གནས་ཚུལ་གཏོང་མཁན། དོན་འགྲུབ་བཀྲ་ཤིས།
བློ་བཟང་སྐྱིད་འཛོམས་ལགས་དེ་རིང་ཨེ་ཤ་ཡའི་མཛངས་མའི་འགྲན་སྡུར་ནང་མཉམ་ཞུགས་གནང་འདུག
ཕྱི་ལོ་ ༢༠༡༥ལོར་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་མཉམ་ཞུགས་གནང་ཏེ་ཨང་གཉིས་པ་ཐོབ་མྱོང་བའི་ལྷ་ས་བ་བློ་བཟང་སྐྱིད་འཛོམས་ལགས་འདི་ལོ་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་གྲོང་ཁྱེར་ཀོ་ཆི་ནང་དེ་རིང་ཕྱི་ཟླ་༨ ཕྱི་ཚེས་༡༢་ནས་༡༨ བར་འཚོག་རྒྱུའི་༢༠༡༦་ལོའི་ཨེ་ཤ་ཡའི་མཛངས་མའི་འགྲན་སྡུར་(Mannapuram Miss Asia) ཐེངས་ ༢ པའི་འགྲན་བསྡུར་ནང་བོད་ཀྱི་མཛངས་མའི་མིང་ཐོག་ནས་འདེམས་སྒྲུག་བྱུང་ཏེ་འགྲན་བསྡུར་ནང་མཉམ་ཞུགས་གནང་འདུག
བོུ་བློ་བཟང་སྐྱིད་འཛོམས་ལགས་སུ་མཛངས་མའི་འགྲན་བསྡུར་དང་འབྲེལ་བའི་བཅར་འདྲི་ཁག་ཅིག་ཞུས་པར་བོུ་སྐྱིད་འཛོམས་ལགས་ནས་ཁོང་མཛངས་མའི་འགྲན་བསྡུར་དེར་མཉམ་ཞུགས་གནང་དགོས་དོན་སྐོར་དམིགས་ཡུལ་དོན་ཚན་གསུམ་ཡོད་པ་འགྲེལ་བརྗོད་གནང་སོང་བ་དང་།
དེ་ཡང་དང་པོ་མཛངས་མའི་འགྲན་བསྡུར་དེར་རྒྱལ་ཁབ་མི་འདྲ་བ་མང་པོ་ཞིག་ནས་སྐུ་ཚབ་ཕེབས་མཁན་ཡོད་སྟབས་རང་ཉིད་ཀྱང་བོད་ཀྱི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་མཛང་མའི་འགྲན་བསྡུར་གྱི་སྡིང་ཆའི་ཐོག་བོད་ཀྱི་རྒྱལ་དར་ཁྱེར་རྒྱུ་མ་ཟད། བོད་པའི་ཆས་གོས་དང་བོད་དང་བོད་པ་ཞེས་པའི་མིང་དེ་འཁྱེར་བའི་ཐོག་ནས་འཛམ་གླིང་ཐོག་བོད་དོན་ཁྱབ་སྒྲགས་ཡོང་ཐབས་དང།
གཉིས་པ་དེ་མཛངས་མའི་འགྲན་བསྡུར་ལ་ཕེབས་མཁན་རྒྱལ་ཁབ་མི་འདྲ་བའི་བེུད་ཚོར་བོད་དོན་ངོ་སྤྲོད་བྱེད་རྒྱུ།
གསུམ་པ་ནི་མཛངས་མའི་འགྲན་བསྡུར་དེ་བཞིན་བེུད་ཀྱི་ནུས་སྟོབས་གོང་འཕེལ་ཆེད་ཡིན་པ་ལྟར་བོད་པའི་བེུད་ཚོར་སེམས་ཤུགས་སྤར་རྒྱུ་དང་མིག་དཔེ་སྟོན་ཡས་ཆེད་དུ་ཡིན་ཅེས་འགྲེལ་བརྗོད་གནང་བྱུང་།
མཐའ་དོན་ཁོང་ལ་བོད་ཀྱི་གཞོན་སྐྱེས་ཚོར་བརྡ་ལན་གང་གནང་རྒྱུ་ཡོད་མེད་དྲིས་པར་ད་ལྟ་དུས་སྐབས་དེར་བོད་པའི་གནས་སྟངས་དེ་ཛ་དྲག་པོ་ཡིན་སྟབས་ང་ཚོ་བོད་ཀྱི་གཞོན་སྐྱེས་མི་རེ་རེ་བཞིན་བོད་ཀྱི་རྩ་དོན་སྒྲུབ་རྒྱུའི་ལས་འགན་ཡོད་པ་རེད། ནམ་རྒྱུན་གཞོན་སྐྱེས་མང་ཆེ་བས་རང་ཉིད་ལ་གོ་སྐབས་དང་སྡིང་ཆ་རགས་ན་ཡང་ངོ་ཚ་དང་ཚེར་སྣང་བྱས་ཏེ་གོ་སྐབས་མང་པོ་ཆུད་ཟོས་གཏོང་གི་འདུག དེར་རྟེན་གཞོན་སྐྱེས་ཚོས་སྡིང་ཆ་དང་གོ་སྐབས་དམ་འཛིན་བྱས་ཏེ་བོད་དོན་ཐོག་སྔར་ལྷག་འབད་བརྩོན་གནང་རོགས་ཞེས་འབོད་སྐུལ་གནང་སོང་།
