རྫ་ཚེ་རིང་བཀྲ་ཤིས།
ཨོ་གླིང་གི་ཐེངས་དང་པོའི་སྤྲེལ་ཟླའི་ཚེས་བཅུ་ཆེན་མོའི་ཆོས་བརྡ།
དུས་ཚེས། སྤྱི་ལོ་༢༠༡༦ ཟླ་༨ ཚེས་༡༣།
ཆུ་ཚོད། ཕྱི་དྲོ་ཆུ་ཚོད་གསུམ་དང་ཕྱེད་ནས་དྲུག་པའི་བར་ཚོགས་ཐེངས་དང་པོ།
ཆུ་ཚོད་དྲུག་ནས་དྲུག་དང་ཕྱེད་བར་གསོལ་ཚིགས།(དགོང་དྲོའི་གསོལ་ཚིགས་གོ་སྒྲིག་ཡོད)
ཚོགས་ཡུལ།
སྒྲིའི་ཝ་ཡི་ཨར་ཨེསི་ཁི་ལིབ་ཡང་ཐོག་ཚོམས་ཁང་།
Wee Why RSL Clob Pittwater
འབྲེལ་ཡུལ། 0401576039
khanpott@gmail.com
ཆུ་ཚོད་དྲུག་ཕྱེད་ནས་བརྒྱད་ཕྱེད་བར་ཚོགས་ཐེངས་གཉིས་པ་ཡིན།(ཞིབ་ཕྲའི་ལས་རིམ་གོ་སྒྲིག་ཞུ་བཞིན་པ་ཡིན)
གོ་སྒྲིག་འགན་ཁུར་བ། རྫ་ཚེ་རིང་བཀྲ་ཤིས།
༡༽ སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ནི་ལོ་བཅུ་གཉིས་ཀྱི་ནང་གི་གུ་རུ་རིན་པོ་ཆེའི་དུས་ཆེན་གལ་ཆེ་ཤོས་དེ་ཡིན།
༢༽ རྫ་དཔལ་སྤྲུལ་རིན་པོ་ཆེ་སོགས་ཀྱི་ལུགས་ལྟར་ན་བོད་ལུགས་དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་སྟེ། ལོ་འདིའི་སྤྱི་ཟླ་༨ ཚེས་༡༣ ནི་སྤྲེལ་ལོ་སྤྲེལ་ཟླ་ར་བའི་ཚེས་བཅུ་ཡིན།
༣༽ གུ་རུ་རིན་པོ་ཆེ་ནི་བོད་གངས་ཅན་དང་ཐུན་མིན་གྱི་ལས་འཕྲོ་ཡོད་པའི་ལྷ་སྐལ་྄ཁྱད་པར་ཅན་ཡིན་པར་༧གོང་ས་མཆོག་གིས་ཡང་ཡང་གསུངས་པ་ལྟར། སྔོན་གྱི་གཏེར་ལུང་ཚད་ལྡན་དུ་ཡང་། བོད་ཀྱི་བླ་མའི་སྐལ་པ་གུ་རུ་ཉིདཿ ཅེས་གསུངས་ཡོད།
༤༽ ཨོ་གླིང་གི་བོད་རིགས་སྤྱི་དང་ན། ཁྱད་པར་བོད་རིགས་མང་ཤོས་འདུས་སྡོད་བྱེད་ཡུལ་གྲོང་ཁྱེར་སིད་ནིའི་བྱང་ཕྱོགས་ཀྱི་ས་ཁུལ་དུ་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ཚད་ལྡན་ཞིག་གོ་སྒྲིག་ཐུབ་ན་བསྟན་འགྲོ་སྤྱི་དང་། ཁྱད་པར་ས་ཆ་འདིའི་བོད་མི་དག་ལ་ཧ་ཅང་གལ་ཆེན་ཞིག་ཆགས་ཀྱི་ཡོད་པའི་ངོས་འཛིན་བྱས་པ་ཡིན།
