—-ཡོང་ཁུངས། བོད་ཀྱི་དུས་བབ།
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་མིང་བརྡ་ཁྲི་ ༨ ལྷག་ཡོད་པའི་《དེང་རབས་བོད་སྐད་ཚིག་མཛོད》པར་སྐྲུན་འགྲེམས་སྤེལ་བྱས་ཡོད་འདུག
འདས་པའི་ལོ་ ༨ ལྷག་རིང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་རྩོམ་སྒྲིག་གནང་པའི་མིང་བརྡ་ཁྲི་ ༨ ལྷག་ཡོད་པའི་《དེང་རབས་བོད་སྐད་ཚིག་མཛོད་》ཉེ་སྔོན་ལེགས་འགྲུབ་བྱུང་སྟེ་འགྲེམ་སྤེལ་བྱས་ཡོད་འདུག
《དེང་རབས་བོད་སྐད་ཚིག་མཛོད་》ཀྱི་གཙོ་སྒྲིག་པ་རྡོ་སྦིས་ཚེ་རིང་རྡོ་རྗེ་ལགས་ཀྱིས་གསར་འགོད་པར། དུས་ཀྱི་རྦ་རླབས་ཁྲོད་ནས་ཤེས་བྱའི་མཚོ་མཐར་བགྲོད་པ་ལ་རིག་པའི་གནས་ཀུན་འདུས་པའི་ཚིག་མཛོད་ཀྱི་གྲུ་གཟིངས་ཤིག་ཅིས་ཀྱང་མཁོ་སྟེ། ཚིག་མཛོད་ནི་སློབ་མ་ཞིག་ལ་མཚོན་ན་ཁ་མི་གྲག་པའི་དགེ་རྒན་དང་། དགེ་རྒན་ཞིག་ལ་མཚོན་ན་གྲོགས་པོ་ཕྱི་ཐག་ཅན། ཞིབ་འཇུག་པ་ཞིག་ལ་མཚོན་ན་ཉིན་ནས་དགུང་ལ་ཞབས་འདེགས་བསྒྲུབ་པའི་ལག་རོགས་ཡག་པོ་ཞིག་ཡིན། དེ་བས་ང་ཚོས་བོད་ཡིག་ཆུ་ཚད་འབྲིང་རིམ་ཡན་ཆད་ཀྱི་ཀློག་པ་པོ་རྣམས་ཀྱིས་བོད་ ཡིག་གི་གོ་བ་ལེགས་པོ་བསྐྱེད་པ་དང་བོད་ཀྱི་སྐད་ཆ་མཚོན་ཉམས་ཆེ་བ་འདི་གྲ་མ་ཆག་པ་དང་ཟུར་མི་ཉམས་པ། དེ་བཞིན་ཡིག་སྐད་དང་ཁ་སྐད་བར་གྱི་ཧེ་བག་ཆུང་དུ་གཏོང་ཕྱིར་བོད་སྐད་ཡིག་འདི་དུས་རབས་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་ཡར་རྒྱས་གོང་འཕེལ་དུ་འགྲོ་བར་དམིགས་ནས་ཚིག་མཛོད་འདི་བསྒྲིགས་པ་ཡིན། ཞེས་བརྗོད་འདུག
རྒྱ་ནག་བོད་སྐད་རླུང་འཕྲིན་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། དེང་རབས་བོད་སྐད་ཚིག་མཛོད་དེར་མིང་བརྡ་ཁྲི་༨ ལྷག་དང་། ཡིག་གྲངས་ས་ཡ་༢དང་འབུམ༤ལྷག ཤོག་ངོས་༢༣༠༠བཅས་ཡོད་ཅིང་། མིང་བརྡའི་ནང་དོན་གཙོ་བོ་ལ་ལོ་རྒྱུས་དང་རྩོམ་རིག