བློ་བཟང་སྐྱིད་འཛོམས་ལགས་དེ་རིང་ཨེ་ཤ་ཡའི་མཛངས་མའི་འགྲན་སྡུར་ནང་མཉམ་ཞུགས་གནང་འདུག བློ་བཟང་སྐྱིད་འཛོམས་ལགས་ནི་བལ་ཡུལ་དུ་འཁྲུངས་པ་དང་། ད་ལྟ་དགུང་ལོ་༢༢་ཡིན་ཅིང་གཞི་རིམ་དང་མཐོ་རིམ་སློབ་སྦྱོང་ཁག་བལ་ཡུལ་རྣམ་རྒྱལ་འབྲིང་སློབ་དང་རྣམ་རྒྱལ་མཐོ་སློབ་གཉིས་ནང་སློབ་སྦྱོང་གནང་བ་མ་ཟད། ད་ལྟའི་ཆར་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སྦེེང་ལོར་ནང་སྦེང་ལོར་གཙུག་ལག་སློབ་གཉེར་ཁང་དུ་གསར་འགོད་རིག་པའི་ཐོག་གཙུག་ལག་རབས་འབྱམས་པའི་སློབ་སྦྱོང་གནང་མུས་ཡིན་པ་རེད་འདུག ཁོ་མོས་སྔ་ལོ་ཕྱི་ལོ་༢༠༡༥ བཞུགས་སྒར་རྡ་རམ་ས་ལར་བསྐོང་ཚོགས་བྱས་པའི་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་མཉམ་ཞུགས་བྱས་ཏེ་ཨང་རིམ་གཉིས་པ་ཐོབ་མྱོང་ཡོད་པ་རེད།
རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་ནང་འཚོག་རྒྱུའི་མཱན་ཎཱ་རམ་ཨེ་ཤ་ཡའི་མཛངས་མའི་འགྲན་སྡུར་གྱི་གོ་སྒྲིག་པས་བརྗོད་པ་ལྟར་ན། ད་ལྟའི་མཛངས་མའི་འགྲན་སྡུར་འདི་ནི་ཨེ་ཤ་ཡའི་མཛངས་མ་རྣམས་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་མཁྱེན་ཡོན་སྟོན་སའི་སྡིངས་ཆ་ཞིག་བསྐྲུན་ཆེད་གོ་སྒྲིག་བྱས་པ་ཞིག་ཡིན་ཅིང་། ཉིན་ཤས་རིང་འགྲན་ཞུགས་པ་ཚོས་རིམ་པ་གསུམ་གྱི་འགྲན་སྡུར་བརྒྱུད། ཨེ་ཤ་ཡའི་མཛངས་མའི་དབུ་རྒྱན་གྱི་རྒྱལ་ཁ་རྩོད་ལེན་བྱ་རྒྱུ་རེད། ཅེས་བརྗོད་འདུག་ལ། དེ་བཞིན་འགྲན་སྡུར་དེ་སྙིང་གི་གཤག་བཅོས་བྱེད་དགོས་པའི་ཉམ་ཐག་ ༡༠༠ ཐམ་པའི་ཚེ་སྲོག་སྐྱོབ་ཆེད་དུ་གོ་སྒྲིག་བྱས་པ་ཡིན་ལུགས་ཀྱང་བསྒྲགས་འདུག
སྔ་ལོོ་༢༠༡༥་ལོའི་ཐེངས་༡པོའི་མཛངས་མའི་འགྲན་སྡུར་ནང་རྒྱ་གར་དང་རྒྱ་ནག བལ་ཡུལ། འབྲུག མ་ལེ་ཞི་ཡ་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་བཅུ་གསུམ་གྱི་མཛངས་མ་ ༡༣ མཉམ་ཞུགས་བྱས་ཡོད་འདུག ཤེས་རྟོགས་བྱུང་བ་ལྟར་ན་འདི་ལོའི་མཛངས་མའི་འགྲན་བསྡུར་དེར་རྒྱལ་ཁབ་མི་འདྲ་བ་༡༩ ནས་མཉམ་ཞུགས་གནང་འདུག
རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས།
ཨེ་ཤ་ཡའི་མཛངས་མའི་འགྲན་སྡུར་ནང་མཉམ་ཞུགས་གནང་མཁན་བོད་ཀྱི་བོུ་བློ་བཟང་སྐྱིད་འཛོམས་
ལགས་སུ་བཀྲིས་བདེ་ལེགས་ཡོད།
གསར་
གསར་འགོད་པས་ཁྱེད་ལ་བཅར་འདྲི་གནང་སྐབས་ལན་ཡག་ཐག་ཆོད་བརྒྱབ་སོང། འགྲིགས་ཤག་
ནམ་ཡང་བློ་མ་ཞུམ་ཨང། སྙིང་སྟོབས་སྐྱེས་་་་བོུའི་ནུས་ཤུགས་སྤེལ་དགོས།
ང་ཚོ་གངས་ཆན་པ་རེད། སྐད་དང་ཡི་གེ་ཕྱུག་པོ་ཡོད་པའི་མི་རིགས་ཡིན། བཙན་པོ་བཀའ་དྲིན་ཅན་གྱི་
གདུང་རྒྱུད་ཡིན་པ་རེད།
ཁ་བཤད་ལག་སྟོང་རེད་།
༅༅།་ཁ་བཤད་ལག་སྟོང་ཡིན་ན། ཁས་བཤད་ལག་གང་ཞིག་ཤོད་དང།