དེང་གི་འཛམ་གླིང་ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད། Posted on 2016-07-232016-07-23 By ཁ་བརྡ་ 10 Comments on དེང་གི་འཛམ་གླིང་ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད། བཅར་འདྲི།
རང་ཉིད་ཆེས་ཡིད་སྨོན་བྱེད་སའི་དྲན་དབང་དམ་པ་ཟམ་གདོང་རིན་པོ་ཆེ་དང་དགེ་བཤེས་ཐུབ་བསྟན་སྦྱིན་པ་ཁང་དཀར་ཚུལ་སྐལ་བཟང་སོགས་ཀྱི་སྐུ་ཚེ་ཡུན་དུ་གནས་བའི་གསོལ་བ་སྙིང་ནས་འདེབས།
བོད་ཡིག་ལ་གཅོད་འཛམས་མེད་ན་སྐྱོན་ནི། དེང་གི་འཛམ་གླིང་ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད། འདི། དེང་གི་འཛམ་གླིང་ནང་ཆོས་དང་། མ་འབྲེལ་བའི་བཟང་སྤྱོད། ཕྱི་མ་འདི་ཇི་ལྟར་འབྲི་ཐུབ་བམ། ལགས།
འཛམ་གླིང་ལ་་་་་འཛམ་གླིང་དུ་་་སོགས་འབྲི་བ་ལས་འཛམ་གླིང་ནང་ཞེས་བའི་འབྲི་སྟངས་ཕྱིའི་སྐད་ཡིག་གི་ཤུགས་རྐྱེན་ཐེབས་པ་མིན་འགྲོ སྔོན་གྱི་བསྟན་བཅོས་དག་ལས་མཐོང་མ་མྱོང་། འཛམ་གླིང་ནང་ལ་ཆོས་དང་མ་འབྲེལ་བ་ཞེས་བྲིས་ན་འོས་སོ། །
ཆོས་དང་མ་འབྲེལ་བའི་སྒོ་ནས་བཟང་སྤྱོད་ཡར་རྒྱས་སུ་གཏོང་ཐུབ་ན། ཆོས་དང་འབྲེལ་བའི་སྒོ་ནས་ཀྱང་ཡར་རྒྱས་སུ་གཏོང་ཐུབ་པ་རེད། ལུང་པ་གང་ཞིག་ཡིན་ཀྱང་བཟང་སྤྱོད་ཀྱི་ལུགས་སྲོལ་ལམ་ཁྲིམས་མེད་པ་མ་རེད། འོན་ཀྱང་ལག་ལེན་དུ་བསྟར་ཐུབ་ཀྱིན་ཡོད་པ་མ་རེད། དཔེར་ན་ཆོས་པ་ཚོས་ཆོས་ཁྲིམས་སྲུང་ཐུབ་ཀྱི་མེད་པ་བཞིན་ནོ། མིའི་བསམ་བློ་བསྒྱུར་བཅོས་གཏོང་བསམ་ན་ངེས་པར་དུ་ཆོས་ལུགས་དང་འབྲེལ་ནས་རྩོལ་བ་བྱས་ན་ལེགས་སམ་སྙམ་མོ། །
དེང་སང་གི་ཆོས་ལུགས་ཀྱི་མི་སྣ་འདི་ཚོས་མགོ་བདེ་འཁྲབ་ཀྱི་འདུག་བསམ་པའི། ཆོས་ལུགས་དང་མ་འབྲེལ་ནས་བཟང་སྤྱོད་ཟེར་བ། ཆོས་ལིགས་མ་འབྲེལ་བའི་བྱམས་པ་དང་ཞི་བདེ་ཟེར་བ་སོགས་ནི་དོན་དུ་དེ་དང་མཉམ་དུ་རང་ཉིད་ཀྱི་ཆོས་ལུགས་གྲུབ་མཐའ་གང་ཡིན་པ་དེ་སྒྲོགས་