ཁྲི་རལ་པ་ཅན།
ང་སྔོན་ཆད་བོད་ནང་ཡོད་སྐབས་ལྷ་སའི་ཁ་སྐད་སློབ་དེབ་ཟེར་བ།ཡོངས་གྲགས་སུམ་རྟགས་ཀྱི་འགྲོ་སྟངས་མང་པོ་དོར་ཏེ་བྲིས་པའི་དེབ་ཞིག་མཐོང་སོང་ལ། ཕྱིས་སུ་དེར་ཁམས་པ་དང་ཨ་མདོའི་མཁས་པ་མང་པོས་དགག་བྱ་གནང་སྟེ། སྤྱི་ཚོགས་ཁྲོད་མངོན་ཆུང་དང་རིམ་པས་མཐོང་ལམ་ནས་ཡལ།
འོན་ཀྱང་། བར་སྐབས་༧གོང་ས་སྐྱབས་མགོན་ཆེན་པོའི་གསུང་བསྒྱུར་པ་དགེ་བཤེས་ཐུབ་བསྟན་སྦྱིན་པ་མཆོག་ནས། སྨྲ་སྒོའི་ལྡེ་མིག་ཟེར་བ་ཅིག་ཏུ་བཙན་བྱོལ་བོད་མིའི་སྐད་ལུགས་དང་དབུས་ཀྱི་ཡུལ་སྐད་ལྟ་བུ།གང་འཚམ་ཚིག་བརྗོད་གསར་པའི་རིགས་མང་དག་གསར་བསྣན་གྱིས་བརྩམས་ཡོད་པར། རིགས་པ་སྨྲ་བའི་ཁྲོད་ལེགས་ཉེས་ཀྱི་དགོངས་ཚུལ་སྣ་ཚོགས་བྱུང་མོད། དུས་ཀྱི་གོམ་འགྲོས་དང་བསྟུན་གྲགས་འགུལ་མེད་པར་གྱུར།
ད་ཆ་བརྡ་འཕྲིན་གྱི་དུས་རབས་གོ་ལའི་གྲོང་ཚོ་ཅན་དུ་གྱུར་ནས་མི་ཕན་ཚུན་འབྲེལ་ལམ་ཤིན་ཏུ་བྱ་སླ་བའི་དུས་འདིར། བརྒྱུད་ལམ་ཁག་གང་སར་སྦིར་གྲགས་ཆེན་པོས་གླེང་གཞི་ཅན་གྱི་གནས་ཚུལ་ནི། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་བྱང་ཨ་རིའི་གཟའ་མཇུག་སློབ་དེབ། སྔོན་འགྲོ་ནས་དང་པོ་དང་གཉིས་པ་བཅས་བཏོན་པའི་ནང་། བོད་ཡིག་འབྲི་སྟངས་ཀྱི་སུམ་རྟགས་ལས་བྱུང་བ་ཕྲད་དང་རྣམ་དབྱེ་རེ་ཟུང་དོར་ཏེ་ཚིག་སྦྱོར་སྤེལ་པར། སྐད་འཕྲིན་དང་ངོ་དེབ་སྟེང་དགག་བྱ་བྱེད་མཁན་གྱི་གྲངས་འབོར་ཧ་ཅང་མང་། འོན་ཀྱང་། དེ་ཚོ་མང་ཆེ་ཤོས་ཨ་མདོ་དང་ཁམས་ཀྱི་མི་ཡིན་པ་ལས། འགྱུར་བཅོས་དེར་དགག་པ་བྱེད་མཁན་ཁྲོད་དབུས་གཙང་མངའ་རིས་དང་བཅས་པའི་མི་ཤིན་ཏུ་དཀོན།
རྒྱུ་མཚན། འགྱུར་བཅོས་དེ་རིགས། དཔེར་ན། ངས་ཇ་འཐུང་། ཟེར་བའི་ཚབ་ཏུ། ང་ཇ་འཐུང་། ང་ཁ་པར་བཏང་ལྟ་བུ། བྱེད་སྒྲ་མེད་པར་བཟོས་པ་དང་། ཡང་ན། ངའི་སོ་ན་ཡི་འདུག་ལྟ་བུའི་ཚབ་ལ། ང་སོ་ན་གི་འདུག་ཅེས་འབྲེལ་སྒྲ་མི་དགོས་པ་ལྟ་བུ། ང་ཕྱིན་པ་ཡིན། ལྟ་བུ་བྱེད་སྒྲ་མི་དགོས་པའི་རིགས་ལ། ངས་ཕྱིན་པ་ཡིན་ཞེས་བྱེད་སྒྲ་སྦྱར་ཡོད།
དེ་འདྲ་གནང་དོན་ལ་ཁོང་རྣམ་པར་རྒྱུ་མཚན་མང་པོ་བགྲང་རྒྱུ་གདའ། ཤེས་རིག་གི་ཚེ་རིང་བསམ་འགྲུབ་ཀྱིས་ཕྲུ་གུ་ཚོས་ཐོག་མར་བོད་སྐད་ཡག་པོ་ཤེས་ཆེད། ཁོར་ཡུག་དང་བསྟུན་པར་གསུངས་སོང་ལ། དབུས་གཙང་གི་མཁས་པ་ཆུང་ཚེ་རིང་གིས་༼མི་ཚང་མས་རང་ཉིད་གསར་གཏོད་དང་ཡར་རྒྱས་ཀྱི་བཀག་རྡོ་བྱ་འདོད་ཡོད་མ་རེད་དེ། གསར་གཏོད་དང་ཡར་རྒྱས་ཟེར་བ་དངོས་སུ་ཡོང་དུས་རང་བཞིན་གྱིས་བཀག་རྡོ་བྱེད་མཁན་མང་པོ་རེད། ང་རང་ཚོ་དེ་འདྲའི་བཀག་རྡོ་ཞིག་ཡིན་མིན་ཡང་དགོངས་པ་བཞེས་དགོས།༽ཞེས། ཤེས་རིག་གི་གནང་སྟངས་དེ་གསར་བཏོད་དང་ཡར་རྒྱས་ལ་ངོས་བཞེས་གནང་བ་འདྲ་བོ་མ་ཟད། དེ་ལ་དགག་བྱ་བྱས་མཁན་ཚོ་གསར་གཏོད་དང་ཡར་རྒྱས་ཀྱི་བཀག་རྡོར་ངོས་འཛིན་གནང་བའི་བཟོ་བསྟན་ཡོད།
