ཨ དོན་ཉི། (ཨ་རི།)
ཉེ་བའི་ཆར་བོད་ཡིག་གི་བརྡ་སྤྲོད་རིག་པའི་ཆོས་ཉིད་དང་མི་མཐུན་པའི་བྱང་ཨ་རིའི་བོད་ཀྱི་བྱིས་པའི་གཟའ་མཇུག་སློབ་དེབ་གཅིག་དཔར་བསྐྲུན་འགྲེམ་སྤེལ་བྱས་པ་ལ་བརྟེན་ནས། རང་རེའི་དྲ་ལམ་སྤྱི་ཚོགས་སུ་སློབ་དེབ་དེའི་སྐོར་ལ་ཡིག་ལམ་ནས་དགག་རྩོམ་བྲིས་ཤིང་གླེང་བརྗོད་འཁྲུག་པོ་སྤེལ་མཁན་ཅུང་མང་བོ་བྱུང་།
དེ་ནི་ཅི་ཁག་སྟེ། བོད་ཀྱི་ཤེས་རིག་ལས་ཁུངས་གཙོ་བྱས་ནས་སློབ་དེབ་རྩོམ་སྒྲིག་པ་དེ་ཚོས་བོད་མི་རིགས་ཀྱི་ཡི་གེའི་རིན་ཐང་བཀོལ་སྤྱོད་ཀྱི་ཚེ་སྲོག་ལ་ཐད་ཀར་ཁྱད་གསོད་བྱས་བཞག་པ་དེ་མ་བཟོད་པས་རེད།བོད་ཀྱི་ཡི་གེ་འདི་འབྲི་ཀློག་སྦྱོང་གསུམ་བྱེད་པའི་སློབ་གྲྭ་ཆེ་ཆུང་གང་འདྲ་ཞིག་ཡིན་ནའང་། སློབ་གྲྭ་དེའི་ཁྲིད་དེབ་དང་སྦྱོང་ཚན་ཡོངས་རྫོགས་བོད་ཡིག་གི་བརྡ་སྤྲོད་རིག་པའི་ཆོས་ཉིད་དང་ཡོངས་སུ་མཐུན་དགོས་པ་མ་ཟད། དགེ་རྒན་རྣམ་པ་སློབ་ཁྲིད་དངོས་ལ་ཞུགས་དུས་ཀྱང་ངེས་པར་དུ་བོད་ཀྱི་བརྡ་སྤྲོད་རིག་པའི་ཕྱི་མོའི་གཞུང་ལ་གསལ་ཆ་ཡོད་པའི་སྒོ་ནས་ཡིག་སྐད་བཤད་པར་གོམས་བྱང་དུ་འགྲོ་ཐབས་ལ་འབད་བརྩོན་བྱེད་དགོས། དེ་འདྲ་བྱས་ན་བོད་སྤྱི་བའི་སྤྱི་སྐད་འགྲུབ་པ་ལ་ཡང་དངོས་ཤུགས་བརྒྱུད་གསུམ་ནས་ཕན་ཐོགས་བླ་མེད་ཅིག་འབྱུང་ངེས་རེད།
དེ་ལྟར་མིན་པར་སོ་སོ་གང་ནས་འཚར་བའི་ཡུལ་ལུང་གང་དེའི་ཁ་སྐད་གཞི་ལ་བཞག་ཅིང་ཚད་མར་བཟུང་ནས་བྱིས་པ་རྣམ་པར་སློབ་དེབ་སྒྲིག་པ་དང་སློབ་ཁྲིད་བྱས་པ་ཡིན་ན། བོད་མདོ་དབུས་ཁམས་གསུམ་གྱི་སྤྱི་ནོར་དུ་ཆགས་ཤིང་བོད་མི་ཐམས་ཅད་གོང་བུ་གཅིག་ལ་སྒྲིལ་བྱེད་ཀྱི་སྐད་ཡིག་རིན་པོ་ཆེ་འདི་ཁ་ཆག་སྣ་རལ་དུ་གྱུར་ནས་བདེ་ཐང་ངང་འཚར་ལོངས་འབྱུང་སའི་ལས་བསྐལ་མེད་པ་ལ་ང་ཚོས་རང་ས་ནས་སྟ་གོན་བྱས་ཚར་བ་རེད། འཆི་ངོགས་བསྟན་བཞག་པ་རེད།