ནས་ཆོས་ལུགས་བསྒྱུར་རྒྱུའི་བསམ་བློ་རེད། ཀུན་སློང་ཡག་པོ་མ་རེད། དཔེར་ན་བོད་ཀྱི་ཆོས་ཚོགས་དང་དགོན་པ་ཚོགས་པ་མང་པོ་ཞིག་གི་མིང་དུ་རིས་མེད་ཆོས་ཚོགས་ཟེར་བ། རིས་མེད་དགོན་པ་ཟེར། རིས་མེད་བཙུན་དགོན་ཟེར་བ་སོགས་ནི་མིང་ཙམ་ལས་དོན་དུ་ཆོས་ལུགས་བྱེ་བྲག་པ་ཞིག་གིས་དབང་བསྒྱུར་དང་ལྟ་གྲུབ་ཁོ་ནར་འཆད་ཀྱི་ཡོད་རེད། འཛམ་གླིང་མི་མང་ལ་མགོ་འཁོར་བཏང་ན་ཡག་པོ་མ་རེད། ཉིན་མ་ཞིག་མི་ཚོས་ཧ་གོ་ནས་སྐྱོན་བརྗོད་སླེབས་ཡོང་གི་རེད་ལྟོས་ཨང།
དགེ་བཤེས་ལགས་དང་གསར་འགོད་པ་རྣམ་པ་གཉིས་ཀྱི་དབར་བཀའ་མོལ་ལྷུག་པོར་གནང་བ་ཆ་ཚང་ཉན་ཡོད། དངོས་གནས་བློ་བསྐྱེད་ཡག་པོ་རགས་སོང་། བོད་གངས་ཅན་པའི་གཟི་བརྗིད་ཕྱོགས་མཐར་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཞུ། སྔོན་གྱི་མཁས་པ་ཡིན་ཟེར་མཁན་དེ་ཚོ་ནང་བཞིན་ངའི་ཆོས་ལུགས་ཡག་རབས་དང་ཁྱོད་ཀྱི་ཆོས་ལུགས་གདུག་རབས་རྐྱང་རྐྱང་བཤད་ནས་བོད་མི་ནང་ཁུལ་མི་བདེ་མི་སྐྱིད་པ་བཟོ་སྡོད་པ་ལས། གོ་ལ་ཧྲིལ་པོའི་སྐྱིད་སྡུག་གནས་སྟངས་ལ་གཟིགས་ནས། བློ་གུ་ཡངས་པོའི་མི་ཚེ་བསྐྱིད་པོ་ཞིག་སྐྱེལ་ཐུབ་པ་ཡིན་ན་དེ་ཁེ་བཟང་དངོས་གནས་ལོས་ཡིན། མིག་ལྟོས་ཟེར་ནའང་དེ་འདྲ་ཞིག་ཡིན་འགྲོ གཞན་རྣམ་རྟོག་དགྲ་རུ་ལངས། ཁང་སྟོང་རྐུན་མས་བརྒྱངས་ན་ངོ་མ་ཆོ་ཅི་ཡོད། །
དགེ་བཤེས་ལགས་ཀྱིས་གོ་སྒྲིགས་གནང་སྟེ་བོད་ཀྱི་ཆོས་རྒྱུད་བཞི་དང་བོན་པོའི་སྐོར་གྱི་དཔེ་ཆ་བསྒྱུར་འཆར་གྱི་དཔེ་དེབ་ཀྱི་སྔོན་གླེང་ནང་དུ་བོན་གྱི་སྐོར་ལ་སྐད་ཆ་བཤད་དུས་དྲང་པོ་དང་བདེན་པའི་གཏམ་ཞིག་བཤད་མི་འདུག མ་ཟད་ཁོང་རང་བོན་གྱི་སྐོར་ལ་རའགྱུས་མངའ་དེ་ཙམ་མེད་པའི་བཟོ་ལྟ་བསྟན་འདུག་པས་རྗེས་མར་དང་པོ་ཕ་རོལ་གྱི་ལྟ་གྲུབ་ལ་རྒྱུས་མངའ་ཡག་པོར་བྱས་ཏེ་སྐད་ཆ་བཤད་ཅིང་གླེང་ན་མཁས་པའི་ཉམས་འགྱུར་སླེབས་ཀྱི་རེད་དེ་མིན་ཀུན་གྱིས་གཙིགས་མཐོང་བྱེད་ཁག་པོ་རེད།
