སྤྱན་ཆེན་པོ།
མགོ་ཐོག་གི་ནམ་མཁའ་འདི
ད་ལྟ་ཇག་ཚང་ལྟ་བུའི་གྲོང་ཚོ་ཞིག་དུ་གྱུར་འདུག
སྨུག་སྤྲིན་གྱིས་བཏུམས་པའི་མཚམས་སྤྲིན་གྱིས
དུད་དྲེག་ཆགས་པའི་སྲང་ལམ་དུ་མཆུ་སྦྱོར་ཡང་ཡང་བྱས་པས
བཙོན་ར་ལས་ཐར་བའི་ཆགས་སྡང་གིས་བཟི་བའི་བགྲེས་མོ་དེས
རྨི་ལམ་འཁྲུག་པའི་ཁྲོམ་པ་སྐམ་པོ་ཞིག་གི་འགྲམ་ནས
ཁ་སྣ་ཚ་བའི་ཁ་ཟས་དག་མེ་ལྕེའི་ནང་བསྲེགས་པས
ཚ་འཁྲུལ་རེག་པའི་སེམས་པ་ཆུ་ཁོལ་ལྟར་གདུས་བྱུང
འཇགས་ཐབས་བྲལ་བའི་མཆོང་ལྡིང་ཁྲི་ཕྲག་གི་མིག་འོག་ནས
སྣང་བརྙན་མཐའ་དག་བདེ་བར་གྱུར་བའི་སྐར་མ་བཞིན་འཚེར་བས
སྨིན་མཚམས་སུ་སྤུངས་བ་ནི་ཤྭ་འོད་ཀྱིས་ཁྲིད་པའི་ལྗང་ལོ་དེ་ཡིན་པས
ཕྱི་རོལ་གྱི་སེམས་པ་ནི་འོད་ལམ་ལམ སྔོ་ལྗང་ལྗང
ཡིན་ཡང་རྦ་རླབས་བཞིན་ཉིལ་བའི་དབུ་ལོའི་ཚོམས་ནང
ཇག་པ་འགས་རྟ་རྗེས་གང་སར་ཕབ་སོང་བས
ཀླད་ཀོར་ལྟ་བུའི་ས་གཞི་དེའི་པང་ཁ་རུ
རྨི་ལམ་ལྟ་བུའི་ཁ་དོག་གཞན་ཞིག་གི་སྒོ་དྲུང་དུ་ཐོན་ཡོད་པ་ཤེས
༢༠༡༦-༨-༡༤ཉིན།
༅༅། སྤྱན་ཆེན་པོས་་་རྩོམ་གྱི་ནང་དོན་ངས་རྟོགས་སོང།
ཁྱོད་ཁག་མི་འདུག་ནམ་མཁའ་སྤྲིན་སྨུགས་ཀྱིས་བཏུམས།
གྲོང་འཁྱེར་རྣམས་ཇག་ཚོགས་ཀྱིས་མཐའ་ནས་བསྐོར།
ཕྱི་རོལ་ན་འོད་ལམ་ལམ་ཞིག་སྒོ་དྲུང་ན་ཐོན་པ་ཤེས།
ཁྱི་ལུད། ཁྱི་ལུད། ཁྱོད་གདུས་ནས་བཙོས་ན་འདྲ། སྲེག་ནས་བརྔོས་ན་འདྲ། ཁྱི་ལུད། ཁྱི་ལུད་ཁྱོད་རྐམ་པོ་རང་རེད། ཧ་ཧ་ཧ།