མ་གཞི་བོད་ཀྱི་བྱིས་པ་རྣམ་པས་དཔེ་ཁུག་རྒྱབ་ལ་ཁུར་ཞིང་ཞ་སྨྱུག་གྲ་སྒྲིག་བརྒྱབ་ནས་སློབ་གྲྭའི་ཁོར་ཡུག་ལ་ཕེབས་དགོས་དོན་དེ་ཁ་སྐད་ཀྱི་སྟེང་ལ་ཁ་སྐད་སློབ་ཆེད་ཡིན་མི་སྲིད་ལ། བོད་ཡིག་གི་བརྡ་སྤྲོད་སྤྱི་འགྲོས་ཀྱི་འགྲོ་སྟངས་འཁྲུགས་ནས་སློབ་ཆེད་རྩ་ནས་མིན་པས། བྱང་ཨ་རིའི་གཟའ་མཇུག་སློབ་གྲྭ་གཙོས་ཕྱིར་སྡོད་བོད་མིའི་བོད་ཡིག་སྦྱོང་སའི་རུ་ཁག་གང་ཞིག་ཡིན་རུང་། སློབ་གྲྭའི་མངའ་ཁོངས་ནས་དམིགས་བསལ་ཁ་སྐད་རྒྱག་སའི་ས་མིག་ཅིག་འཇོག་མི་དགོས་ལ། ལྷག་པར་དུ་བོད་ཡིག་བསླབ་ཅིང་བོད་སྐད་རྒྱག་པའི་སློབ་གྲྭ་ནས་ཆོལ་གསུམ་གྱི་ཡུལ་སྐད་གང་ལའང་དམིགས་བསལ་ཁ་སྐད་བཤད་སའི་བྱ་འགུལ་ཞིག་ལོགས་སུ་སྤེལ་དོན་མེད།
ཅི་ལ་ཞེ་ན། བྱིས་པ་ཚོས་ཁ་ནས་ཚིག་གཅིག་བཤད་པ་དེ་ཁ་སྐད་ཡིན་ངེས་ལ། རྩེད་འཇོར་རོལ་བའི་བོད་སྐད་ཀྱི་ཁ་བརྡ་ཐམས་ཅད་ཁ་སྐད་ཡིན་སྲིད། བྱིས་པའི་སྔོན་འགྲོའི་འཛིན་གྲྭ་ནས་ཀྱང་དགེ་རྒན་རྣམ་པས་རི་མོའི་དེབ་སོགས་ལ་ལྟ་ཀློག་བྱེད་པའི་རོགས་འདེགས་ནུས་པ་བསྐྱེད་སྲིང་དང་མཚར་སྒྲུང་ཡིད་འགུག་ཅན་བཤད་པའི་སྨྲ་ལྕེ་དག་ཅིང་རྣམ་རིག་སད་དགོས་པ་ལས་ཆེད་དམིགས་ཁ་སྐད་རྒྱག་ས་ཞིག་བཀོད་སྒྲིག་གནང་དགོས་མེད། མ་གཞི་དགེ་རྒན་ཁྱེད་ཀྱི་སྐད་ཆའི་འགྲོས་དེ་ཁ་སྐད་ཡིན་པས་སོ།།
ས་གཞིའི་སྟེང་གི་མི་རིགས་དང་རྒྱལ་ཁོངས་གང་ཞིག་ཡིན་རུང་སོ་སོ་རང་གི་རྐང་མགོ་ནས་ཡར་ལེན་ཐུབ་སྤྱད་ཀྱི་སྲོག་གི་གཟུང་ཐག་ཉག་ཅིག་དེ། མི་རིགས་སོ་སོའི་སྐད་ཡིག་ལ་ཐུག་བསྡད་ཡོད་པ་རྒྱལ་སྤྱིའི་སྒང་ནས་ངོས་འཛིན་དང་གཏན་ཁེལ་གནང་ཡོད་པ་ཡིན་ལ། རང་རང་ས་ནས་ས་མ་ཟིན་པར་འཇིགས་ཟིན་པ་དང་ནུབ་ངེས་པའི་མི་རིགས་མང་བོ་ཞིག་ཀྱང་སོ་སོའི་སྐད་ཡིག་གི་གསོན་ཤུགས་ཉམས་ནས་འཆི་བཞིན་པ་མ་རེད་དམ།