༥༽ ས་ཁུལ་འདིའི་དགེ་འདུན་པ་དང་བཙུན་མ་མི་མང་དཀྱུས་མ་བཅས་གང་མང་ངེས་པར་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད།
༦༽ ཚོགས་པ་འདིའི་གོ་སྒྲིག་ལས་དོན་ཁྲོད་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོར་ཆེད་དུ་ངོས་བཅར་གྱིས་གནས་ཚུལ་སྙན་གསེང་ཞུས་པ་བཞིན་མཐོང་ཆེན་དང་རྒྱབ་སྐྱོར་ཆ་ཚང་གནང་ཡོད།
༧༽ ཚོགས་པ་འདིར་རྒྱ་རིགས་དང་ཨོ་གླིང་རང་གི་མི་རིགས་སེར་པོ་ཡང་གང་འཚམས་ཤིག་མཉམ་ཞུགས་གནང་ངེས་ཡིན་པས་ཚོགས་པ་འདི་སྤུས་གཙང་ཞིག་ཡོང་རྒྱུར་ཁྱེད་རྣམ་པས་བསམ་སྦྱོར་གཉིས་ཐོག་ནས་རྒྱབ་སྐྱོར་གནང་རྒྱུའི་གསོལ་འདེབས་ཞུ།
༨༽ སིད་ནི་ལས་གཞན་པའི་ས་ཁུལ་གྱི་བོད་རིགས་དག་ཀྱང་ཕེབས་མཁན་ཡོད་ན་སྙིང་ནས་དགའ་བསུ་སྙིང་ཐག་པ་ནས་ཞུ།
༩༽ གསོལ་ཚིགས་དང་ཚོགས་རྫས་སོགས་ཀྱི་ཞལ་འདེབས་དོད་མི་རེའི་ཨོ་སྒོར་ཉི་ཤུ་རེ་དང་། ཕྲུ་གུ་ལོ་བརྒྱད་ཡན་བཅོ་ལྔ་མན་གྱིས་སྒོར་བཅུ་རེ་བཅས་འབུལ་ཐུབ་ན་ཡུལ་ངོས་རང་དུ་འབུལ་འཐུས། དཀའ་ངལ་ཡོད་རིགས་ནས་འབུལ་མ་ཐུབ་པ་ཡོད་ན་ཡང་ཚོགས་ཞུགས་གནང་མི་ཐུབ་པ་སོགས་ཀྱི་དཀའ་ངལ་གང་ཡང་མེད།
སྤྱི་ལོ་༢༠༡༦ ཟླ་༧ ཚེས་༡༠ ལ། ཚེས་གུས་རྫ་ཚེ་རིང་བཀྲ་ཤིས་ཀྱིས།
འཇིག་རྟེན་བསོད་ནམས་བློ་་གྲོས་ཐང་འགའ་འབྱུང་། ཞེས་པ་འདིའི་ནང་གི་ཐང་ཞེས་པ་གྱུར་ནས། ཐེངས་ཞེས་ཆགས་པའི་མ་དག་པ་དེ་དག་པར་བཟོ་ཐུབ་པ་མི་འདུག་གམ། མ་ཐུབ་ན་བོད་རིགས་རྣམས་སུ། སྔོན་བྱོན་མཁས་པ་རྣམས་ཀྱིས་བྲིས་པའི་དཔེ་ཆའི་མིང་ཚིག་དག་ཆ་ལ་ཆ་འཇོག་བྱེད་མཁན་མེད་པས་བོད་སྐད་དག་ཆ་ཉམས་བའི་གནས་སུ་འགྱུར།
བཀའ་དྲིན་ཆེ། ང་ཡོད་སའི་ས་གནས་འདིར་ཡང་བདག་གིས་ལོ་གསུམ་སྔོན་གུ་རུ་རིན་པོ་ཆེའི་འབུམ་ཚོགས་གསར་འཛུགས་ཞུས་པར་ས་གནས་ཨ་རི་བ་དང་བོད་རིགས་རྒྱ་རིགས་ཝེ་ཐི་ནམ་མི་རིགས་སོགས་ཀྱིས་རྒྱབ་སྐྱོར་ཆེན་པོ་གནང་སོང་། འདི་ལོ་ཡང་སྤྱི་ཟླ་བརྒྱད་པ་སྤྲེལ་ཟླའི་ཚེས་བཅུ་གསུམ་དང་བཅུ་བཞི་གཉིས་ལ་གུ་རུ་རིན་པོ་ཆེའི་འབུམ་ཚོགས་འཚོག་གཏན་ཁེལ་ཡོད།
