—-ལྷ་རྒོད་ཀྱིས།
ཁྱེད་ཀྱི་མིག་ཆུའི་ཐིགས་པ་རེ་རེ་དང་ལྷན་དུ་སྐྱོ་གདུང་གི་ངུ་འབོད་རེ་རེས་ངའི་སྙིང་དབུས་སུ་ཟུག་ངུ་ཡང་ཡང་འབྱིན་པར་བྱས་ལ་ངོ་གདོང་མིག་ཆུ་ཡིས་བརླན་གཤེར་ཡང་ཡང་བསྒྱུར། ཁྱེད་ཀྱི་སྙིང་སྟོབས་དང་ཆོད་སེམས་རེ་རེའི་ལྷན་དུ་ཞུམ་མེད་ཀྱི་སྤོབས་པ་དེས། དམར་སྨུག་གི་ངོ་གདོང་དེས། བདེན་དོན་གྱི་སྐད་སྒྲ་དེས། ང་ལ་སྤོབས་པ་དང་ཡིད་ཆེས་བླ་མེད་རེ་བསྟེར།
མདོར་ན། རྟ་བདུན་དབང་པོ་ལྟ་བུའི་ཞང་པོ་དམ་པ་དེ་ཉིད་རེ་ཞིག་མ་རུང་སྒྲ་གཅན་གྱི་ཁ་རུ་ཤོར་རུང་། བཅོ་ལྔའི་དུང་ཟླ་ལྟ་བུར་ཁྱེད་ཉིད་ཀྱི་ལང་ཚོ་འཇིག་རྟེན་འདིར་བཞད་པར་ང་ལ་བཅོས་མིན་གྱི་སྤོབས་པ་དང་ཡིད་ཆེས་གཉིས་ཀ་ཡོད།
ཁྱེད་རང་མདུན་ནས་མདུན་དུ་བསྐྱོད་དགོས། ངེས་པར་དུ་བསྐྱོད་དགོས།
ཁྱེད་ད་དུང་ཕམ་མེད། ངོ་མ་ཕམ་མེད།
ཁྱེད་རྒྱལ་གྱུར་ཅིག །
ཕོ་ཁྱོ་ག་ཉི་མ་འདྲ་བ་རེ་ཞིག་མ་རུངས་གཟའ་ཡིས་ཟིན་ཀྱང་། མོ་ཁྱོག་མོ་དུང་གི་ཟླ་བ་འདྲ་བ་ཁྱོད་ཤར་བར་བོད་ཀྱི་བུད་མེད་རྣམས་ལ་ཕོ་མོ་འདྲ་མཉམ་གྱི་སྤོབས་པ་བསྐྲུན་སོང་། ཁྱོད་ཀྱི་རྒྱབ་ལ་ཨ་ཞང་གི་དགོངས་གཞི་ཡོད། དེའི་རྒྱབ་ལ་བདེན་པ་ཡོད། བདེན་པའི་རྒྱབ་ལ་དྲང་བདེན་གྱི་མི་མང་དང་རྒྱལ་ཁབ་ཡོད། ནམ་ཞིག་བདེན་པ་ལ་རྒྱལ་ཁ་འཐོབ་རྒྱུ་ཆོས་ཉིད་ཡིན། ཁྱོད་རྒྱལ་གྱུར་ཅིག བདེན་པ་རྒྱལ་གྱུར་ཅིག །
གདུང་སེམས་མཉམ་བསྐྱེད།
ཁྱོད་ཀྱི་སེམས་ཤུགས་ལ་ང་མགུ། ཁྱོད་ཀྱི་རྣམ་པ་ལ་ང་དགའ། སེམས་ཁྲལ་མ་བྱེད་ཨ་ང་ཁྱོད་དང་མཉམ་པོ་ཡོད།
ཁྱོད་སེམས་མ་ཕམ་དང་བོད་མི་ས་ཡ་དྲུག་གིས་ཁྱེད་ལ་རྒྱབ་སྐྱོར་ལོས་བྱེད་དེར་མ་ཟད་དྲང་བདེན་ལ་དགའ་བའི་མི་དམངས་ཚང་མ་མཉམ་དུ་ཡོད།