བོད་ཀྱི་ཤེས་རིག་ལས་ཁུངས་གཙོས་ང་ཚོ་ཚང་མ་རྒྱུན་ཤེས་དང་སྤྱི་འགྲོས་དེ་ཙམ་ལ་ཆ་རྒྱུས་ཡོད་བཞིན་དུ་བོད་ཡིག་གི་བརྡ་སྤྲོད་སྤྱི་འགྲོས་ལ་རྨ་ཁ་བཟོ་དགོས་དོན་ཅི་རེད། བོད་ནང་ནས་རྒྱ་ཆེའི་མི་མང་ཚོས་ནམ་ནམ་ཞར་ཞར་དུ་བོད་སྐད་ཡིག་གི་ཆེད་དུ་སྲོག་བསྡོས་བྱེད་བཞིན་པ་དེ་ངེད་ཅག་གི་རིག་གཞུང་རྒྱ་མཚོ་འཛིན་པའི་སྙིང་བོ་བོད་ཡིག་འདི་སྲུང་སྐྱོབ་དང་དར་སྤེལ་དགོས་པའི་སླད་དུ་མ་ཡིན་ནམ།
འོ་ན་བོད་ཀྱི་སྒྲིག་འཛུགས་གཞུང་དང་ཤེས་རིག་ལས་ཁུངས། སློབ་གྲྭ་ཆུང་འབྲིང་ཁག་ནས་རང་རེའི་སྐད་ཡིག་ལ་ནག་ཐིགས་ཕབ་ཅིང་རྨ་ཁ་བཟོ་དོན་གང་གིས་ལན་པ་རེད། དེ་འདྲ་སོང་ཙང་། མ་འོངས་བོད་ཀྱི་སོན་རྩ་ཡིན་པའི་སློབ་ཕྲུག་རྣམས་བོད་ཡིག་སྦྱོང་སའི་སློབ་གྲྭའི་སྒོ་ནང་ལ་འཛུལ་ཉིན་ནས་བཟུང་སྟེ། བོད་ཀྱི་ཡི་གེ་དང་དེའི་བརྡ་སྤྲོད་ཀྱི་འགྲོ་སྟངས་ཐུན་མོང་མ་ཡིན་པ་དེ་ཁོ་ཚོ་ལ་གང་ཐུབ་ཅི་ལྕོགས་ཀྱིས་འཁྲིད་རྒྱུ་ནི་ཅི་ནས་ཀྱང་ཁ་ཚ་དགོས་གཏུགས་ཀྱི་གནས་སུ་གྱུར་ཡོད།
ལྷག་པར་དུ་སློབ་དེབ་ཅིག་སྒྲིག་པ་ཡིན་ན་ང་ཚོའི་ཡི་གེའི་ཡོངས་ཁྱབ་སྤྱི་འགྲོས་ཏེ་བྱ་བྱེད་ལས་གསུམ་གྱི་རྣམ་བཞག་རྨེག་མེད་དུ་མི་གཏོར་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་ཞིག་རེད། དེ་མིན་གཞན་དུ་ན། བཙན་བྱོལ་གཞུང་གི་སློབ་གྲྭ་ཁག་གིས་བྱིས་པ་སློབ་ཞུགས་པ་ཆུང་ཆུང་རྣམས་ལ་སློབ་གྲྭའི་ནང་ནས་དང་། ཁྱིམ་སྦྱོང་སྤྲད་པའི་སྐབས་སུ་དབུ་མེད་ཡིག་གཟུགས་དང་སུག་རིང་རྐྱང་རྐྱང་འབྲི་རུ་བཅུག་པས་བྱིས་པ་ཚོ་དེའི་སྨྱུག་ཁ་སྐོར་སྟངས་གཅིག་པུ་ལ་ཐང་ཆད་དེ་བོད་ཡིག་སྦྱོང་བའི་སྤྲོ་སྣང་རིང་ལུགས་ཡལ་འགྲོ་ཡི་འདུག