ལ་དྭགས་པས་ཅི་ཟེར། “ཐང་འགའ” ནོར་ཅིང་ “ཐེངས་འགའ” དག་པའི་འདོད་ཚུལ་གླེང་ངམ་ཅི། དེ་ཡིན་ན་ཁོ་བདེན། འོན་ཀྱང་ “ཐང་གྱུར་ནས། ཐེངས་ཆགས་ཀྱི་འདུག་པས” ཞེས་ཟེར་ན་ཅི་རེད། བོད་རང་གི་སྡེབ་སྦྱོར་ཞིག་རེད་དམ། ཕལ་ཆེར་ལེགས་སྦྱར་ལྷ་ཡི་སྐད་ཡིན་པ་འདྲ། ཨེ་རེད། རྒན་ལགས།
ལོ་ཡག་ལེགས། ཡག་པོ་ལ་ལ་དྭགས་སྐད་དུ། ཇག་པོ་ཟེར། སྐད་འགྱུར་བའི་དབང་གིས། རྒྱ་གར་སྐད་དུ་ཡང་། ཡོ་གེནྡྲ། ཞེས་པ་ལ། ཇོགེནྡྲ། ཞེས་པ་ཡོད། དེ་བཞིན་དུ། ཡོ་གཱི། ཞེས་པ་ལ། ཛོ་གཱི། རིམ་པས་མཁྱེན་ངེས་། བློ་མ་ཞུམ་པར་འབད་འབུངས་དགོས་པ་གལ་ཆེའོ། ཉལ་རན་སོང་།
རྒན་ལ་དྭགས་པ་ཁོང་མཁས་པ་ཞིག་ཡིན་ངེས་ཏན་རེད། ཅི་ཞིག་སྨྲ་རྩ་ནས་མི་གོ་བར་འདུག
ཀྱེ། རྒན་ལགས། བཀྲིས་བདེ་ལེགས། ནམ་ལངས་གདའ། གཏི་མུག་གཉིད་ལས་ཡར་བཞེངས་དང་། རེ་སྐུལ་ལམ་སྙན་གསེང་ཞིག་ཞུ་རྒྱུ་ཡོད།
“ལགས” ནི། དཔེར་ན། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་པ་ལྟར། ངོ་བོ་ངོས་འཛིན་པའི་སྒྲ་ཞིག་ན། གང་དང་གང་ལ་སྦྱར་ན་དེ་དང་དེ་ཡུལ་གཞན་ལས་དམིགས་སུ་བཟུང་བའམ། དེ་དང་དེའི་རང་ལྡོག་གམ་ངོ་བོ་ལ་སྟོན་པས། ཚེ་རིང་ལགས། པད་མ་ལགས། ཟླ་བ་ལགས་ཞེས་སོགས་ “ལགས་” སྒྲ་སྦྱོར་གྱི། “ལེགས” ནི་རྒྱན་ཚིག་(adjective) ཅིག་སྟེ། ཕ་རོལ་པོའི་ཁྱད་ཆོས་ཙམ་ལས་སྟོན་མི་ཐུབ་པས། འབོད་པའམ་ངོས་འཛིན་གྱི་སྐབས་འདིར་སྦྱར་མི་བྲ་སྟེ་སྤང་བར་བྱའོ།
རྒན་ལ་དྭགས་པ་མཆོག་ནས་གསུང་པ་བཞིན་ལ་དྭགས་པའི་ཁ་སྐད་དུ། །དགེ་སློང་ལེགས་ག་རུ་སྤྱོད། །ང་དང་གླེ་རུ་སྤྱོད་ནོ་ལེགས། དགེ་སློང་ལགས་གང་དུ་འགྲོ་བགྱི་ཡིན་ལགས། །ང་གླེ་ལ་འགྲོ་ཡ་ཡིན་ལགས། །ལྟ་བུ་རེད་ལ་དྭགས་ཀྱི་ཁ་སྐད་ལགས་ལ་ལེགས་འབོད་ལེ་རེད་དོ།
