིགས་རྒྱུད་འདུ་ཤེས། ཁྱིམ་སྲིད་འདུ་ཤེས། དཔའ་བོའི་འདུ་ཤེས་རྣམས་རིང་དུ་སྤངས་ཏེ། མར་གྱུར་སེམས་ཅན་ཐམས་ཅད་ཀྱི་ཕྱིར་དུ་འཚང་རྒྱ་བའི་གདམས་པ་གཅིག་པུ་དེ་གཞི་ རྒྱ་ཆེན་པོ་དང་། ཁ་ཞེ་གཉིས་མེད་དང་། བློ་ཐག་རྦད་ཆོད་ཀྱིས་ལྷུར་བླངས་པ་སྟེ། བློ་སྦྱོང་ཞེན་པ་བཞི་བྲལ་གྱིས་བདེན་པ་བཞི་དང་ལྟ་བ་བཀར་བཏགས་ཀྱི་ཕྱག་ རྒྱ་བཞི་སོགས་བཤད་ཅིང་བསྒྲུབས་ཏེ་འོངས་པ་དེ་འདྲ་རེད།”ཅེས་བོད་ཀྱི་ཆོས་དང་རིག་གནས་ཐམས་ཅད་ཀྱི་དོན་གནད་ནི་རིགས་རྒྱུད་དང་།ཁྱིམ་སྲིད་།དཔའ་བོའི་འདུ་བྱེད་སྤངས་བའི་བྱེད་པའི་་གཞི་ཁོ་ན་དང་།མདོར་ན་།བོད་ཉམས་པར་བྱེད་པར་གཞི་ཁོ་ནར་གྱུར་འདུག་པས་།དེ་དག་ནི་སྤངས་བྱ་དང་།
གསུམ་།་”དེ་ཡང་མི་ཆོས་རིག་གནས་དང་ལྷ་ཆོས་རིག་གནས་གཉིས་དང་། འཇིག་རྟེན་རིག་གནས་དང་འཇིག་རྟེན་ལས་འདས་པའི་རིག་གནས་གཉིས། སྲིད་པའི་རིག་གནས་དང་ཞི་བའི་རིག་གནས་གཉིས། མངོན་གྱུར་རིག་གནས་དང་ལྐོག་གྱུར་རིག་གནས་གཉིས་བཅས་ལས་སྔ་མ་རྣམས་སྤངས་ཏེ་ ཕྱི་མ་རྣམས་བླངས་པ་དང་། མ་མཐར་ཡང་ཕྱི་མ་གཙོ་ལ་སྔ་མ་ཕལ་བར་བསྐྱུར་བཞག་པ་རེད།”
འདོར་ན་འདི་ཐམས་ཅད་ཀྱི་དགོངས་དོན་གཙོ་བོ་ནི་།དངོས་གཙོ་དང་།སེམས་གཙོ་།ལྷ་ཡོད་དང་ལྷ་མེད་བཅས་ཀྱི་འགལ་བའི་རྣམ་བཤད་དེ་མ་ཡིན་ནམ།
བཞི།འདི་ཐམས་ཅད་མངོན་འགྱུར་བྱ་དགོས་ན་།རིག་གནས་གསར་བརྗེ་བྱ་དགོས་ཟེར་བ་དེ་མ་ཡིན་ནམ།ད་རུང་དེ་འདྲ་ཤིན་ཏུ་མང་པོ་རེད་།དཔེ་དེབ་འདི་དང་།ཁོང་གི་སྔོན་གྱི་དཔེ་ཆ་རྣམས་་།དེ་བཞིན་ཚིག་སྤྱོད་སྟངས་དང།དཔྱད་པའི་རྣམ་འགྱུར་།དེ་བཞིན་སློབ་གཉེར་གྱི་ཁོར་ཡུག་དང་།ལོ་ཚིགས་རྣམས་བསྡུར་དང་།དེ་ནས་ལྟ་གྲུབ་་གང་གི་ཤན་ཞུགས་པ་ནི་གསལ་བོ་རེད་།
ལྔ་།འདོར་ན་གལ་ཆེ་ཤོས་ཞིག་ནི་།གསར་བ་ཤིག་ལས་དགོས་ན།རྙིང་བ་དེ་ངེས་པར་ཏུ་གཏོར་དགོས་སྙམ་པ་དང་།གསར་བ་ཤིག་གླེང་དུས་།རྙིང་བ་ཞིག་མ་གླེང་ཐབས་མེད་པ་ཞིག་ཆགས་ཡོང་བསམ་པའི་འཁྱེར་སྟངས་འདི་ཡང་།དམར་བོའི་ལྟ་བ་རང་རེད།