ལྷག་པར་ཤེས་རིག་ནང་ཁུལ་གྱི་བཀའ་མོལ་ཡིན་ན། བྱང་ཨ་རིའི་གཟའ་མཇུག་སློབ་དེབ་རྩོམ་སྒྲིག་འཆར་འགོད་སྐབས། དེ་སྔའི་བརྡ་སྤྲོད་ཀྱི་འགྲོས་ལ་བསྟུན་མི་དགོས་པར། ཡུལ་སྐད་ཀྱི་སློབ་དེབ་རྩོམ་སྒྲིག་བྱས་ན།བོད་ཀྱི་བརྡ་སྤྲོད་པ་དང་ཡིག་གེའི་རྣམ་གཞག་འཐོར་ཏེ། བོད་ཆོལ་གསུམ་ཕན་ཚུན་གོ་བརྡ་མི་འཕྲོད་པར་ཡོང་ངེས་ན། དེ་འདྲ་མི་རུང་ཞེས་ཨ་མདོ་ཁ་ཤས་ཀྱིས་དགག་བྱ་ཆེན་པོ་བྱས་འདུག་ཀྱང་། གཏན་འབེབས་ཚོགས་ཆུང་གི་དབུས་གཙང་པ་ཚོས་ཨུ་ཚུགས་བསྐྱོན་ཏེ་ཐག་ཆོད་འདུག
ཕྱོགས་མཚུངས། ཨོ་སི་ཁྲི་ལི་ཡའི་རྒྱལ་ཁབ་ཏུའང་བོད་ཕྲུག་ཚོར་བསླབ་དེབ་རྩོམ་སྒྲིག་ཚོགས་འདུའི་སྟེང་། མ་ཟིན་དང་དཔེ་མཚོན་གྱི་རིགས་བཀྲམས་པར། དབུས་གཙང་གི་མཁས་པ་འགས། འབྱེད་སྡུད་ཀྱི་ཐེ་ཚོམ་དང་དྲི་ཚིག་སོགས་ལ་འཇུག་པ། རེད་དམ་དང་ཡིན་ནམ། ལྟ་བུར། རེད་པས་དང་ཡིན་པས། ཞེས་བྲིས་པ་དང་། ལྷག་བཅས་ཀྱི་དེ་ཏེ་སྟེ་གསུམ་སྟེང་། ཡིག་སྐད་ཀྱི་དེ་ནས་ཟེར་བའི་ཚབ་ཏུ་ཨ་ནེ་ཟེར་བ་ལྟ་བུ་བསྣན་ལུགས་བཤད།
གང་ལྟར། གནས་ཚུལ་འདི་རིགས་ཀྱི་སྟེང་ནས་མཐོང་ཐུབ་པ་ནི། བཙན་བྱོལ་དུ་དབུས་གཙང་གི་མཁས་པ་ཚོར་སྐད་གསར་བཅད་ཀྱི་དགོངས་པ་ཞིག་འཁོར་གྱི་ཡོད་པ་འདྲ། ཡིག་ཚོགས་ལ་འཇིགས་ནས་ལུང་འདྲེན་འདོད་མེད་པ་མ་གཏོགས། གཞི་རྩ་དགེ་ཆོས་ཀྱིས་ཡིག་སྐད་དང་ཁ་སྐད་ཐ་དད་དུ་མ་སོང་བར། ཐག་ཇེ་ཉེར་བཏང་སྟེ་རིམ་པས་དབྱེ་བ་མེད་པ་ཡོང་ཐབས་སུ་འབད་བརྩོན་བསྟེན་དགོས་ལུགས་སྨྲས་པ་བཞིན། མཁས་དབང་རཀ་ར་རིན་པོ་ཆེས་ཀྱང་བསྟན་བཅོས་ཀྱི་སྐད་མང་ཚོགས་ཁྲོད་མི་བྲིན་གཤིས། ཉིན་རེའི་མི་ཚེའི་སྐད་ཆ་ཡིག་ཐོག་ཏུ་སྤྱོད་ཐུབ་དགོས་པ། དགེ་ཆོས་ཀྱི་ལོ་རྒྱུས་ནང་དཔེར་མཚོན་དང་བཅས་ཏེ་གསུངས་པ་དྲན་སོས།
ལར་བོད་ཡིག་ལ་སྔོན་ཆད་ཡུལ་དུས་དང་བསྟུན་ནས་བཀས་བཅད་ཐེངས་འགར་གནང་བ་ལོ་རྒྱུས་སུ་གསལ་ཞིང་། དེང་བོད་ལ་ཡིག་གེ་དང་སྐད་ཀྱི་དབར་རྒྱང་ཁད་རིང་པོར་ཕྱིན་པ་མཐོང་ཆོས་སུ་ཡོད་སྟབས། ཡུལ་དུས་དང་མཐུན་པར་སྐད་ཡིག་ལ་འགྱུར་བཅོས་དང་ཡར་རྒྱས་གཏོང་དགོས་པ་ཆོས་ཉིད་རེད། དེར་བརྟེན། ཁོང་རྣམ་པའི་སྐད་ཡིག་ལ་བཅོས་བསྒྱུར་འདི་ལེགས་ཕྱོགས་སུ་སོང་ན། བོད་སྐད་དང་བོད་ཡིག་ཡར་རྒྱས་ལ་ཆར་པ་ཆུ་གྲོགས་སུ་འགྲོ་རྒྱུ་སྨྲོས་ཅི་དགོས།
འོན་ཀྱང་། གལ་ཏེ་ངན་ཕྱོགས་སུ་ཕྱིན་ན། ད་ལྟ་བོད་མི་བོད་ཡིག་ཤེས་མཁན་ཕན་ཚུན་གྱིས་གོ་བརྡ་བདེ་བླག་ངང་འཕྲོད་ཐུབ་པ། སུམ་རྟགས་ཀྱི་སྒྲོམ་གཞི་རྨང་གདན་ཡག་པོ་ཅིག་ཡོད་པ་དེ་ཙམ་ཡང་རྩ་ཡལ་དུ་འགྲོ་ཉེན་མེད་པ་མིན་ན། བོད་མི་ཤེས་ལྡན་དང་ལྷག་བསམ་ཅན་ཚོས་ངེས་པར་དུ། ཤེས་རིག་གི་སློབ་དེབ་དང་འགྱུར་བཅོས་གསར་པ་འདིར་དོ་ནན་དགོངས་པ་ཆེ་བཞེས་ཀྱིས། དཔྱད་པ་གནང་སྟེ་ཤེས་རིག་ལ་ལེགས་ཉེས་ཀྱི་དགོངས་འཆར་ཕུལ་རྒྱུ་དང་། སྣང་མེད་ཅམ་འཇོག་མི་གནང་བར་འགན་ཁུར་ལེན་རྒྱུ་ཤིན་ཏུ་གལ་ཆེན་རེད་སྙམ།།