དཔའ་མོ་ཉི་མ་ལགས། ད་མིག་ཆུ་བཞུད་དུ་མ་བཅུག ལོངས་ཤོག ལོངས་ཤོག ད་ལོངས་ཤོག། ང་ཚོ་ཁྱེད་ཀྱི་རྒྱབ་ཏུ་ཡོད།། ད་ཆ་རང་དབང་ལུང་པར་ཕེབས་ཟིན་པས། གསར་འགོད་བསྒྲགས་གཏམ་ཁོ་ནར་མགོ་བོ་མ་འཁོར།། དུས་ཚོད་སྐར་མ་རེ་རེར་ཡང་བོད་དབྱིན་རྒྱ་གསུམ་གྱི་སྐད་ཡིག་སྦྱོངས། ཡར་རྒྱས་གཏོང་།། ད་ལྟ་ཁྱེད་ཀྱི་སེམས་པར་བོད་ལ་དུང་བའི་མེ་ལྕེ་གསོན་པོ་ལྷང་ལྷང་མཆེད་ཀྱིན་འདུག་པ་དེ་ཤི་རུ་མི་འཇུག་པར་ལོ་རྒྱུས་ལ་འཇོག་རྒྱུའི་དེབ་སོགས་བྲི་རྒྱུའི་གྲ་སྒྲིག་དང་ལས་འགོ་བརྩམ་རོགས་གནོངས།། །།
༅༅། ཁྱོད་མ་བཅོས་ཐུགས་ནས་རང་བཞིན་ཤུམས་པ་ལོའི་བདེན།
རྒྱ་དམར་པོས་སེམས་མེད་བཙན་གནོན་གྱིས་བླ་མ་བཀྲོངས་པ་ལོའི་བདེན།
ཁྱོད་ཤུམས་སྐབས་ང་ཡང་རང་བཞིན་གྱིས་ངུ་དགོས་བྱུང་བ་ལོའི་བདེན།
བོད་རྒྱ་ཆེའི་མི་མང་ལ་རྒྱ་དམར་པོས་སྐྱག་རྗུན་དྲག་གནོན་བྱས་པ་བརྗེད་མི་སྲིད།
ཁྱོད་ཉི་མ་མ་རེད་ཉི་མའི་སྲས་མོ་རེད། ཁྱོད་ལྷ་མོ་མ་རེད་ལྷ་མོའི་སྲས་མོ་རེད།
ཁྱོད་ངུ་མི་དགོས་ཁྱོད་བདེན་རྩོད་པ་རེད། ཁྱོད་འཇིགས་མི་དགོས་ཁྱོད་དྲང་རྩོད་པ་རེད།
ཁྱོད་བོད་ལྗོངས་ཨ་མའི་ཡང་རྩེའི་ཡང་རྩེ་རེད།
ཁྱོད་ཀྱི་རྒྱབ་ལ་དྲང་བདེན་གྱི་རལ་གྲི་ཡོད་
ཁྱོད་ཀྱི་རྒྱབ་ལ་སེམས་གཏིང་ནས་གཞིས་བྱེས་བོད་མི་ཡོད།
ཁྱོད་ཀྱི་རྒྱབ་ལ་མཆོག་གསུམ་བཞེངས་ནས་གཟིགས་ཤིང་ཡོད།
གངས་ལྗོངས་ཨ་མའི་བོུ་ཁྱོད་ཡིན། གངས་ལྗོངས་ཨ་མའི་དཔའ་མོ་ཁྱོད་ཡིན།
ལངས་ཤོག་བདེན་པ་ལངས་ཤོག་ ལངས་ཤོག་དྲང་དེན་ལངས་ཤོག་
བདེན་པ་ནམ་ཡང་ཤི་མ་ིསྲིད། དྲང་པོ་ནམ་ཡང་ཡལ་མི་སྲིད།