སྐྱོ་བྲག་དགའ་དབང་།
བོད་པའི་གནའ་སྲོལ་ལ། དཔེ་ཆའི་དབུ་ཡིག་དང་། གཙུག་ལག་ཁང་གི་སྒོ་བྱང་སོགས་འབྲི་བ་ན། ཐོག་མར། སྐད་ལེགས་སྦྱར་དང་ཡི་གེ་རྒྱ་གར་གྱི་ཡི་གེ་ཡིན་པ་དང། བར་དུ། སྐད་ལེགས་སྦྱར་དང་ཡི་གེ་བོད་ཡིག་ཡིན་པ་དང་། ཐ་མར། སྐད་དང་ཡི་གེ་གཉི་ག་བོད་ཡིན་པ་འབྲི་བ་ལ་སུམ་ཕབ་ཟེར།
འགྲོ་མགོན་བཀའ་བརྒྱུད་པའི་དགོན་སྡེ་སོགས་ཀྱིས་ཀྱང་གཙུག་ལག་ཁང་གི་སྒོ་བྱང་སོགས་སུ་མར་མི་དྭགས་པོའི་མཚན་སྔགས་སུམ་ཕབ་འབྲི་བའི་སྲོལ་ཡོད་པ་ནི། འདི་ལྟ་སྟེ།
अों गुरु धर्म मति हूँ । ཨོཾ་གུ་རུ་དྷརྨ་མ་ཏི་ཧཱུྃ། མར་པ་ཆོས་ཀྱི་བློ་གྲོས། अों गुरु हस वज्र हूँ । ཨོཾ་གུ་རུ་ཧ་ས་བཛྲ་ཧཱུྃ། མི་ལ་བཞད་པའི་རྡོ་རྗེ། अों गुरु पुण्ये रत्न हूँ । ཨོཾ་གུ་རུ་པུཎྱེ་རཏྣ་ཧཱུྃ། དྭགས་པོ་བསོད་ནམས་རིན་ཆེན། ཞེས་བྱ་བའོ། །
བཀའ་བརྒྱུད་དུ་གྲགས་པའི་ཆུ་ཀླུང་ཇི་སྙེད་ཅིག་བྱོན་པ་ཐམས་ཅད་ཀྱི་འབྱུང་གནས་རི་བོ་གངས་ཅན་ལྟ་བུར་གྱུར་པ། བཀའ་བརྒྱུད་གོང་མ་རྣམ་གསུམ། ཞེས་སྲིད་པ་དང་ཞི་བའི་ཁྱོན་ན་མངོན་པར་གྲགས་པ་གང་ཉིད་ནི། ང་ཚོའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་བྱ་བ་དེ་ཡིན་ཕྱིར། ཚང་མས་མཚན་ཙམ་ལ་ཡང་ཡི་དམ་བྱ་བར་རིགས་པ་ཡིན་ནོ། །
བཀའ་བརྒྱུད་གོང་མ་རྣམ་གསུམ་མཁྱེན་ནོ།
སྔོ་དུས་མར་མི་དྭགས་གསུམ་ནི། བླ་སློབ་དམ་གཙང་གསེར་བཞིན་གནས། དེང་སང་དམར་ནག་ཁྲ་གསུམ་ནི། དམ་སེལ་གཡའ་ཡིས་འགོས་པས་སྐྱོ།། སྔོན་དུས་བཀའ་བརྒྱུད་ཡབ་སྲས་ནི། རི་ཁྲོད་དབེན་པའི་ཚལ་དུས་གནས། དེང་སང་བཀའ་རྒྱུད་ཡབ་སྲས་ནི། ཆོས་བརྒྱད་ཁྲི་འཕང་གནས་ལ་འགྲན། སྔོན་དུས་བཀའ་བརྒྱད་དམ་པ་ནི། །པདྨའི་ཆོས་གཏེར་མཛོད་ལ་དགྱེས། དེང་སང་བཀའ་བརྒྱུད་ཕོ་སར་ཚོས། ཨོ་རྒྱན་ཆོས་སྐལ་རིང་བར་སྐྱོ། །འོན་ཀྱང་བྱམས་མགོན་ཏ་ཡི་སི་ཏུ་མཆོག ཨོ་རྒྱན་ཆོས་མཛོད་སྤེལ་བར་དད།། བཀྲིས་བདེ་ལེགས།
བཀའ་བརྒྱུད་གོང་མ་གསུམ་གྱི་བྱིན་གྱིས་རློབས།
བཀའ་བརྒྱུད་པའི་དམིགས་བརྩེ་མ་འདོན་འདོད་ན།
་
བླ་མ་མར་པ་ལོ་ཙྰས་བྱིན་གྱིས་རློབས། །
མི་ལ་བཞེད་པ་རྡོ་རྗེའི་དངོས་གྲུབ་རྩོལ། །
དྭགས་པོ་སྒམ་པོ་པ་ཡིས་དམ་ཆོས་གསུངས། །
མར་མི་དྭགས་གསུམ་ཞབས་ལ་གསོལ་བ་འདེབས། །
་
ཀརྡོ་རབ་འབྱམས་པས།
བླ་མ་མར་པ་ལོ་ཙྰས་བྱིན་གྱིས་རློབས། །
མི་ལ་བཞེད་པ་རྡོ་རྗེས་དངོས་གྲུབ་རྩོལ། །
དྭགས་པོ་སྒམ་པོ་པ་ཡིས་དམ་ཆོས་གསུངས། །
མར་མི་དྭགས་གསུམ་ཞབས་ལ་གསོལ་བ་འདེབས། །
ཞྭ་དམར་པ་དང་ཏཱ་ཡི་སི་ཏུ་པས་ཀམ་ཚང་དུམ་བུ་གཉིས་ལ་བཏང་སོང་། ཀརྨ་པ་མཁྱེན་ནོ།
ལ་སོ།