དབུས་པས་སྐད་གསར་བཅད་དེ། བོད་མི་རིགས་ཀྱི་འཆིང་ཐག་བཀྲོལ་བྱེད་རེད། སྲིད་སྐྱོང་བློ་སེང་གི་གསར་བཏོད་རེད་དོ། ཚེ་རིང་བསམ་འགྲུབ་བརྙན་འཕྲིན་ལས་ག་འདྲ་ངོ་ཚ་བོ་ཆགས་སོང་། ལྟས་ངན་སྟོན་གྱི་འདུག་ག
སློབ་བཟང་སངས་རྒྱས་སྲིད་སྐྱོང་ལ་ཐོག་མར་བསྡད་པའི་སྐབས་སུ་སྲིད་སྐྱོང་བྱ་དགའ་སྤྲོད་ཁོངས་ནས་བོད་ཡིག་རྒྱང་ཕུད་བཏང་སོང་།
ད་རེས་ཡང་བསྐྱར་མི་དབང་སྲིད་སྐྱོང་ཁོང་དང་། ཤེས་རིག་དྲུང་ཆེ་ངག་དབང་རབ་རྒྱས། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་འགྲུབ་གསུམ་གྱིས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་དངོས་སུ་དབུ་འབྱེད་གསལ་བསྒྲགས་གནང་བའི་སློབ་དེབ་དེ་བོད་ཕྱི་ནང་ཀུན་གྱི་བོད་ཡིག་ལ་སེམས་གཏིང་ནས་དུང་བ་ཡོད་མཁན་ཚོར་བློ་ཕམ་ཚད་མེད་སྐྱེ་བྱེད་ཅིག་ཆགས་སོང་།
གོང་རིམ་དུ་བཞུགས་མཁན་ཚོར་ད་དུང་གྲགས་འགུལ་ཅི་ཡང་མེད་ཚོད་ལ་བལྟས་ན། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ཀྱི་རིན་ཐང་དང་དར་རྒུད་ལ་ཚོར་བ་གཏན་ནས་མེད་པ་འདྲ་ཨང་།
བྱང་ཨ་རིའི་གཟའ་འཇུག་སློབ་དེབ་དེའི་རྒྱབ་ཤོག་ནང་ངོས་སུ།
(བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བསྐྱར་ཞིབ་དང་གཏན་འབེབས་བྱས།) ཞེས་བྲིས་འདུག
དང་པོ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ངེས་པར་དུ་ཐུགས་སྣང་གིས་ཤེས་རིག་ལས་ཁུངས་སུ་བརྡ་ལན་སྤྲོད་དགོས་པ་གཅིག་ནི། བཅའ་ཁྲིམས་རིན་པོ་ཆེའི་ནང་ (བོད་མིའི་སྒྲིག་འཛུགས་) ཞེས་པ་ལས་ (བཙན་བྱོལ་བོད་མིའི་སྒྲིག་འཛུགས་) ཞེས་མེད་པ་མ་ཟད། སྐབས་སྔོན་གྲོས་ཚོགས་ཀྱི་འཐུས་མི་ཞིག་གིས་ཚོར་ཤུགས་ཆེན་པོས་དེའི་ཐད་གྲོས་ཐོག་ནང་ནན་བརྗོད་གནང་ཡོད། འོ་ན་ཤེས་རིག་ལས་ཁུངས་ངོས་ནས་(ཅིའི་ཕྱིར་བཅའ་ཁྲིམས་དང་འགལ་བའི་ཚིག་བརྗོད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་བྲིས་པ་རེད་དམ།)
གཉིས་པ། བྱང་ཨ་རིའི་གཟའ་འཇུག་བོད་ཡིག་སློབ་དེབ་གཏན་འབེབས་ཚོགས་ཆུང་གི་མིང་གཞུང་གི་དང་པོར་། (ཚེ་རིང་བསམ་གྲུབ། ཤེས་ལྷན་འགན་འགན་འཛིན།) ཞེས་བྲིས་འདུག ཁོང་གིས་འགོ་འཁྲིད་པའི་ཚོགས་ཆུང་ནས་གཏན་འབེབས་བྱས་པའི་སློབ་དེབ་དེའི་ནང་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་དང་འགལ་བའི་ཚིག་གྲུབ་མང་པོ་བཟོས་ཡོད་པ་(ཨ་རིའི་བོད་སྐད་བརྙན་འཕྲིན་ ཀུན་གླེང་ལེ་ཚན་)ཐོག་གཙོ་སྐྱོང་བས་ཐེར་འདོན་བྱས་ནའང་ངོས་ལེན་བྱས་མེད་པ་དང་། ད་དུང་སློབ་དེབ་དེ་དབུ་འབྱེད་ཡིན་ཞེས་སྲིད་སྐྱོང་གདན་ཞུས་ཀྱིས་གསར་འགོད་གསལ་བསྒྲགས་ཆེད་དུ་གོ་སྒྲིག་བྱས་ཡོད། འོ་ན་དྲི་བ་གཅིག་ཡོད་པ་ནི་(བོད་ཀྱི་སྐད་ཡིག་གཏོར་བཤིག་གཏོང་མཁན་ཚེ་རིང་བསམ་གྲུབ་ལ་ཅིའི་ཕྱིར་བོད་མིའི་སྒྲིག་འཛུགས་ནས་འདི་ལོའི་ལས་བྱེད་གཟེངས་ཐོན་བྱ་དགའ་སྤྲད་པ་རེད་དམ།)