ཆོས་ལུགས། སྤྱི་ཚོགས་སྒྲིག་གཞི། དཔལ་འབྱོར། སྨན་གཞུང་། ཡིག་ཚགས། སྐར་རྩིས། ས་དཔྱད། ཚད་མ། མངོན་བརྗོད། དཔེ་ཆོས། ཡུལ་སྐད། དམངས་སྲོལ། བརྡ་རྙིང་། བརྡ་སྤྲོད། ལེགས་སྦྱར་མིང་བརྡ། མི་རིགས་གཞན་གྱི་གཡར་མིང་། རྒྱལ་ཁབ་སོ་སོའི་མིང་། གཞན་ཡང་། རྒྱ་ནག་གི་མི་རིགས་ལྔ་བཅུ་ལྔ་དྲུག་གི་བསྡུས་འགྲེལ། དེང་རབས་ཚན་རྩལ་སྐོར་གྱི་མིང་སོགས་འདུས་ཡོད་འདུག
གསར་འགོད་པ། པདྨ་མཚོ།
དེང་རབས་བོད་སྐད་ཡིག་ཚིག་མཛོད་དེ་གང་ནས་རག་གི་ཡོད་དམ་ཉོ་ཚོང་བྱེད་སའི་འབྲེལ་ཐག་ཡོད་ན་དྲ་རྒྱའི་ནང་བཀོད་རོགས་གནང་ཐུགས་རྗེ་ཆེ་།
༅༅། ཡག་བྱུང་། དེང་རབས་བོད་ཀྱི་ཚིག་མཛོད་་་་གསར་པ་ཞིག་གསར་ཐོན་བྱུང་བ་ལེགས།
ཕྱག་དེབ་དེ་རྒྱ་གར་ནང་ལ་འབྱོར་ཡོད་དམ་མེད། ཉོ་ན་ག་ནས་རག་གམ་། ཪིན་འབབ་ཇི་ཡིན་
བཅས་འགོད་འདོན་ཡོང་བ་ཞུ། བཀྲིས་བདེ་ལེགས།
དེང་རབས་བོད་སྐད་ཚིག་མཛོད་འཁྲུངས་པ་དགའ་བྱུང་
རྒྱབ་ཤ་དམར་པོ་ཡིན་པ་སྐྱོ་སོང་།
༅༅། རྒྱབ་ཤ་དམར་པོ་ཡིན་པར་སྐྱོ་མི་དགོས་། བླ་མ་གྲ་བའི་གྱོན་གོས་དམར་པོ་རེད།
ཡག་པོ་ཡོད་རྒྱུ་རེད་དྲན་ཡོད། བརྒྱ་ཆའི་བརྒྱ་དག་པ་དང་ཡིད་ཆེས་བྱ་རིན་དུ་ཡོད་པ་ཞིག་གདོད་ནས་ད་བར་བྱུང་མྱོང་མེད་པས། འདི་ལའང་དེ་མཚུངས་རེད། ཡིན་ཡང་། ཐ་སྙད་ཧ་ཅང་མང་པོ་བསྡུ་སྒྲུག་བྱས་ཏེ་འབྲུ་འགྲེལ་བྱས་ཡོད་པ་ཞིག་ཡིན་ངེས་པས་ཕན་ཐོགས་ཡོད་རྒྱུ་རེད་འདོད། དེ་ཡང་། གང་བྱང་ཙམ་དུ་མིན་པར་གཙུག་ལག་གི་གཞུང་རྣམས་སུ་ཁུངས་གཏུགས་ཏེ་བཀྲལ་བ་ཞིག་ཡིན་རྒྱུ་རེད་ལ། ད་ཡོད་ཀྱི་དག་ཡིག་གསར་སྒྲིག་དང་བོད་རྒྱ་ཚིག་མཛོད་ལྟ་བུའི་བརྒྱ་ཆའི་དགུ་བཅུ་ཡན་དག་པའི་ཕྱོགས་སུ་འདྲེན་རུང་དུ་ཡོད་པ་ཞིག་ཡིན་ཚེ། བསྡུ་སྒྲིག་པའི་ངལ་བ་འབྲས་མེད་དུ་སོང་མེད་པར་མ་ཟད་ལྟ་བ་བོར་སྤྲོ་བ་སྐྱེད་བྱེད་ཅིག་ཏུ་གྲུབ་ཡོད་པར་ཆ་འཇོག་བྱེད། དེ་མིན། བསྡུ་སྒྲིག་པའི་ངལ་ཚེག་དོན་མེད་དང་ལྟ་བ་བོར་ཁྲོ་བ་སྐྱེད་བྱེད་ཅིག་མིན་པའི་སྨོན་ལམ་དང་རེ་བ་ཡོད།
དམར་པོ་ཐམས་བཅས་ལེགས་པ་ཡིན་ན་གུང་ཁྲན་ཏང་གི་
དར་དམར་འོག་ཏུ་འཚོ་དགོས་པ་ཡིན་ནམ་?