བྱིས་པ་ལ་བྱིས་པར་རན་པའི་སློང་གསོ་དགོས་པ་སྟེ། མ་གཞི་ནས་རྙོག་འཛིང་མིན་ལ་གཅུན་སྡོམ་མི་ཆེ་བའི་སློབ་གསོ་སྤྲོད་སྟངས་ཤིག་མཁོ་གལ་ཆེ་བས་དེ་འདྲའི་སྨྱུག་ཁ་སྐོར་སྟངས་རྙོག་གྲ་ཅན་ལ་ཐང་ཆད་པར་ཁག་ཀྱང་མེད་སྲིད། དེར་བརྟེན་བོད་ཀྱི་སྒྲིག་འཛུགས་གཞུང་དང་ཤེས་རིག་ལས་ཁུངས། དགེ་རྒན་གྱི་དཔུང་སྡེ་བཅས་ནས་དེའི་ཕྱོགས་ལ་བསྒྱུར་བཅོས་གཏོང་བའི་དགོངས་འཆར་བཞེས་རྒྱུ་ཡང་གལ་གནད་ཅན་ཞིག་ཏུ་ཆགས་འདུག་སྙམ་པའོ། །
༢༠༡༦ ༨ ༢
བོད་ཀྱི་སྐད་ཡིག་གི་དམངས་གཞིའི་ལྡེ་མིག་ནི་བརྡ་སྤྲོད་རིག་པའི་གཞུང་ཡིན་ལ་དེ་ཉིད་ལ་ཐོས་བསམ་མེད་པར་བོིད་ཀྱི་སྐད་ཡིག་གསར་པ་ཞིག་ཇི་ལྟར་བསླབ་བཞིན་ཡོད་དམ། དངོས་གནས་སེམས་སྐྱོ་བའི་ཤེས་རིག་ལས་ཁུངས་ཀྱི་བྱ་སྤྱོད་ཞིག་རེད།
དོན་དངོས་ལ་མཛུབ་མོ་བཙུགས་ནས་བཤད་ན། བསམ་ཚུལ་ག་རེ་ཡོད་ན་ཤེས་རིག་ལས་ཁུངས་ལ་བསྐུར་རོགས་བཤད་པ་དེའི་དོན་རྟོགས་དཀའ་ཙམ་བདའ། དེ་འདྲའི་བསམ་ཚུལ་བསྡུ་རྒྱུའི་ལྷག་བསམ་དང་སྤོབས་པ་ཡོད་ན་པར་མ་བརྒྱབ་སྔོན་ནས་ཟིན་བྲིས་ངོ་བོའི་ཐོག་ནས་རིག་གཞུང་ལྟེ་གནས་ཁག་དང་ཤེས་ལྡན་མི་སྣར་ཅི་ཕྱིར་མ་བཀྲམས་པར་པར་བརྒྱབ་འཛམ་གླིང་གང་ས་ནས་འཕྱ་དམོད་དང་སྐྱོན་བརྗོད་སྣ་ཚོགས་པ་ཡོང་པའི་རྗེས་ལ་བསམ་ཚུལ་ཡོད་ན་འཁྱེར་ཤོག་ལབ་དགོས་པ་ཡིན་ནམ།
ད་ནི་བསམ་ཚུལ་ཡོད་ན་ཤེས་ལྷན་དང་རྩོམ་སྒྲིག་ཚོགས་ཆུང་ལ་འཁྱེར་ཤོག་ཟེར་པའི་དུས་མ་ཡིན་པར་དེབ་དེར་ཤེས་ལྡན་མི་སྣ་ལས་གྲུབ་པའི་བསྐྱབ་ཞིབ་ཚོགས་ཆུང་གསར་འཛུགས་ཀྱིས་བརྡ་སྤྲོད་དང་མཐུན་པའི་གཟའ་མཇུག་སློབ་དེབ་ཅིག་བསྒྲིགས་དགོས་པ་ནི་ལྷག་བསམ་ཟོལ་མེད་ཀྱི་གཞེན་སྐུལ་ཡིན།འ