བོད་ཡིག་གི་སྒྲིག་སྲོལ་བརྡ་སྤྲོད་གཏོར་བཤིག་བཏང་བ་ཡིན་ཙང་གཟེངས་བསྟོད་རག་པ་རེད། བརྡ་སྤྲོད་ལ་བསྟུན་མ་དགོས་ན་བློ་བཟང་སེང་གེ་ལ་སྟབས་བདེ་བྱུང་བ་འདྲ། བོད་ཡོད་མང་པོ་སྦྱངས་དགོས་པ་མེད་པ་རེད།
མཁས་པ་འཆུགས་ན་འདོམ་གང་། ཟེར་བའི་དཔེ་སྟེ། ཆུང་ཚེས་ད་ཐེངས་མུན་དོང་དགུ་ཞབས་སུ་ལྷུང་ནས་ཀི་བཏབ་སོང་།
བརྡ་སྤྲོད་ཀྱི་གཞུང་ལུགས་མ་དར་བའི་སྔོན་དུ། ཡུལ་སྐད་ཀྱིས་བརྡ་གཞུང་ལ་སྣེ་ཁྲིད་ཅིང་། བརྡ་གཞུང་གྲུབ་རྫེས་བརྡ་སྤྲོད་གཞུང་ལུགས་ཀྱིས་ཡུལ་སྐད་ལ་སྣེ་འཁྲིད་དགོས་པའི་ཚུལ། དགེ་ཆོས་དང་དམུ་དགེ་སོགས་མིག་རྒྱང་རིང་བའི་མཁས་པ་ཚོས་ནན་ཏན་དུ་གསུངས་གདའ། དོན་ལའང་དེ་ལྟར་ཏེ། གཞན་དུ་ན། ཆོལ་གསུམ་སྐད་ཡིག་གསུམ་དུ་གྱེས་རྒྱུ་དང་། ཆོལ་ཁ་གསུམ་པོས་ཀྱང་བཀའ་བསྟན་བརླག་པར་འགྱུར་རྒྱུ་བཅས། ཉམས་པར་འགྱུར་ཏ་རེ།
ཧེ་ཧེ། འདི་འདྲ་འདི་ལ་གསར་གཏོད་ཟེར་ན། གསར་གཏོད་ཀྱི་བྱ་བ་དེ་ཅི་འདྲས་ལས་སླ་བ་ལ། གང་དྲན་དྲན་རེད།
བརྡ་སྤྲོད་དང་བརྗོད་པའི་སྟེང་ན་ནོར་འཁྲུལ་ཡོད་ན་དག་ཐེར་བྱོས། དབུས་གཙང་དང་ཁམས་པ། ཨ་མདོ་སོགས་སྐད་ཆ་འཆལ་པོ་དེ་ཚོ་གཡུགས་ཞོག
འདས་པའི་ནང་སྐད་གསར་བཅད་གསུམ་མམ་བཞི་བྱུང་བ་དབུས་གཙང་དུ་ཡིན་པ་ལས། མདོ་སྟོད་སྨད་དུ་བྱུང་མི་འདུག ལར་ནས་ཤེས་རིག་གི་རྩོམ་སྒྲིག་པའི་ནང་ཆོལ་ཁ་གསུམ་གའི་མི་འདུག ལྷག་པར་དུ་གཙོ་འགན་རྩོམ་སྒྲིག་པ་ཨ་མདོ་བ་ཞིག་རེད། གཞན་ཡང་འགའ་ཞིག་གི་བྱས་ཉེས་ཆོལ་ཁ་དེའི་མགོར་མ་གཡོག་རོགས། ཞུ་བ་འཐེན།
རྩོམ་སྒྲིག་པའི་ནང་ཨ་མདོ་ཡོད་མེད་ཀྱི་སྐད་ཆ་མ་རེད།གཙོ་བོ་སུས་དབང་ཆོད་བྱས་ཡོད་མེད་ལ་ཐུག་པ་རེད་ད།
ཨ་ལས་བྱས་ན་རྩོམ་སྒྲིག་པ་དེ་དྲག་སྤྱོད་པའི་འཇིགས་སྐུལ་འོག་ལས་ཀ་བྱེད་བཞིན་པ་འདྲ། སྙིང་རྗེ་ཨང་་་་
ཧཧ།རྒྱ་དམར་དྲག་སྤྱོད་པ་ལ་མི་སྐྲག་པར་ངོ་རྒོལ་དང་རང་སྲེག་པ་བརྒྱ་ཆ་དགུ་བཅུ་ཨ་མདོ་ཚོ་རེད་ད།ཁ་རྒྱག་པ་མ་བཤད་ཨང་།སུས་སུ་ལ་སྙིང་རྗེ་འཆོར་དགོས་མིན་ལྟ་རྒྱུ་རེད།འོན་ཀྱང་།བསམ་ཤེས་ཀྱིས་མང་མང་གི་ཁ་ལ་ཉན་པ་སྐྲག་པ་མ་རེད་ད།ཁྱོད་རང་གི་བཤད་སྟངས་བྱས་ན།མང་གཙོའི་རྒྱལ་ཁབ་ཁག་ནང་གི་ཕྱོགས་འགལ་ཚོགས་པ་ཚང་མ་སྐྲག་ཤོར་དང་དྲག་སྤྱོད་འོག་ཡོད་ས་རེད།