ཚིག་ཅེས་པ་ནི་གཏན་ལ་ཕབ་ནས་ཐོན་པ་རེད། ལམ་གྱི་ཆོས་ཉིད་དང་ཧ་ཅང་འདྲ། དེ་ཡང་། ལམ་ནི་མི་རྣམས་ཀྱིས་འགྲོ་འོང་བྱས་པ་ལས་གྲུབ་པ་ལྟར། ཚིག་ཅེས་པའང་མི་རྣམས་ཀྱིས་ཡང་ཡང་བརྗོད་པ་ལ་བརྟེན་ནས། ཡང་ན་ངོས་འཛིན་གཅིག་མཚུངས་ཤིག་བྱས་པ་ལ་བརྟེན་ནས་གྲུབ་པ་རེད་དོ།།
དེབ་མིག་གིས་མ་རིག་པར། ཡར་ཡར་མར་མར་བཤད་འདུག་པའི་མཆན་པ་ཚང་མ་ལ་ན་ཚ་བཅོས་ཐབ་མེད་པ་དེ་འདྲ་བྱུང་ཡོད་པ་གསལ་གསལ་ཐང་ཐང་རེད། ལས་ངན་པ་ཁྱེད་ཚོ་ལ་ཅི་བྱུང་སོང་།
བཙན་བྱོལ་གྱི་ཕྱོགས་བསྒྲིགས་ཡིག་ནོར་ཅན་ལས་བོད་ནང་གི་དེ་ལ་རེ་ལྟོས་ཆེ།
ད་ལྟའི་བར་དུ་བོད་ནང་ཞབས་འདྲེན་ཞུས་མཁན་བྱུང་མ་སོང་། བཙན་བྱོལ་ནང་ལ་མང་པོ་བྱུང་སོང་། ཕྱོགས་བསྒྲིགས་དུ་མ་བྱུང་སོང་། ནོར་འཁྲུལ་མང་པོ་རེད། མ་ཟད་སཱ་ར་སློབ་གྲྭའི་དཔོན་ཚོས་གཅིག་གིས་གཅིག་མེད་པ་བཟོས་ཏེ། ཞིབ་འཇུག་སློབ་མ་ཡང་མེད་པ་བྱས་སོང་། གཞུང་གི་དངུལ་བཟས་ནས་ལས་ཀ་ནོར་འཁྲུལ་ཅན་བྱས་པ་མང་པོ་འདུག བཙན་བྱོལ་ནང་ཚིག་མཛོད་ཡག་པོ་གཅིག་ཡང་བྱུང་མ་སོང་། ངོས་ནས་ངོ་ཚ་བ་འདུག
བཙན་བྱོལ་ནང་གི་༼སྨོན་ལམ་ཚིག་མཛོད་ཆེན་མོ༽ཟེར་བ་ན་ཡིག་ནོར་མང་པོ་ཡོད། དོན་ནོར་མང་པོ་ཡོད། བོད་ནང་གི་༼བོད་ཡིག་ཚིག་གཏེར་རྒྱ་མཚོ་༽ཟེར་བའི་དེབ་ལ་ཡིག་ནོར་མང་པོ་ཡོད། དོན་ནོར་མང་པོ་ཡོད། ཚིག་མཛོད་འདི་གཉིས་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་ཚིག་མཛོད་ཡིག་ནོར་དང་དོན་ནོར་མང་ཤོས་གཉིས་རེད།
ཡག་པོ་བཀའ་དྲིན་ཆེ།
ཡང་རྒན་སྨོན་ལམ་ལ་རྐུན་མ་རྐུ་རྒྱུ་གསར་པ་ཞིག་ཐོབ་སོང་ཨ།