རང་ཉིད་ཆེས་ཡིད་སྨོན་བྱེད་སའི་དྲན་དབང་དམ་པ་ཟམ་གདོང་རིན་པོ་ཆེ་དང་དགེ་བཤེས་ཐུབ་བསྟན་སྦྱིན་པ་ཁང་དཀར་ཚུལ་སྐལ་བཟང་སོགས་ཀྱི་སྐུ་ཚེ་ཡུན་དུ་གནས་བའི་གསོལ་བ་སྙིང་ནས་འདེབས།
བོད་ཡིག་ལ་གཅོད་འཛམས་མེད་ན་སྐྱོན་ནི།
དེང་གི་འཛམ་གླིང་ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད།
འདི།
དེང་གི་འཛམ་གླིང་ནང་ཆོས་དང་། མ་འབྲེལ་བའི་བཟང་སྤྱོད།
ཕྱི་མ་འདི་ཇི་ལྟར་འབྲི་ཐུབ་བམ། ལགས།
ཆོས་དང་མ་འདྲེས་པ་ཡིན་གྱི་རེད་བསམ།
secular ethics ཞེས་པའི་བསྒྱུར་ནི། “ཆོས་ལུགས་དང་མ་འདྲེས་པའི་བཟང་སྤྱོད་” ཡིན་པ་འདྲ།།
འཛམ་གླིང་ལ་་་་་འཛམ་གླིང་དུ་་་སོགས་འབྲི་བ་ལས་འཛམ་གླིང་ནང་ཞེས་བའི་འབྲི་སྟངས་ཕྱིའི་སྐད་ཡིག་གི་ཤུགས་རྐྱེན་ཐེབས་པ་མིན་འགྲོ སྔོན་གྱི་བསྟན་བཅོས་དག་ལས་མཐོང་མ་མྱོང་། འཛམ་གླིང་ནང་ལ་ཆོས་དང་མ་འབྲེལ་བ་ཞེས་བྲིས་ན་འོས་སོ། །
ཆོས་དང་མ་འབྲེལ་བའི་སྒོ་ནས་བཟང་སྤྱོད་ཡར་རྒྱས་སུ་གཏོང་ཐུབ་ན། ཆོས་དང་འབྲེལ་བའི་སྒོ་ནས་ཀྱང་ཡར་རྒྱས་སུ་གཏོང་ཐུབ་པ་རེད། ལུང་པ་གང་ཞིག་ཡིན་ཀྱང་བཟང་སྤྱོད་ཀྱི་ལུགས་སྲོལ་ལམ་ཁྲིམས་མེད་པ་མ་རེད། འོན་ཀྱང་ལག་ལེན་དུ་བསྟར་ཐུབ་ཀྱིན་ཡོད་པ་མ་རེད། དཔེར་ན་ཆོས་པ་ཚོས་ཆོས་ཁྲིམས་སྲུང་ཐུབ་ཀྱི་མེད་པ་བཞིན་ནོ། མིའི་བསམ་བློ་བསྒྱུར་བཅོས་གཏོང་བསམ་ན་ངེས་པར་དུ་ཆོས་ལུགས་དང་འབྲེལ་ནས་རྩོལ་བ་བྱས་ན་ལེགས་སམ་སྙམ་མོ། །
དེང་སང་གི་ཆོས་ལུགས་ཀྱི་མི་སྣ་འདི་ཚོས་མགོ་བདེ་འཁྲབ་ཀྱི་འདུག་བསམ་པའི། ཆོས་ལུགས་དང་མ་འབྲེལ་ནས་བཟང་སྤྱོད་ཟེར་བ། ཆོས་ལིགས་མ་འབྲེལ་བའི་བྱམས་པ་དང་ཞི་བདེ་ཟེར་བ་སོགས་ནི་དོན་དུ་དེ་དང་མཉམ་དུ་རང་ཉིད་ཀྱི་ཆོས་ལུགས་གྲུབ་མཐའ་གང་ཡིན་པ་དེ་སྒྲོགས་ནས་ཆོས་ལུགས་བསྒྱུར་རྒྱུའི་བསམ་བློ་རེད། ཀུན་སློང་ཡག་པོ་མ་རེད། དཔེར་ན་བོད་ཀྱི་ཆོས་ཚོགས་དང་དགོན་པ་ཚོགས་པ་མང་པོ་ཞིག་གི་མིང་དུ་རིས་མེད་ཆོས་ཚོགས་ཟེར་བ། རིས་མེད་དགོན་པ་ཟེར། རིས་མེད་བཙུན་དགོན་ཟེར་བ་སོགས་ནི་མིང་ཙམ་ལས་དོན་དུ་ཆོས་ལུགས་བྱེ་བྲག་པ་ཞིག་གིས་དབང་བསྒྱུར་དང་ལྟ་གྲུབ་ཁོ་ནར་འཆད་ཀྱི་ཡོད་རེད། འཛམ་གླིང་མི་མང་ལ་མགོ་འཁོར་བཏང་ན་ཡག་པོ་མ་རེད། ཉིན་མ་ཞིག་མི་ཚོས་ཧ་གོ་ནས་སྐྱོན་བརྗོད་སླེབས་ཡོང་གི་རེད་ལྟོས་ཨང།
དགེ་བཤེས་ལགས་དང་གསར་འགོད་པ་རྣམ་པ་གཉིས་ཀྱི་དབར་བཀའ་མོལ་ལྷུག་པོར་གནང་བ་ཆ་ཚང་ཉན་ཡོད། དངོས་གནས་བློ་བསྐྱེད་ཡག་པོ་རགས་སོང་། བོད་གངས་ཅན་པའི་གཟི་བརྗིད་ཕྱོགས་མཐར་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཞུ། སྔོན་གྱི་མཁས་པ་ཡིན་ཟེར་མཁན་དེ་ཚོ་ནང་བཞིན་ངའི་ཆོས་ལུགས་ཡག་རབས་དང་ཁྱོད་ཀྱི་ཆོས་ལུགས་གདུག་རབས་རྐྱང་རྐྱང་བཤད་ནས་བོད་མི་ནང་ཁུལ་མི་བདེ་མི་སྐྱིད་པ་བཟོ་སྡོད་པ་ལས། གོ་ལ་ཧྲིལ་པོའི་སྐྱིད་སྡུག་གནས་སྟངས་ལ་གཟིགས་ནས། བློ་གུ་ཡངས་པོའི་མི་ཚེ་བསྐྱིད་པོ་ཞིག་སྐྱེལ་ཐུབ་པ་ཡིན་ན་དེ་ཁེ་བཟང་དངོས་གནས་ལོས་ཡིན། མིག་ལྟོས་ཟེར་ནའང་དེ་འདྲ་ཞིག་ཡིན་འགྲོ གཞན་རྣམ་རྟོག་དགྲ་རུ་ལངས། ཁང་སྟོང་རྐུན་མས་བརྒྱངས་ན་ངོ་མ་ཆོ་ཅི་ཡོད། །
དགེ་བཤེས་ལགས་ཀྱིས་གོ་སྒྲིགས་གནང་སྟེ་བོད་ཀྱི་ཆོས་རྒྱུད་བཞི་དང་བོན་པོའི་སྐོར་གྱི་དཔེ་ཆ་བསྒྱུར་འཆར་གྱི་དཔེ་དེབ་ཀྱི་སྔོན་གླེང་ནང་དུ་བོན་གྱི་སྐོར་ལ་སྐད་ཆ་བཤད་དུས་དྲང་པོ་དང་བདེན་པའི་གཏམ་ཞིག་བཤད་མི་འདུག མ་ཟད་ཁོང་རང་བོན་གྱི་སྐོར་ལ་རའགྱུས་མངའ་དེ་ཙམ་མེད་པའི་བཟོ་ལྟ་བསྟན་འདུག་པས་རྗེས་མར་དང་པོ་ཕ་རོལ་གྱི་ལྟ་གྲུབ་ལ་རྒྱུས་མངའ་ཡག་པོར་བྱས་ཏེ་སྐད་ཆ་བཤད་ཅིང་གླེང་ན་མཁས་པའི་ཉམས་འགྱུར་སླེབས་ཀྱི་རེད་དེ་མིན་ཀུན་གྱིས་གཙིགས་མཐོང་བྱེད་ཁག་པོ་རེད།
གུས་པར་འོས་པའི་མི་སྣ་ཞིག་ཡིན་ངེས།