རྩོམ་སྒྲིག་ཚོགས་པ་དེའི་ནང་མི་མང་པོ་ཡོད་ཁོངས་ནས་ཨ་མདོ་བ་གཅིག་མ་གཏོགས་མེད་པར།གཞན་ཚང་མ་དབུས་གཙང་སོགས་ཀྱི་མི་ཡིན་ན།བརྒྱ་ཆ་དགུ་བཅུའི་ཐག་གཅོད་ལྟར་མི་འགྲོ་རང་འགྲོ་དེ་ཆོས་ཉིད་རེད་ད།དེ་ཙམ་ཡང་མགོ་མི་ཚོས་ན་དངོས་གནས་སྙིང་རྗེ་སྐྱེ་ཡ་རང་རེད།
ཟླ་བ་ཟེར་བ་ཁྱེད་རང་གིས་བྱས་ཉེས་དེ་ཆོལ་ཁ་གཅིག་གི་སྟེང་མ་གཡོག་ལབ་འདུག་སྟེ།ངས་འགྱུར་བཅོས་དེ་བྱས་ཉེས་དང་ནོར་འཁྲུལ་རེད་དམིགས་བསལ་ལབ་མེད་ད།འགྱུར་བ་དེ་ལེགས་ཉེས་གང་དུ་འགྲོ་མིན་སོ་སོའི་རིགས་པ་བེད་སྤྱོད་ཀྱིས་དཔྱད་པ་ཐོངས་ལབ་ཡོད་ད།ཤོག་དཀར་དཀར་སྟེང་ཡིག་གེ་ནག་ནག་མངོན་སུམ་དུ་ཡོད་པ་དེ་རེད།
ད་ཡང་ཆོལ་ཁ་གསུམ་ལ་སླེབས་སོང།
བཙན་བྱོལ་ནང་དུ་ནང་ཁུལ་རྙོག་གྲྭ་རྫོགས་རྒྱུ་མེད་པ་ཞིག་ཡོང་གི་འདུག མདོ་སྟོད་གསར་རྙིང་གི་དབར་ལ་རྙོག་གྲ། གསེར་རྟ་མདོ་སྟོད་སྨད་གང་ཡིན་གྱི་རྙོག་གྲ། མངའ་རིས་དང་དབུས་གཙང་གི་རྙོག་གྲ། ཐེ་ཝན་གྱི་རྙོག་གྲ་བྱུང་རྗེས། ཆུ་སྒང་གི་རྙོག་གྲ། ཆུ་སྒང་གི་རྙོག་གྲ་བྱུང་རྗེས། དོལ་རྒྱལ་གྱི་རྙོག་གྲ། དོལ་རྒྱལ་གྱི་རྙོག་གྲ་བྱུང་རྗེས། རང་བཙན་དང་དབུ་ལམ་གྱི་རྙོག་གྲ། རང་བཙན་དང་དབུ་ལམ་གྱི་རྙོག་གྲ་བྱུང་རྗེས། སྲིད་སྤྱིའི་རྙོག་གྲ། སྲིད་སྤྱིའི་རྙོག་གྲ་བྱུང་རྗེས། ད་ཆོལ་གསུམ་གྱི་རྙོག་གྲ་ཞིག་འབུས་བཞིན་འདུག
རང་སྲེག་ལ་གདུང་སེམས་མཉམ་སྐྱེས་ཡོད། འོན་ཏེ་མི་རབས་གསར་པའི་འཐབ་རྩོད་ཀྱི་འགོ་གང་ནས་བཙུགས། ས་བྱི་ཞི་རྒོལ་གྱི་རྐྱེན་གང་ནས་ལངས། གནས་གང་ནས། ངོ་རྒོལ་བའི་རྣམ་པ་མི་འདྲ་ཙམ་ལས་བོད་ཆོལ་གསུམ་ཧྲིལ་པོ་འཐབ་རྩོད་འོག་ཏུ་ཡོད། ལྷ་སའི་བར་སྐོར་ནང་འགྲོ་བར་ཡང་སྒོ་རིམ་པ་མང་པོ་བརྒྱུད་དགོས། ཟ་ཉལ་སྐྱིད་ཉལ་དང་། མགོ་རུལ་རྣ་བས་མ་འཚོར་མཁན་ཞིག་ཡིན་ན། དེ་རིང་གི་ལྷ་སར་དམ་དྲག་དེ་ལྟར་དགོས་དོན་མེད། རང་ཉིད་ལྷ་དང་གཞན་དག་བདུད་དུ་མ་ལྟ་ཨ་་་་ལར་ལས་ཤེས་ལས་ཀྱིས་གནས་སྟངས་ལ་ཉམས་ཞིབ་ཙམ་ཡང་མེད་པར་རྩོམ་འཆལ་སྤེལ་མ་ཡོང་རོགས།
མི་ཁྱོད་ཀྱི་རྩོམ་བྱང་ལ་གཅིག་ལྟོས་དང་། ཁྱོད་ཀྱི་དུག་རླངས་དེ་འཕྱུར་འོང་གིན་འདུག ངས་ཆོལ་ཁའི་མིང་འཁྱེར་འདོད་མེད་ཀྱང་། རྒྱུག་པ་ལེབ་རྡུང་འདིར་ཁ་བཙུམ་ཐུབ་མ་སོང་། ཁྱོད་ཚོའི་ཁ་ཕོ་དེ་ཚང་མར་འགྲོ་ས་མེད་པ་དེ་ངེས་པར་གྱིས་ཨང་།
དབུས་གཙང་མེད་ན་བོད་མེད། དབུས་གཙང་མེད་ན་བོད་ལ་ནང་ཆོས་མེད། དབུས་གཙང་མེད་ན་བོད་ལ་རྒྱལ་རབས་མེད། དབུས་གཙང་མེད་ན་བོང་ལ་ལོ་པཎ་མེད། དབུས་གཙང་མེད་ན་བོད་ལ་རིག་གནས་མེད། དབུས་གཙང་མེད་ན་བོད་མཁས་གྲུབ་ཀྱི་སྐྱེ་བོ་མེད། དབུས་གཙང་མེད་ན་བོད་ཀྱི་དཔའ་རྒོད་མེད། མདོར་ན་དབུས་གཙང་ནི་བོད་ཀྱི་སྙིང་ཡིན་ནོ། སྣང་བ་མ་འགྲོ་ན་སྡུག་གྱོང་རེད། ང་རང་ནི་མངའ་རིས་འབྲོག་རྒན་་ཡིན།
༅༅། བོད་སྲིད་པ་ཆགས་པ་ནས་སྔ་ཕྱི་བར་གསུམ་གྱི་བོད་ཀྱི་་ཆོས་བྱུང་ལོ་རྒྱུས་