དྲུག།ངས་འདི་ནས་ལེགས་ཉེས་དང་།བཟང་ངན་གྱི་ཐད་ནས་སྐད་ཆ་ཅི་ཡང་བཤད་གིན་མེད་།ལྟ་བའི་ཡོང་ཁུངས་དང་།་བསམ་པའི་ཁྱེར་སྟངས་།ལྟ་གྲུབ་འཛིན་སྟངས་ཤིག་གླེང་གིན་ཡོད་།མོའི་ཆབ་སྲིད་ཀྱི་བདུག་ཅན་ཧ་ལས་ཞིག་རེད་མ་གཏོགས་།རིག་གཞུང་གི་ཐད་ནས་།རྒྱ་ནག་གི་ཞིང་བ་ལ་ཞིབ་མཇུག་བྱ་མཁན་དཔེ་མེད་པ་ཞིག་ལ་བརྩི་བཞིན་ཡོད་པ་རེད།ད་ལྟ་ཡང་ཁོས་བརྩམས་པའི་ཧུའུ་ནན་གྱི་ཞིང་བའི་སྐོར་གྱི་རྟོག་དཔྱོད་རྣམས་།ནུབ་ཀྱི་མཁས་བ་རྣམས་ཧ་ལས་བཞིན་འདུག་།
གཞན་གྱི་སྐད་ཆར་དཔྱད་ན། གོང་ན་ཚིག་རིས་ནག་ཐར་རེ་བྱེད་པ་དེ་ཚོར་ཡི་གེ་འབྲི་འདེད་བྱས་ནས་ཤོག གཞན་པ་དངོས་གཙོ་ཟེར་བ། སེམས་གཙོ་ཟེར་བ། ལྷ་ཡོད། ལྷ་མེད་ཟེར་བ་དེ་འདྲ་ཞིག་གང་ན་ཡོད་གི ང་ཅིག་སྟོན་ར།
དེ་མིན་གོང་གི་ཡི་གེ་དང་རྩ་ནས་འབྲེལ་བ་མེད་པར་ཡིན་ནམ་མིན་ནམ་ཟེར་བ་དེ་ཚོས་རང་ཉིད་ཀྱི་རྣམ་རྟོག་གང་ཡིན་པ་གཅིག་པོ་ལས་གཞན་གང་ཡང་སྒྲུབ་ཐུབ་པ་མ་རེད། ཁྱོས ཁོའི་་་ལྟ་བའི་ཡོང་ཁུངས་དང་།་བསམ་པའི་ཁྱེར་སྟངས་།ལྟ་གྲུབ་འཛིན་སྟངས་ཤིག་གླེང་གིན་ཡོད་།་་ ན། ཁོ་ལ་སྐད་ཆ་དྲིས།
ད་བར་དུ་ཁོས་དེབ་ག་རེ་ག་རེ་ཀློག་འདུག ཁོར་ཡུག་ག་འདྲར་ཕྱིན་འདུག གྲོགས་པོ་སུ་འདྲར་འགྲོགས་འདུག བསམ་བློ་འཁྱེར་སོ་ག་འདྲ་རེད། དགའ་མོས་ཆེ་ཤོས་ཀྱི་གཞུང་ལུགས་གང་དང་གང་འདུག དྲི་བ་ཁ་ཤས་ཀྱིས་ཁོ་ལ་དབྱེ་གསེས་མང་པོ་ཞིག་བྱེད་ཐུབ་གི་རེད། དེ་མིན་རྨོངས་བཤད། ཚོད་བཤད། འཁྱོག་བཤད། ངན་བཤད། སྟོང་བཤད། ཙ་བཤད། ཆེ་བཤད། སྤོམ་བཤད་རྐྱང་རྐྱང་བྱས་བསྡད་ན། སྟོན་ནུབ་རྟ་བོས་ཆོད་གི་མ་རེད། ཞི་ལི།
རེད་ལགས་།
ངས་སྔོན་ནས་ཁྱེད་ལ་ལབ་ཡོད་པ་མ་ཡིན་ནམ།ཁྱོད་ཀྱིས་བློ་ཞིབ་མོ་།སྐད་ཆ་དྲང་མོ་།བློ་གཟུ་བོ་ཞིག་གིས་བགྲོ་གླེང་ཞིག་བྱ་ཐུབ་ཀྱིན་མ་རེད་བཤད་ཡོད་པ་མ་རེད་དམ།ཁྱོད་དང་མི་འདྲ་བར་།ཞོགས་དུང་གི་དཔེ་དེབ་ཆ་ཚང་བར་བལྟས་བ་ཡིན་།དེ་མིན་ཞོགས་དུང་གི་སྙིང་ཉེ་བའི་གྲོགས་འགའ་ཤས་དུས་རྒྱུན་ཁ་བརྡ་ཡང་བྱ་བཞིན་ཡོད་།རྒྱ་ནག་གི་ལྔ་བཞི་ལས་འགུལ་སྐབས་ཀྱི་དཔེ་དེབ་མང་པོ་ཀློག་གིན་ཡོད་པའང་ཧ་གོ་།དེ་མིན་མི་རང་ཚུགས་ཅན་དང།འབྱོན་པོ་ཞིག་ཡིན་པའང་ཧ་གོ་།