བརྩེ་བའི་ཡུལ་ལོ་ཡག་ལེགས། སྙན་གསན་ཞིག་ཞུ་དགོས་་ལགས། བཀྲ་ཤིས་ལ་བཀྲིས་གཏན་ནས་མ་འབྲི་ན་ལེགས། ལོ་ངོ་དྲུག་ཅུ་ལྷག་སྔོན་དུ་ང་གཙང་དུ་ཡོད་སྐབས་བོད་ཡུལ་ན་མཁས་པའི་ཡང་རྩེར་སོན་འའི་རྒན་དགེ་བའི་བཤེས་གཉེན་ཞལ་སྔ་ནས བསྡུས་ཡིག་འབྲི་བ་ནི་དག་ཡིག་གི་དགྲ་ཡིན་གསུངས། གཞན་ཡང་ལོ་ཡག་ཁྱོད་ཀྱི་སྐད་དུ། ཨ་ཡིག་ཅན་གྱི་སྒྲ་ཨེ་ཡིག་ཅན་དུ་འགྱུར་བ་དང་། དཔེར་ན།། སྙན་གསན་ལ་སྙན་གསེང་། ལེགས་སོ། ཞེས་པར་ལགས་སོ། ངས་མངོན་སུམ་དུ་མཐོང་བ་ཡིན།
དྲང་སྲོང་མཆོག་གིས་གསུངས་པ་ལྟར། ལ་དྭགས་ལུང་ཁུག་སོང་བས་སྔར་གྱི་བོད་སྐད་ཀྱི་མིང་ཚིག་མང་པོ་སྒྲ་གདངས་ཆེས་མ་གྱུར་པར་ལུས་ཡོད། ང་ཆུང་ཆུང་ཡིན་པའི་དུས་དང་། ད་ལྟའི་ལ་དྭགས་པའི་གནས་ལུགས་མི་འདྲ། སྔར་ལ་དྭགས་པ་ཀུན་དབུལ་པོ་ཡིན་ཀྱང་སེམས་སྐྱིད། ༡༩༣༠་སོ་གྲངས་ཤིག་ལ་ལ་དྭགས་དང་། འབྲས་ལྗོངས་སོགས་སུ་ཕྱིན་ནས། ལུང་པ་དེ་དག་གི་གནས་སྟངས་སྐོར་ལ་བྲིས་པའི་( Peaks and Lamas) ཞེས་པའི་ཨིན་ཇིའི་དེབ་ཆེན་པོ་ཞིག་ཏུ་ལུང་པ་འདིར་ཡོད་པའི་མི་དེ་དག་ས་སྟེང་ན་སྐྱིད་པའི་གྲས་སུ་མཆིས་ཞེས་ཨིན་ཡུལ་པ་མར་ཀུ་པ་ལིས་ལོ་ངོ་བརྒྱད་ཅུ་གྱ་གྲངས་སྔོན་དུ་བྲིས་སོ། དེའི་དུས་ང་སྐྱེས་ཙམ་ཡིན་ངེས།
རི་ཥི་ཞེས་པ་དྲོང་སྲོང་། ཞེས་བསྒྱུར་པ་ལེགས་སྦྱར་མིང་གི་སྒྲ་བཤད་ཤེས་པ་ལ་ཤིན་ཏུ་མཁོ་བ་མཆིས་སོ། ད་ཡང་ཉལ་རན་སོང་།
ལ་དྭགས་པ་མཆོག་གིས་ “ལེགས” ཀྱི་ཁུངས་གཏུག་ས་རང་གི་གྲོང་སྐད་རེད་གདའ། ད་དུང་བརྡ་དག་རྣམས་སུ་འབྱུང་བའི་ “སྙན་གསེང་” ངམ་ “སྙན་སེང་” དོར་ཏེ། དེང་གི་ཕལ་སྐད “སྙན་གསན” བྲི་དགོས་པའི་སློབ་འཁྲིད་བྱེད།
ཁོང་རྣམ་པའི་རིགས་ལམ་ནི་དེ་ཙམ་རེད། གྲོགས་པོ་ལགས། མིག་ཅེར་ལ་དལ་གྱིས་སྐྱོད་ཅིག མདུན་གྱི་ལམ་ནི་རབ་ཏུ་ཡངས་སོ།
ལོ་ཡག་མཆོག བོད་ན་ཉི་ཟླ་ལྟར་གྲགས་པའི་དག་ཡིག་ཟ་མ་ཏོག་ན།
སྙན་གསན་འབེབས་དང་་་སྙན་དུ་གསོན།
ཞེས་བྲིས་པརཕྱི་མ་དེ་སྐུལ་ཚིག་ཡིན་པར། ལེགས་སྦྱར་སྐད་དོད་བྲིས་ཡོད་པ་དེ་ཁྱེད་ཀྱིས་རྩ་ན་མི་གོ་བ་དང་། ཀི་གུ་ལོག་པ་འབྲི་བ་རྙོག་དྲ་ཡོད་པས་མ་བྲིས།
ཁྱེད་ཀྱིས་དག་ཡིག་་ཟ་མ་ཏོག་གི་དཔེ་ཆ་ཞིག་རྙེད་ཐབས་བྱས་ཏེ། བོད་ཚིག་གི་དག་ཆ་སྦྱངས་ན་ལེགས་པ་ཞིག་འབྱུང་ངེས་སོ།
བསྟན་ལྷ་རམས་པས་འདི་སྐད་གསུངས་ཏེ།
དག་ཡིག་མང་ཡང་ངག་གི་སྒྲོན་མ་དང་།
ཟ་མ་ཏོག་དང་དཔེ་ཟླར་འོས་པ་དཀོན།
མཁའ་ལ་འོད་ལྡན་རྒྱུ་སྐར་མི་ཉུང་མོད།
མུན་སྟུག་མཐར་བྱེད་ཉི་ཟླ་ཟུང་ཙམ་མོ།།
གསུང་འབུང་དེབ་ཤོག་༦༡༦་ན་ཡོད།
བོད་དགེ་བློ་འཇམ་ལགས། ཞིབ་ཏུ་བརྟགས་ཤིག སྙན་གསོན་ནི་ཉོན་ཅིག་གི་སྐུལ་ཚིག་ཡིན་པ་ལྟར། སྙན་གསན་ནི་ཉན་པའི་ཞེ་སའོ། ཁྱེད་ཀྱིས་ལུང་ཁུངས་རེ་གཉིས་ལ་གཞི་བཙུགས་ཏེ་འཛིན་པ་ཨ་འཐས་སུ་བྱེད་མོད་ཀྱང་། སྔ་རབས་མཁས་པའི་བརྩམས་ཆོས་ནའང་མ་དག་པ་མི་ཉུང་ཙམ་འབྱུང་སྟེ། ཕལ་མོ་ཆེ་ཡི་གེ་བའི་ནོར་འཁྲུལ་ཡིན། ཐ་ན་ས་པཎ་གྱི་དག་ཡིག་ནའང་མ་དག་པ་ཁ་ཡེར་འབྱུང་། རེ་རེ་བཞིན་ཁྱེད་ལ་བསྟན་གལ་ཆེ་མོད། ཁོམ་སྐབས་ལ་སྒུག་མུས་ཡིན། ཁྱེད་ཀྱིས་མཚན་མོའི་མིང་གི་བླ་དྭགས་སུ “དགོངས” བྲི་དགོས་བའི་འདོད་ཚུལ་འཛིན་པ་ཡང་། ལུང་ཁུངས་ཕྱི་མོའི་ཡི་གེ་བའི་ནོར་འཁྲུལ་དུ་དོགས་ཏེ། དགག་བྱ་ལས་དགེ་མཚན་གྱི་དྲི་མི་བྲོ་བའི་ཕྱིར། འོན་ཀྱང་བརྟག་ཁོམ་མ་བྱུང་བས་ཁ་ཚོན་སུས་ཆོད།
རྒན་ལགས། ལུང་རིགས་ཟུང་དུ་སྦྲེལ་ཅིག
གཞན་དུ་ན་རྙིང་རུལ་གྱི་དྲི་མས་སྣ་བུག་ཁེངས་ན་ཅི་བྱ།
ཉིན་མཚན་བདེ་བའི་བཀྲ་ཤིས་ཤོག