རྒྱལ་རབས་ནང་ལྟོས་དང། དབུས་གཙང་ནང་བླ་མ་མཁས་པ་ སྤྲུལ་སྐུ་ མདོ་སྔགས་གཞུང་ལ་
འཆད་རྩོད་རྕོམ་གསུམ་ལ་མཁས་པ་ག་ཚོད་བྱུང་འདུག་
རིག་པའི་གཞུང་ལུགས་ཀྱི་མཁས་པ་སྙན་གྲགས་ཅན་ཚང་མ་མདོ་སྟོད་སྨད་ནས་བྱུང་བ་ཤ་སྟག་རེད།
མ་རེད་པས། ང་དབུས་ནས་ཡིན་ ཡིན་ཡང་དབུས་ཀྱི་མཁས་པ་གྲངས་ཀ་རྒྱོབས་ཟེར་ན་ ཕལ་ཆེར་གསུམ་
བཞི་ཙམ་མ་གཏོགས་མི་ཤེས།་ ཡོད་ན་འདིར་འབྲི་རོགས་གནང་་་ཤེས་འདོད་ཡོད།
༅༅། རྩོད་ན་རྒྱ་དམར་པོ་ལ་རྩོད། དགྲ་ཤར་ལ་བཞག་ གཏོར་མ་ནུབ་ལ་སྐྱེལ་ན་དགོས་པ་ཅི་ཡོད།
མི་བྱས་དགུ་བྱས་བསྟན་དགྲ་ཀླ་ཀློ་དམར་པོས་བྱས་། སྡོད་སའི་ཕ་ཡུལ་བཙན་འཕྲོག་བྱས་
དགོན་པ་གྲ་ཚང་ ༦༠༠༠ ལྷག་རྩ་མེད་བཟོས། ཆོལ་གསུམ་བོད་མི་རྣམས་མི་ཡུལ་ ༣༥ ལྷག་གི་ནང་
ཁ་འཐོར་ནས་བསྡད་པའི་དཀའ་སྡུག་མྱངས་དང་སྨྱོང་བཞིན་པ་ལ་མ་བསམ་ མ་དྲན་པར་ད་དུང་
ཆོལ་ཁའི་ནང་རྩོད་བརྒྱབ་ན་དགྲ་ལ་དགོས་རྒྱུ་འདི་རེད། ཉིན་གླ་སྤྲད་དེ་ཆོལ་གསུམ་མི་མཐུན་པ་
བཟོས་དང་བཟོ་བཞིན་པ་ལ་སོམས།
ཨ་ཙི་ཙི་་་སྲིད་ཕྱོགས་ནས་ཆོས་རྒྱལ་རིམ་བྱོན། ཞི་དྲག་གི་བློན་སྟག་སེང་ཁྱུང་འབྲུག་ལྟ་བུ། ཆོས་ཕྱོགས་ནས་ཀ་ཅོག་ཞང་གིས་གཙོས་པའི་ལོ་པཎ་ནམ་མཁའི་སྐར་ཚོགས་ལྟ་བུ། སྨན་གྱི་ཕྱོགས་ནས་གཡུ་ཐོག་གསར་རྙིང་གཙོ་བོར་གྱུར་པའི་ལྷ་རྗེ་རྣམ་པ། རྩིས་ཀྱི་ཆ་ནས་ཡར་ཀླུང་གི་ཨ་ཅེ་བལ་མོ་གཙོ་བོར་གྱུར་པའི་རྩིས་མཁན་ཚོགས། སྒྱུ་རྩལ་གྱི་ཆ་ནས་ལྷ་བྲིས་ཀུན་མཁྱེན་ལུགས་དང་ཇོ་ལུགས་སོགས། གཞན་ཡང་ས་དགེ་བཀའ་རྙིང་གི་སྲོལ་གཏོད་པོ་རྗེ་ཙོང་ཁ་པ་ལས་གཞན་ཏེ། མདོར་ན་ད་ལྟ་ཁྱོད་ཀྱིས་ཀྱིས་ཐར་ཐོར་དུ་འབྲི་བའི་བོད་ཡིག་འདི་ཚུན་གང་ནས་བྱུང་། བོད་ཀྱི་ཆབ་དཔལ་རིག་གསུམ་གྱི་གསར་གཏོད་པ་དང་འགོ་འཛིན་དྲིན་ཅན་དག་བརྗེད་སོང་བའམ། ཡང་ན་ཕྱོགས་ལྷུང་གིས་འདྲེན་བྱེད་ཞར་སོང་སྟེ་ཁུལ་བྱེད་པ་དག་ནི་ངོ་མ་སྙིང་མ་རྗེ་ཨང་། ངས་ཆོལ་གསུམ་གླེང་དུས་མེད་ཀྱང་རྡོག་པས་བརྫི་དུས། སྐེད་གཟེར་ཞིག་བྱེད་དགོས་བྱུང་།
མ་བྱོན། ཞི་དྲག་གི་བློན་སྟག་སེང་ཁྱུང་འབྲུག་ལྟ་བུ། ཆོས་ཕྱོགས་ནས་ཀ་ཅོག་ཞང་གིས་གཙོས་པའི་ལོ་པཎ་ནམ་མཁའི་སྐར་ཚོགས་ལྟ་བུ། སྨན་གྱི་ཕྱོགས་ནས་གཡུ་ཐོག་གསར་རྙིང་གཙོ་བོར་གྱུར་པའི་ལྷ་རྗེ་རྣམ་པ། རྩིས་ཀྱི་ཆ་ནས་ཡར་ཀླུང་གི་ཨ་ཅེ་བལ་མོ་གཙོ་བོར་གྱུར་པའི་རྩིས་མཁན་ཚོགས། སྒྱུ་རྩལ་གྱི་ཆ་ནས་ལྷ་བྲིས་ཀུན་མཁྱེན་ལུགས་དང་ཇོ་ལུགས་སོགས། གཞན་ཡང་ས་དགེ་བཀའ་རྙིང་གི་སྲོལ་གཏོད་པོ་རྗེ་ཙོང་ཁ་པ་ལས་གཞན་ཏེ། མདོར་ན་ད་ལྟ་ཁྱོད་ཀྱིས་ཀྱིས་ཐར་ཐོར་དུ་འབྲི་བའི་བོད་ཡིག་འདི་ཚུན་གང་ནས་བྱུང་། བོད་ཀྱི་ཆབ་དཔལ་རིག་གསུམ་གྱི་གསར་གཏོད་པ་དང་འགོ་འཛིན་དྲིན་ཅན་དག་བརྗེད་སོང་བའམ། ཡང་ན་ཕྱོགས་ལྷུང་གིས་འདྲེན་བྱེད་ཞར་སོང་སྟེ་མ་མཐོང་ཁུལ་བྱེད་པ་དག་ནི་ངོ་མ་སྙིང་མ་རྗེ་ཨང་། ངས་ཆོལ་གསུམ་གླེང་དུས་མེད་ཀྱང་རྡོག་པས་བརྫི་དུས། སྐེད་གཟེར་ཞིག་བྱེད་དགོས་བྱུང་།
ཨ་འབར་འཇིགས་དབུས་གཙང་གི་ཆོས་རྒྱལ་དང་མཁས་གྲུབ་རིམ་བྱོན་ནི། དང་པོ་ཆོས་རྒྱལ་མེས་དབོན་རྣམ་གསུམ། བསྟན་པ་སྔ་དར་གྱི་སྐབས་སུ་ལོ་ཙྩ་བ་ཀ་ལྕོག་ཞང་གསུམ། བཻ་རོ་ཙཱ་ན་སོགས་བསྟན་པ་སྔ་དར་གྱི་མཁས་གྲུབ་ཡིན་ན་དབུས་གཙང་བ་ཡིན་པའི་ཁྱབ། ཕྱི་དར་ལ་མངའ་རིས་ཀྱི་ལོ་ཆེན་རིན་བཟང་དང་ཁ་ཤས་མ་གཏོགས། དཔལ་ས་སྐྱ་གོང་མ་རྣམ་ལྔ། མར་མི་དྭགས་གསུམ། རྔོག་ལེགས་པའི་ཤེས་རབ་དང་སེང་ཆེན་བརྒྱད་དང་སེང་ཆུང་བརྒྱད། རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེ་དང་འཇམ་དབྱངས་གཙང་པ་བདུན་བརྒྱུད། བཀའ་གདམས་པའི་དགེ་བཤེས་མང་ཆེ་བ་དབུས་གཙང་བ་ཡིན། ཀུན་མཁྱེན་ཀློང་ཆེན། རོང་ཟོམ་པཎ་ཆེན། བཅོམ་ལྡན་རིག་པའི་རལ་གྲི བུ་སྟོན། བོ་དོང་། ཀུན་མཁྱེན་ཇོ་ནང་བ་ཡབ་སྲས། རེད་མདའ་བ་གཞོན་ནུ་བློ་གྲོས། ཀརྨ་པ་ནང་ནས་སྐད་གྲགས་ཅན་གསུམ་པ་རང་བྱུང་རྡོ་རྗེ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། རྒྱལ་བ་དགེ་འདུན་གྲུབ་དང་དགེ་འདུན་རྒྱ་མཚོ། རྒྱལ་དབང་ལྔ་པ། རྩེད་ཐང་པཎ་ཆེན་བསོད་གྲགས་པ། སེ་ར་རྗེ་བཙུན། སོགས་མདོར་ན་བགྲང་གིས་མི་ལངས།
གོང་གི་རྩོམ་ཆུང་འདིར་འདོད་པ་དེ་ཙམ་མེད། ཡིན་ནའང་མཆན་བཀོད་པས་སྲིད་སྐྱོང་ལ་མེ་མདའ་རྒྱག་སྟངས་ལ་གཞིགས་ན་རྒྱུ་མཚན་མེད་པའང་ཡིན་ས་མ་རེད།
ཟླ་བ་ཟེར་བ་ཁྱོད་རང་ལེགས་ཉེས་ཧ་མི་མཁན་གྱི་གླེན་པ་ཞིག་ཡིན་ས་རེད།ངའི་རྩོམ་གྱི་ནང་དབུས་གཙང་ལ་ངན་ལབ་ཚིག་གཅིག་ཀྱང་བྱས་མེད་ད།གལ་ཏེ་ངན་ལབ་བྱས་ཡོད་ན་དཔང་རྟགས་སྟོན་རོགས།
འོན་ཀྱང་།ཁྱེད་རང་ཞེན་ཁོག་གིས་ར་བཟི་མིག་ཞར་བསྡད་པ་ཅིག་ཡིན་པ་ཧ་གོ་སོང་།རྒྱུ་མཚན།ཆོལ་ཁ་གཞན་གྱི་མིས་དབུས་གཙང་ཟེར་བ་མིང་འབོད་ཙམ་གྱིས་ཁྱེད་རང་རླུང་ལངས་ནས་འཆི་ལ་ཁད་རེད་འདུག།གཞན་གྱི་སྟེང་ན་སྐྱོན་འབུ་སྲིན་ཙམ་ཡོད་ན་མཐོང་།རང་གི་སྟེང་ན་སྐྱོན་གཡག་ཙམ་ཡོད་ནའང་མི་མཐོང་ཟེར་བ་དེ་ཁྱེད་རང་རེད་ད།
བློ་གཟུ་བོས་དཔྱད་པ་ཐོངས་ཨང་།དངོས་ཡོད་གནས་ཚུལ་བཤད་པ་ཁ་ཕོ་ཡིན་ན།ད་ཐབས་ཤེས་མེད་རེད་ད།མ་དགའ་ནའང་ཁ་ཕོ་བཤད་ངེས་རེད།
མ་གཞི་ཟླ་བ་ཟེར་བ་ཁྱོད་རང་གིས་ངའི་རྩོམ་བྱང་ཙམ་མ་གཏོགས།རྩོམ་དེ་ཀློག་ཁོ་རང་ཡོད་ས་མ་རེད་ད།རྩོམ་ཡིག་མ་ཀློག་པར་ཚིག་ངན་རྐྱང་བེད་སྤྱོད་ཀྱིས་དགག་པ་བྱེད་པ་ནི།རྒྱ་དམར་གུང་བྲན་གྱི་ལྟ་བ་ལ་མོས་པའི་འབྲས་རྟགས།