སྔོན་མ་བོད་ཀྱི་ལོ་རྒྱུས་ནང་ཡང་འཇུག་ས་མི་དགོས་པའི་སྐད་གསར་བཅད་ཅིག་བྱུང་བ་རེད། དེར་འཇུ་མི་ཕམ་དང་རྗེ་འཇིགས་མེད་སོགས་ཀྱིས་ས་ཕུད་བླ་མ་དང་། ས་གཅོད་བླ་མ་ཞེས་བོད་ཀྱི་ལོ་རྒྱུས་སྟེང་གྲགས་པ་རེད། ད་ཐེངས་ཀྱང་ཆུང་ཚེ་རིང་དང་། སྣང་ས་བསྟན་འཛིན་སོགས་བོད་ཀྱི་ལོ་རྒྱུས་སྟེང་གི་ཕྲད་ཕུད་ཚོགས་པར་ངེས་འཛིན་བྱས་ན་རན་པར་མི་འདུག་གམ།
མ་འོངས་སོན་རྩ་དག་ལ་སློབ་ཁྲིད་བྱེད་པ་དང་ལྷག་པར་དུ་བོད་སྐད་ཡིག་གི་སློབ་དེབ་བཟོ་སྐྲུན་དང་དུས་དེབ་སོགས་དཔར་སྐྲུན་བྱ་སྐབས་དེ་བས་ཀྱང་གཟབ་དགོས། སུམ་རྟགས་དག་གསུམ་ནི་བོད་མི་རིགས་ཀྱི་རིག་གཞུང་གི་སྲོག་རྩ་ལྟ་ལྟ་བུ་ཡིན་པས་ཐ་ན་ཚེག་གཅིག་ཡིན་ནའང་ཆད་ག་ལ་རུང་།
འབྲས་ལྗོངས་དང་། ལ་དྭགས་ཀྱི་སྐད་ཀྱི་སྐོར་ལ།
https://www.facebook.com/259976564335011/videos/268401210159213/
བཙན་བྱོལ་ཚང་གི་བོད་སྐད་ཡིག་ལ་ཆེད་མཁས་དང་དགེ་རྒན་རྣམ་པར་བོད་སྐད་ཡིག་གི་རྨང་གཞིའི་གནས་ཚད་དང་གཞི་རིམ་གྱི་ཆེད་མཁས་བཅས་ད་ལམ་མངོན་སུམ་དུ་ཐོན་ཡོང་བ་རེད། མིང་རྒྱ་སྐོར་མའི་རྩོམ་སྒྲིག་པ་དང་བོད་དགེ་ཚོས་བྱས་ཉེས་ཀྱིས་བཙན་བྱོལ་བོད་ཕྲུག་ཚོའི་རང་གི་སྐད་ཡིག་གི་ཁ་ཕྱོགས་དེ་འདི་མོར་སླེབས་པ་རེད། ཧཧཧཧཧ། ད་་་་་་མི་ཤེས།
༅༅། མའོ་རྕེ་སྟོང་ནས་བོད་ལ་བཙན་དབང་བཏང་ནས་དུས་འགྱུར་བྱུང་བའི་རྗེས་སུ་མའོ་གསུང་རྣམ་
ཞེས་པ་དེབ་ཆུང་འཁྲི་འབུམ་མང་པོ་བཟོས་བཏོན་གྱིས་མང་ཚོགས་ལ་བཀྲམས་པ་རེད།
བོད་ཀྱི་སྐད་ཡིག་རྕ་མེད་བཟོ་རྒྱུའི་ཆེད་དེབ་དེའི་ནང་བོད་ཡིག་ལ་བཟོ་བཅོས་མང་དག་ཅིག་
