༼ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་ངོས་ནས་འདྲེན་བཀོད་ཞུས༽
ཐེངས་འདིའི་ཤེས་ཡོན་སློབ་གསོའི་ལེ་ཚན་ནང། བྱང་ཨ་རིའི་གཟའ་མཇུག་བོད་ཡིག་སློབ་དེབ་རྩོམ་སྒྲིགས་གནང་སྐབས་ཕྱི་རྒྱལ་དུ་འཚར་ལོངས་བྱེད་བཞིན་པའི་བོད་པའི་ཕྲུ་གུ་ཚོར་ཐོག་མར་བོད་ཡིག་དེ་བཞིན་སྐད་ཡིག་གཉིས་པའི་ཚུལ་དུ་སློབ་འཁྲིད་གནང་ཐབས་སུ་དམིགས་ནས་ཕྱོགས་སྒྲིག་གནང་ཡོད་པའི་སྐོར་དཔེ་དེབ་རྩོམ་སྒྲིག་ལས་འཆར་གྱི་ཐུགས་འགན་རྐང་བཞེས་མཁན་སྣང་གསལ་བསྟན་འཛིན་ནོར་བུ་ལགས་སུ་རིག་ལྡན་སྒྲོལ་མ་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པར་གསན་རོགས༎
སྣང་གསལ་བསྟན་འཛིན་ནོར་བུས་ལོ་མང་ཉམས་མྱོང་ལ་བལྟས་ནས་ཨ་རི་ནང་བོད་ཕྲུག་འཚར་ལོངས་བྱུང་མཁན་ཚོའི་བོད་སྐད་ཤེས་པའི་ཆེད་དུ་ཡིན་ཟེར་ལ་མི་མང་པོའི་ཉམས་ཞིབ་བྱས་ཡོད་ཟེར་་་་་་ངོ་མ་ཡག་ཀི་་་་་་་དང་པོ་ན་སོ་གཞོན་དུས་བརྡ་དག་ནོར་བ་འཁྲིད། དེ་ནས་མཛོ་རྒན་ཆགས་དུས་བརྡ་དག་ཅིག་ཁྲིད་དང་་་་་་ཧཧཧཧ་་་་ལྟད་མོ་ཡོད་རེད་ཡ།
ང་།
ང་ མདང་ ཕྱིན་པ་ ཡིན།
ང་ དེ་རིང་ འགྲོ་བགྱིད་ ཡོད།
ང་ སང་ཉིན་ འགྲོ་བགྱི་ ཡིན།
ཁྱོད་རང་།
ཁྱོད་རང་ མདང་ ཕྱིན་པ་ རེད།
ཁྱོད་རང་ དེ་རིང་ འགྲོ་བགྱིད་ ཡོད་རེད།
ཁྱོད་རང་ སང་ཉིན་ འགྲོ་བགྱི་ རེད།
ཁོ།
ཁོ་ མདང་ ཕྱིན་པ་ རེད།
ཁོ་ དེ་རིང་ འགྲོ་བགྱིད་ ཡོད་རེད།
ཁོ་ སང་ཉིད་ འགྲོ་བགྱི་ རེད།
་
ང་ལ་ ཡོད།
ཁྱོད་ལ་ འདུག
ཁོ་ལ་ འདུག
འདི་ལ་ འདུག
དེ་ལ་ འདུག
་
ང་ཡིན།
ཁྱོད་རེད།
ཁོ་རེད།
འདི་རེད།
དེ་རེད།
་
འདི་ ངའི་ རེད།
འདི་ ཁྱོད་རང་གི་ རེད།
འདི་ ཁོའི་ རེད།
འདི་ འདིའི་ རེད།
འདི་ དེའི་ རེད།