གནམ་ས་གོ་འབྱེད་དུ་།རང་གི་ལྟ་བའགའ་ཤིག་་ནོར་འཁྲུལ་ལྟ་བུ་ལ་ངོས་འཛིན་བྱས་ཡོད་པ་ལ་ཡིད་སྨོན་དང་།རྗེས་སུ་ཡིད་རངས་བྱ་བཞིན་ཡོད་།མཁས་བ་ཤིག་དེ་འདྲ་ཡིན་སྙམ་པའི་དགའ་བ་སྒོམ་གིན་ཡོད་།ཁོང་གིས་སྐོར་ལ་དབྱིན་ཇིའི་ཆེད་རྩོམ་ཤིག་ཀྱང་འབྲི་བསམ་བཞིན་ཡོད་།ཡིན་ནའང་ཞོགས་དུང་གི་ལྟ་བ་ཐོག་ནས་བོད་ཡིག་ཏུ་བགྲོ་གླེང་བྱ་བསམ་པ་མ་གཏོགས་།སྐད་ཡིག་གཞན་གྱི་འབྲི་བསམ་བཞིན་ཡོད་།ད་ལྟ་ང་ཚོས་བྱ་ཐུབ་པ་ནི་སྨྱུ་གུའི་སྟེང་ནས་ཁོང་གི་མི་ཚེ་དང་།ལྟ་བ་དང་།སྙིང་སྟོབས་བཅས་གླེང་རྒྱུ་མ་གཏོགས་གཞན་ཅི་ཡང་བྱ་བཟོད་མི་འདུག།གླེང་རིན་ཡོད་པ་དང་།ཀུན་གླེང་བཟང་བོ་ཞིག་གི་སྟེང་ནས་གླེང་གིན་ཡོད་།དེ་མིན་གཞན་ཅི་ཡང་མེད།ཡོད་ན་ཁྱེད་ཚོས་སྐྱོན་རེད།
ཁ་སྔོན་རབ་འབྱོར་ཟེར་བ་ཞིག་གིས་ཞོགས་དུང་གི་གནམ་ས་གོ་འབྱེད་ནང་གཞུང་ལུགས་སྐམ་བཤད་ལས་དོན་དག་ངོ་མ་ཐོག་འགྲོ་ཐུབ་མེད་པའི་བལྟ་ཚུལ་ཞིག་བརྗོད་འདུག
རྒྱ་་ནག་ཉམས་ཞིབ་པ་དང་མདའ་ཚན་པ་གཉིས་ཀྱི་གོ་འབྱེད་ཆ་ཚང་ཞིབ་ཀློག་བྱས་ཡོད་ན་རབ་འབྱོར་གྱིས་བཤད་པ་བདེན་པ་རེད་དམ།
ཉེ་ཆར་འཛམ་གླིང་ཤར་ནུབ་ཀུན་ཏུ་བཞུགས་པའི་ངོ་ཤེས་རྣམས་དང་ཁ་བརྡ་བྱེད་དུས། ཡུལ་ཤུལ་ས་འགུལ་དོན་རྐྱེན་གྱི་འཕྲོར་ཞོགས་དུང་་གི་གོ་འབྱེད་དང་འཛིན་བཟུང་གི་སྐོར་གླེང་སློང་ཚ་ཚ་འུར་འུར་རེད།
མང་པོ་ཞིག་གིས་མ་གྲོས་གཅིག་མཐུན་ངང་། ཞོགས་དུང་ལ་གན་ངྡིའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་མ་ཟད། ཁོང་གིས་མགོ་རིལ་བཟོ་སྟངས་ཚུན་ཆད་གན་ངྡི་ལ་ལད་མོ་བྱས་པ་དང་། མི་འགྱངས་བར་ཁོང་གིས་བཙོན་ཁང་ནང་ནས་མགོ་བརྩམས་ཏེ་གན་ངྡིའི་ལུགས་ཀྱི་ཟས་བཅད་ངོ་རྒོལ་སོགས་ཀྱི་ཐབས་ལམ་སྤྱད་དེ་ལས་འགུལ་སྤེལ་རྒྱུ་ཡིན་པ་དང་། དེ་ནས་བཙོན་ཁང་གི་ལྕགས་རིའི་ཕྱི་རོལ་ནས་བོད་མི་སྐྱ་སེར་ཚང་མས་མི་རིགས་ཀྱི་ཁེ་དབང་དང་ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་འཕྲོ་རིམ་འཕྲོར་སྤེལ་རྒྱུ་ཡིན་པའི་ཚོད་དཔག་བྱེད།
ཞོགས་དུང་གི་ད་ལྟའི་གནས་སྟངས་སྐོར་མཁྱེན་རྟོགས་ཅི་ཡོད་འདིར་གསལ་བཤད་རེ་གནང་རོགས།
སྦ་སྨྱུག་འགུགས་པ་དྲང་པོར་སྲོང་དགོས་ན། འཁྱོག་པའི་ལྡོག་ཕྱོགས་སུ་ཤུག་ཆེར་བཀུག་ནས་སྲོང་དགོས་པ་ཞིག་ཡོད་པ་འདྲ