མཚོ་བྱུང་ལྷ་མོ།
སེམས་པ་འདི་རྒྱ་ཡན་ལ་བཏང་ནས།
བྱ་སྤྱོད་འདི་ཏིང་འཛིན་ལ་སྒོམ་བཞིན།
རང་ཤག་ནས་ཕྱི་རོལ་ལ་གཡེང་སྐབས།
མེ་ཏོག་གི་ཁ་བ་ལེབ་མོ་ཞིག
ངའི་སེམས་པའི་ཟབ་ས་རུ་འཛུལ།
ཐེ་ཚོམ་དང་དོགས་སྣང་གི་འཆར་སྒོ་སོགས་ལས།
མི་གསལ་ལྐོག་གྱུར་གྱི་སེམས་པ་ལ་ཁེན་ནས།
བདག་སྔར་མེད་ཆོག་ཤེས་ཀྱི་ཀློང་དུ་ཁྲིད་སོང་།
སྒྱུ་འཕྲུལ་དང་གཡོ་ཟོལ་གྱི་གྲིབ་མ་མེད་པར།
ཁ་བས་བདག་ལ་ཡིད་སྟོན་གྱི་ཆོག་ཤེས་སྤྲད།