བཙན་བྱོལ་བའི་བོད་དགེ་ཚོ་ང་རང་ཆ་རྒྱུས་ཡོད། ང་ཡང་གཞི་རིམ་ནས་ནར་སོན་པའི་སློབ་ཟུར་ཐེབས་ཆག་ཅིག་ཡིན། ངས་འདི་ལྟར་མིག་བཙུམ་ནས་བསྡད་ཀྱང་ལོ་མང་ཉམས་མྱོང་ཡོད་མདོག་སྟོན་པའི་བོད་དགེ་དེ་དག་གིས་ཡང་སྙིང་ཅི་ཞིག་ཁྲིད་རྒྱུ་ཡིན་པ་ཧ་གོ་ཡི་འདུག
སྣང་གསལ་བསྟན་འཛིན་ནོར་བུ་ལགས། ཁྱེད་རང་གི་བོད་སྐད་དང་བོད་ཡིག་མ་ཤེས་ན། སློབ་སྟོན་པའི་གྲལ་ལ་མ་སྡོད། རྒྱ་གར་གྲོང་གསྲེབ་ཞིག་ལ་གོས་ལྷག་ངན་ངོ་ན་གཙོང་བྱེད། རང་གི་ཕྲུ་གུ་ལ་སྐད་ར་མ་ལུག་ན་བཤད་བྱེད་འཚོ་བ་སྐྱེལ་ནས་བསྡོད།
ཤེས་རིག་ལས་ཁུངས་ཀྱིས་རྩོམ་སྒྲིག་པའི་མགོ་ལ་གཡུགས། རྩོམ་སྒྲིག་པས་བྱང་ཨ་རིའི་དགེ་རྒན་ཚོགས་འདུའི་མགོར་གཡུགས། སློབ་དེབ་དེ་ཚོ་ནི་གང་ལྟར་བདག་མེད་སྲང་ཁྱི་ལྟ་བུར་མཐོང་སོང་། རྗེས་མ་ནས་སོ་སོས་འཇོན་གྱི་མེད་པ་དང་། ཤེས་ཀྱི་མེད་ན། ལས་ཀ་འདི་རིགས་ལ་ལག་པ་མ་འཆང་ན་ཡག་ཤོས་རེད། དངོས་འབྲེལ་བྱས་ན། སློབ་དེབ་འདི་འདྲ་ཞིག་བསྒྲིགས་པ་ལས་མ་བསྒྲིགས་ན་དགའ་ས་རེད་བསམ་པ་བྱུང་། འགྲོ་སོང་འཕྲོ་བརླག་བཏང་བ་རང་རེད།
སྣང་གསལ་བསྟན་འཛིན་ནོར་བུ་ཤེས་ཡོན་པའི་གྲས་སུ་གཟིག་ལྤགས་གྱོན་པའི་བོང་བུ་འདྲ།
སྔོན་མ་བོད་དུ་རྒྱ་ནག་དམར་གཞུང་གིས་ལྷ་སའི་ཁ་སྐད་ཟེར་བ་དང་ཨ་མདོ་ཁ་སྐད་སློབ་དེབ་བཟོས་པ་རེད་དེ་མཁས་པ་མང་པོས་སྐྱོན་བརྗོད་བྱས་ནས་དེང་སྐབས་དེ་དག་བེད་མེད་དུ་གྱུར་ཡོད། དེང་སྐབས་བཙན་བྱོལ་དུ་ཡང་སྐྱར་ཀུང་ཁྲིན་གཉིས་པ་བཞིན་་བོད་ཀྱི་ཁ་སྐད་ཡིན་ཟེར་ནས་སློབ་དེབ་བཟོས་པ་འདི་ཡིད་སྐྱོ་དགོས་པ་ཞིག་རེད་ལ་བོད་ཀྱི་རིག་གཞུང་གཏོར་ཞིག་བཏང་བ་འདིས་ཉེས་པ་ནམ་མཁར་མི་ཤོངསོ་སོའི་ཡོན་ཚད་ཞན་རྐྱེན་ནོར་འཁྲུལ་གང་བྱུང་བ་དེ་ད་དུང་ངོས་ལེན་མི་བྱེད་པར་མུ་མཐུད་ཨུ་ཚུགས་བྱེད་རྒྱུ་མང་ན་རྙོག་ཟིང་ཆེན་པོ་ལང་གི་རེད་སྔ་ས་ནས་སློབ་དེབ་དེ་དག་ཕྱིར་བསྡུ་བྱེད་རོགས་སྐུ་མཁྱེན།