མི་འབོར་གྱི་ཆ་ནས་བོད་མི་བརྒྱ་ཆ་དགུ་བཅུ་ལྷག་བོད་ནང་དུ་ཡོད་པ་དང་། བོད་ཀྱི་སྐད་ཡིག་རིག་གཞུང་འཛིན་སྐྱོང་བྱེད་མཁན་གཙོ་བོའང་བོད་ནང་ལ་ཡོད་སྟབས། སྤྱིར་ཕྱི་སྡོད་བོད་མི་ཚོས་བོད་ཀྱི་སྐད་དང་བརྡ་སྤྲོད་ཀྱི་འགྲོས་ལ་དུས་བསྟུན་གྱིས་གསར་བཅད་དང་བཅོས་སྒྱུར་འོས་འཚམ་ཞིག་བཏང་ཆོག་རུང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་འཚར་ལོངས་འབྱུང་བཞིན་པའི་བོད་ཕྲུག་ཉུང་ཤས་གི་བོད་སྐད་ཡར་རྒྱས་ཆེད། ཞེན་ཁོག་གིས་ཡུལ་ལུང་དང་ཆོལ་ཁ་བྱེ་བྲག་པ་ཞིག་ཁ་སྐད་གཙོར་བཟུང་གིས་ཧ་ཅང་ཕྱུག་པའི་བོད་ཀྱི་བརྡ་སྤྲོད་ཀྱི་སྒྲོམ་གཞི་གཏོར་པ་ཡིན་ན། དེར་གུས་པས་རིན་ཐང་གཅིག་ཀྱང་མཐོང་མ་སོང་།
རྩོམ་གང་ཞིག་ཡིན་ཡང་རྩོམ་བྱང་གིས་བརྗོད་དོན་གྱི་སྙིང་པོ་མཚོན་གྱི་ཡོད་རེད། དེ་ཙམ་ཡང་མི་ཤེས་ན་འཆལ་རྩོམ་སྤེལ་ནས་ཅི་བྱེད། གལ་སྲིད་རྩོམ་པ་པོ་ཞིག་ཡིན་ན་མ་མཐར་ཡང་སྤྱི་ཚོགས་ལ་འགན་འཁུར་དགོས། ཁ་ནས་གང་དྲན་བརྗོད་མི་ཉན་པ་དེ་ཤེས་པར་གྱིས།
ཟླ་བ་ཟེར་དེ།ཧཧ།ཇོ་བོ་རིན་པོ་གད་མོ་རྐུབ་ནས་ཤོར་སོང་།ཁྱེད་སྙིང་རྗེ།རྩོམ་བྱང་ཙམ་གྱིས་ནང་དོན་གོ་ཐུབ་ན།གཞུང་ལུགས་མང་པོ་ཀློག་ནས་ག་རེ་བྱེད་དགོས།དཀར་ཆག་རེ་བཀླགས་ན་འགྲིག་མ་རེད་དམ།
སྤྱི་ཚོགས་ལ་འགན་མ་ཁུར་བར་སྐྱོན་ཆ་ག་རེ་བཟོས་འདུག་སྟོན་དང་།ཁྱོད་རང་དཔང་རྟགས་སྣ་གཅིག་སྟོན་རྒྱུ་མེད་པར།དངོས་གནས་གང་བྱུང་མང་བྱུང་ལབ་མཁན་དེ།ཟེར་རྒྱུས་ཕོངས་པ་ཁྱོད་རང་རེད་ད།
ཨུ་ཚུགས་མ་གཏོགས་རྒྱུ་མཚན་དང་དཔང་རྟགས་གཅིག་ཀྱང་སྟོན་རྒྱུ་མེད་པ་ཁྱོད་ཅན་པོའི་རིགས།སྤྱི་ཚོགས་ལ་འགན་མི་ཁུར་མཁན་དང་དཀྲུག་ཤིང་གི་ཐུར་མ།ཆོལ་གསུམ་གྱི་གཤེད་མ་རེད་ད།
ཨ་ཙི་ཙི་་་ངས་བརྗོད་དོན་སྙིང་པོ་མཚོན་གྱི་ལབ་ཡོད་མ་གཏོགས། རྟོགས་ཀྱི་རེད་ལབ་མེད། དང་པོ་བོད་ཡིག་སྦྱོངས་ལ། དེ་ནས་རྩོམ་འབྲི་གྱིས། ཁྱོད་ཀྱིས་བྱུང་རྒྱལ་ཞིག་སྨྲས་མེད་ན་ངས་དགག་པ་བྱེད་དོན་མེད། ད་ཐང་ཆད་སོང་། ཨ་ཡོ་་་
༅༅། ནུབ་ཕྱོགས་གངས་ཕྲུག་ལགས་ཐུགས་རྗེ་ཆེ།་ཁྱེད་ན་དབུས་ཕྱོགས་ཀྱི་སྐྱེས་ཆེན་དམ་པ་རྣམས་
ཀྱི་མཚན་མང་པོ་བྲིས་འདུག་པ་ནས་མ་ཤེས་པ་མང་བ་འདུག་ཐུགས་རྗེ་ཆེ།
རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་དབུས་ཕྱོགས་ནས་མ་རེད་པས།
རྒྱལམཆོག་སྐུ་ཕྲེང་དང་པོ་ནས་ ༡༤ བར་མཆོལ་གསུམ་གང་དང་གང་ནས་ཡིན་མཁྱེན་གྱི་ཡོད་པས་
གསལ་བྲིས་གནང་དང་ངར་ཕན་རླབས་ཅི་ཆེ་ཡོང་ས་རེད།
རྗེ་བཙུན་མི་བླ་རས་པའང་དབུས་ནས་མ་རེད་པས།
ངས་ མདང་ ཕྱིན་པ་ཡིན།
ངས་ དེ་རིང་ འགྲོ་བགྱིད་ ཡོད།
ངས་ སང་ཉིན་ འགྲོ་བགྱི་ ཡིན།
་
ཞེས་ཡིག་ཐོག་དགོས་འདུག་ཀྱང་།
་
ང་ མདང་ ཕྱིན་པ་ཡིན།
ང་ དེ་རིང་ འགྲོ་བགྱིད་ ཡོད།
ང་ སང་ཉིན་ འགྲོ་བགྱི་ ཡིན།
་
ངག་ཐོག་ཏུ་བབ་ས་འདི་རང་རེད་དོ།།