བརྒྱབ་ཡོད་པ་ནི། སྔོན་འཇུག་དང་རྗེས་འཇུག་ཚང་མ་མེད་པ་བཟོས་ནས་་་བརྗོད་བདེའི་ཆེད་
དང་གོ་བདེའི་ཆེད་ཡིན་བརྗོད་དེ། དཔེར་ན་་་འདི་ལྟར།་་་་བསྐལ་བཟང་ལ། ཀལ་བཟང་དང།
འཇིག་རྟེན་ལ།་་་་་ཇིག་ཏན། བསམ་བློ་ལ། ་་་་་སམ་ལོ། ལྟ་བུ་བྲིས་འདུག་པ་ངས་དངོས་སུ་མཐོང་མྱོང།
ང་དེའི་སྐབས་ཀ་ལེ་ཀ་ཏ་གྲོང་འཁྱེར་དུ་་་་མཐོ་སློབ་ཏུ་ཡོད། ཀ་ལེ་ཀ་ཏར་རྒྱ་མི་རྙིང་པ་མང་པོ་
ཡོད་པ་རེད། དེའི་འཁྲོད་ནས་ང་ལ་དེབ་ཆུང་གཅིག་རག་བྱུང། ངས་དེབ་ཆུང་དེ་སུ་གཅིག་གི་མ་
མཐོརང་བར་ཐེངས་ཁ་ཤས་བཀླགས་པ་ཡིན། དེའི་རྗེས་སུ་དེབ་དེ་དབྱུགས་པ་ཡིན། གང་ཡིན་ཟེར་ན་
དེའི་སྐབས་སྤྱི་ཚོགས་ནང་ལབ་རྒྱུ་མང་པོ་ཡོད་པ་རེད། དེབ་དེ་སུ་ལ་ཡོད་ཀྱང་ཀློག་རྒྱུ་ཡོད་པ་མ་རེད་
ཅེས་ལབ་མྱོང། ད་ཤེས་ལྷན་ནས་ཀྱང་བོད་ཡིག་་་་་ཁ་སྐད་རང་གི་ཐོག་བཟོས་ན་་་བོད་ཀྱི་བརྡ་སྤྲོད་
ཀྱི་གཞུང་ལུགས་ཚང་མ་དམར་རྗེན་དུ་མེད་པ་བཟོས་པ་མ་རེད་དམ་། ཐེངས་མང་པོ་སོམས་ཨང།
ངས་ མདང་ ཕྱིན་པ་ཡིན།
ངས་ དེ་རིང་ འགྲོ་བགྱིད་ ཡོད།
ངས་ སང་ཉིན་ འགྲོ་བགྱི་ ཡིན།
་
ཞེས་ཡིག་ཐོག་དགོས་འདུག་ཀྱང་།
་
ང་ མདང་ ཕྱིན་པ་ཡིན།
ང་ དེ་རིང་ འགྲོ་བགྱིད་ ཡོད།
ང་ སང་ཉིན་ འགྲོ་བགྱི་ ཡིན།
་
ངག་ཐོག་ཏུ་བབ་ས་འདི་རང་རེད་དོ།།
བོད་མི་རིགས་འཛམ་གླིང་གི་ས་ཁུག་ལུང་ཁུག་ཚང་མར་ས་ཁྱབས་རྡོ་ཁྱབས་བྱས་ནས་བསྡད་ཡོད་ན་བོད་མི་ནང་ཁུལ་སྐད་བརྡ་འཕྲོད་པའི་ཆེད་ཤེས་རིག་ལྷན་ཁང་ནས་ལས་སླ་བྱུས་གནང་བ་ཡིན་སྲུད་དེ་མིན་བརྡ་སྤྲོད་རིག་པའི་གཞུང་ལ་ཁུང་མ་གཏུགས་པར་གང་བྱུང་མང་བྱུང་གནང་ཚེ་ལོ་རྒྱུས་ཀྱི་ཉེས་པ་དེ་ད་ལྟའི་ཤེས་རིག་ལྷན་ཁང་ལ་ཕོག་ཡོང་ངོ་།