དོན་གཅོད་སྤེན་པ་ཆེ་རིང་དབུ་བཞུགས་ཀྱིས།།
ཨ་རིའི་ཨ་མདོ་གཟའ་མཇུག་སློབ་དེབ་རྩོམས།།
དགེ་རྒན་ཧོར་གཙང་འཇིགས་མེད་གདན་ཞུ་བྱེད།།
སློབ་སྟོན་དགོས་ན་ཀིརྡི་བླ་མར་ཞུས།།
སྲིད་སྐྱོང་བློ་བཟང་སེང་གེ་དབུ་བཞུགས་ཀྱིས།།
ཨ་རིའི་ཁམས་པའི་གཟའ་མཇུག་སློབ་དེབ་རྩོམས།།
དགེ་རྒན་བེ་རི་འཇིགས་མེད་དབང་རྒྱལ་དྲོངས།།
སློབ་སྟོན་དགོས་ན་ཟམ་གདོང་བླ་མར་ཞུས།།
བཀའ་ཟུར་བསྟན་འཛིན་རྣམ་རྒྱལ་དབུ་བཞུགས་ཀྱིས།།
ཨ་རིའི་དབུས་གཙང་གཟའ་མཇུག་སློབ་དེབ་རྩོམས།།
དགེ་རྒན་སྣང་གསལ་བསྟན་འཛིན་ནོར་བུས་འགྲིགས།།
སློབ་སྟོན་དགོས་ན་འབྲི་གུང་སྐྱབས་མགོན་ཞུས།།
བྱང་ཕྱོགས་ཨ་རིའི་གཟའ་མཇུག་སློབ་དེབ་རྩོམས།།
ཤེས་རབ་དར་རྒྱས་ན་ག་སངས་རྒྱས་སོགས།།
ལས་དེར་རྒྱུས་ཅན་མཁས་པ་གདན་ཞུ་བྱེད།།
བརྡ་སྤྲོད་དགོངས་མཐུན་ཁ་སྐད་སློབ་བདེ་དགོས།།
ཤེས་རིག་ལས་ཁུངས་ཤེས་ཡོན་སྤྱི་ལ་ལྟོས།།
ཤེས་ཡོན་འགན་འཛིན་ཤེས་ཡོན་ཡོད་པ་དགོས།།
དྲ་བུའི་འུར་སྒྲོག་མཉམ་དུ་མ་རྒྱུགས་ཨང་།།
ལྷན་ཁང་ཞིག་གི་རང་ཚུགས་ཡོད་པ་དགོས།།
འགོ་འདྲེན་དང་ཕྱོགས་གཏོགས་སྐབས་འཚོལ་རིང་ལུགས་ཀྱི་འོག་ཏུ་ཚར་ལོང་བྱུང་བའི་མཁས་པ་ཚོའི་བྲིས་པའི་ཡིག་ཆ་མང་ཆེ་བ་ཕར་ཤུ་ཚུར་ཤུ་བྱས་ནས་རང་མིང་གྲགས་ཐུབ་ཙམ་དང་རང་གི་ལྟོ་གོས་འཚོལ་ཐུབ་ཙམ་ལས་བོད་རྒྱལ་ཁབ་དང་བོད་མི་རིགས་ལ་མི་འདི་ཚོའི་ཁབ་རྩེ་ཙམ་ཡང་ཕན་མི་ཐུབ་པ་ངས་ཐག་གཅོད་ཐུབ་པ་ནི་དེ་སྔོན་ལོ་པཎ་མཁས་སྒྲུབ་དམ་པ་ཚོའི་མཛད་པའི་རླབས་ཆེན་གྱི་རྟོགས་བརྗོད་དེ་ཚོ་ནས་རྐུ་མ་རྒྱབ་པའི་དེབ་མང་པོ་བཙན་བྱོལ་སྑྱཇ